༄༅།། འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་བཞུགས། 文殊礼赞文 加持宝藏 全知麦彭仁波切 著 益西彭措堪布 译
ཨོཾ། སྐུ་མཆོག་འཇམ་དཔལ་གཞོན་ནུར་ཕྱག་འཚལ་ལོ།། 嗡 敬礼胜身文殊童子尊
འཇམ་དབྱངས་གསུང་དབང་ཕྱུག་ལ་ཕྱག་འཚལ་ལོ།། 敬礼语之自在妙音尊
མཁྱེན་རབ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ།། 敬礼第一智慧勇识尊
རྒྱལ་ཀུན་ཡེ་ཤེས་རྡོ་རྗེར་ཕྱག་འཚལ་ལོ།། 敬礼诸佛智慧金刚尊
ཡེ་ཤེས་རལ་གྲི་འཛིན་ལ་ཕྱག་འཚལ་ལོ།། 敬礼手挥智慧宝剑尊
ཐབས་ཀྱི་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ།། 敬礼手持方便青莲尊
ཤེས་རབ་མདའ་རྣོན་འཕེན་ལ་ཕྱག་འཚལ་ལོ།། 敬礼射出大智利箭尊
སྙིང་རྗེའི་གཞུ་ཆེན་འཆང་ལ་ཕྱག་འཚལ་ལོ།། 敬礼手执大悲弯弓尊
བདག་གིས་མགོན་པོ་འཇམ་དབྱངས་ཁྱོད་དྲན་ཏེ།། 我以忆念怙主文殊您