བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་ སློབ་དེབ།
Tibetan Textbook for Tibetan Weekend Schools in North America
འཛིན་རིམ་གསུམ་པ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས། i
བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ།
ཚེ་རིང་བསམ་གྲུབ།
རྨང་གཞི་རྩོམ་སྒྲིག
ཀརྨ་དངོས་གྲུབ། བྱམས་པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར།
བསྐྱར་ཞིབ་རྩོམ་སྒྲིག་པ།
དཀར་གཞུང་བཀྲ་ཤིས་རྡོ་རྗེ།
བསྟན་འཛིན་རྡོ་རྗེ། སྐལ་བཟང་ཚེ་རིང་། སྐལ་བཟང་རྒྱ་མཚོ།
དེབ་གཟུགས་བཟོ་འགོད་པ།
དཀར་གཞུང་བཀྲ་ཤིས་རྡོ་རྗེ། བྱ་གཞུང་དཔལ་ལྡན་རྡོ་རྗེ།
རྒྱབ་ཤ་ཇུས་འགོད།
བྱ་གཞུང་དཔལ་ལྡན་རྡོ་རྗེ།
འབྲེལ་མཐུད་པ། ཞུ་དག
བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།
ན་ག་སངས་རྒྱས་བསྟན་དར། བློ་བཟང་ལེགས་སྒྲུབ།
བསྐྱར་ཞིབ་ཚོགས་ཆུང་། བསྐྱར་ཞིབ་ཚོགས་ཆུང་། ཚེ་རིང་བསམ་གྲུབ།
(ཤེས་ལྷན་འགན་འཛིན།)
ཌོག་ཊར་མཆོག
(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)
ཨཙཱརྱ་ཀརྨ་སྨོན་ལམ། བསོད་ནམས་བཟང་པོ། དགེ་འདུན་དོན་ཡོད།
བོད་དགེ་བསམ་གྲུབ།
བྱ་གཞུང་དཔལ་ལྡན་རྡོ་རྗེ།
དཀར་གཞུང་བཀྲ་ཤིས་རྡོ་རྗེ།
(ཤེས་རིག་རྩོམ་སྒྲིག་འགན་འཛིན་ཟུར་པ།) (རྩོམ་སྒྱུར་ཚན་པའི་འགན་འཛིན།)
(བོད་ཡིག་ཚན་པའི་འགན་འཛིན།)
(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།) (སློབ་དེབ་རྩོམ་སྒྲིག་པ།) (སློབ་དེབ་རྩོམ་སྒྲིག་པ།) ii
ཤེས་རིག་ལས་ཁུངས་།
DEPARTMENT OF EDUCATION Central Tibetan Administration
Cable: Phone: Fax: Email: Web:
SHERIG +91-1892-222572/222721 +91-1892-223481 Education@tibet.net www.tcewf.org www.sherig.org/tb
ཆེད་བརྗོད།
༄༅། །བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་གངས་ ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།
དེས་ན་རང་གི་སྐད་ཡིག་རྒྱུན་འཛིན་དང་
གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་ཡིན་པ་ སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་བརྒྱུད་ ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་བཅུ་ཕྲག་
གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་ ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ད་ཕན་རྒྱ་བལ་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་ལ།
དེ་
ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་བསྐྱར་ ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་
འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་
བར་འབད་བརྩོན་བྱེད་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་
དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐུ་ཚབ་ཀྱི་ཚོགས་ འདུའི་གྲོས་ཆོད་དགོངས་དོན་ལ་གཞིགས་ཏེ།
འདི་ནས་སྔར་ཡོད་ལས་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་ iii
ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་ནུབ་ཕྱོགས་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་ཆེད་བསླབ་གཞི་བཟོ་
འགོད་མ་དགོས་པར་ཁོངས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ ཕྱག་རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་ བྱུང་སྟེ།
ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་
ནོར་བུ་ལགས་དང་ལས་རོགས་རྣམས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ བྱས་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་
བཙུགས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་སྟེ། སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་
ཚད་ལྡན་ཡོང་སླད། ཕྱི་ལོ་ ༢༠༡༦ སློབ་དུས་རིང་བྱང་ཨ་རིའི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ ནང་ཚོད་ལྟའི་ཐོག་བེད་སྤྱོད་ལག་བསྟར་གནང་ནས་ཕུལ་འབྱོར་བྱུང་བའི་དགོངས་འཆར་ཁག་དང་།
གཞན་
ཡང་ལྷག་བསམ་ཅན་སྒེར་ཁག་གིས་ཡིག་ཐོག་གནང་བའི་དགོངས་འཆར་ཁག་ལ་གཞི་བཅོལ་བ་དང་། དཔེ་ སྟོན་སློབ་གྲྭ་དང་བོད་ཁྱིམ་གྱི་ཉམས་མྱོང་ཅན་གྱི་སྔོན་འགྲོའི་སློབ་དགེ་དང་།
གཞི་རིམ་འོག་མའི་དགེ་རྒན་
ཁག་ཅིག་གདན་ཞུས་ཀྱིས་བསྐྱར་ཞིབ་གནང་ཕྱོགས་གོ་བསྡུར་ཞུས་པ་དང་འབྲེལ།
མཐའ་མའི་བཅོས་སྒྲིག་
ཞུས་པར་ཤེས་རིག་ལས་ཁུངས་ཀྱི་ཆེད་འཛུགས་གནང་བའི་བསྐྱར་ཞིབ་ཚོགས་ཆུང་དང་།
སློབ་དེབ་རྩོམ་
སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་བཅས་ཀྱིས་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གནང་། ཕྱི་ ལོ་ ༢༠༡༧ ཟླ་ ༨ ཚེས ༡༢ དང་ ༡༣ བཅས་ཉིན་གཉིས་རིང་གི་ཨ་རིའི་པོརཊ་ལེནཌ་ཚོགས་འདུ་དྲུག་པའི་
ཐོག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཕྱི་ལོ་ ༢༠༡༧ སློབ་དུས་ནས་ལག་བསྟར་གནང་ རྒྱུ་དང་། བསྐྱར་ཞིབ་གནང་ཕྱོགས་ལོ་ལྔ་རེའི་མཚམས་དང་དགོས་གལ་གཟིགས་ཚེ་ལོ་གསུམ་རེའི་མཚམས་
གནང་འཐུས་གཏན་འཁེལ་ཡོད་པ་བཞིན། སློབ་དེབ་འདི་དག་ལག་བསྟར་བརྒྱུད་རིམ་ནང་བརྗོད་བྱ་རྗོད་བྱེད་
དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་
ཅི་རིགས་ནས་དགོངས་འཆར་ཡིག་ཐོག་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེ་ཞུ་རྒྱུ་བཅས། ཤེས་ རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན། iv
བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། THE OFFICE OF TIBET
1228 17th Street NW Washington, DC 20036 Tel: 212.213.5010 Email: ordc@Cbet.net Web: www.Cbetoffice.org
སྔོན་གླེང་།
༄༅། །བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་སྐབས།
ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་སྤར་མཐིལ་གང་གི་མི་འབོར་རྣམས་ད་ཆ་སུམ་ཁྲི་ལྷག་ ཏུ་གྱུར་ཡོད། འོན་ཀྱང་བྱང་ཨ་མི་རི་ཀའི་ནང་གནས་བཞུགས་བོད་མི་རྣམས་ལ་ཕྱི་དངོས་ པོའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཡོད་རུང་།
སྤྱི་ཚོགས་ཀྱི་གནས་སྟངས་
འོག་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་རིགས་ཉམས་པའི་ཉེན་ཚབས་ཀྱང་དེ་བས་ཆེ་ བ་ཡོད།
དེར་བརྟེན་འདི་ག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ས་གནས་བོད་རིགས་སྤྱི་
མཐུན་ཚོགས་པས་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་
རྒྱུན་འཛིན་ཐུབ་སླད་ལས་གཞི་དུ་མ་སྤེལ་དང་སྤེལ་མུས་ལ་བརྟེན། ད་ཆ་བོད་མིའི་འདུས་
སྡོད་ཁག་གི་ནང་བོད་ཡིག་གཟའ་མཇུག་སློབ་གྲྭ་མང་པོ་འགོ་འཛུགས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་སློབ་གྲྭ་གྲངས་༢༢ ནང་དང་བླངས་བོད་དགེ་ ༡༤༦ ཡོད་པ་དང་། ཁྱོན་སློབ་
ཕྲུག་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་སློབ་ཞུགས་ཀྱིས་གཟའ་མཇུག་ཏུ་འཆར་ཅན་སློབ་གྲྭ་ ཚོགས་བཞིན་ཡོད། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད། རིག་གཞུང་འཁྲབ་སྟོན་ དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་སློབ་འཁྲིད་གནང་ བཞིན་ཡོད་ནའང་།
ས་ཁུལ་སོ་སོའི་དགེ་སློབ་ཀྱི་གནས་བབ་ལ་གཞིགས་ཏེ་སློབ་འཁྲིད་
བྱེད་པ་ལས་སྤྱི་ཡོངས་ཀྱིས་ཚད་འཛིན་བྱེད་སའི་ཆ་སྙོམས་བསླབ་གཞི་མེད་སྟབས། ཚང་ མས་ཛ་དྲག་དགོས་གལ་གཟིགས་ཏེ་ཨ་རིའི་ནང་འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་ཚོའི་ v
གནས་ཚད་ལ་དཔག་པའི་བསླབ་གཞི་ཞིག་གཏན་འབེབས་དགོས་པ་ལྟར།
འདི་ག་ལས་
ཁུངས་དང་། ས་གནས་བོད་དགེ། འཐུས་མི། རྩོམ་སྒྲིག་པ་རྣམ་པ་བཅས་ཀྱི་ཚོགས་ཆུང་
ཟུར་བཙུགས་ཀྱིས་གནས་ཚད་རིམ་པ་གསུམ་དུ་དབྱེ་སྟེ། སྡེ་ཚན་དང་པོའི་ནང་སྔོན་འགྲོ་ ནས་འཛིན་རིམ་གཉིས་པ་དང་། སྡེ་ཚན་གཉིས་པའི་ནང་འཛིན་རིམ་གསུམ་པ་ནས་ལྔ་པ་ བར།
སྡེ་ཚན་གསུམ་པའི་ནང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བཅས་ཀྱི་སློབ་དེབ་
རྩོམ་སྒྲིག་གིས་ཟིན་བྲིས་གནང་ཐུབ་པ་བྱུང་ཡོད།
སྡེ་ཚན་གཉིས་པའི་སློབ་དེབ་འདི་ནི་
རྩོམ་སྒྲིག་པ་ཀརྨ་དངོས་གྲུབ་ལགས་དང་། བྱམས་པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར་
ལགས། བསྟན་འཛིན་རྡོ་རྗེ་ལགས། སྐལ་བཟང་ཚེ་རིང་ལགས། སྐལ་བཟང་རྒྱ་མཚོ་
ལགས་བཅས་ཀྱི་ཚོགས་ཆུང་ནས་རྨང་གཞི་རྩོམ་སྒྲིག་གནང་བ་ཞིག་ཡིན་པ་དང་། དཔལ་ ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་རྩོམ་སྒྲིག་པ་དང་ཚོགས་ཆུང་ ཟུར་བཙུགས་ཀྱིས་བསྐྱར་ཞིབ་དང་། བཅོས་སྒྲིག དེབ་གཟུགས་ཇུས་འགོད་སོགས་གནང་ ཡོད་པས་གོང་གསལ་སྤྱི་སྒེར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་
པད་རྡོ་རྗེའི་ངོ་བོར་བརྟན་པའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་།
དཔལ་ལྡན་བོད་
མིའི་སྒྲིག་འཛུགས་ངོས་ནས་ཀྱང་དུས་རྟག་ཏུ་མཐུན་འགྱུར་སྦྱོར་སྤྲོད་མཛད་པར་ཐུགས་རྗེ་ བླ་མེད་དུ་ཆེ་ཞུ་རྒྱུ་བཅས། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས། ཕྱི་ལོ་༢༠༡༧ ཟླ་ ༩ ཚེས་༡༥ ལ།
vi
དཀར་ཆག ཨང་།
སློབ་ཚན།
ཤོག་གྲངས།
༡།
ལུས་པོའི་ཆ་ཤས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་1
༣།
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི།༢་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 12
༢།
༤། ༥།
༦།
༧། ༨།
༩།
༡༠། ༡༡།
༡༢།
༡༣།
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི།༡་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 6
རི་བོང་ཅལ་འདྲོགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 19
ཚོན་མདོག་དང་གྱོན་ཆས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 25
ནམ་དུས་དང་གནམ་གཤིས། ༡ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 34 བོད་ཀྱི་ནམ་དུས་དང་གནམ་གཤིས། ༢་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་40
བསླབ་བྱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་45 གཡག་དང་མ་ཧེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 51 དགོང་ཟས་སྐོར་གླེང་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 56
ཞེ་ས་དང་ཕལ་སྐད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 61
འབྲེལ་སྒྲ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་64 བྱེད་སྒྲ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་69 vii
viii
སློབ་ ཚན། ༡
ལུས་པོའི་ཆ་ཤས།
ལུས་པོའི་ཆ་ཤས་རྣམས་ངོ་སྤྲོད་བྱེད་རྒྱུ།
ལག་ཚིགས།
རྐང་ཚིགས།
རྐང་པའི་ཚིགས་དང་ལག་པའི་ཚིགས་སོགས་ནི་གཟུགས་པོ་འགུལ་སྐྱོད་ བྱེད་པ་ལ་ཧ་ཅང་གལ་ཆེན་པོ་རེད།
སྒལ་རུས།
རྩིབ་མ། 1
སྒལ་རུས་ནི་གཟུགས་པོའི་ཀ་བ་དང་
རྩིབ་མ་ནི་གཟུགས་པོའི་གདུང་
པོ་དྲང་པོར་ཚུགས་པར་བྱེད།
གཟུགས་པོ་གུར་བཞིན་ཕུབ་ཡོད།
འདྲ་བ་རེད། སྒལ་རུས་ཀྱིས་གཟུགས་ མ་དང་། ལྕམ་ལྟ་བུ་རེད། དེས་
ཀླད་པ།
མཆིན་པ།
ང་ཚོས་སྐྱིད་པོའི་ཚོར་བ་དང་སྡུག་
པོའི་ཚོར་བ་ཚང་མ་ཀླད་པ་བརྒྱུད་ནས་ ཤེས་ཐུབ་ཀྱི་ཡོད།
2
མཆིན་པས་ཁ་ཟས་ཀྱི་དྭངས་མ་ རྣམས་རང་གི་གནས་སུ་དྲངས་ ནས། ཁྲག་སོགས་དྭངས་མ་ འཕེལ་བར་བྱེད།
གློ་བ།
ཕོ་བ།
ང་ཚོས་གློ་བ་ལ་བརྟེན་ནས་དབུགས་ ཕོ་བ་ནི་ཟས་འཇུ་བྱེད་ཀྱི་ཆ་ཤས་ གཏོང་ལེན་བྱེད་ཀྱི་ཡོད།
གཙོ་བོ་ཞིག་ཡིན།
མཁལ་མ་ནི་གཅིན་པ་ཕྱི་ལ་འབྱིན་
སྙིང་གིས་ང་ཚོའི་གཟུགས་པོའི་
མཁལ་མ།
སྙིང་།
བྱེད་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན།
ཆ་ཤས་ཚང་མ་ལ་ཁྲག་རྒྱུག་པའི་ ལས་ཀ་བྱེད་ཀྱི་ཡོད། 3
ཀ གཤམ་གྱི་བརྗོད་དུམ་རྣམས་ཡང་ཡང་བཀླགས་ཏེ་གོང་གི་མིང་ཚིག་བེད་ སྤྱོད་གཏོང་སྟངས་སྦྱོང་དགོས།
རྐང་ཚིགས་དང་ལག་ཚིགས་སྐྲངས་འདུག / རྐང་ཚིགས་དང་ལག་ཚིགས་ལ་བརྟེན་ ནས་རྐང་ལག་འགུལ་སྐྱོད་བྱེད།
སྒལ་རུས་ལ་སྒལ་ཚིགས་ཀྱང་ཟེར། / སྒལ་རུས་ལ་བརྟེན་ནས་སྒུར་སྒུར་བྱེད་ཐུབ།
རྩིབ་མའི་མགོ་ནི་སྒལ་རུས་ཀྱི་གཞོགས་གཡས་གཡོན་ལ་འབྱར་ཡོད། / རྩིབ་མས་ སྙིང་དང་གློ་བ་སྲུང་སྐྱོབ་བྱེད།
མགོའི་ནང་དུ་ཀླད་པ་ཡོད། / ཀླད་པས་བསམ་བློ་གཏོང་གི་ཡོད།
མཆིན་པའི་མདོག་སྨུག་ནག་རེད། / མཆིན་པས་ཟས་བཅུད་འདྲེན་པར་བྱེད།
གློ་བ་ནི་གཞན་དང་མི་འདྲ་བར་མཉེན་པོ་ཡོད། / གློ་བས་དབུགས་གཏོང་ལེན་བྱེད་ ཀྱི་རེད།
ཕོ་བ་ནི་ནང་ཁྲོལ་ཞིག་ཡིན། / ཕོ་བས་ཟས་འཇུ་བར་བྱེད་ཀྱི་ཡོད།
མི་རེ་ལ་མཁལ་མ་གཉིས་རེ་ཡོད། / མཁལ་མས་གཙོ་བོ་ཁྲག་གཙང་མ་བཟོ་བ་དང་། གཅིན་པ་འབྱིན་པར་བྱེད།
སྙིང་ནི་བྲང་ཁོག་གི་ནང་ལ་ཡོད། / སྙིང་གིས་ལུས་པོར་ཁྲག་འཁོར་རྒྱུག་བྱེད། 4
ཁ། གཟུགས་པོའི་ཆ་ཤས་ཀྱི་མིང་གང་ཤེས་བྲིས།
-------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
ག གོང་གི་གཟུགས་པོའི་ཆ་ཤས་རྣམས་ལ་ཚིག་སྒྲུབ་རེ་བཟོས།
------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------5
སློབ་ ཚན། ༢
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི། • བཀྲ་ཤིས་བདེ་ལེགས། • སྐུ་ཁམས་བཟང་།
• སྔ་དྲོ་བདེ་ལེགས།
• ཉིན་གུང་བདེ་ལེགས།
• དགོང་དྲོ་བདེ་ལེགས།
གཤམ་གྱི་པར་རིས་སོ་སོའི་འོག་ཏུ་འཚམས་འདྲི་ཞུ་སྟངས་མི་འདྲ་བ་རྣམས་མ་ ནོར་བར་བྲིས།
6
མིང་ཚིག་གསར་པ།
གཤམ་གྱི་མིང་ཚིག་རྣམས་རྗེས་ཟློས་ཐེངས་ཁ་ཤས་བྱེད་དགོས།
ང་ཡང་། ངའི་མིང་། འཇིགས་མེད། གཟུགས་པོ། སྐུ་གཟུགས། བདེ་པོ། ཡིན་ནམ། བདེ་པོ་ཡིན། ཁྱེད་རང་། ཁྱེད་རང་གི། མཚན། ག་རེ་ཡིན།
གང་ནས་ཡིན། བོད་ནས་ཡིན། བོད་གང་ནས་ཡིན། ལྷ་ས།
ཨ་ལས་རེད་དམ། རྗེས་ལ་མཇལ་ཡོང་། ག་ལེར་བཞུགས། ག་ལེར་ཕེབས། མིང་ཚིག་སྦྱོང་བརྡར།
སློབ་ཕྲུག་གཅིག་གིས་མིང་ཚིག་བདམས་ནས་ཀློག་པ་དང་སློབ་ཕྲུག་གཞན་ ཞིག་གིས་མིང་ཚིག་གང་བཀླགས་པ་དེ་ལ་སྒོར་རྟགས་རྒྱོབ།
ང་ཡང་། ངའི་མིང་། འཇིགས་མེད། གཟུགས་པོ། 7
སྐུ་གཟུགས། བདེ་པོ། ཡིན་ནམ། བདེ་པོ་ཡིན། ཁྱེད་རང་། ཁྱེད་རང་གི། མཚན། ག་རེ་ཡིན།
གང་ནས་ཡིན། བོད་ནས་ཡིན། བོད་གང་ནས་ཡིན། ལྷ་ས།
ཨ་ལས་རེད་དམ། ག་ལེར་བཞུགས། ག་ལེར་ཕེབས། ཟླ་སྒྲོན། རྗེས་ལ་མཇལ་ཡོང་། གླེང་མོལ།
སློབ་ཕྲུག་ཕན་ཚུན་གཏམ་གླེང་གི་ལམ་ནས་སྦྱོང་བརྡར་བྱེད་འཇུག་དགོས། ཁྱེད་རང་བདེ་པོ་ཡིན་ནམ།
ང་བདེ་པོ་ཡིན། ཐུགས་རྗེ་ཆེ། ཁྱེད་རང་བདེ་པོ་ཡིན་ནམ། ང་ཡང་བདེ་པོ་ཡིན། ཐུགས་རྗེ་ཆེ།
ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ངའི་མིང་ལ་འཇིགས་མེད་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ངའི་མིང་ལ་ཟླ་སྒྲོན་ཟེར་གྱི་ཡོད། འཇིགས་མེད་ལགས། ཁྱེད་རང་གང་ ནས་ཡིན་ནམ།
8
ང་བོད་ནས་ཡིན། ཟླ་སྒྲོན་ལགས། ཁྱེད་རང་གང་ནས་ཡིན།
ང་ཡང་བོད་ནས་ཡིན།
ཨ་ལས། ཁྱེད་རང་བོད་ཀྱི་ས་ཆ་གང་ནས་ཡིན།
ང་ལྷ་ས་ནས་ཡིན། ཨ་ལས་རེད་དམ།
ལགས་ཡིན།
ག་ལེར་བཞུགས། རྗེས་ལ་མཇལ་ཡོང་།
ག་ལེར་ཕེབས། རྗེས་ལ་མཇལ་ཡོང་།
ཚིག་སྦྱོར་སྒྲིགས།
༡། བདེ་པོ་ ཁྱེད་རང་ ཡིན་ནམ།
༢། ཞུ་ཡི་ཡོད། ཁྱེད་རང་ མཚན་ལ་ གི་ ག་རེ་ ༣། འཇིགས་མེད་ མིང་ལ་ ངའི་ ཟེར་གྱི་ཡོད། ༤། བདེ་པོ་ ང་ ཡིན།
9
༥། གང་ནས་ ཁྱེད་རང་ ཡིན། ༦། བོད་ནས་ ང་ ཡིན།
༧། བོད་ཀྱི་ ཁྱེད་རང་ གང་ནས་ ས་ཆ་ ཡིན། ༨།
ཡིན། ང་ ལྷ་ས་ ནས་
༩། བཞུགས། མཇལ་ ག་ལེར་ རྗེས་ལ་ ཡོང་ ༡༠། ཕེབས། རྗེས་ལ་ ག་ལེར་ མཇལ་ཡོང་། བར་སྟོང་ནང་མིང་ཚིག་རན་པ་རེ་སྐོངས། ༡།
བདེ་པོ་
༣། ང་
ཡིན།
༢། ང་ ༤། ཁྱེད་རང་གི་ ༦། ངའི་ ༧། ༨།
༩། ང་ ༡༠།
།
ཡིན། ཐུགས་རྗེ་ཆེ། ག་རེ་
འཇིགས་མེད་
གང་ནས་ ལྷ་ས་
ཆེ།
ཡོད།
ཡོད།
།
ཡིན། ཁྱེད་རང་གང་ནས་ཡིན།
ནས་ཡིན།
10
མཇལ་ཡོང་།
བྱེད་སྒོ།
སློབ་ཕྲུག་ཕན་ཚུན་དབར་ཕ་མ་དང་། དགེ་རྒན། གྲོགས་པོ། གྲོགས་མོ་ སོགས་ཀྱི་སྐོར་ལ་བོད་སྐད་ཐོག་གླེང་མོལ་བྱ་རྒྱུ།
11
སློབ་ ཚན། ༣
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི།
མིང་ཚིག་གསར་པ།
གཤམ་གྱི་ཚིག་དུམ་རྣམས་རྗེས་ཟློས་ཐེངས་ཁ་ཤས་བྱེད་དགོས།
ཉིན་གུང་བདེ་ལེགས། / མཚན་ལ་ག་རེ་ཞུ་ཡི་ཡོད། / ཁྱེད་རང་གི། ལུང་པ། / བོད་པ་ཡིན་ནམ། / ང་ཉི་ཧོང་ནས་ཡིན།
ང་བོད་པ་མིན། / ང་ཉི་ཧོང་བ་ཡིན། / ཁྱེད་རང་གང་ནས་ཡིན། ཁྱེད་རང་བོད་པ་ཡིན་ནམ། / ཁོང་སུ་རེད། / ལགས་ཡིན།
ང་བོད་པ་ཡིན། / ང་ལྷ་ས་ནས་ཡིན། / ཁོང་བོད་པ་རེད་དམ།
ཁོང་ངའི་གྲོགས་མོ་རེད། / ཁྱེད་རང་གཉིས། / ཁོང་ཡང་བོད་པ་རེད།
ང་རྒྱ་གར་ནང་ལ་སྡོད་ཀྱི་ཡོད། / ཁྱེད་རང་ག་པར་བཞུགས་ཀྱི་ཡོད། / དེང་སང་།
ཁོང་ཉི་ཧོང་ནང་ལ་བཞུགས་ཀྱི་ཡོད་རེད།/རྒྱ་གར་གྱི་ས་ཆ་ག་པར་བཞུགས་ཀྱི་ཡོད། རྒྱལ་ས་ལྡི་ལི་ལ་སྡོད་ཀྱི་ཡོད། / སྐྱིད་པོ་འདུག་གམ།
སྐྱིད་པོ་འདུག / མཚམས་མཚམས་ལ། / ཚ་བ་ཆེན་པོ་འདུག ཕེབས་མྱོང་ངམ། / འགྲོ་མྱོང་། / འགྲོ་མ་མྱོང་། 12
གནམ་གཤིས་སྐྱིད་པོ་ཡོད་རེད་དམ། / སྐྱིད་པོ་ཞེ་དྲག་ཞེ་དྲག་ཡོད་རེད། / ཏན་ ཏན།
ང་འགྲོ་དགོས་ཀྱི་ཡོད། / བཞུགས་ཨང་། / ག་ལེར་ཕེབས། / ཡིན་གཅིག་མིན་ གཅིག
ཁྱེད་རང་མཇལ་ནས་དགའ་པོ་ཞེ་དྲག་བྱུང་། / གཟིམ་འཇགས་གནང་།
ཨིན་ཇི། / རྒྱ་གར་བ། / རྒྱ་མི། / ཨ་ཕི་རི་ཀ་པ། / ཨ་རི་བ། / ཉི་ཧོང་བ། / བོད་པ། ཨི་ཊ་ལི་པ།
གླེང་མོལ།
སློབ་ཕྲུག་ཕན་ཚུན་གཏམ་གླེང་གི་ལམ་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས། ཉིན་གུང་བདེ་ལེགས། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཉིན་གུང་བདེ་ལེགས། ངའི་མིང་སེན་ཅི་ཡིན། ཁྱེད་རང་གི་མཚན་ལ་ག་
རེ་ཞུ་ཡི་ཡོད།
ངའི་མིང་འཇིགས་མེད་ཡིན། ཁྱེད་རང་ལུང་པ་གང་ནས་ཡིན། ཁྱེད་རང་ བོད་པ་ཡིན་ནམ།
13
ང་ཉི་ཧོང་ནས་ཡིན། ང་བོད་པ་མིན། ང་ཉི་ཧོང་བ་ཡིན། ཁྱེད་རང་གང་
ནས་ཡིན། ཁྱེད་རང་བོད་པ་ཡིན་ནམ།
ལགས་ཡིན། ང་བོད་པ་ཡིན། ང་ལྷ་ས་ནས་ཡིན། ཁོང་སུ་རེད། ཁོང་ བོད་པ་རེད་དམ།
ཁོང་ངའི་གྲོགས་མོ་རེད། ཁོང་ཡང་བོད་པ་རེད།
ཁྱེད་རང་གཉིས་ག་པར་བཞུགས་ཀྱི་ཡོད། ང་རྒྱ་གར་ལ་སྡོད་ཀྱི་ཡོད།
ངའི་གྲོགས་མོ་ཉི་ཧོང་ལ་བཞུགས་ཀྱི་ཡོད་
རེད། ཁྱེད་རང་ག་པར་བཞུགས་ཀྱི་ཡོད།
སྔོན་མ་ང་བོད་ལ་སྡོད་ཀྱི་ཡོད། ཡིན་ནའང་། དེང་སང་རྒྱ་གར་ནང་སྡོད་ ཀྱི་ཡོད།
རྒྱ་གར་ནང་ག་པར་བཞུགས་ཀྱི་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་སྡོད་ཀྱི་ཡོད།
ལྡི་ལི་ལ་སྐྱིད་པོ་འདུག་གམ།
14
ལྡི་ལི་ལ་སྐྱིད་པོ་འདུག མཚམས་མཚམས་ལ་ཚ་བ་ཆེན་པོ་འདུག ཁྱེད་རང་ཉི་ཧོང་ལ་ཕེབས་མྱོང་ངམ།
ང་ཉི་ཧོང་ལ་འགྲོ་མ་མྱོང་། ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཡོད་རེད་དམ། ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད།
ཡིན་གཅིག་མིན་གཅིག་ཕེབས་རོགས་གནང་།
ཁྱེད་རང་ཉི་ཧོང་ལ་
ལགས་སོ། །རྗེས་མ་ང་ཉི་ཧོང་ལ་ཏན་ཏན་ཡོང་གི་ཡིན། ང་དཔེ་མཛོད་ ཁང་ལ་འགྲོ་དགོས་ཀྱི་ཡོད། བཞུགས་ཨང་། རྗེས་སུ་མཇལ་ཡོང་། ལགས་སོ། །རྗེས་ལ་མཇལ་ཡོང་། ག་ལེར་ཕེབས།
གཤམ་གྱི་ཚིག་རྣམས་གོ་རིམ་བསྒྲིགས་ནས་བརྗོད་པ་བཟོས།
༡།
ཁྱེད་རང་ མཚན་ལ་ ཞུ་ཡི་ གི་ ཡོད། ག་རེ་
༣།
དེང་སང་ ཀྱི་ ཡོད། རྒྱ་གར་ལ་ སྡོད་
༢།
གང་ནས་ ཡིན། ཁྱེད་རང་ ལུང་པ་
༤། ག་པར་ གཉིས་ ཁྱེད་རང་ ཀྱི་ ཡོད། བཞུགས་ ༥།
ཀྱི་ ཡོད། ག་པར་ བཞུགས་ ཁྱེད་རང་ 15
༦།
རང་ ཡིན། ཁྱེད་ ནས་ གང་
༨།
གྲོགས་མོ་ ངའི་ ཉི་ཧོང་ བཞུགས་ ལ་ ཡོད་རེད། ཀྱི་
༧། ༩།
ང་ ནས་ ཡིན། ལྷ་ས་
ཡོད། སྔོན་མ་ བོད་ལ་ ང་ སྡོད་ཀྱི་
༡༠། རེད། ཁོང་ ངའི་ གྲོགས་མོ་ ༡༡། ཡང་ བོད་པ་ ཁོང་ རེད།
༡༢། མྱོང་ངམ། ཉི་ཧོང་ ཁྱེད་རང་ ལ་ ཕེབས་ ༡༣། ང་ འགྲོ་ ཉི་ཧོང་ལ་ མ་མྱོང་།
༡༤། རེད་དམ། ཡོད་ ཉི་ཧོང་ལ་ སྐྱིད་པོ་ གནམ་གཤིས་
༡༥། ད་རེད། ཉི་ཧོང་ལ་ སྐྱིད་པོ་ གནམ་གཤིས་ ཞེ་དྲག་
གཤམ་གྱི་བརྗོད་པ་རྣམས་ལ་དྲི་བ་བཟོས་ཏེ་རང་གི་འཛིན་གྲོགས་དང་མཉམ་དུ་ གླེང་མོལ་བྱ་རྒྱུ།
དཔེར་ན། ངའི་མིང་ལ་འཇིགས་མེད་ཟེར། ཁྱེད་རང་གི་མཚན་ག་རེ་ཞུ་ཡི་ཡོད། ༡།
༢།
ང་བོད་པ་ཡིན།
ང་ཉི་ཧོང་ནས་མིན།
༤། ང་ལྷ་ས་ནས་ཡིན།
16
༥།
ཁོང་ངའི་གྲོགས་མོ་རེད།
༧།
ང་ཉི་ཧོང་ལ་ཕྱིན་པ་ཡིན།
༦། ༨།
༩།
ཁོང་ཡང་བོད་པ་རེད།
ངའི་གྲོགས་མོ་ཉི་ཧོང་ལ་བཞུགས་ཀྱི་ཡོད་རེད།
ངའི་གྲོགས་མོ་དེང་སང་རྒྱ་གར་ལ་བཞུགས་ཀྱི་ཡོད་རེད།
༡༠། སྔོན་མ་ང་རྒྱ་ནག་ལ་ལོ་ཁ་ཤས་བསྡད་པ་ཡིན། ༡༡། ངེད་གཉིས་བོད་ལ་སྡོད་ཀྱི་ཡོད།
༡༢། ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཡོད་རེད།
༡༣། ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད། ༡༤། སྔོན་མ་ང་བོད་ལ་ལོ་མང་པོ་བསྡད་པ་ཡིན། བྱེད་སྒོ།
གཤམ་གྱི་ཚིག་རྣམས་བེད་སྤྱད་དེ་སློབ་ཕྲུག་གཉིས་རེས་གླེང་མོལ་བྱེད་རྒྱུ།
བོད་པ། བོད། བོད་ནས། ལྷ་ས། ངའི་གྲོགས་མོ། ང་ཡང་། ཉི་ཧོང་ལ། ཐེངས་མང་པོ། འགྲོ་མྱོང་། དེང་སང་།
བཞུགས་ཀྱི་ཡོད་རེད། ལོ་མང་པོ། ཉི་ཧོང་གི་གནམ་གཤིས། 17
སྦྱོང་བརྡར།
གཤམ་གྱི་ཚིག་རྣམས་ང་དང་། ཁྱེད། ཁོང་། ཁོ། མོ་སོགས་ལ་སྦྱར་ནས་ ཚིག་སྒྲུབ་རེ་བཟོས།
ཡིན། མིན། ཡིན་ཡིན། མིན་ནམ།
རེད། རེད་དམ། མ་རེད། མ་རེད་དམ། ཡོད། ཡོད་དམ། མེད། མེད་དམ།
ཡོད་རེད། ཡོད་རེད་དམ། ཡོད་མ་རེད། ཡོད་མ་རེད་དམ། འདུག འདུག་གམ། མི་འདུག མི་འདུག་གམ།
18
སློབ་ ཚན། ༤
རི་བོང་ཅལ་འདྲོགས།
ཤིང་སྡོང་། མཚེའུ། རི་བོང་། སྐྲག བྲོས། ཐམས་ཅད། སྲོག་ཆགས། གཅན་ གཟན། རི་དྭགས། རྒྱུ་མཚན། ཡལ་ག ཟགས། འདྲོགས།
སྔོན་མཚེའུ་ཞིག་གི་འགྲམ་དུ་ཤིང་སྡོང་ཆེན་པོ་ཞིག་ཡོད། ཉིན་ཞིག ཤིང་སྡོང་དེའི་
འོག་ཏུ་རི་བོང་ཞིག་གིས་ཆུ་འཐུང་བཞིན་པའི་སྐབས། ཅལ་ཞེས་པའི་སྒྲ་ཐོས་ཏེ། རི་ བོང་ཧ་ཅང་སྐྲག་ནས་བྲོས་པ་རེད།
ལམ་དུ་སྤྱང་ཀི་ཞིག་གིས་རི་བོང་བྲོས་འགྲོ་དགོས་པའི་རྒྱུ་མཚན་དྲིས་པར། རི་བོང་
19
གིས། བྲོས། བྲོས། ཅལ་ཡོང་གི་ འདུག་ལབ་པས་ཝ་དེ་ཡང་བྲོས།
ཡང་། ཕར་ཙམ་ན་སྤྲེའུ་ཞིག་དང་ཐུག
དེ ས ་བྲོ ས ་འགྲོ ་ དགོ ས ་དོ ན ་དྲིས་པས། ཅལ་འདུག ཅལ་འདུག བྲོས། བྲོས། ཞེ ས ་སྨྲས་པས་སྤྲེ འུ ་ཡང་མཉམ་དུ་ བྲོས་པ་རེད།
དེ་བཞིན་དུ་དོམ་དང་། སྟག གཟིག ཕག་པ། གླང་ཆེན། ཤྭ་བ། མ་ཧེ་ བཅས་མཉམ་དུ་བྲོས།
20
དེ་སེང་གེས་མཐོང་སྟེ།
ཁྱེད་ཅག་བྲོས་དགོས་པའི་རྒྱུ་མཚན་གང་ཡིན་དྲིས་པར།
ཚང་མས་ཅལ་འདུག ཅལ་འདུག་ཅེས་སྨྲས་པ་རེད།
སེང་གེས་ཅལ་ཟེར་བ་དེ་སུ་རེད། གང་དུ་འདུག་གམ་ཞེས་སྟག་ལ་དྲིས་པས་སྟག་
གིས་དོམ་ལ་དྲིས། དོམ་གྱིས་གླང་ཆེན་ལ་དྲིས། གླང་ཆེན་གྱིས་ཤྭ་བ་ལ་དྲིས་པ་
21
སོགས་གཅིག་གིས་གཅིག་ལ་རིམ་བཞིན་དྲིས་པས། མཐར་རི་བོང་གིས་ངས་དངོས་ སུ་མཐོང་བྱུང་ཞེས་བཤད།
སེང་གེས་གཅན་གཟན་དང་རི་དྭགས་ཚང་མ་རི་བོང་གིས་མཐོང་ས་དེར་ཁྲིད་ཕྱིན་པ་ རེད།
དེ་གར་ཤིང་གི་ཡལ་ག་ཞིག་ཆུའི་ནང་གཡེང་བཞིན་ཡོད་པ་ཞིག་ལས་མཐོང་
རྒྱུ་གང་ཡང་མེད། ཤིང་གི་ཡལ་ག་ཆུའི་ནང་ཟགས་ནས་ཅལ་ཞེས་པའི་སྒྲ་བྱུང་བ་དེ་ ལ་རི་བོང་འདྲོགས་ཏེ་བྲོས་པ་གཞི་ནས་ཤེས། ཚང་མ་བློ་བདེ་པོའི་ངང་གནས་སོ། །
22
དེ་ནས་གཅན་གཟན་དང་རི་དྭགས་
སྐབས་དེ་ནས་བཟུང་།
ཆུ་ནང་ཅལ་གྱི་སྒྲ་གྲགས་པས། །
གཅན་གཟན་རི་དྭགས་ཕལ་ཆེར་བྲོས། ། ཞེས་པའི་གཏམ་དེ་བྱུང་ངོ་། །
ནང་སྦྱོང་།
དང་པོ། སྒྲུང་ཡག་པོ་བཀླགས་ནས་གཤམ་གྱི་དྲི་བ་རྣམས་ལ་ལན་རྒྱོབ།
༡། རི་བོང་བྲོས་འགྲོ་དགོས་དོན་གང་ཡིན་ནམ།
༢། རི་བོང་བྲོས་འགྲོ་བའི་སྐབས་སུ་གཅན་གཟན་དང་རི་དྭགས་གང་དང་གང་ཐུག་ ཡོད་དམ།
༣། སེང་གེས་ཅལ་ཟེར་བ་གང་དུ་འདུག་ཅེས་སུ་ལ་དྲིས་ཡོད་དམ། ༤། ཅལ་ཞེས་པའི་སེམས་ཅན་ཞིག་ཡོད་དམ།
གཉིས་པ། གཤམ་གྱི་བརྗོད་པ་རྣམས་སྒྲུང་གི་བྱུང་རིམ་བཞིན་གོ་རིམ་མ་ནོར་ བར་སྒྲིག་དགོས།
༡། དེར་བརྟེན། ཚང་མ་བློ་བདེའི་བག་ཕེབས་ངང་སོ་སོར་གྱེས་པ་རེད། 23
༢། དེར་ཆུའི་ནང་དུ་ཤིང་གི་ཡལ་ག་ཞིག་ཆུ་ཁར་གཡེང་བཞིན་པ་ལས་གཞན་གང་ ཡང་མཐོང་རྒྱུ་མེད།
༣། སེང་གེས་སེམས་ཅན་ཚང་མ་ཁྲིད་ནས་ཆུ་ཁར་བརྟག་དཔྱད་བྱེད་དུ་ཕྱིན།
༤། རི་བོང་ཞིག་ཤིང་སྡོང་གི་འོ ག་ཆུ་འཐུང་སྐབས་‘ཅལ་’ཞེས་པའི་སྒྲ་ཞིག་ཐོས་ ནས་བྲོས་པ་རེད།
༥། ལམ་དུ་སྤྱང་ཀི་དང་། ཝ། སྤྲེའུ། ཕག་པ། དོམ། དྲེད་མོང་། ཤྭ་བ་སོགས་ ལ་བྲོས་བྲོས་ཟེར་ནས་ཚང་མ་མཉམ་དུ་བྲོས།
གསུམ་པ། གཤམ་གསལ་གྱི་ཚིག་རྣམས་ལ་ཚིག་སྒྲུབ་ཐུང་ངུ་རེ་བཟོས།
སྒྲ། སྐྲག མཐོང་། བྲོས། ཐུག གཡེང་། དྲིས། ཟགས། འདྲོགས།
བཞི་པ། བྱེད་སྒོ།
༡ སློབ་ཕྲུག་ཚོ་ཆ་བགོས་ཀྱིས་སློབ་ཚན་གྱི་ནང་དོན་ཤོད་ཐུབ་པ་བྱེད་དགོས།
༢ སྒྲུང་གཏམ་འདིས་བསྟན་པའི་བསླབ་བྱ་གང་ཡིན་པ་བཤད་དུ་འཇུག་དགོས།
24
སློབ་ ཚན། ༥
ཚོན་མདོག་དང་གྱོན་ཆས།
སྔོན་པོ།
སེར་པོ།
རྒྱ་སྨུག
ལི་ཝང་།
དམར་པོ།
མེ།
དཀར་པོ།
ལྗང་ཁུ།
ལོ་མ།
ནག་པོ།
གསེར།
25
ཚ་ལུ་མ།
དུང་དཀར།
སྦྱོང་བརྡར།
རྡོ་སོལ།
དོ་ལུམ།
ཀ གོང་གི་པར་རིས་ལ་བལྟས་ནས་མཐུན་སྦྱོར་གྱིས། དོ་ལུམ།
སེར་པོ།
མེ།
ལི་ཝང་།
གཡུ།
ལྗང་ཁུ།
ལོ་མ།
ནག་པོ།
དུང་།
སྔོན་པོ།
རྡོ་སོལ།
དཀར་པོ།
ཚ་ལུ་མ།
རྒྱ་སྨུག
གསེར།
དམར་པོ། 26
གཡུ།
ཁ གཤམ་གྱི་བར་སྟོང་ནང་འདེམས་སྐོང་གྱིས།
༡། མེའི་མདོག་ནི་
རེད།
(སེར་པོ། / དམར་པོ།)
རེད།
(སྔོན་པོ། / སེར་པོ།)
༢། ལོ་མའི་མདོག་ནི་
རེད།
༤། གཡུ་ཡི་མདོག་ནི་
རེད།
༣། གསེར་གྱི་མདོག་ནི་
(དཀར་པོ། / ལྗང་ཁུ།) (ནག་པོ། / སྔོན་པོ།)
༥། དུང་གི་མདོག་ནི་
རེད།
(དམར་པོ། / དཀར་པོ།)
༧། ཚ་ལུ་མའི་མདོག་ནི་
རེད་།
(ནག་པོ། / ལི་ཝང་།)
༦། རྡོ་སོལ་གྱི་མདོག་ནི་ ༨། དོ་ལུམ་མདོག་ནི་
རེད།
(སེར་པོ། / ནག་པོ།)
རེད། (དཀར་པོ། / མུ་མེན།)
གྱོན་ཆས་དང་འབྲེལ་བའི་བྱ་ཚིག་ངོ་སྤྲོད།
གཤམ་གསལ་རྣམས་རྗེས་ཟློས་བྱེད་དགོས།
གྱོན་ཆས་གྱོན། ཡིན་གཅིག་མིན་གཅིག
ཏག་ཏག་རེད། བོད་ཆས། དགོས་ཀྱི་རེད། འགྲིག་གི་རེད་དམ། བླ་གཟའ་རེད། ༸རྒྱལ་བ་རིན་པོ་ཆེ། བྱས་ཙང་། གྱོན་ན། ཡག་པོ་ཡོད་རེད། ཡིན་དང་ཡིན། གཅིག་བྱས་ན། ཕྱུ་པ། ངས་ཀྱང་། ཕྱུ་པ་གྱོན་གྱི་ཡིན། སྟོད་ཐུང་། 27
གྱོན་གྱི་ཡིན་ནམ། ཚོན་མདོག་ག་རེ། སློབ་ཕྲུག་གཞན་པ། ངས་བྱས་ན། མ་གཞི་
ནས། གྱོན་གྱི་རེད་དམ། གྱོན་དང་གྱོན། རྒན་ལགས་རྣམ་པ། སློབ་ཕྲུག ཚང་མས། ག་རེ་ག་རེ་བྱེད་ཀྱི་རེད། བོད་ཆས་གྱོན་གྱི་རེད། ལྷག་དཀར་ལ། བོད་སྐད་ཤོད་པ་
སོགས་བྱེད་པ་རེད། ཕྱི་པོ་ཆགས་འདུག གཟའ་ལྷག་པ། ང་ཉལ་བར་འགྲོ་ཡི་ཡིན། སང་ཉིན་ཞོགས་པ་མཇལ་ཡོང་། སྤྲོ་པོ་བྱས་ནས་གཟིམས་རོགས་གནང་།
གླེང་མོལ། ཨ་མ་ལགས། སང་ཉིན་ངས་གྱོན་ཆས་ག་རེ་གྱོན་དགོས་ཀྱི་རེད། སང་ཉིན་གཟའ་ལྷག་པ་རེད།
ང་ཚོས་ཡིན་གཅིག་མིན་གཅིག་བོད་
ལགས་སོ། །ཨ་མ་ལགས།
སང་ཉིན་ངས་ཕྱུ་པ་རྒྱ་སྨུག་དེ་གྱོན་གྱི་
ཆས་གྱོན་དགོས།
ཡིན། འགྲིག་གི་རེད་དམ།
28
སང་ཉིན་༸རྒྱལ་བ་རིན་པོ་ཆེའི་བླ་གཟའ་རེད། བྱས་ཙང་། ཕྱུ་པ་ལྗང་
ཁུ་གྱོན་ན་ཡག་པོ་ཡོད་རེད།
ཨ་མ་ལགས། ཁྱེད་རང་གིས་ཕྱུ་པ་གྱོན་གྱི་ཡིན་ནམ།
ཡིན་དང་ཡིན། ངས་ཀྱང་ཕྱུ་པ་གྱོན་གྱི་ཡིན། སྒྲོལ་མ། ཁྱེད་རང་གིས་
སྟོད་ཐུང་དཀར་པོ་དེ་གྱོན་ན་ལན་པོ་ཡོད་རེད།
ཨ་མ་ལགས། ཁྱེད་རང་གིས་སྟོད་ཐུང་ཚོན་མདོག་ག་རེ་གྱོན་གྱི་ཡིན། གཅིག་བྱས་ན་ངས་སྟོད་ཐུང་དམར་པོ་གྱོན་གྱི་ཡིན། ཨ་མ་ལགས། ངས་བལྟས་ན་ཕྱུ་པ་ལྗང་ཁུ་དང་སྟོད་ཐུང་སྔོན་པོ་དེ་གྱོན་
ན་ཡག་གི་རེད། ཨ་ཅག་ལགས་ཀྱིས་ཕྱུ་པ་གྱོན་གྱི་རེད་དམ། 29
གྱོན་དང་གྱོན།
རེད།
ཨ་ལས།
རེད་དམ།
ཁྱེད་རང་གི་ཨ་ཅག་ལགས་ཀྱིས་ཀྱང་ཕྱུ་པ་གྱོན་གྱི་
སང་ཉིན་སློབ་ཕྲུག་གཞན་པ་ཚང་མས་བོད་ཆས་གྱོན་གྱི་
གྱོན་དང་གྱོན།
ཆས་གྱོན་གྱི་རེད།
སང་ཉིན་སློབ་ཕྲུག་དང་རྒན་ལགས་ཚང་མས་བོད་
ད་དུང་ལྷག་དཀར་ཉིན་ལ་ག་རེ་ག་རེ་བྱེད་ཀྱི་རེད།
ལྷག་དཀར་ཉིན་དམིགས་བསལ་གྱིས་བོད་ཆས་གྱོན་པ་དང་།
ཟས་ཟ་བ་སོགས་བྱེད་ཀྱི་རེད།
ཨ་མ་ལགས། ཕྱི་པོ་ཆགས་འདུག ང་ཉལ་བར་འགྲོ་ཡི་ཡིན།
ཏག་ཏག་རེད། གཟིམ་འཇགས་གནང་། 30
བོད་
ལགས་སོ། །ཨ་མ་ལགས། གཟིམ་འཇགས་གནང་།
ཚིག་འདི་རྣམས་འོག་གི་བར་སྟོང་ནང་དུ་སྐོངས།
ཚང་མས། གྱོན་ན། བཤད་རྒྱུ། བོད་པ། བླ་གཟའ། སློབ་གྲྭ། ཕེབས། བོད་ཆས། ༡། སང་ཉིན་གཟའ་ལྷག་པ་ལ་མི་
༢། གཟའ་ལྷག་པ་ནི་༸རྒྱལ་བ་རིན་པོ་ཆེའི་ ༣། སྒྲོལ་མ་རང་གིས་སྟོད་ཐུང་དཀར་པོ་
བོད་ཆས་གྱོན་དགོས། རེད།
ལན་པོ་ཡོད་རེད།
༤། ཨ་མ་ལགས་ཁྱེད་རང་བདུན་ཕྲག་རྗེས་མའི་ལྷག་དཀར་འདུ་འཛོམས་ལ་ ཀྱི་ཡིན་ནམ།
༥། སང་ཉིན་སློབ་ཕྲུག་གཞན་པ་ཚང་མས་ ༦།
༧། ནམ་རྒྱུན་ནས་བོད་སྐད་
གྱོན་ནས་སློབ་གྲྭ་ལ་ཕེབས་ཀྱི་རེད།
ཚོས་ལྷག་དཀར་ལ་ག་རེ་ག་རེ་བྱེད་ཀྱི་རེད།
གལ་ཆེན་པོ་རེད།
༨། སང་ཉིན་ཁྱེད་རང་
ལ་ཕེབས་ཀྱི་ཡིན་ནམ།
གཟའ་ཟླ་བའི་གྱོན་ཆས་གྱོན་རྒྱུའི་སྐོར་གླེང་མོལ་བྱེད་དགོས།
31
བུ་མོའི་ཕྱུ་པ།
རྐང་ཤུབས།
ལག་ཤུབས།
ལྷམ།
རྩེད་ལྷམ།
ཚེ་རིང་སྐྱིན་ཁེབས། བོད་བཟོ་འོག་འཇུག
བུའི་ཕྱུ་པ།
ལྷམ་རྟིང་ཙོག
ཟོམ་པ།
པང་གདན།
གོས་ཐུང་། ལག་གདུབ།
32
སྟོད་ཐུང་། སྐེ་རྒྱན།
ལྷག་དཀར་གྱོན་ཆས་ཀྱི་སྐོར་ལ་ཚིག་སྒྲུབ་ལྔ་བྲིས།
-----------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
33
སློབ་ ཚན། ༦
ནམ་དུས་དང་གནམ་གཤིས།
གཤམ་གསལ་རྣམས་རྗེས་ཟློས་བྱེད་དགོས།
ནམ་དུས།
གནམ་གཤིས།
དཔྱིད་ཀ
གངས།
ཆར་པ།
ལྷགས་པ།
གནམ་གཤིས་སྔོན་བརྡ།
གནམ་གཤིས་ཡག་པོ།
དབྱར་ཁ། སྟོན་ཀ ཉི་མ་ཚ་པོ།
ཚ་གྲང་སྙོམས་པོ། 34
དགུན་ཁ།
གངས་ཞོད་ཆེན་པོ། ཉི་མ་བསྟན།
ཆར་ཞོད་ཆེན་པོ།
ལྷགས་པ་ཚ་པོ། དྲོ་པོ།
གངས་བབས།
ཚ་ཚད།
སྤྲིན་པ་འཁྲིགས།
གླེང་མོལ།
ལྷགས་པ་བརྒྱབ།
ཆར་པ་བབས། ཆར་པ་ཆད།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (དང་པོ།) ཀ
ནིའུ་ཡོག་གི་གནམ་གཤིས་གང་འདྲ་ཡོད་རེད།
ཁ
ནིའུ་ཡོག་གི་གནམ་གཤིས་སྐྱིད་པོ་ཡོད་རེད།
ཁ
བོད་ཀྱི་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད།
ཁ
བོད་ལ་ནམ་དུས་བཞི་ཡོད་རེད།
ཁ
ཨ་ལ་སི་ཀ་ལ་ནམ་དུས་བཞི་ཡོད་མ་རེད། ནམ་དུས་གཉིས་ཡོད་རེད།
ཀ ཀ ཀ
བོད་ཀྱི་གནམ་གཤིས་གང་འདྲ་ཡོད་རེད། བོད་ལ་ནམ་དུས་ག་ཚོད་ཡོད་རེད།
ཨ་ལ་སི་ཀ་ལ་ནམ་དུས་བཞི་ཀ་ཡོད་རེད་དམ།
35
གཤམ་གྱི་མིང་རྣམས་བེད་སྤྱད་ནས་གནམ་གཤིས་སྐོར་ལ་གླེང་མོལ་བྱེད་དགོས།
རྒྱ་གར། བོད། ལྷ་ས། དྷ་རམ་ས་ལ། རྒྱ་ནག བལ་ཡུལ། འབྲུག་ཡུལ།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (གཉིས་པ།) ཀ
ཁ ཀ ཁ ཀ ཁ
དེང་སང་གནམ་གཤིས་ཚ་པོ་མི་འདུག་གམ།
ཏོག་ཙམ་ཚ་པོ་འདུག ཡིན་ན་ཡང་། ང་གནམ་གཤིས་ཚ་པོ་ལ་དགའ་པོ་
ཡོད།
ཁྱེད་རང་ལྷ་ས་ལ་ཡོད་དུས་གནམ་གཤིས་གང་འདྲ་འདུག གྲང་མོ་སྟོན་གྱི་འདུག་གམ།
གནམ་གཤིས་
ང་ལྷ་ས་ལ་ཡོད་དུས་གྲང་མོ་སྟོན་གྱི་མི་འདུག
གནམ་གཤིས་ཚ་གྲང་
འདིར་གནམ་གཤིས་གང་འདྲ་བསྟན་སོང་།
ཆར་པ་མང་པོ་བབས་སོང་
སྙོམས་པོ་དང་སྐྱིད་པོ་འདུག ངམ།
འདིར་ཉིན་ལྟར་གནམ་གཤིས་ཚ་པོ་བསྟན་སོང་།
བབས་མ་སོང་།
36
ཉེ་ཆར་ཆར་པ་ཞེ་དྲག་
གཤམ་གྱི་ཚིག་རྣམས་བེད་སྤྱད་ནས་གནམ་གཤིས་སྐོར་ལ་གླེང་མོལ་བྱེད་དགོས།
གནམ་གཤིས་ཚ་པོ་བསྟན། ཆར་ཞོད་ཆེན་པོ། ཆར་པ་འབབ། གངས་ཞོད་ཆེན་པོ། ལྷགས་པ་ཆེན་པོ་བརྒྱབ། གནམ་གཤིས་སྐྱིད་པོ་བསྟན། ཉི་མ་བསྟན།
སྤྲིན་པ་འཁྲིགས། གནམ་གཤིས་དྲོ་པོ། ཉི་མ་ཚ་པོ་བསྟན། ཚ་གྲང་སྙོམས་པོ།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (གསུམ་པ།) ཀ
ཁ
ཀ ཁ ཀ
ཁ
བདུན་ཕྲག་རྗེས་མའི་གནམ་གཤིས་སྔོན་བརྡ་གང་འདྲ་འདུག ང་ཚོས་གླིང་
ཀ་གཏོང་གི་ཡིན།
བདུན་ཕྲག་རྗེས་མ་ལ་གནམ་གཤིས་སྐྱིད་པོ་བསྟན་ས་རེད། ཕལ་ཆེར་དྲོད་ ཚད་༧༠ ཙམ་སླེབས་ས་རེད། ཁྱེད་རང་ཚོས་གཟའ་ག་རེ་ལ་གླིང་ག་གཏང་ གི་ཡིན། གཟའ་མཇུག་ལ་གནམ་གཤིས་ཡག་པོ་འདུག ང་ཚོས་གཟའ་པ་སངས་ལ་གླིང་ག་གཏང་གི་ཡིན།
གནམ་གཤིས་ཡག་པོ་བསྟན་གྱི་འདུག་གམ།
གཟའ་པ་སངས་ལ་
གཟའ་པ་སངས་ལ་གཅི ག ་བྱས་ན་ཞོ ག ས་པ་ཆར་པ་ཏོ ག ་ཙམ་འབབ་ས་
རེད། ཡིན་ནའང་། ཉིན་གུང་རྒྱབ་ལ་གནམ་གཤིས་ཡག་པོ་བསྟན་ས་རེད། གཟའ་སྤེན་པ་དང་ཉི་མ་ལ་གནམ་གཤིས་ཡག་པོ་བསྟན་གྱི་འདུག་གམ།
གཟའ་སྤེན་པ་ལ་གནམ་གཤིས་ཧ་ཅང་ཚ་པོ་བསྟན་ས་རེད། 37
ཡིན་ནའང་།
ཀ
ཁ ཀ
ཁ
གཟའ་ཉི་མ་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་བསྟན་ས་རེད།
གཟའ་ཉི་མ་ལ་སྤྲིན་པ་འཁྲིགས་ནས་ལྷགས་པ་རྒྱག་གི་མི་འདུག་གམ།
ལྷགས་པ་ཤུགས་ཆེན་པོ་བརྒྱབ་ས་མ་རེད། གནམ་གཤིས་ཚ་གྲང་སྙོམས་ པོ་བསྟན་ས་རེད།
ད་ཆར་པ་འབབ་ས་རེད། བཞུགས་གདན་འཇགས།
རྗེས་ལ་མཇལ་ཡོང་།
གཤམ་གྱི་བར་སྟོང་ནང་རང་མོས་ཀྱིས་མིང་ཚིག་འགེང་འོས་སྐོངས།
༡།
ལ་ཆར་པ་མང་པོ་འབབ་ཀྱི་ཡོད།
༢།
ལ་གནམ་གཤིས་གྲང་མོ་ཞེ་དྲག་ཡོད་རེད།
༤།
ལ་ཤིང་ཏོག་སོགས་འབྲས་བུ་སྨིན་གྱི་ཡོད།
༣། དྲོད་སླེབས་པའི་དུས་དེ་ ༥། དབྱར་ཁ་ལ་
༦། དགུན་ཁ་ལ་གནམ་གཤིས་ ༧།
རེད།
མང་པོ་འབབ་ཀྱི་ཡོད།
ཞེ་དྲག་ཡོད།
སླེབས་པའི་དུས་དེ་དཔྱིད་ཀ་རེད།
༨། སྟོན་ཁ་ལ་ཤིང་ཏོག་སོགས་མང་པོ་
གྱི་ཡོད།
སློབ་ཕྲུག་སོ་སོའི་སྡོད་གནས་ཀྱི་གནམ་གཤིས་སྐོར་ལ་ཚིག་སྒྲུབ་བདུན་བཟོས། 38
སློབ་ ཚན། བོད་ཀྱི་ནམ་དུས་དང་གནམ་གཤིས། ༧
མིང་ཚིག་རྣམས་ཐེངས་ཁ་ཤས་རྗེས་ཟློས་དང་སྦྱོང་བརྡར་བྱེད་དགོས།
རྩྭ་དང་ཤིང་གི་ལོ་མ། སྐྱེ་འགོ་ཚུགས། ས་ཆ་ཚང་མ། སྐྱིད་མདོག་ཁ་པོ། དེ་དུས། ཞིང་པ་ཚོས། འདེབས། ས་ཆ་གང་སར། ཞིང་ཁ།
ལོ་ཏོག སྟོན་ཐོག་སྨིན། བཙས་མ་བརྔ།
དཀར་པོ་ཆགས། སྐམ་པ། ཆུ་ལ་འཁྱག་པ་ཆགས། དུག་སློག་མཐུག་པོ། གྱོན་ནས་བསྡད།
བོད་ཀྱི་ནམ་དུས་བཞི་དང་གནམ་གཤིས་ངོ་སྤྲོད།
དཔྱིད་ཀ་གནམ་གཤིས་དྲོ་པོ་ཡོད། རྩྭ་དང་རྩི་ཤིང་ལ་ལོ་མ་གསར་པ་སྐྱེ་འགོ་ཚུགས་
ཀྱི་རེད། ས་ཆ་ཚང་མ་སྐྱིད་མདོག་ཁ་པོ་ཡོད། དེ་དུས་ཞིང་པ་ཚོས་ཞིང་ཁ་འདེབས་ ཀྱི་རེད།
དབྱར་ཁ་གནམ་གཤིས་ཚ་པོ་དང་ཆར་པ་མང་པོ་འབབ་ཀྱི་ཡོད། ས་ཆ་གང་སར་མེ་ ཏོག་ཤར་བ་དང་། ཞིང་ཁ་ལ་སྟོན་ཐོག་སྐྱེ་ཡི་རེད། 39
སྟོན་ཀ་ཤིང་སྡོང་མང་པོ་ལ་ཤིང་ཏོག་སྨིན་གྱི་ཡོད། ཞིང་ཁའི་ལོ་ཏོག་རྣམས་སེར་པོ་ ཆགས་པ་དང་། སྟོན་ཐོག་སྨིན་ནས་ཞིང་པ་ཚོས་བཙས་མ་བརྔ་ཡི་རེད།
དགུན་ཁ་གངས་བབས་ནས་ས་ཆ་ཚང་མ་དཀར་པོ་ཆགས་པ་དང་། རྩྭ་སྐམ་པ། ཤིང་ གི་ལོ་མ་ས་ལ་ལྷུང་བ། ཆུ་ལ་འཁྱགས་པ་ཆགས་ནས་གནམ་གཤིས་གྲང་མོ་ཞེ་དྲག་
ཡོད། མི་ཚང་མས་གྱོན་ཆས་མཐུག་པོ་དང་། ལག་ཤུབས། བལ་གྱི་ཞྭ་མོ་སོགས་ གྱོན་གྱི་ཡོད།
གཤམ་གྱི་བརྗོད་པ་རྣམས་ལ་གོང་གི་རྩོམ་ཐུང་གཞི་ལ་བཞག་ནས་འགྲིག་ནོར་ གྱི་རྟགས་རྒྱོབ།
༡། དགུན་ཁ་རྩྭ་དང་ཤིང་གི་ལོ་མ་གསར་པ་སྐྱེ་འགོ་ཚུགས་ཀྱི་རེད། ༢། དབྱར་ཁ་གནམ་གཤིས་ཚ་པོ་དང་གངས་མང་པོ་འབབ་ཀྱི་རེད།
༣། དཔྱིད་ཀ་ས་ཆ་ཚང་མ་སྐྱིད་མདོག་ཁ་པོ་དང་ཞིང་པ་ཚོས་ཞིང་འདེབས་ཀྱི་རེད། ༤། དབྱར་ཁ་གནམ་གཤིས་གྲང་མོ་དང་གང་སར་མེ་ཏོག་ཤར་གྱི་ཡོད།
༥། སྟོན་ཀ་ཞིང་ཁ་ལ་སྟོན་ཐོག་སྨིན་ནས་ཞིང་པ་ཚོས་བཙས་མ་བརྔ་ཡི་རེད།
༦། དགུན་ཁ་གནམ་གཤིས་གྲང་མོ་བསྟན་ནས་མི་ཚང་མས་གྱོན་ཆས་མཐུག་པོ་ གྱོན་གྱི་རེད།
༧། བོད་ལ་དཔྱིད་ཀ་ཤར་བ་དང་ཞིང་པ་ཚོས་ཞིང་ཁ་འདེབས་ཀྱི་ཡོད། 40
༨། བོད་ལ་སྟོན་ཀ་གངས་བབས་ནས་གནམ་གཤིས་གྲང་མོ་ཞེ་དྲག་བསྟན་གྱི་རེད།
གོང་གི་བརྗོད་བྱ་གཞིར་བཞག་ནས་སློབ་ཕྲུག་གཉིས་དབར་ངག་ཐོག་ནས་དྲི་བ་ དྲིས་ལན་བྱ་རྒྱུ་དང་། ཁྱིམ་དུ་ཡིག་ཐོག་ལ་འབྲི་རྒྱུ།
༡། སྟོན་ཀ་བོད་ལ་གནམ་གཤིས་གང་འདྲ་ཡོད་རེད།
-------------------------
-------------------------------------------------------------------------------
༢། དཔྱིད་ཀ་བོད་ལ་ག་རེ་སྐྱེ་འགོ་ཚུགས་ཀྱི་རེད།
----------------------------
-------------------------------------------------------------------------------
༣། ཞིང་པ་ཚོས་སྟོན་ཀ་ག་རེ་བྱེད་ཀྱི་ཡོད།
----------------------------------
-------------------------------------------------------------------------------
༤། སྟོན་ཐོག་སྐྱེ་བའི་ནམ་དུས་གང་ཡིན།
------------------------------------
------------------------------------------------------------------------------
༥། བོད་ཀྱི་ནམ་དུས་སྐྱིད་ཤོས་དེ་གང་རེད། ----------------------------------
-----------------------------------------------------------------------41
-------
༦། དགུན་ཁ་གནམ་གཤིས་གྲང་མོ་ཡོད་དུས་བོད་ལ་མི་ཚོས་ག་རེ་བྱེད་ཀྱི་ཡོད།
------------------------------------------------------------------------------
༧། ཤིང་གི་ལོ་མ་སྐམ་པ་དང་ཆུ་ལ་འཁྱགས་པ་ཆགས་པའི་ནམ་དུས་དེ་གང་ཡིན།
------------------------------------------------------------------------------
༨། དབྱར་ཁ་བོད་ལ་གནམ་གཤིས་གང་འདྲ་ཡོད་དམ།
------------------------------------------------------------------------------
གཤམ་གྱི་གནམ་གཤིས་སྔོན་བརྡའི་རེའུ་མིག་ལ་གཟིགས་ཏེ་ངག་ཐོག་ནས་ ཤོད།
42
གཤམ་གྱི་པར་རིས་ལ་གཟིགས་ཏེ་ཡིག་ཐོག་ནས་གསལ་བཤད་བྱ་རྒྱུ།
43
སློབ་ ཚན། ༨
བསླབ་བྱ།
ལུས་ཀྱི་བསླབ་བྱ།
ཞོགས་པ་སྔ་པོ་ལངས་ནས། རྟག་ཏུ་ ལུས་པོ་སྦྱོང་བརྡར་བྱས་ཏེ། འཕྲོད་ བསྟེན་ལ་དོ་སྣང་བྱེད་དགོས།
ཞོགས་ཇ་བཏུངས་རྗེས།
སོ་དང་
ཆས་གཙང་མ་གྱོན།
དགའ་བའི་
གདོང་པ་གཙང་མར་བཀྲུས། གྱོན་ འཛུམ་དང་བཅས་ཏེ། དུས་ཐོག་ཏུ་ སློབ་གྲྭར་འགྲོ་དགོས།
44
དགེ་རྒན་དང་སློབ་གྲོགས་རྒན་པ་རྣམས་ལ་གུས་བཀུར་དང་། ཆུང་བར་བྱམས་ སྐྱོང་བྱས་ཏེ།
འཁྲུག་འཛིང་དང་ཐུབ་ཚོད་རིགས་གཏན་ནས་མི་བྱེད་པར།
མཐུན་ལམ་ཡག་པོ་བྱེད་དགོས།
སྤྱི་པའི་ཅ་དངོས་ལ་བདག་གཅེས་དང་། མི་གཞན་གྱི་ཅ་ལག་མི་རྐུ་བ་མ་ཟད། རྙེད་པ་རྣམས་ཕྱིར་སློག་སྟེ། ཀུན་སྤྱོད་གཙང་མས་གཞན་ལ་མིག་དཔེ་བཟང་པོ་ སྟོན་དགོས།
འཛིན་གྲྭའི་ནང་སྐད་ཅོར་མི་རྒྱག་པར་
བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ ཉན་ནས། དགེ་རྒན་གྱི་དྲི་བར་ལན་
འདེབས་དང་དོགས་འདྲི་ཡང་ཡང་ཞུ་ དགོས།
45
ངག་གི་བསླབ་བྱ།
ཕ་མ་དང་། དགེ་རྒན། སློབ་གྲོགས། མི་རྒན་གཞོན་སུ་དང་མཇལ་སྐབས། བཀྲ་ ཤིས་བདེ་ལེགས་དང་། སྐུ་གཟུགས་གསལ་ཐང་། སྐུ་ཁམས་བཟང་སོགས་འཚམས་ འདྲི་གང་འོས་ཞུ་དགོས།
མི་གཞན་དང་མཉམ་དུ་བཀའ་མོལ་གནང་སྐབས་ཚིག་རྩུབ་དང་།
རིགས་སྤངས་ཏེ། ཞེ་ས་དང་བཅས་སྐད་ཆ་འཇམ་པོའི་ངང་ཞུ་དགོས།
འཆལ་གཏམ་
མི་ཕན་ཚུན་དབར་དཀྲུག་ཤིང་དང་། གཞན་ལ་མགོ་སྐོར། རྫུན་བཤད་ན། རང་ཉིད་ ཀྱི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་མི་ཡོང་བས། རྒྱུན་དུ་དྲང་པོ་དང་། བདེན་པའི་ སྐད་ཆ་བཤད་དགོས།
ཡིད་ཀྱི་བསླབ་བྱ།
༸གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཞག་ནས། བོད་རྒྱལ་ཁབ་དང་། མི་ 46
རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པ་དང་།
དར་སྤེལ་གཏོང་བར་སྙིང་སྟོབས་བསྐྱེད་
དགོས།
གཞན་ལ་ཡག་པོ་བྱུང་ན་མི་དགའ་བ་མི་བྱེད་པར་རྗེས་སུ་ཡི་རང་བྱེད་དགོས།
གཞན་ལ་ཡོད་པའི་རྒྱུ་དངོས་རྣམས་ང་ལ་ཐོབ་ན་སྙམ་པའི་ཧམ་སེམས་སྤངས་ནས། རང་ལ་གང་ཡོད་པ་དེ་ལ་འདོད་པ་ཚིམ་པར་བྱེད་དགོས།
ཕན་པའི་འབྲས་བུ་བདེ་སྐྱིད་ཡིན། །
གནོད་པའི་འབྲས་བུ་སྡུག་བསྔལ་ཡིན། ། རང་གི་ལུས་ལ་དཔེ་ལོངས་ལ། ། གཞན་ལ་གནོད་པ་མ་བྱེད་ཅིག །
47
སྦྱོང་ཚན།
དང་པོ། ཚིག་གྲོགས་གཉིས་རེ་ཚོལ།
དཔེར་ན། ཞོགས། ཞོགས་པ། ཞོགས་ཇ། ལྟ་བུ།
གོང་/དགའ་/གཟུགས་/མཐུན་/འཛིན་/གནའ་/བཀའ་/ཕན་/ངོ་/ཤེས་
གཉིས་པ། དཔོད་བྲིས་གཏོང་དགོས།
སྐུ་གཟུགས་གསལ་ཐང་། སྐད་ཆ་འཇམ་པོ། འཚར་ལོངས་ཡག་པོ། གཟུགས་པོ་བདེ་ཐང་། བློ་རྩེ་གཅིག་སྒྲིམ། འབད་བརྩོན་ལྷོད་མེད།
ཧམ་སེམས་སྤངས། སེམས་ལ་བཞག འདོད་པ་ཚིམ། ཡིད་ཆེས། སྙིང་སྟོབས་བསྐྱེད།
གསུམ་པ། དྲི་བར་ངག་ཐོག་ནས་ལན་རྒྱོབ།
༡ ལུས་ཀྱི་སྒོ་གསུམ་ནི་གང་དང་གང་ཡིན་ནམ།
༢ འཛིན་གྲྭའི་ནང་བློ་རྩེ་གཅིག་སྒྲིམ་བྱས་ན་ཕན་ཡོན་གང་ཡོད་དམ། 48
༣ མི་གཞན་དང་མཉམ་དུ་བཀའ་མོལ་གནང་སྐབས་གང་འདྲ་གནང་དགོས།
བཞི་པ། འོག་གི་མིང་ཚིག་ལས་ལག་ལེན་འོས་པ་རྣམས་ལ་འགྲིག་རྟགས་ དང་། ལག་ལེན་མི་འོས་པ་རྣམས་ལ་ནོར་རྟགས་རྒྱོབ། གུས་བརྩི།
དཀྲུག་ཤིང་།
བསམ་ངན།
རོགས་རམ།
ཚིག་རྩུབ།
ངག་འཇམ་པོ།
ཐུབ་ཚོད། དྲང་པོ།
བཟོད་བསྲན། བདག་གཅེས།
འཁྲུག་འཛིང་། རྐུ་བ།
ལྔ་པ། བྱེད་སྒོ།
སློབ་མ་རྣམས་ཚོགས་ཆུང་ཁག་གསུམ་དུ་བགོས་ཏེ་གཤམ་གསལ་བརྗོད་གཞིའི་ ཐོག་བྱེད་སྒོ་སྤེལ་དགོས།
༡ སློབ་ཕྲུག་རང་ངོས་ནས་སློབ་གྲྭའི་ནང་བྱེད་མི་ཆོག་པ་གང་ཡིན། ༢ ཞོགས་པ་སྔ་པོ་ལངས་དགོས་པའི་རྒྱུ་མཚན།
༣ མི་གཞན་ལ་ཞེ་ས་དང་གུས་ཞབས་བྱེད་པའི་དགེ་མཚན། 49
སློབ་ ཚན།
༩
གཡག་དང་མ་ཧེ།
གཤམ་གྱི་པར་རིས་རྣམས་བེད་སྤྱོད་བྱས་ནས་རང་གི་འཛིན་གྲོགས་དང་མཉམ་ དུ་གླེང་མོལ་བྱ་རྒྱུ།
50
མིང་ཚིག
རང་གི་འཛིན་གྲོགས་མཉམ་དུ་མིང་ཚིག་རྣམས་སྦྱོང་བརྡར་བྱོས།
སྤུ་གཡར་བ། ཚ་བའི་རོང་། རྩྭ་ཆུ་བཟང་བ། འབྲེལ་བ། སྡོད་མཁན། རང་གི་ལུས། བཟང་པོ། སྐད་ཆ་དྲིས། སྟོབས་ཆེན་པོ། ཡང་ཤ་དོད་པོ། མོས་མཐུན་བྱས།
ཡོད་ཚོད་འདུག ཕྱིར་འཁོར་མཚམས། ཕྱིར་འབུལ།
ཐུབ་པ་བྱེད་ཀྱི་ཡིན། གཡར་གླ། ཉིས་རྩེག དྲོ་པོ་བྱས་ནས།
སྡོད་སྙིང་འདོད། ཕྱིར་ལོག་མ་བྱས། རེ་སྒུག་བྱས། ཁ་ཡར་བལྟས། གཡག་དང་མ་ཧེ།
སྔ་མོའི་ངག་རྒྱུན་ལ། གཡག་ནི་མ་ཧེའི་ཚ་བོ་དང་། མ་ཧེ་ནི་གཡག་གི་ཨ་ཞང་ཡིན་ པའི་བཤད་སྲོལ་ཞིག་ཡོད།
སྔོན་མ་ཁོང་གཉིས་ལ་སྤུ་བཟང་པོ་ཡོད་པ་དང་། ཚ་བའི་རོང་དུ་སྡོད་མཁན་གཅིག་པ་ ཡིན། གཡག་གི་བསམ་པར་ལོ་ན་ཆུང་དུས་འདི་ལྟར་དལ་ལྷོད་ངང་དུས་ཚོད་རྫོགས་ ན་ཡག་པོ་ཞིག་མ་རེད་བསམས་ཏེ། ཨ་ཞང་མ་ཧེའི་སར་ཕྱིན། 51
ཨ་ཞང་ལགས། ང་བོད་དུ་ཚྭ་ལེན་པར་ཕྱིན་ན་གང་འདྲ་འདུག
ཅེས་དྲིས།
ཚ་བོ། ཁྱོད་ལུས་སྟོབས་དང་ཡང་རྩལ་ཆེ་བས། ཚྭ་ལེན་དུ་འགྲོ་ ཐུབ་ན་ཡག་པོ་འདུག
བོད་ཀྱི་ས་བབ་མཐོ་བ་དང་། གནམ་གཤིས་གྲང་མོ་ཡོད་ཚོད་
འདུག་པས། ཨ་ཞང་ཁྱེད་ཀྱི་སྤུ་དེ་ང་ལ་གཡོར་དང་།
ཕྱིར་འཁོར་མཚམས་ངས་ཁྱེད་ལ་སྤུ་དང་ཚྭ་ཕུལ་ཆོག
མ་ཧེས་ཚྭ་རག་ན་འགྲིག་སོང་བསམས་ཏེ།
སྤུ་གཡར་རྒྱུའི་ཁས་ལེན་བྱས།
ཚ་བོས་སྤུ་ཉིས་རྩེག་གྱོན་ནས་བོད་དུ་ཚྭ་ལེན་པར་ཕྱིན།
བོད་ལ་རྩྭ་ཆུ་བཟང་ཞིང་། གནམ་གཤིས་དྲོད་གྲང་སྙོམ་པས། དེར་གཏན་སྡོད་བྱས་ ཏེ་ཚ་བའི་རོང་དུ་ཕྱིར་ལོག་མ་བྱས།
ཡིན་ནའང་། མ་ཧེས་ཁ་ཡར་བོད་ཕྱོགས་ལ་གཏད་དེ་ཚྭ་རག་རྒྱུའི་རེ་སྒུག་བྱས་ནས་ སྡོད་ཀྱི་ཡོད་པ་རེད།
52
མ་ཧེ་ལ་སྤུ་མེད་པ་དང་གཡག་ལ་སྤུ་བཟང་པོ་ཡོད་པ་དེ་ལྟར་བྱུང་བ་རེད། སྦྱོང་ཚན།
དང་པོ། ཚིག་སྒྲུབ་བཟོས།
ཚྭ། གཡོར། གྱོན། སྙོམ།
གཉིས་པ། དཔོད་བྲིས་གཏོང་དགོས།
གཏན་སྡོད་བྱས། གྲོས་འགོ་བཏོན། ངག་རྒྱུན། ཉེ་འབྲེལ། དལ་སྡོད། ས་བབ།
གསུམ་པ། སློབ་ཚན་ལས་ལྡོག་ཕྱོགས་ཚོལ།
ངན་པ། དམའ་པོ། ཚ་བ། བཙོག་པ། དལ་ལྷོད།
བཞི་པ། ཚིག་སྦྱོར་འཁྲུགས་པ་རྣམས་ལྷུ་སྒྲིགས།
༡། སྤུ་ གཡག་ལ་ ཡོད། བཟང་པོ་
༢། ནི་ རེད། མ་ཧེ་ ཨ་ཞང་ གཡག་གི་ 53
༣། གནམ་གཤིས་ བོད་ལ་ གྲང་མོ་ ཡོད།
༤། སྤུ་ མ་ཧེས་ གཡར་བ་ གཡག་ ལ་ རེད།
༥། སྤུ་ ཉིས་རྩེག་ བོད་དུ་ གྱོན་ནས་ ཚ་བོས་ ཕྱིན།
ལྔ་པ། དྲི་བ་རྣམས་ལ་ལན་རྒྱོབ།
༡། གཡག་དང་མ་ཧེ་གཉིས་ཀྱི་འབྲེལ་བ་ག་རེ་ཡིན་ནམ།
༢། མ་ཧེས་གཡག་ལ་སྤུ་གཡར་ནས་རེ་བ་ཅི་ཞིག་བྱས་སམ། ༣། གཡག་ལ་སྤུ་བཟང་པོ་ཡོད་པའི་རྒྱུ་མཚན་ཅི།
༤། གཡག་བོད་ནས་ཕྱིར་མ་ལོག་པའི་རྒྱུ་མཚན་ཅི།
པར་རིས་གོང་འོག་གཉིས་ཁྱད་པར་གང་ཡོད་ངོས་འཛིན་གྱིས།
54
སློབ་ ཚན། ༡༠
དགོང་ཟས་སྐོར་གླེང་བ།
མིང་ཚིག
ཐབ་ཚང་། ཚལ། ཕིང་། ཐུག་པ།
ཞོག་ཁོག བག་ལེབ། ལ་ཕུག ཤ
ཤ་ཡོད་ཁ་ལག ཤ་མེད་ཁ་ལག རྩམ་པ། བོད་ཇ།
སློབ་ མར། ཚྭ། འོཚན། ་མ། གསོལ་ཞོ། ལྗགས་ཤེལ།
དཀར་ཡོལ། སྡེ༡ ར་མ། ཐུར་མ། ཧ་ཡང་། སྐྱོགས།
ཇ་ཚགས། ཚལ་སླང་། གྲོད་ཁོག་ལྟོགས། ཁ་ལག་བཟོ། ཁ་ལག་ཟ།
ཙོང་། གྲོ་ཞིབ། ཀྲིང་མོག ཉིན་གུང་ཁ་ལག དགའ་ཤོས། སྒོ་ང་། སྣུམ། གླེང་མོལ།
ཨ་ཅག་སྒྲོལ་དཀར་ལགས། ཨ་མ་ལགས་ག་པར་ཕེབས་སོང་།
ཨ་མ་ལགས་ཐབ་ཚང་ནང་ལ་འདུག 55
ཨ་མ་ལགས་ཐབ་ཚང་ནང་ལ་ག་རེ་གནང་གི་འདུག
ཐབ་ཚང་ནང་ལ་དགོང་དྲོའི་ཁ་ལག་གྲ་སྒྲིག་གནང་གི་འདུག ཁ་ལག་ཤ་ཡོད་དང་ཤ་མེད་ག་རེ་བཟོ་གནང་གི་འདུག
ཤ་མེད་ཁ་ལག་ཞོག་ཁོག་དང་། ཕིང་། འབྲས་བཅས་བཟོ་གནང་གི་འདུག དེ་རིང་ཉིན་གུང་ཁྱེད་རང་གིས་ག་རེ་མཆོད་པ་ཡིན། དེ་རིང་ཉིན་གུང་ངས་བག་ལེབ་དང་ཚལ་བཟས་པ་ཡིན། ཨ་མ་ལགས་ཀྱིས་དེ་རིང་ཉིན་གུང་ཞལ་ལག་ག་རེ་མཆོད་སོང་། ཨ་མ་ལགས་ཀྱིས་ཀྱང་བཞེས་བག་དང་བཞེས་ཚལ་མཆོད་གནང་སོང་།
པ་ལགས་ཀྱིས་དེ་རིང་ཉིན་གུང་ཞལ་ལག་མཆོད་སོང་ངམ། 56
པ་ལགས་གསོལ་གྲོད་སྙུང་གི་ཡོད་ཙང་། གསོལ་ཞོ་ལ་ལྗགས་ཤེལ་བསྐྱོན་ ནས་མཆོད་སོང་།
སྒྲོལ་དཀར་ལགས། ཁྱེད་རང་ཁ་ལག་དགའ་ཤོས་ག་རེ་ཡིན།
ང་ལ་ཕུག་ཡོད་པའི་འཐེན་ཐུག་ལ་དགའ་པོ་ཞེ་དྲག་ཡོད།
བློ་བཟང་ལགས། ཁྱེད་རང་ཁ་ལག་ག་རེ་ལ་དགའ་པོ་ཡོད། ང་སྤགས་དང་བོད་ཇ་ལ་དགའ་པོ་ཡོད།
གཤམ་གྱི་བརྗོད་པ་རྣམས་བཀླགས་ཏེ་བར་སྟོང་སྐོངས།
ཟ་ཁང་། བོད་པའི་ཟ་ཁང་། ཤ་མེད་ཁ་ལག བཟོ། དགའ་པོ། ཆོལ་གསུམ་ཟ་ཁང་། ༡།
ནིའུ་ཡོག་ལ་
ཞིག་ཡོད་རེད།
༢།
ངས་ནུབ་ཕྱོགས་པའི་ཁ་ལག་བཟོ་ཤེས་ཀྱི་ཡོད། ཡིན་ནའང་། བོད་པའི་
ཟེར།
བཟོ་ཤེས་ཀྱི་མེད། 57
ཟ་ཁང་དེའི་མིང་ལ་
༣། མེ་ཌི་སན་ལ་ཤ་མེད་
མང་པོ་ཡོད་རེད།
༤། ང་ཤ་མེད་ཁ་ལག་ཟ་རྒྱུར་ ཤ་མེད་ཁ་ལག་
ཤེས་ཀྱི་མེད།
ཡོད། ཡིན་ནའང་།
སློབ་ཕྲུག་ཕན་ཚུན་དབར་དྲི་བ་དྲིས་ལན་བྱེད་དགོས།
༡། ཁྱེད་རང་ཁ་ལག་ག་རེ་ལ་དགའ་པོ་ཡོད།
༢། ཁྱེད་རང་གི་ཁ་ལག་དགའ་ཤོས་དེ་ག་རེ་ཡིན།
༣། ནམ་རྒྱུན་ཁྱེད་རང་གི་པ་ལགས་དང་ཨ་མ་ལགས་ཀྱིས་ཞལ་ལག་ག་རེ་མཆོད་ཀྱི་ རེད།
༤། ཁྱེད་རང་གི་པ་ལགས་དང་ཨ་མ་ལགས་ཀྱི་ཞལ་ལག་མཉེས་ཤོས་ག་རེ་རེད། ༥། བོད་ཇ་བཟོ་བ་ལ་ག་རེ་ག་རེ་དགོས་ཀྱི་ཡོད་རེད།
༦། ཁྱེད་རང་གིས་ཁ་ལག་ག་རེ་ག་རེ་བཟོ་ཤེས་ཀྱི་ཡོད། ༧། དེ་རིང་ཞོགས་པ་ཁྱེད་རང་གིས་ག་རེ་ཟོས་པ་ཡིན།
༨། ནམ་རྒྱུན་ཁྱེད་རང་གིས་ཁ་ལག་མང་ཤོས་ག་རེ་ཟ་ཡི་ཡོད།
༩། ཁྱེད་རང་ཁ་ལག་ཤ་ཡོད་དང་ཤ་མེད་ག་རེ་ལ་དགའ་པོ་ཡོད།
58
གཤམ་གྱི་རི་མོའི་ནང་ཕྲུ་གུ་ཚོས་ག་རེ་བྱེད་ཀྱི་འདུག
59
སློབ་ ཚན། ༡༡
ཕལ་སྐད།
ཞེ་ས་དང་ཕལ་སྐད། ཞེ་ས།
ཕལ་སྐད།
རྣ་མཆོག
སྙན་མཆོག
མིག
སེམས།
ཐུགས།
ལག་པ།
མགོ།
སྐྲ།
དབུ་སྐྲ།
ལྕེ།
ལྗགས།
ཞལ་རས།
གཟུགས་པོ།
སྐུ་གཟུགས།
ཇ།
གསོལ་ཇ།
ཁ་ཏོག
ལས་ཀ
ཕྱག་ལས།
སྣ་ཁུང་། སོ།
རྐང་པ།
གདོང་། གོས།
སྐེད་རགས། ཡི་གེ།
དགའ་པོ། བལྟ་བ།
དབུ།
ཞེ་ས།
ཤངས།
ཁ།
ཚེམས། ཞབས།
སྐེ།
ན་བཟའ།
སྤྱན།
ཞལ། ཕྱག
མགུལ།
ལྷམ།
ཞབས་ཕྱགས།
ཕྱག་བྲིས།
ངོ་ཤེས་པ།
ཞལ་ཚོར།
གཟིགས་པ།
ལངས་པ།
སྐུ་རགས།
ཕྲེང་བ།
མཉེས་པོ།
ཐུག་པ།
བཤད་པ།
60
ཕྱག་ཕྲེང་།
བཞེས་ཏོག མཇལ་བ།
གསུངས་པ། བཞེངས་པ།
བསམ་དོན།
དགོངས་དོན།
གཤིས་ཀ
ཐུགས་གཤིས།
ནང་སྦྱོང་།
ཀ སློབ་ཚན་ཡག་པོ་བཀླགས་ནས་གཤམ་གྱི་ཕལ་སྐད་རྣམས་ཀྱི་ཞེ་ས་བྲིས།
ལངས་པ། ཐུག་པ། གཤིས་ཀ བཤད་པ། ངོ་ཤེས། བལྟ་བ། བསམ་དོན། ལས་ཀ
ཁ། སློབ་ཚན་ཡག་པོ་བཀླགས་ནས་གཤམ་གྱི་ཞེ་ས་རྣམས་ཀྱི་ཕལ་སྐད་བྲིས།
མགུལ། ཐུགས། ཚེམས། ཤངས། ཞལ། ཞབས། ཕྱག སྤྱན། དབུ། ཞབས་ ཕྱགས། ཕྱག་བྲིས། ན་བཟའ།
ག སློབ་མ་ཚོས་ཕ་མ་སྤུན་མཆེད་ལ་བཀའ་འདྲི་ཞུས་ཏེ་ཟས་རིགས་དང་། ནང་ཆས་སོགས་ཀྱི་མིང་ཉི་ཤུ་ཐམ་པའི་ཞེ་ས་བྲིས། གླུ་གཞས།
མགོ་ལ་ག་རེ་ཞུ་ཡི་ཡོད་རེད། དབུ་དབུ་ཞུ་ཡི་ཡོད་རེད། མིག་ལ་ག་རེ་ཞུ་ཡི་ཡོད་རེད། སྤྱན་སྤྱན་ཞུ་ཡི་ཡོད་རེད། 61
རྗེས་མར་ག་རེ་གནང་ཚེ། བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་། ཞེ་སའི་ཐོག་ནས་གནང་དང་།
སྣ་ཁུང་ལ་ག་རེ་ཞུ་ཡི་ཡོད་རེད། ཤངས་ཤངས་ཞུ་ཡི་ཡོད་རེད།
ཨམ་ཅོག་ལ་ག་རེ་ཞུ་ཡི་ཡོད་རེད། སྙན་ཅོག་སྙན་ཅོག་ཞུ་ཡི་ཡོད་རེད། རྗེས་མར་ག་རེ་གནང་ཚེ། བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་། ཞེ་སའི་ཐོག་ནས་གནང་དང་། ཁ་ལ་ག་རེ་ཞུ་ཡི་ཡོད་རེད། ཞལ་ཞལ་ཞུ་ཡི་ཡོད་རེད།
ལག་པ་ལ་ག་རེ་ཞུ་ཡི་ཡོད་རེད། ཕྱག་ཕྱག་ཞུ་ཡི་ཡོད་རེད། རྗེས་མར་ག་རེ་གནང་ཚེ། བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་། ཞེ་སའི་ཐོག་ནས་གནང་དང་།
62
སློབ་ ཚན། ༡༢
ཚིག་ཕྲད།
འབྲེལ་སྒྲ།
གི་ཀྱི་གྱི་འི་ཡི་ལྔ་པོ། །
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །
ཞེས་པ་ནི། གི་ཀྱི་གྱི་འི་ཡི་ཕྲད་ལྔ་པོ་འཇུག་ཡུལ་རྗེས་འཇུག་གི་རྗེས་སུ་སྦྱར་ན་མིང་ དོན་ཕན་ཚུན་འབྲེལ་བ་ཙམ་སྟོན་པས་ན་འབྲེལ་སྒྲ་ཞེས་ཟེར། སྦྱོར་ཚུལ།
སྦྱོར་ཚུལ་ན་མ་ར་ལ་གྱི༷། ། ད་བ་ས་ཀྱི༷་ག་ང་གི༷། །
འ་དང་མཐའ་མེད་འི༷་དང་ཡི༷། །
ཞེས་པ་ལྟར། འབྲེལ་སྒྲའི་ཕྲད་ལྔ་པོ་དེ་རྣམས་རྗེས་འཇུག་གང་གི་རྗེས་སུ་སྦྱོར་ཚུལ་ ནི།
63
རྗེས་འཇུག
ཕྲད།
ད་བ་ས
ཀྱི
ན་མ་ར་ལ ག་ང འ
གྱི གི
འི་དང་ཡི
མཐའ་མེད་དམ་རྗེས་འཇུག་མེད་པ་
འི་དང་ཡི་
རྗེས་འཇུག ཕྲད།
དཔེར་བརྗོད།
དཔེར་བརྗོད།
ན
མ ར
ལ
གྱི
རྗེས་འཇུག ཕྲད།
དགེ་རྒན་གྱི༷་བཀའ་སློབ། བསྟན་འཛིན་གྱི༷་ཕྱུ་པ། དོམ་གྱི༷་སྤུ། ཡབ་ཡུམ་གྱི༷་མཚན།
རྒྱ་གར་གྱི༷་ཁ་ལག མིག་དམར་གྱི༷་འབྲི་དེབ། བལ་གྱི༷་སྟོད་ཐུང་། སྟོབས་རྒྱལ་གྱི༷་དཔེ་ཆ། དཔེར་བརྗོད།
64
ད
བ
ས
ང
རྗེས་འཇུག
འ
མཐའ་མེད།
དོན་གྲུབ་ཀྱི༷་དཔེ་ཁུག ཁབ་ཀྱི༷་རྩེ།
ཀྱི
རྗེས་འཇུག ཕྲད།
ག
བོད་ཀྱི༷་ཡུལ་ལྗོངས། ལེགས་བཤད་ཀྱི༷་ཞྭ་མོ།
གི
ཕྲད།
གོས་ཀྱི༷་རི་མོ། བསོད་ནམས་ཀྱི༷་སྨྱུ་གུ། དཔེར་བརྗོད།
གཡག་གི༷་རྭ་ཅོ། དབང་ཕྱུག་གི༷་མིག་ཤེལ། ཤིང་གི༷་ལོ་མ། ངག་དབང་གི༷་ཁ་པར།
འི་/ ཡི
དཔེར་བརྗོད།
ངའི༷་ལག་པ། ཀུན་དགའི༷་གྲོགས་པོ།
ང་ཡི༷་ལག་པ། ཀུན་དགའ་ཡི༷་གྲོགས་པོ།
65
སྦྱོང་ཚན།
དང་པོ། འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་བློ་འཛིན་གྱིས། གཉིས་པ། འབྲེལ་སྒྲའི་ཕྲད་གང་དག་ཡིན་ནམ།
གསུམ་པ། གཤམ་གྱི་བར་སྟོང་རྣམས་སུ་འབྲེལ་སྒྲའི་ཕྲད་སྦྱོར།
གཡག་
སྤུ།
སྨྱུ་གུ་
རྩེ་མོ།
ཀུན་དགའ་
ཐིག་ཤིང་།
སྒྲོལ་མ་
སྣག་ཚ།
འཇའ་ཚོན་
མདོག
གོས་
གོང་བ།
རྣ་ལོང་།
གྲོགས་པོ
གཞན་ ཤིང་
གསེར་ གནམ་ བོད་
སྐད་ཆ།
ལོ་མ།
དངུལ་
སྐར་མ།
འོད་
རྩ་ཆེ་
ལྷ་ས་
མི་དམངས་
སློབ་གྲྭ
ཤེས་ཡོན་
རྒྱ་གར་
ཐབ་
སྲོག་ཆགས།
འཚོ་བ།
མཁས་པ་
ལོ་རྒྱུས།
66
གནས་སྟངས།
མེ།
མཆོད་མེ།
བརྩེ་བ།
མདངས།
བཞི་པ། ཕྲད་སྦྱོར་ཚུལ་ནོར་བཅོས་བྱོས།
དོམ་གི་སྤུ།
རྒྱ་གར་ཀྱི་ལུགས་སྲོལ།
རྣམ་རྒྱལ་ཡི་དབང་ཆ།
ཕག་གྱི་མཇུག་མ།
མགོ་གི་སྐྲ།
གདོང་ཡི་གཉེར་མ།
གོས་ཆེན་གི་ཕྱུ་པ།
འོད་གྱི་མདངས།
དོན་གྲུབ་གྱི་དཔེ་ཁུག
ལྔ་པ། བྱེད་སྒོ།
འཛིན་གྲོགས་རྣམས་ཀྱི་མིང་དང་སྦྱར་ནས་འབྲེལ་སྒྲའི་དཔེར་བརྗོད་བྲིས།
ཚིག་ཕྲད།
གིས་ཀྱིས་གྱིས་འིས་ཡིས་ལྔ་པོ། ། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཡིན། ། ཞེས་པ་ནི།
འབྲེལ་སྒྲའི་ཕྲད་ལྔ་པོ་ཡི་རྗེས་སུ་རྗེས་འཇུག་ས་རེ་སྦྱར་ན་བྱེད་པ་པོ་
ཞིག་གིས་བྱ་བ་བྱས་པ་གཙོ་བོར་སྟོན་པས་ན་བྱེད་སྒྲ་ཞེས་ཟེར། སྦྱོར་ཚུལ།
67
སློབ་ ཚན། ༡༣
སྦྱོར་ཚུལ་ན་མ་ར་ལ་གྱི༷ས། །
བྱེད་སྒྲ།
ད་བ་ས་ཀྱི༷ས་ག་ང་གི༷ས། །
འ་དང་མཐའ་མེད་འི༷ས་དང་ཡི༷ས། །
ཞེས་པ་ལྟར། བྱེད་སྒྲའི་ཕྲད་ལྔ་པོ་དེ་རྣམས་རྗེས་འཇུག་གང་གི་རྗེས་སུ་ཐོབ་ཚུལ་ནི། རྗེས་འཇུག
ཕྲད།
ག་ང
གིས
ན་མ་ར་ལ ད་བ་ས འ
གྱིས ཀྱིས
འིས་དང་ཡིས
མཐའ་མེད་དམ་རྗེས་འཇུག་མེད་པ་
འིས་དང་ཡིས
རྗེས་འཇུག ཕྲད།
དཔེར་བརྗོད།
དཔེར་བརྗོད།
68
ན
མ ར
ལ
གླང་ཆེན་གྱི༷ས་ཆུ་འཐུང་། བསྟན་འཛིན་གྱི༷ས་ཡི་ གེ་བྲིས། དོམ་གྱི༷ས་སྨྱུག་མ་ཟ། ཐོས་བསམ་གྱི༷ས་དེབ་ཀློག
གྱིས དཔལ་འབྱོར་གྱི༷ས་རྩམ་པ་ཉོས། གྱི༷ས་མ་ཎི་འདོན། སྟོབས་རྒྱལ་གྱི༷ས་གཞས་ཉན། བསད།
རྗེས་འཇུག ཕྲད།
ད
བ ས
ཀྱིས
སྒྲོལ་དཀར་
སྦྲུལ་གྱི༷ས་ཙི་ཙི་
དཔེར་བརྗོད།
གཙོད་ཀྱི༷ས་རྩྭ་ཟ། ལེགས་བཤད་ཀྱི༷ས་ལྷམ་གྱོན། དོན་གྲུབ་ཀྱི༷ས་དཔེ་ཁུག་འཁུར། རྩེ།
བསམ་འགྲུབ་ཀྱི༷ས་སྤོ་ལོ་
ཡེ་ཤེས་ཀྱི༷ས་མེ་ཏོག་བཏབ། ལྷ་མཛེས་ཀྱིས་སྒྲུང་བཤད།
69
རྗེས་འཇུག ཕྲད།
ག
གིས
ང རྗེས་འཇུག
འ
དཔེར་བརྗོད།
༸གོང་ས་མཆོག་གི༷ས་བཀའ་སློབ་གནང་། ངར་སྒྲ་སྒྲོག
རི་བོང་གི༷ས་རྩྭ་བཟས། བསྒྲུགས།
ཕྲད།
སྟག་གི༷ས་
སྐལ་བཟང་གི༷ས་གད་སྙིགས་ དཔེར་བརྗོད།
ཀུན་དགས༷་ལྟད་མོ་ལྟ། ཀུན་དགའ་ཡི༷ས་ལྟད་མོ་ལྟ།
མཐའ་མེད། འིས་/ ཡིས སློབ་མས༷་ཡི་གེ་བྲིས། སློབ་མ་ཡི༷ས་ཡི་གེ་བྲིས། སྦྱོང་ཚན།
དང་པོ། དྲི་བར་ལན་བྲིས།
༡ བྱེད་སྒྲའི་ཕྲད་གང་དང་གང་ཡིན་ནམ།
༢ བྱེད་སྒྲའི་ཕྲད་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།
༣ བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་གཉིས་ལ་ཁྱད་པར་གང་ཡོད་དམ། 70
གཉིས་པ། བྱེད་འབྲེལ་གྱི་ཕྲད་སོ་སོར་ངོས་ཟུངས།
གིས / ཀྱི / གི / ཡི / ཀྱིས / གྱིས / འི / འིས / ཡིས / གྱི
གསུམ་པ། བྱེད་སྒྲའི་སྦྱོར་ཚུལ་ལྟར་ཕྲད་དགང་དགོས།
སྣུམ་ རླུང་
ར་མ་ ཁྱོད་
བསྲེགས།
ཁབ་
ཁྱེར།
དཔལ་འབྱོར་
རྡུང་། བླ་མ་
སྦྱང་།
ལུག་
ཆར་བ་
སྦངས།
རབ་དགའ་
བཀྲ་ཤིས་
གསུངས།
དབང་ཆེན་
མདའ་
བསད།
ཆོས་འཕེལ་
བཙེམ།
བཤད།
ཆོས་བསྟན།
རྩྭ་བཟས།
ཉོ ས། ཉན།
ཡི་གེ་ཀློག
བཞི་པ། བར་སྟོང་ནང་བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་གང་འོས་སྐོངས།
དོན་གྲུབ་
ཐོས་བསམ་ ཡེ་ཤེས་
ལག་པ།
ཁོང་
སྟ་རེ།
ཙི་ཙི་
དེབ་ཀློག
ལག་པ
71
ཡི་གེ་བྲིས།
སེན་མོ་རིང་། ས་སྔོག
འབྲུག་
སྡེར་མོ།
གཙང་
བུ་མོ།
ཤྭ་བ་
འབྲོང་
སྟག་
རྭ་ཅོ།
རྟ་ལྕག་
ལུང་རྟོགས་
རྩྭ་ཟ།
བཀྲ་ཤིས་
72
སྦར་ཤད་བརྒྱབ།
གཞུས།
གཞས་བཏང་།
མདའ།
ལེགས་བཤད་ལྗོན་དབང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་ བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་ བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ ། །ད་ནི་ན་ར་ལ་གསུམ་ དང༌། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ ། །རོ་ལོ་སོ་ཏོ་སླར་
བསྡུ་སྟེ ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ ། །གཞན་རྣམས་མིང་ མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་ བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །དེ་རྣམས་
ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་
ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་ མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་
ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་ 73
དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། ། རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ༑ ༑དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་ སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་
གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའ།ོ །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་
ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་
མི་མིན་མེད་དགག་སྒྲ་སྟེ ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང༌། །ཚིག་ ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་
དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ ་ ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་
འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་
ཅན་ལྷུག་པ་དང༌། ། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། ། དོན་ཚན་ཆེན་མོ་རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་
ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །། 74