རྟོགས་བརྗོད་དཔག་བསམ་འཁྲི་ཤིིང་དོོོན་བསྡུུས།
འཇིག་རྟེན་ཆགས་སྟངས།
སཾ་བྷོོོ་ཊ་བོད་སློབ་སྤྱིི་ཁྱབ་ཡིག་ཚང་།
༨
ISBN: 978-81-87859-92-5
རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དོན་བསྡུས།
འཇིག་རྟེན་ཆགས་སྟངས། Copyright © 2011 ISBN: 978-81-87859-92-5 Compiled by : Tenzin Wangdue Edited by: Sangye Tandar Naga & T. C. Rakra Tethong Design & Layout : Lobsang Gonpo Illustrations : Passang Dhundup Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: stsa1999@yahoo.co.in Website: www.sambhota.org
ACKNOWLEDGEMENT: “This book was published with support from the Trans-Himalayan Aid Society of Canada”.
༨
དཀར་ཆག
ཉེར་བདུན་པ།
ཤཱཀྱ་བྱུང་བའི་རྟོགས་བརྗོད།............................ 1
ཉེར་དགུ་པ།
ནོར་སྐྱོང་གི་རྟོགས་བརྗོད།............................. 9
ཉེར་བརྒྱད་པ། སུམ་ཅུ་པ།
སོ་གཅིག་པ།
གྲོ་བཞིན་བྱེ་བ་ཉི་ཤུའི་རྟོགས་བརྗོད།............... 4
ཀ་ཤི་མཛེས་པའི་རྟོགས་བརྗོད། ................... 15
གསེར་ལོགས་ཀྱི་རྟོགས་བརྗོད།..................... 21
ཉེར་བདུན་པ། ཤཱཀྱ་བྱུང་བའི་རྟོགས་བརྗོད། འབྱུང་བ་འཐབ་ནས་ཕྱི་ཡི་འཇིག་རྟེན་ཆགས།
རིམ་བཞིན་ནང་བཅུད་སེམས་ཅན་རྣམས་ཀྱང་བྱུང་།
༄༅། །བཅོམ་ལྡན་འདས་སེར་སྐྱའིི་ཡུུལ་དུུ་བཞུུགས་པའི་སྐབས་ཡུལ་མི་རྣམས་ཀྱིས་བཅོམ་
ལྡན་འདས་ལ། ང་ཚོ་ཤཱཀྱ་ཞེས་པའི་དོོན་དག་གང་ཡིན་པ་དང་། རིགས་རྒྱུད་དེ་གང་འདྲ་བྱས་
ནས་བྱུང་བ་ཡིན་ནམ་ཞེས་བཀའ་འདྲི་ཞུུས་པར། བཅོམ་ལྡན་འདས་ཀྱིས་མཽ་འགལ་གྱི་བུུ་ལ་ཡུལ་ མི་ཚོའིི་དྲིིི་བ་དེེ་ཚོར་ལན་ཐོབ་གསུངས། མོོོོོོ་འགལ་གྱི་བུུས་ཡེ་ཤེེས་ཀྱིི་སྤྱན་ཟེར་བའིི་མངོན་ཤེེས་ ཀྱིིས་གཟིགས་ཏེ་ཡུུལ་མི་རྣམས་ལ་གསུངས་པ། སྔོན་ཐོག་མར་འཇིག་རྟེན་གྱིི་ཁམས་འདི་ནམ་
མཁའ་སྟོང་པ་ཞིག་ཡིིན་ཞིིང་། དེེ་ལ་ཡུུན་རིང་པོོར་རླུང་ཆེན་པོ་ལྡང་བར་བརྟེན་མེའིི་ཟླུམ་པོ་ཆེེན་ པོ་ཞིིག་ཏུུ་གྱུུར། མེ་དང་རླུང་འཐབ་པས་ཆུ་ཡི་ཟིིལ་པ་བབས་ཏེ་འཇིིག་རྟེན་གྱིི་ཁམས་འདི་མཐའ་
ཡས་པའི་རྒྱ་མཚོ་ཆེེན་པོར་གྱུར། རྒྱ་མཚོ་དེེ་རིིིམ་བཞིན་བསྐམས་ནས་འགྲོ་བ་སེམས་ཅན་གནས་
སའམ་ཕྱི་སྣོོད་ཀྱིི་འཇིིག་རྟེན་འདིི་ཆགས།
དེ་ནས་ལྷ་ཡུུལ་ནས་གཟུགས་པོར་འོད་དང་ལྡན་པའི་ལྷའིི་ཚོོགས་གཅིག་ཡོང་ནས་ཟས་
རགས་པ་རྣམས་བཟས་པས་ལུས་ཀྱིས་འོད་མེད་པ་དང་ཁ་དོག་ཀྱང་ངན་པར་གྱུར། དེ་ནས་མ་
རྨོས་པའིི་ལོོ་ཏོོག་ཨ་ཤོམ་བཟས་པས་དེ་ཡང་རྫོགས་ཏེ་ཞིིང་བཏབ་ཅིང་སྟོོན་ཐོག་བསྡུ་བའི་སྐབས་ སུུ་ཕན་ཚུུན་མ་འཆམ་པར་འཁྲུུགས་རྩོད་བྱུང་། དེའིི་རྗེེེས་མིི་རྣམ་དཔྱོད་དང་ལྡན་པ་ཞིག་གིིས་ འགན་འཁྱེར་ནས་ས་ཞིང་ཚད་འཇལ་ནས་བགོས་ཏེ་འཁྲུུགས་རྩོད་མེད་པར་བཟོས་ དེ་ལ་མི་
ཀུུན་གྱིས་གུུས་བཀུུར་ཆེན་པོ་བྱས་ནས་རྒྱལ་པོར་བཀུར་ཏེ་ཚང་མས་རང་རང་གི་ས་སྐལ་བ་ནས་
དྲུུག་ཆ་རེ་ཕུལ་བས་གཞན་རྣམས་ལས་ལྷག་པ་བྱུང་། དུུས་དེ་ནས་བཟུང་འཇིག་རྟེན་འདིིར་མིི་ཡིི་ དཔོོན་པོའམ་རྒྱལ་པོ་ཞེེས་པ་དེ་ཐོོག་མར་བྱུང་། དེའིི་རིིིགས་རྒྱུད་མང་པོས་བཀུུར་བའི་རྒྱལ་པོའ་ིི གདུུང་རབས་སྟོང་ཕྲག་གི་མཚམས་སུ་རྒྱལ་པོ་ཀྲིི་ཀྲིིི་ཟེེེར་བ་ཞིག་བྱུུང་ དེའིི་དུུས་སུུ་སངས་རྒྱས་ འོད་སྲུུང་བྱོན། རྒྱལ་པོ་ཀྲིི་ཀྲིི་ཡིི་གདུང་རབས་ནས་བུུ་རམ་ཤིང་པའིི་གདུུང་རྒྱུུད་དུུ་གྱུུར་ཏེ་རྒྱལ་
1
2
པོ་འཕགས་སྐྱེས་པོ་ཟེེར་བས་རང་གི་གཅུུང་པོ་ལ་དགའ་ཞིང་གཅེན་པོ་ཡུུལ་གཞན་ལ་རྒྱང་ཕུུད་ བཏང་། དེའིི་སྤུུན་རྣམས་ཀྱང་རྒྱང་ཕུུད་བཏང་བའི་གཅེན་པོ་དང་ལྷན་དུུ་སོང་སྟེེ་སེེར་སྐྱ་ཞེས་
པའི་ཡུུལ་དུུ་རྒྱལ་ཁབ་བཟུང་སྟེ་སྤུུན་ཕོ་མོོ་རྣམས་ཕན་ཚུན་འདྲེས་ཏེ་རིིགས་རྒྱུད་མང་དུ་འཕེལ། དུས་ཚོད་གང་འཚམས་སོང་བ་ན་ཡབ་རྒྱལ་པོས་རང་གི་བུུ་ཕྲུུག་རྣམས་དྲན་ནས་གཡོག་
པོར་ཁོང་རྣམས་འཚོལ་བར་བཏང་བས་ཁོང་རྣམས་ནི་ཕན་ཚུུན་འདྲེས་ནས་ཕྲུུ་གུུ་ཡང་མང་པོ་
སྐྱེེས་ནས་ཡོད་ཅིིང་དེེེ་རྣམས་ལ་ཤཱཀྱའི་རིིགས་རྒྱུད་ཟེར་བའི་མིིང་ཡང་ཐོགས་ཟིན་པས་གཡོག་
པོ་ཕྱིིར་ལོག་དགོས་བྱུང་། ཤཱཀྱའི་རྒྱལ་རྒྱུད་སྟོང་ཕྲག་མང་པོ་སོོང་བའིི་རྗེེས་རྒྱལ་པོ་ཤིིང་རྟ་བཅུུ་པ་ ཟེར་བ་ཞིག་བྱུང་ཞིང་། དེེའིིི་རྒྱུད་ལ་རྒྱལ་པོ་སེེང་གེེ་འགྲམ་ཞེས་པ་ཞིག་བྱུང་། མང་པོས་བཀུར་
བའི་རྒྱལ་རྒྱུད་ནས་སེང་གེ་འགྲམ་གྱི་བར་རྒྱལ་རྒྱུད་ཀྱི་མཚན་སྣ་ཚོགས་ཤིིག་ཏུུ་འཕོ་འགྱུར་བྱུང་
ཡོད་ན་ཡང་། དེའིི་རིིིགས་རྒྱུད་དམ་གདུང་རབས་གཅིག་པའི་རྒྱལ་རྒྱུད་མ་ཆད་པར་གནས་ཡོད་
པ་རེད། སེང་གེེ་འགྲམ་གྱི་སྲས་རྒྱལ་པོ་ཟས་གཙང་མ་ཡིན། དེའིི་གཅུང་པོ་ཟས་དཀར་དང་། ཟས་
དཀར་གྱི་གཅུུང་པོ་བྲེེའ་ོོོ ཟས་དང་། ཆུུང་ཤོས་བདུུད་རྩི་ཟས་བཅས་ཁོང་བུ་སྤུན་བཞི་བྱུང་ཡོད། མ་ ཟད་སྲས་མོ་ཡང་བཞི་བྱུང་།
རྒྱལ་པོ་ཟས་གཙང་གི་སྲས་ནི་བཅོམ་ལྡན་འདས་དང་ བཟང་ལྡན་ཡིན་པ་དང་། བྲེའ་ོོ ཟས་
ཀྱིི་སྲས་མ་འགག་པ་དང་། ཆེན་པོ་གཉིིས་དང་། བདུུད་རྩི་ཟས་ཀྱི་སྲས་ཀུུན་དགའ་བོ་དང་། ལྷས་
བྱིན་གཉིས་ཡིིན། དེ་བཞིིན་སྲས་མོ་བཞིི་ནིིི། གཙང་མ་ཟེར་བ་དང་། དཀར་མོའ་ིིཕྲེེང་བ་ཅན་དང་། བྲེ་མོ་ མ་དང་། བདུུད་རྩི་བཅས་བཞི་ཡིིན། གཙང་མའི་བུ་ལེགས་པར་རྟོགས་དང་། དཀར་མོའ་ིི བུ་ཕྲེང་
བ་ཅན། བྲེ་མོ་མ་ཡི་བུུ་བཟང་པོ། བདུུད་རྩིའིི་བུ་ཡངས་པ་ཅན་དང་། སྒྲ་ཅན་འཛིན་ནིི་བཅོམ་ ལྡན་འདས་ཀྱི་སྲས་ཡིན་ནོ། ཞེེས་རང་གི་སྐྱེེ་རྒྱུུད་ཀྱི་མཚན་གསུངས་གནང་བ་རེད།།
࿉࿉࿉.......................
........................࿉࿉
3
ཉེར་བརྒྱད་པ། གྲོ་བཞིན་བྱེ་བ་ཉི་ཤུའི་རྟོགས་བརྗོད། མཽ་འགལ་བུ་ཡིས་ཉི་མའི་དཀྱིལ་ནས་བྱོན།
ཉི་མར་དད་པའི་མི་རྣམས་ནང་པར་བཀུགས།
༄༅། །བཅོམ་ལྡན་འདས་རྒྱལ་པོའ་ིི ཁབ་འོད་མའིི་ཚལ་དུ་བཞུུགས་པའི་སྐབས། ཁྱིམ་བདག་
མིང་ལ་གྲུུ་འཛིན་ཟེར་བ་རྒྱུ་ཕྱུུག་པོ་རྒྱལ་པོའ་ིི འབྱོར་པ་དང་མཉམ་པ་ཞིག་ཡོད། དེེ་ལ་བོད་ཟླ་
བདུུན་པ་སྟེ་གྲོོ་བཞིིན་ཟླ་བ་ལ་བུ་ཞིག་སྐྱེས་པས་ཁྱིམ་བདག་གྲུུ་འཛིན་དགའ་སྤྲོ་ཚད་མེད་བྱུང་
སྟེ་བུུ་སྐྱེས་པའི་དགའ་སྟོན་རྟེེན་འབྲེལ་བྱེད་སྐབས་གསེར་སྲང་བྱེ་བ་ཉིི་ཤུ་བཏོན་ཏེེ་དབུུལ་ཕོངས་
རྣམས་ལ་སྦྱིན་པ་བཏང་བས་སྲས་དེའིི་མིིང་ལ་གྲོ་བཞིིན་བྱེེ་བ་ཉིི་ཤུ་ཞེས་བཏགས། དེ་ནས་བུུ་དེ་
ཆེན་པོ་ཆགས་རྗེས་བསོད་ནམས་ཀྱིས་ཁྱིིམ་གྱིི་རྒྱུུ་ནོར་ལོངས་སྤྱོད་འཕེལ་བ་དང་། ཤེས་བྱ་ཡོན་
ཏན་མཁས་པར་གྱུར་ནས་རང་གི་ཕ་ཡི་རྗེེས་ཤུལ་འཛིན་ཏེ་བདེེ་སྐྱིིད་འཚོ་བ་བསྐྱལ་ནས་བཞུགས། ཁོང་རྣམས་ནི་ནམ་མཁའི་ཉིི་མ་ལ་དད་པ་བྱེད་མཁན་ཡིན་པས་མོོོོོོ་འགལ་གྱི་བུུས་གྲོ་བཞིིན་
བྱེ་བ་ཉིི་ཤུ་དེེ་ནང་ཆོས་ལ་སེམས་འགྱུར་བར་བྱེད་དགོས་དགོངས་ཏེ། ཉིི་མའིི་དཀྱིིལ་ནས་དེའིི་
མདུུན་དུུ་ཕེབས་པར། ཁོང་རྣམས་ཡ་མཚན་སྐྱེས་ཏེེ། ཕྱོགས་ཀུུན་གསལ་བར་བྱེད་པ་ཉི་མ་དང་
འདྲ་བ་ཁྱོད་སུུ་ཡིན། ཉི་མའིི་ལྷ་འམ། ཟླ་བའི་ལྷའམ། ཡང་ན་ནོར་གྱིི་ལྷའམ་ཅི་ཡིིན་ ཞེས་དྲིིས་ པར། མོོོོོོ་འགལ་གྱི་བུུས་ ང་ནི་ལྷ་མིན། སངས་རྒྱས་བཅོམ་ལྡན་འདས་ཟེར་བ་ལྷ་ཐམས་ཅད་ཀྱིས་ གུུས་བཀུུར་ཆེན་པོས་ཕྱག་འཚལ་ཡུལ་དེའིི་སློོོབ་མ་ཡིན། བཅོམ་ལྡན་འདས་ལ་ཁྱོད་ཀྱིིས་སྙིིང་
སྟོོབས་ཆེན་པོས་གཙང་ཞིིང་ཡིིད་དུུ་འོང་བའི་བསོད་སྙོོམས་ཕུུལ་ཞིག་གསུུངས་པས། སངས་རྒྱས་
ཀྱི་མཚན་གྲོ་བཞིིན་བྱེ་བ་ཉིི་ཤུའིི་རྣ་བར་ཐོས་པ་ཙམ་གྱིིས་དད་པ་ཧ་ཅང་ཆེན་པོ་སྐྱེེས་ཏེ་རིིན་པོ་
ཆེེའིིི་སྣོོོད་ཉིི་ཤུུ ་ཐམ་པའི་ནང་ཞལ་ཟས་རོ་བཅུུད་ལྡན་པ་མང་པོ་བཀང་སྟེ་སངས་རྒྱས་ལ་འབུལ་ ོོོ ཆེད་མོོོ་འགལ་གྱི ་བུུའིི་ཕྱག་ཏུུ་བསྐུུར། མཽ་འགལ་གྱི་བུུས་དེ་འཁྱེར་ཏེེ་བཅོམ་ལྡན་འདས་ལ་ཕུལ།
བཅོམ་ལྡན་འདས་ཀྱིས་བུུ་དེ་རྗེེས་སུུ་བཟུུང་རྒྱུུའི་ཞལ་བཞེས་གནང་། སྐབས་དེར་རྒྱལ་པོ་གཟུགས་ ཅན་སྙིིང་པོོས་ཀྱང་རིན་པོ་ཆེེའིིི་སྣོོོད་དུ་ཞལ་ཟས་ཀྱིས་བཀང་སྟེ་བཅོམ་ལྡན་འདས་ལ་འབུལ་བར་
4
5
བཅར་སྐབས་བཅོམ་ལྡན་འདས་ཀྱི་ལྷུུང་བཟེད་ནང་ཞལ་ཟས་ལྷག་མ་རྣམས་རྒྱལ་པོ་གཟུགས་
ཅན་སྙིང་པོོར་གནང་། རྒྱལ་པོས་དེེ་ནས་ཏོག་ཙམ་མཆོད་པས་དྲི་ཞིིམ་ལ་རོ་བཅུུད་ལྡན་པ་ཞིག་ཏུུ་ འདུུག་པས། འདི་ནིི་བརྒྱ་བྱིན་གྱིིས་ཕུུལ་ལམ་ཞུུས་པར།
བཅོམ་ལྡན་འདས་ཀྱིས་དེེ་ནིི་གྲོོ་བཞིིན་གྱིིས་བསྐུུར་བ་ཡིན། གསུུངས་སྐབས་རྒྱལ་པོ་
གཟུགས་ཅན་སྙིང་པོོ་ཡ་མཚན་སྐྱེས་ཏེ་ཕོོ་བྲང་དུུ་ལོག་པའི་སྐབས་གྲོ་བཞིིན་གྱིི་རྒྱུུ་ནོར་ལ་བལྟ་
བར་འདོད་ནས་བློན་པོ་དང་བཅས་གྲོ་བཞིིན་གྱིི་ཁྱིིམ་དུུ་ཕེབས། གནས་ཚུུལ་དེ་ཕ་གྲུུ་འཛིན་གྱིིས་ ཤེེས་ནས་བུུ་ལ་ཁྱོད་ཕྱིིན་ནས་རིན་ཆེན་དོ་ཤལ་གྱི་རྒྱན་ཆ་དེ་རྒྱལ་པོ་ལ་ཕུལ་ནས་ཕྱག་འཚོལ་
ཅིིག་ཟེར་བས་བུུ་གྲོ་བཞིིན་གྱིིས་རྒྱལ་པོ་གཟུུགས་ཅན་སྙིང་པོོ་ལ་རིིན་ཆེན་གྱིི་དོོོ་ཤལ་ཕུུལ་ནས་
ཕྱག་འཙལ། དེར་རྒྱལ་པོ་ཐུུགས་དགྱེས་ནས་བུུ་ལ་ལེགས་པར་གཟིགས་པས་ རྐང་པར་གསེར་གྱིི་ བ་སྤུ་ཡོད་པ་གཟིགས་ནས་དེར་ཡ་མཚན་སྐྱེས་བཞིན་དུུ། བསོད་ནམས་དང་ལྡན་པའི་བུ་ཁྱོད་
འོོད་མའི་ཚལ་དུ་བཞུུགས་པའི་བཅོམ་ལྡན་འདས་ཞུ་བ་དེ་མཇལ་མྱོང་ངམ། དེ་མཇལ་བར་འདོད་
དམ་ཟེར་བར། བུ་གྲོ་བཞིིན་གྱིིས་ལྷ་ཁྱོད་བཀའ་དྲིན་ཆེ། ང་རང་བཅོམ་ལྡན་འདས་མཇལ་འདོད་
ཤིིན་ཏུུ་ཆེན་པོ་ཡོོད་ཞུས་པས། རྒྱལ་པོ་དང་ལྷན་དུུ་ཞབས་ཐང་ལ་ཕེབས། བུུ་གྲོ་བཞིིན་ནིི་སྐྱེེེས་
པ་ནས་བཟུང་གང་དུུ་ཕེབས་ཀྱང་གཡོག་པོ་རྣམས་ཀྱིས་ས་ལ་གོས་སྤུུས་ལེགས་བཏིང་སྟེེ་ས་ལ་
རྐང་པ་རེག་མྱོང་མེེད། སྐབས་འདིར་ཡང་གཡོག་རྣམས་ཀྱིས་ས་ལ་གོས་བཏིིང་བས། བཅོམ་ལྡན་ འདས་ལ་གུས་པས་སེཾས་དུལ་བ་དང་། གཉིས་ནས་རྒྱལ་པོ་ལའང་མི་འོོས་པར་བསམ་སྟེ་བཏིིང་ བའིི་གོོས་རྣམས་ཕར་བསྡུས། ཡང་ལྷས་ལྷའི་གོོས་ཀྱིིས་ས་གཞི་བཀབ་ཀྱང་དེ་ཡང་ཕར་བསྡུས་ ཏེ་ས་ལ་རྐང་པ་རེག་ནས་ཕེབས་པ་ན། རི་དང་། ནགས་ཚལ་དང་། རྒྱ་མཚོ་རྣམས་འགུལ་བར་
བྱེད། དེ་ནས་བཅོམ་ལྡན་འདས་ཀྱི་དྲུུང་དུུ་སླེབས་ནས་ཕྱག་འཚལ་ཞིིང་མདུུན་དུུ་བསྡད་པ་དང་།
སེམས་གཡེང་བ་མེད་པར་ཡང་དག་པའི་ཆོོས་ཐོས་པས། ནང་སེམས་ཀྱི་ཉོོན་མོངས་རྣམས་སྤངས་
ཏེ་བཅོམ་ལྡན་འདས་ཀྱི་དྲུུང་དུུ་རབ་ཏུུ་བྱུང་བ་སྟེ་གྲྭ་པ་བྱས་པ་རེད། དེ་ནས་རྒྱལ་པོ་གཟུགས་ཅན་ སྙིིང་པོོས་བཅོམ་ལྡན་འདས་ལ་ཕྱག་འཙལ་ཏེ་རང་གི་ཕོོ་བྲང་དུུ་ལོག་ཕེབས། སྐབས་དེར་བུུ་གྲོ་
བཞིིན་བྱེ་བ་ཉིི་ཤུའིི་སེེེམས་ལ་རང་གི་ཁྱིིམ་དང་། དགའ་ཉེ་རྣམས་དང་། རྒྱུུ་ནོར་ལོངས་སྤྱོད་སོོགས་ དྲན་པས། དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ་ཞལ་རས་འཛུུམ་དང་བཅས་ཏེ། གྲོ་བཞིིན་ཁྱོད་
6
7
བསམ་བློ་གང་བྱུང་བཏང་ནས་ཅི་བྱེེད། དེ་བས་སེམས་རྩེ་གཅིིག་ཏུ་གནས་ཏེ་ཆོོས་ལ་སློབ་སྦྱོང་ ཡག་པོ་ཞིིག་གྱིིས་ ཞེས་གསུུངས་པས། གྲོ་བཞིིན་གྱིིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་ལ་ཉན་
ནས་བློ་རྩེེ་གཅིིག་སྒྲིིམ་གྱིིས་སྒོམ་བརྒྱབ་པས་ཕྱི་ནང་གི་གདུུང་བ་ཐམས་ཅད་རིམ་བཞིན་མེད་པ་ ཆགས་ཤིང་། དྲིི་མ་མེད་པའིི་ཡེེ་ཤེེེས་ཐོབ་པ་སྟེ་ཤེེས་བྱ་ཡོན་ཏན་ཐམས་ཅད་ཤེས་པར་གྱུར་ཏོ།
དེ་ལྟར་གྲོ་བཞིིན་བྱེེ་བ་ཉིི་ཤུའིི་ཚེེ་སྔོོན་ལས་ཀྱི་རྒྱུུ་གང་ཡིན་ཞེས་དགེ་སློོང་རྣམས་ཡ་མཚན་
སྐྱེས་ཏེ་བཅོམ་ལྡན་འདས་ལ་བཀའ་འདྲི་ཞུུས་པར། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་རྣམ་ གཟིགས་འཇིག་རྟེེན་དུ་བྱོན་པའི་སྐབས། ཁོང་གིི་དགེེ་ཕྲུུག་རྣམས་དང་ལྷན་དུུ། གཉེན་ལྷན་ཞེས་ པའི་གྲོོང་ཁྱེེར་དུུ་བཞུུགས་པ་ན། གྲོང་མིི་ཚོོས་རེེས་མོས་ཐོག་སངས་རྒྱས་ཁོང་རྣམས་ལ་མཆོད་
པའིི་བསྙེེན་བཀུུར་ཞུུས། དེ་ལ་བྲམ་ཟེའིི་བུ་དབང་པོའ་ིི ཟླ་བ་ཟེར་བའིི་དབུལ་པོ་ཞིིག་ལ་རེས་མོས་
བབས་སྐབས། ཁོས་འབད་པ་ཆེན་པོས་བསགས་བསགས་གྲུུང་གྲུུང་བྱས་པའི་ཞལ་ཟས་དང་། གོས་ ལ་སོགས་པ་དེ་དག་གིས་བསྙེན་བཀུུར་ཞུུས་པས། དེའིི་ཚེེ་རབས་མང་པོར་རྒྱུ་ནོར་ལོངས་སྤྱོད་
ལྷ་དང་མཉམ་ཞིང་། རྐང་པ་ལ་གསེར་གྱིི་བ་སྤུུ་སྐྱེས་པ། ས་གཞི་རྗེེན་པར་རྐང་པ་རེག་མ་མྱོང་བ།
གལ་ཏེ་རེེག་ན་ས་གཞི་ཐམས་ཅད་འགུལ་བའམ་གཡོ་བ་འདི་སྐྱེེས་པ་རེད། ཅེས་བསོད་ནམས་ཀྱི་ ལས་ཀྱི་འབྲས་བུུའི་ཆོོས་གསུངས་གནང་བ་རེད།།
࿉࿉࿉.......................
........................࿉࿉
8
ཉེར་དགུ་པ། ནོར་སྐྱོང་གི་རྟོགས་བརྗོད། མ་སྐྱེས་དགྲ་དང་ལྷས་བྱིན་འགྲོགས་ནས་ནི།
བཅོམ་ལྡན་འདས་ལ་གནོད་པའི་ལས་ངན་སྤེལ།
༄༅། །བཅོམ་ལྡན་འདས་རྒྱལ་པོའ་ིི ཁབ་ཀ་ལན་ཏ་ཀའི་གནས་སུུ་བཞུུགས་པའི་སྐབས་ རྒྱལ་
པོ་གཟུགས་ཅན་སྙིང་པོོའ་ིི བུུ་མ་སྐྱེས་དགྲ་ཞེས་སྤྱོད་པ་རྩུབ་པོ་དེེ་དང་། བཅོམ་ལྡན་འདས་ཀྱི་སྐུ་
མཆེད་ལྷས་བྱིན་གཉིས་གྲོགས་པོ་འཆམ་པོ་ཞིིག་ཏུུ་གྱུུར། ཉིིན་ཞིིག་ལྷས་བྱིན་གྱིིས་རྒྱལ་པོ་ལ། ངས་ ཁྱེད་དང་གྲོགས་པོ་བྱས་པར་ཁྱེད་ཀྱིིས་ང་ལ་ཕན་ཐོགས་པ་ཞིག་ངེེས་པར་བྱེད་དགོས་ བློ་གཅིིག་
སེམས་གཅིག་གིིས་ཕན་ཐོགས་བྱེད་མཁན་དེ་དངོོས་གནས་ཀྱི་གྲོོགས་པོ་ཡིིན། བཅོམ་ལྡན་འདས་ ཟེར་བ་དེ་བསད་ནས་དེའིི་དབང་ཆ་དེ་ང་ལ་ཐོབ་འདོད་ཆེེན་པོ་ཡོོད། དེ་འདྲ་སོང་ཙང་སང་ཉིན་ བཅོམ་ལྡན་འདས་དགེ་ཕྲུུག་ལྔ་བརྒྱ་དང་བཅས་ཁྱིིམ་བདག་ནོར་ཆེན་གྱིིས་མགྲོན་འབོད་བྱས་པ་ ལྟར་ཁོའ་ིི ཁྱིིམ་དུུ་འགྲོ་མཁན་རེད། དེའིི་ལམ་དུ་ནོར་སྐྱོང་ཟེེར་བའིི་གླང་ཆེན་སྨྱོན་པ་དེ་གཏང་
དགོས། ཟེར་བར། མ་སྐྱེས་དགྲས་བཅོམ་ལྡན་འདས་ཀྱི་ནུུས་པ་གང་འདྲ་ཡོད་པ་ཤེས་པར་བརྟེན་ ལྷས་བྱིན་ཁོའ་ིི སྐད་ཆར་ལན་མ་བརྒྱབ་པར་བསྡད་ དེ་ནས་ལྷས་བྱིན་སོང་སྟེེ་གླང་ཆེན་འཚོ་
མཁན་དེར་དོོ་ཤལ་གྱི་ལྐོོག་རྔན་སྤྲད་ནས། བཅོམ་ལྡན་འདས་ཟེར་བའི་དགེེ་སློོང་རྫུུན་མ་དེ་ཡོང་ སའིི་ལམ་དུ་གླང་ཆེན་སྨྱོན་པ་དེེ་གཏོང་དགོས་སྐོར་རྒྱལ་པོས་གསུང་གི་འདུུག་བཤད་པར་དེས་
ཁས་ལེན་བྱས། སང་ཉིན་དེེར་བཅོམ་ལྡན་འཁོར་ལྔ་བརྒྱ་དང་མཉམ་དུ་ཕེབས་སྐབས། གླང་ཆེན་ སྨྱོན་པ་དེ་བཏང་བས་མི་ཐམས་ཅད་དངངས་སྐྲག་སྐྱེས་ཤིིིང་གང་སར་བྲོས། སྐབས་དེར་བཅོམ་
ལྡན་འདས་ཀྱི་དགེེ་ཕྲུུག་ལྔ་བརྒྱ་དེ་རྣམས་ཀྱང་ཞེད་ནས་གང་སར་བྲོས་ཏེེ་ཀུུན་དགའ་བོ་གཅིིག་ པུ་བཅོམ་ལྡན་འདས་ཀྱི་ཉེེ་འགྲམ་དུུ་བསྡད། བཅོམ་ལྡན་འདས་ཀྱི་རྫུུ་འཕྲུུལ་གྱིས་སེེང་གེེ་ལྔ་ཐོན་ ཏེེ་རལ་པ་གསིག་གསིག་དང་སྡེར་མོ་བགྲད་བགྲད་བྱས་པས་ དེ་དག་གི་དྲིི་ཁ་བ་ཙམ་གྱིས་གླང་ ཆེེན་ནིི་ཞེེེད་ནས་གཅིན་པ་ཤོར་གྱིིན་བྲོས་སོང་ཡང་མཐའ་སྐོར་ཐམས་ཅད་མེ་ཡིིས་བསྐོར་བས་ གང་དུ་ཡང་བྲོས་མ་ཐར་བར་གླང་ཆེན་དེེ་ཞིི་དུུལ་དུུ་གྱུུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་
9
10
གུུས་འདུུད་བྱས་པར་བཅོམ་ལྡན་འདས་ཀྱིས་དེེའིིི་མགོ་ལ་ཕྱག་བཞག་སྟེ། ཁྱོད་ལས་ཀྱི་དབང་
གིས་སྤྱོད་པ་ངན་པ་དེ་འདྲར་གྱུར་ན་ཡང་། ལུས་དེ་མིི་རྟག་གཡོ་བ་སྟེ་ཉིིན་རེེ་ནས་ཉིན་རེེར་མིི་
སྡོོོད་པར་རྒས་འགྲོ་བ་ཡིན་པས་སྡིག་པའི་ལས་རྣམས་སྤོངས་ཤིིག་གསུངས་པས། གླང་པོ་དེེ་སེེམས་ ཡོངས་སུ་གྱུུར་ནས་བཅོམ་ལྡན་འདས་གང་དུ་ཕེབས་པ་དེའིི་རྗེེེས་སུ་ཕྱིན།
དེ་ནས་ཁྱིམ་བདག་ནོར་ཆེེན་གྱིི་ཁྱིིམ་དུུ་ཕེབས་ནས་བསོད་སྙོོམ་དང་མཆོད་པ་སོགས་གང་
ཕུལ་བ་རྣམས་བཞེས་ཏེ་ནགས་ཚལ་ཕྱོགས་སུ་ཕེབས་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་
ཞབས་ལ་གླང་ཆེན་གྱིི་སྣ་དང་ལག་པ་ཐུུག་པ་དང་གླང་ཆེན་དེེ་ཤིིི་ནས་ལམ་སེང་ལྷ་ཡུུལ་དུུ་ལྷའི་ བུུ་མཛེས་པ་དྲི་མེེད་ཟེར་བར་སྐྱེ་བ་བླངས། དེས་ལྷའི་མིིག་གིིས་སྔོོན་གྱིི་སྐྱེེེ་བ་གང་ཡིན་ཤེེས་ཏེ།
ནམ་མཁའ་ནས་བཅོམ་ལྡན་འདས་ཀྱི་དྲུུང་དུུ་བབས་ནས། ཕྱག་འཚལ་ཞིིང་མཆོད་པ་ཕུུལ་ཏེ་ཞུུས་ པ། བཅོམ་ལྡན་འདས། ང་རང་ལས་ཀྱི་དབང་གིས་ལུས་ངན་པ་གླང་ཆེན་སྨྱོན་པར་སྐྱེ་བ་བླངས་
ཀྱང་། སངས་རྒྱས་ཁྱེད་ཀྱིི་བྱིིིན་རླབས་ལ་བརྟེན་ནས་ལྷའི་བུའིི་ལུས་བཟང་པོ་དེེ་ལྟ་བུུར་གྱུུར་བར་ བཀའ་དྲིན་ཆེ། ཟེར་ཞིིང་གུས་བཀུུར་ཆེན་པོ་ཞུུས་པར་སངས་རྒྱས་ཀྱིས་ཀྱང་ཆོས་གསུངས་པས།
ཡང་དག་པའི་བདེེན་པ་མཐོང་སྟེེ་སེེམས་ཧ་ཅང་དགའ་ཞིང་ཕྱིིར་ལོག་སོང་ངོོ་། དེེ་ལ་སངས་རྒྱས་ ཀྱི་དགེེ་ཕྲུུག་དགེ་སློོང་རྣམས་ཡ་མཚན་ནས་གླང་ཆེན་སྨྱོན་པའི་སྐྱེེ་བ་དེེ་དེེེ་ལྟར་ཆགས་དགོས་
པའིི་ལས་ཀྱི་རྒྱུུ་གང་བསགས་པ་ཡིན་ནམ་ཞེས་བཀའ་དྲི་ཞུུས་པར་ བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྔོན་སྟོན་པ་འོད་སྲུུང་གི་བསྟན་པ་དར་བའི་སྐབས་སུུ་དེས་དགེ་འདུུན་རྣམས་ལ་གུས་
ཞབས་མ་བྱས་པ་དང་། ཆོས་སློབ་སྦྱོང་ཡག་པོ་མ་བྱས་པར་གང་བྱུང་གི་སྤྱོོད་ངན་བྱས་པའི་ལས་ ངན་གྱི་འབྲས་བུུར་ཚེ་ཕྱིི་མར་གླང་ཆེན་སྨྱོན་པའི་ལུས་བླངས་ཤིང་། དེ་རྗེེས་རང་གི་སྐྱོོན་རྣམས་ ཤེས་ཏེ་སངས་རྒྱས་ལ་སྐྱབས་སུུ་སོང་བའིི་ནུུས་པས་ལྷའི་ལུུས་སུུ་སྐྱེས་པ་རེད། སྐྱེ་བ་སྔ་མར་
བསགས་པའི་དགེེ་སྡིིག་གིི་ལས་རྣམས་ནིི་སུས་ཀྱང་གཡོལ་ཐབས་མེད། ཡང་སྔོན་ཟླ་བ་ལྟར་
བསིལ་བའི་མཚོ་ཞིིག་ནང་། ངང་པའི་རྒྱལ་པོ་མིིང་ལ་གང་བའི་བཞིིན་ཟེར་བ་རང་གི་སྤུུན་མཆེད་ དང་འཁོར་ཚོགས་བཅས་ཁྱོན་ངང་པ་ལྔ་བརྒྱ་མཉམ་དུ་བསྡད་ཡོད་པ་ལ། ཝཱ་རཱ་ཎ་སཱིར་རྒྱལ་པོ་ ཚངས་བྱིིན་གྱིི་ཁྲུུད་རྒྱག་སའི་རྫིིང་བུ་ཞིག་ཡོད་པ་དེར་ངང་པ་རྣམས་ཕྱིན།
11
12
སྐབས་དེར་རྒྱལ་པོའ་ིི གཡོག་པོ་ཞིིག་གིིས་ངང་པའི་རྒྱལ་པོ་གང་བའིབཞིིན་དེེ་མཐོང་ནས་
རྒྱལ་པོ་ཚངས་བྱིིན་ལ་ཞུས་པར་རྒྱལ་པོས་མིི་བཏང་ནས་ངང་པ་གང་བའི་བཞིིན་དེེ་རྙིི་བརྒྱབ་
སྟེ་བཟུུང་། ངང་པ་ལྔ་བརྒྱ་རྣམས་ཞེད་ནས་བྲོས་སོང་ཡང་ངང་པ་གཅིག་གིིས་རྒྱལ་པོ་གང་བའི་ བཞིིན་ལ་གུུས་པ་དང་བརྩེ་བ་ཆེན་པོས་བློས་བཏང་མ་ཕོད་པར་ཉེ་འགྲམ་དུུ་སེམས་སྐྱོ་བཞིིན་
བསྡད་པས། དེ་གཉིིས་ཀྱིི་བརྩེ་སེེམས་ལ་རྒྱལ་པོ་ཚངས་བྱིིན་སེེམས་འགུལ་ཐེབས་ཏེ་གཉིིས་ཀ་ གློད་པ་རེད། ཡང་སྔོན་མ་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཨ་ཊ་ཟེར་བས་ལྷོ་ཕྱོོགས་སུ་དམག་བརྒྱབ་པའི་
སྐབས་བློན་པོ་ལྔ་བརྒྱས་རྒྱལ་པོ་བློོོས་བཏང་ནས་བྲོས། སྐབས་དེར་བློན་པོ་ལག་པའི་མཚོན་ཆ་ ཟེར་བས་རྒྱལ་པོ་བློོས་བཏང་མ་ཕོད་པར་མཉམ་དུ་བསྡད། ཡང་སྐྱེ་བ་གཅིག་ལ་སེང་གེ་ཞིིག་
ཁྲོན་པའི་ནང་ཟག་ནས་ཤིི་གྲབས་བྱེད་སྐབས། དེར་ཝ་མང་པོ་ཡོད་པ་རྣམས་གང་སར་བྲོས་སོང་ བ་རེད། ཡིན་ནའང་ཝ་གཅིག་གིིས་ཁྲོན་པའི་མཐའ་ནས་སྡེར་མོས་ཡུན་རིང་དྲུུས་ཏེ་སེེང་གེེ་དེེེ་
བསྐྱབས་པ་རེད། ཡང་སྔོན་སྐྱེ་བ་ཞིིག་ལ་རི་དྭགས་ཀྱི་རྒྱལ་པོ་གཙོ་བོོ་གཅིིག་རྙིི་ལ་ཐེབས་པས།
རྙི་འཛུུགས་མཁན་མིང་ལ་སྲེད་ལྡན་ཟེར་བ་དེ་སླེེབས། སྐབས་དེར་རིི་དྭགས་གཞན་རྣམས་ཞེད་ ནས་གང་སར་བྲོས། སྲེད་ལྡན་གྱིས་རྙིི་ལ་ཐེབས་པའི་རིི་དྭགས་དེར་མདའ་འཕེན་གྲབས་བྱེད་
སྐབས་རིི་དྭགས་མོ་གཅིིག་གིིས་སེེམས་མ་བཟོད་པར་རྔོན་པ་སྲེད་ལྡན་གྱི་མདུུན་དུུ་ཕྱིན་ནས་
མིག་ཆུ་གཏོང་བཞིིན་སྔོན་ལ་ང་གསོད་དང་ཟེར་བས་ རྔོན་པས་གཏམ་དེ་ཐོོས་འཕྲལ། དུུད་འགྲོ་ ཡིིན་ཡང་དེ་འདྲའིི་བརྩེ་བ་ཆེ་བ་ལགས། བསམས་ནས་སྙིང་རྗེེ་ཚད་མེད་སྐྱེེས་ནས་དེ་གཉིིས་ཀ་ ཚེ་ཐར་བཏང་བ་རེད།
དེ་ལྟར་ཚེ་སྔོོན་ངང་པའི་རྒྱལ་པོ་གང་བའི་བཞིིན་དེེ་དང་། རྒྱལ་པོ་ཨ་ཊ་དང་། སེང་གེ་ཁྲོོན་
པར་ལྷུང་བ་དེ་དང་། རི་དྭགས་ཀྱི་གཙོ་བོོ་དེེ་རྣམས་ནི་ད་ལྟ་ང་རང་ཡིན་ལ། སྐབས་དེ་དུས་ཀྱི་
ངང་པ་རྒྱལ་པོར་གུས་ཤིང་བརྩེ་བ་ཅན་དེ་དང་། བློན་པོ་ལག་པའི་མཚོན་ཆ་དང་ སེང་གེ་སྐྱོོབ་
མཁན་གྱི་ཝ་དེེ་དང་། རི་དྭགས་མོ་དེེ་རྣམས་ཀུན་དགའ་བོ་ཁྱོོད་ཡིིན། འདི་ལྟར་བྱེད་དགོས་དོོན་ ནིི་སྐྱེེེ་བ་སྔོན་མ་རྣམས་ལ་ཡང་ཁྱེད་ཀྱིིས་ང་ལ་གུུས་པ་དང་བརྩེ་སེེམས་ཆེན་པོ་ཡོོད་པར་བརྟེན་
ད་ལྟ་ཡང་གླང་པོའ་ིི འཇིིགས་པ་ལ་མ་ལྟོས་པར་ང་བློས་མ་བཏང་བར་བསྡད་པ་རེད། སྔོན་གྱིི་ངང་
པ་ལྔ་བརྒྱ་དང་། རྒྱལ་པོ་ཨ་ཊའི་བློོན་པོོ་ལྔ་བརྒྱ་དང་། སེང་གེེ་ཁྲོོན་པར་ཟག་དུས་བྲོས་འགྲོ་མཁན་
13
ཝ་རྣམས་དང་། རྔོན་པ་སྲེད་ལྡན་ཡོང་དུུས་བྲོས་འགྲོ་མཁན་རི་དྭགས་རྣམས་ནི་ད་ལྟ་ངའི་དགེེ་ ཕྲུུག་གླང་པོར་ཞེེད་ནས་བྲོས་འགྲོ་མཁན་གི་དགེེ་སློོང་ལྔ་བརྒྱ་རྣམས་ཡིན། ཞེས་གསུུངས་པས་
དགེ་སློོང་རྣམས་ངོ་ཚ་བ་དང་། ཀུུན་དགའ་བོ་ལ་ཡིད་སྨོོན་ཆེན་པོ་སྐྱེེས་པ་རེད། ལས་དང་འབྲས་ བུུའི་སྐོོར་གྱིི་ཆོོས་གསུངས་སོ།།
࿉࿉࿉.......................
........................࿉࿉
14
སུམ་ཅུ་པ། ཀ་ཤི་མཛེས་པའི་རྟོགས་བརྗོད། རྒྱལ་སྲིད་འདོད་ཡོན་སྤངས་ནས་ནགས་སུ་བྱོན།
གཞན་གྱི་འཚེ་བར་བཟོད་པའི་དཔུང་མཆོག་བསྟེན།
༄༅། །དགེ་སློོང་ཀཽ་ཌིི་ནྱ་ཆོས་གསུངས་ནས་ཡོད་པའིི་སྐབས་དགེ་སློོང་གཞན་རྣམས་ཀྱིས་
བཅོམ་ལྡན་འདས་ལ། ཀཽ་ཌིིི་ནྱ་དེེས་སྐྱེ་བ་སྔོན་མར་ལས་གང་བསགས་འདུག་གམ་ཞེས་བཀའ་
འདྲི་ཞུུས་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ཡུུལ་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིིན་
ཟེར་བར་བུུ་གཉིས་ཡོད་ཅིིང་། རྒན་པའི་མིིང་ལ་ཀ་ཤི་མཛེས་པ་དང་། ཆུུང་བའིི་མིིང་ལ་དུས་ཀྱི་ས་ ཟེར། བུ་རྒན་པ་དེ་གཤིིས་རྒྱུད་འཇམ་ལ་དཀའ་སྡུག་གང་ལའང་བཟོད་བསྲན་ཐུུབ་པ་ཞིག་ཡོད།
ཉིན་ཞིིག་རྒྱལ་པོས། བུ་རྒན་པ་རྒྱལ་པོར་བསྐོ་རྒྱུར་ཐག་གཅོད་བྱེེད་སྐབས། བུའི་བསམ་པར། རང་ ལུས་ལང་ཚོ་ནིི་འཇིིག་པའི་རྒྱུ་སྟེ་ཉིིན་ཞིིག་འཆི་རྒྱུ་ལས་ཐར་ས་མེད། འཁོར་བའིི་བདེེ་བ་སྙིིང་པོོ་
མེེད་པ་དེ་ལ་སེམས་ཆགས་ནས་བསྡད་ན་རང་གི་རལ་གྲིས་རང་གི་སྲོོག་བཅད་པའི་གླེེན་པ་ཞིག་ དང་འདྲ། དེ་བས་ཁུ་སིམ་པའི་ནགས་སུ་སོང་ནས་འཁོར་བ་ལས་ཐར་བའི་ལམ་ཞིག་བཙལ་ན་
མ་གཏོགས་མི་འགྲིིགས་བསམས་ཏེ་ཡབ་རྒྱལ་པོར་ཞུས། ཡབ་རྒྱལ་པོ་དངངས་སྐྲག་སྐྱེ་བཞིིན་དུུ་ གསུངས་པར། རྒྱལ་སྲིད་བསྐྱང་རྒྱུ་དེ་ངས་ད་བར་གལ་ཆེན་པོར་བརྩི་བ་ཡིན། ད་ཆ་ང་ལོ་རྒས་
དུུས་ཁྱེད་ཀྱིིས་ངའིི་རེེེ་བ་ཆུུད་ཟོས་སུ་བཏང་ན་ག་ལ་འགྲིགས། རང་གི་ལྟ་བ་དང་སྤྱོད་པ་བཟང་ པོ་དང་། སེམས་ཞི་ཞིིང་དུལ་བའི་སྒོོ་ནས་རྒྱལ་སྲིད་ཆོས་བཞིིན་དུ་བསྐྱངས་པ་ཡིན་ན། མེ་ཏོོག་
པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྙིིགས་མས་མ་གོས་པ་ནང་བཞིན་ཁྱིིམ་དུུ་བསྡད་ཀྱང་འཁོར་ བའིི་སྐྱོོན་རྣམས་སྤོང་ཐུབ་ཀྱི་རེེད། ལྷག་པར་དུུ་ཆོས་བྱེེད་འདོད་ཀྱང་ངེས་པར་ཕྱི་ལ་འགྲོ་དགོས་
དོན་མེད། རྒྱལ་པོའ་ིི ཕོོ་བྲང་ནི་ཁ་ཁུུ་སིམ་པོ་ཡོོད་པས་ནགས་གསེབ་དང་འདྲ་བ་ཡིན། ཟེར་ནས་
བསླབ་བྱ་མང་པོ་བརྒྱབ། བུུའི་ཨ་མ་ལགས་དང་། སྤུུན་ཉེ་འཁོར་སོགས་ཚང་མས་ཞུ་བ་འཐེན་ཡང་ དེའིི་བསམ་བློར་འགྱུར་བ་གཏོང་མིི་ཐུུབ་པར་བརྟེན་ཡབ་རྒྱལ་པོ་ལ་གང་ཡང་གསུང་རྒྱུ་མེད་པར་ གྱུར། སྐབས་དེར་བློན་པོ་རྣམས་ཀྱིས་རྒྱལ་པོར་ཞུས་པར། འཇིག་རྟེན་འདིིར་རང་གི་འདོོད་པ་ནི་
15
16
གལ་ཆེ་ཤོོས་ཡིིན་པས། ད་སྲས་རང་ཉིད་ཀྱིི་འདོོད་པ་ལྟར་བྱེད་འཇུུག་རྒྱུུ་ལས་ཐབས་གཞན་མི་ འདུུག་ཞུུས། དེ་ནས་ཡབ་རྒྱལ་པོས་མཆི་མ་གཏོང་བཞིིན་དུུ་བུུའི་འདོོད་པ་ལྟར་བྱེད་རྒྱུར་ཁས་ ལེན་གནང་བ་རེད།
སྲས་ཀ་ཤི་མཛེས་པ་དེ་དགའ་སྤྲོ་དང་བཅས་ཁུ་སིམ་པའི་ནགས་སུུ་ཕེབས་ནས་བློ་རྩེེ་
གཅིག་སྒྲིིམ་གྱིིས། སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་པ་དང་། སྙིང་རྗེེ་བསྒོམས་ནས་ བཞུགས་པ་རེད། དེའིི་ནུས་པར་བརྟེན་ནས་ནགས་གསེབ་སྟུག་པོ་འདིིར་གནས་པའི་རིི་དྭགས་
དང་། གཅན་གཟན་སོགས་ཕན་ཚུུན་གནོད་འཚེ་མེེད་པར་ཐམས་ཅད་ཞི་བདེེ་བག་ཕེབས་ངང་
གནས་ཐུབ་པ་བྱུང་། སྲས་ཀ་ཤི་མཛེས་པ་དེས་དུས་རྟག་ཏུུ་སེམས་ཅན་ཀུན་ལ་བྱམས་ཤིང་། གཞན་
གྱིས་གནོད་པ་ཇི་ལྟར་བྱས་ཀྱང་ཕར་ལན་མ་སློག་པར་བཟོད་པ་སྒོམ་ཐུུབ་མཁན་ཞིག་ཏུུ་གྱུུར་
པས་མཚན་ལའང་བཟོད་པ་སྨྲ་བ་ཞེས་ཐོགས་པ་རེད། དེ་ནས་ཡབ་རྒྱལ་པོ་ཚངས་བྱིིན་ཚེ་ལས་ འདས་པས་བུུ་ཆུུང་བ་དུུས་ཀྱི་ས་རྒྱལ་པོར་བསྐོས། ནམ་དུས་དཔྱིད་ཀ་ནགས་ཚལ་དེར་མཛེས་
སྡུག་རྣམ་པར་བཀྲ་བའི་རྩིི་ཤིིིང་དང་མེ་ཏོོག་སྣ་ཚོགས་བཞད་པར་རྒྱལ་པོ་དང་བཙུུན་མོའ་ིི ཚོོགས་ རྣམས་ལྟད་མོ་བལྟ་བར་སླེབས། དེར་ཁོང་རྣམས་ཡུན་རིང་སྤྲོ་འཆམ་བྱས་པར་བརྟེན་རྒྱལ་པོ་ དཀའ་ལས་ཁག་ནས་ངལ་གསོས་ཏེེ་སྡོོད་སྐབས་གཉིད་དུུ་ཤོར་ སྐབས་དེར་བཙུུན་མོ་རྣམས་
ནི་ནགས་ཚལ་གྱིི་གཡས་གཡོན་གང་སར་ཡིད་དུུ་འོང་བའིི་མེེ་ཏོོག་བཀོག་པར་ཕྱིན་པས། དེའིི་
དཀྱིིལ་ནས་བཟོད་པ་སྨྲ་བ་སྒོམ་སྐྱོན་ནས་བཞུུགས་ཡོད་པ་མཐོང་། བཙུུན་མོ་ཚོ་ཡང་དེ་ལ་དད་ པ་སྐྱེས་ཏེ་བཟོད་པ་སྨྲ་བའི་ཉེེ་འགྲམ་དུུ་བཙོག་པོར་སྒོམ་བརྒྱབ་ནས་བསྡད། རྒྱལ་པོ་དུས་ཀྱི་ས་
གཉིད་སད་དུུས་བཙུུན་མོ་རྣམས་མེད་པས་གང་དུ་སོང་བ་ཡིན་ནམ་སྙམ་ནས་འཚོལ་བར་ཕྱིན།
བཙུུན་མོ་རྣམས་དྲང་སྲོང་ཞིིག་ལ་བསྐོར་ནས་བསྡད་ཡོད་པ་མཐོང་བས་རྒྱལ་པོ་ཁོོང་ཁྲོོ་ཆེེན་པོ་ ལངས་ཏེ། རང་གི་གཅེན་པོ་ཡིིན་པ་ཡང་མ་ཤེས་པར་དྲང་སྲོང་རྫུུན་མ་ཁྱོད་ཀྱིིས་ཆོས་བྱེེད་ཁུུལ་ བྱས་ཏེ་ངའིི་བཙུུན་མོ་རྣམས་མགོ་སྐོོར་གཏོང་གིི་ཡོོད་དམ་ཟེར་བར།
བཟོད་པ་སྨྲ་བས་ཞི་འཇམ་པོའ་ིི སྒོོ་ནས་བཤད་པར། ང་ནི་ནགས་ཚལ་འདིའིིི་ནང་བཟོད་པ་
སྒོམ་ནས་སྡོད་མཁན་བཟོད་པ་སྨྲ་བ་ཡིན། ཁྱེད་ང་ལ་དོགས་པ་བྱེད་དགོས་དོོན་མེད་ཟེར་ རྒྱལ་
17
18
པོ་དུས་ཀྱི་ས་ནིི་དེེེ་བས་ཁོང་ཁྲོོ་ཇེེ་ཆེེར་ལངས་ཏེ། ཁྱོད་བཟོད་པ་སྨྲ་བ་ཡིན་མིིན་ངས་བལྟས་ཆོག་ ཟེར་ནས་རལ་གྲི་བཏོན་ཏེེ་དྲང་སྲོང་གིི་ལག་གཉིས་བཅད་ནས། ད་བཟོད་པ་སྒོམ་ཐུུབ་བམ། ཟེར་
བར་བཟོད་པ་སྨྲ་བས་ཁོ་ལ་ལན་གང་ཡང་མ་བརྒྱབ། དེ་ནས་རྒྱལ་པོས་དེེའིིི་རྐང་པ་གཉིས་པོ་
ཡང་བཅད་དེ། ད་བཟོད་པ་སྒོམ་ཐུུབ་བམ་ཟེར། བཟོད་པ་སྨྲ་བ་ནི་སེེམས་ཞི་བར་གནས་ཡོད་པས། རྒྱལ་པོས་དྲང་སྲོང་གིི་ལུུས་པོ་གང་སར་བརྡེག་བརྡུང་མང་དུུ་བྱས་ཏེ་ ད་ཁྱོད་བཟོད་པ་སྒོམ་ཐུུབ་
བམ་ཟེར་བས། བཟོད་པ་སྨྲ་བས། ང་ལ་ག་ཚོད་བརྡུངས་ཀྱང་ཁོང་ཁྲོོ་ལངས་ཀྱི་མ་རེད་ ཁྱོད་ཀྱིིས་ ངའིི་ལུུས་བཅད་པ་ནང་བཞིན་ངས་ཁྱོད་ཀྱིི་ཉོོན་མོངས་པའི་སྡིིག་པའིི་རྩ་བ་རྣམས་གཅོད་པར་ གྱུར་ཅིག །ཅེས་པའི་སྨོོན་ལམ་གྱི་ཚིིག་དེེ་གསུུངས་སོ།
དེ་ནས་རྒྱལ་པོ་དུས་ཀྱི་ས་དེ་བཙུུན་མོ་རྣམས་དང་ལྷན་དུུ་ཕོ་བྲང་དུུ་ལོག་པའི་སྐབས་
གནམ་གཤིས་ཀྱང་གྲང་ཤུུར་ཤུུ ར་དུུ་གྱུུར་པ་དང་། ལྷ་རྣམས་ཁོང་ཁྲོ་ལངས་པར་བརྟེན་ཡུུལ་དེར་
ཟས་དཀོན་པའིི་མུ་གེ་བྱུང་བ་དང་། ནད་ཡམས་ཁྱབ་པ། ཆར་པ་མ་བབསཔ་སོགས་བཀྲ་མ་ཤིས་
པའིི་གནས་ཚུུལ་མང་པོ་བསྟུད་མར་བྱུང་བས། མོ་པ་རྣམས་ཀྱིས་མོ་བརྒྱབ་པའི་འབྲས་བུར་ནགས་ གསེབ་ཏུུ་དཀའ་ཐུུབ་སྤྱད་ནས་སྡོད་མཁན་གྱི་དྲང་སྲོང་ཞིིག་ལ་གནོད་པ་བཏང་བ་ལས་བྱུང་བ་ མོ་རུ་བབས་པས། རྒྱལ་པོ་དུས་ཀྱི་ས་དྲང་སྲོང་བཟོད་པ་སྨྲ་བའི་དྲུུང་དུུ་ཕྱིན་ནས་དགོངས་དག་ ཐུུགས་བདེན། སླད་ཕྱིན་ངས་དེ་འདྲ་རྩ་བ་ནས་བྱ་རྒྱུུ་མིན་ཞེས་ཞུུ་བ་ཡང་ཡང་ཕུལ། དེའིི་སྐབས་ བཟོད་པ་སྨྲ་བས་གསུུངས་པར།
རྒྱལ་པོ་ གནས་ཚུུལ་དེ་འདྲ་བྱུུང་དོན་གཙོ་བོོ་ཚེེ་སྔོོན་གྱིི་ལས་རེད། ངས་རྒྱལ་པོ་ཁྱོོད་ལ་མི་
དགའ་བ་རྩ་བ་ནས་མེད། དེ་བདེེན་པ་ཡིན་པའིི་མཚོན་རྟགས་ལ་ངའི་ལུས་ནས་ཛགས་པའི་ཁྲག་ རྣམས་འོ་མར་གྱུར་པ་དེ་ལ་ལྟོས་དང་། གལ་སྲིད་དེེར་ཡང་ཡིད་མ་ཆེས་ན་ངའི་རྐང་ལག་བཅད་ པ་རྣམས་སླར་མཐུུད་པ་དེ་ལ་ལྟོས་དང་། གསུུངས་མ་ཐག་རྐང་ལག་བཅད་པ་རྣམས་རང་བཞིན་
གྱིིས་འབྱར་ཏེ་སྔོོན་མ་ནང་བཞིན་ཚུུར་གསོས་སོ། དེེ་ནས་རྒྱལ་པོ་དེེས་ དྲང་སྲོང་བཟོད་པ་སྨྲ་བར་ ཡིད་ཆེེས་དང་དད་པ་ཆེན་པོ་སྐྱེེས་ཏེ་དེེེའིིི་ཞབས་ལ་ཕྱག་འཚལ་ཞིིང་ཞུུས་པ། དྲང་སྲོང་ཁྱེེད་ནིི་
དེེེ་ལྟ་བུའི་ནུས་པ་ཆེན་པོ་ཡོོད་ཀྱང་ནགས་གསེབ་འདིིར་དཀའ་ལས་ཚད་མེད་བསྐྱོན་ནས་ག་རེ་
19
གནང་རྒྱུ་ཡིན་ནམ། ཞེས་བཀའ་འདྲི་ཞུུས་པར། དྲང་སྲོང་གིིས། ངས་དེ་ལྟར་བྱེད་དགོས་དོོན་ནིི་
རང་ཉིིད་བླ་མེད་ཡང་དག་རྫོགས་པའི་བྱང་ཆུུབ་སྟེ་སངས་རྒྱས་ཀྱི་གོོ་འཕང་ཐོབ་པར་བྱས་ནས་
འཇིག་རྟེན་འཁོར་བའིི་སེེེམས་ཅན་གྲངས་ལས་འདས་པ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ བའི་དོོན་དུུ་དཀའ་ཐུུབ་སྤྱོད་ཀྱིི་ཡོོད། ང་བླ་མེད་རྫོགས་པའི་བྱང་ཆུུབ་ཐོབ་པའིི་ཚེེ། ཡེ་ཤེེས་ཀྱིི་
རལ་གྲིས་རྒྱལ་པོ་ཁྱོོད་ཀྱིི་སྡིིིག་པའིི་རྒྱུ་ཉོན་མོངས་པའི་རྩ་བ་རྣམས་གཅད་རྒྱུུ་ཡིན་ནོ། གསུུངས་པ་ དང་། རྒྱལ་པོས་དྲང་སྲོང་གིིས་གསུུངས་པའི་སྨོོན་ཚིིག་རྣམས་སེམས་ལ་དྲན་བཞིན་དུ་ལོག་སོང་ ངོོ་ དེེའིིི་དུུས་ཀྱིི་ཀ་ཤིི་མཛེས་པ་བཟོད་པ་སྨྲ་བ་དེ་ད་ལྟ་ང་ཡིན། ད་ལྟ་ང་རང་ཡང་དག་རྫོགས་
བྱང་ཐོབ་ནས་རྒྱལ་པོ་དུས་ཀྱི་ས་དེ་ཡང་ཐར་པའི་ས་ལ་འདྲེན་པ་ད་ལྟའི་དགེེ་སློོང་ཀོ་ཌིིི་ནྱ་འདིི་ ཡིིིན་ནོ། ཞེས་གསུངས་ནས་བཟོད་པའིི་སྐོོར་གྱིི་ཆོོས་བསྟན་གནང་བ་རེད།།
࿉࿉࿉.......................
........................࿉࿉
20
སོ་གཅིག་པ། གསེར་ལོགས་ཀྱི་རྟོགས་བརྗོད། བྱང་སེམས་སྤྲུལ་པ་རི་དྭགས་གསེར་ལོགས་ཀྱིས། སྙིང་རྗེའི་སེམས་ཀྱིས་མི་ཡི་ཚེ་སྲོག་བསྐྱབས།
༄༅། །དགེ་སློོང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཁོང་གིི་སྐུ་མཆེད་ལྷས་བྱིན་ཟེར་བ་ལྟ་
བ་དང་སྤྱོད་པ་ངན་པ་དེས་ཚེ་སྔོོན་ལས་གང་བསགས་པ་ཡིན་ནམ། ཞེས་བཀའ་འདྲི་ཞུུས་པར།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་དབང་པོའ་ིི སྡེེེ་ཆེེན་པོ་ཟེེར་བ་
ཞིག་ཡོད། དེེ་ལ་བཙུན་མོ་ཟླ་བའི་འོོད་ཟེེར་བ་རྨི་ལམ་ཤིན་ཏུུ་ཐིག་པོ་ཞིིག་ཡོད། ཡུུལ་དེའིི་ནགས་
ཚལ་གྱིི་དཀྱིིལ་དུུ་རི་དྭགས་ཁྱུུ་ཚོ་མང་པོའ་ིི གཙོ་བོོ་གསེར་ལོགས་ཟེར་བའིི་རིིི་དྭགས་ཤིག་ཡོད། དེེ་ ནིི་མདོག་སྙིིང་རྗེེ་པོོ་དང་། སེམས་བཟང་པོ་བྱང་ཆུུབ་ཀྱི་སེེམས་དང་ལྡན་པ། མི་སྐད་ཤེས་ཤིིང་དམ་ པའི་ཆོོས་ཀྱང་ཤོད་མཁན་ཞིག་ཡོད། དེེ་ལ་གྲོགས་པོ་བྱ་རོག་རྒད་པོ་ཞིིག་ཡོད་པ་དེས་རྟག་ཏུུ་རྔོན་ པ་སོགས་འཇིགས་པ་ཡོང་མིིན་ལྟ་རོགས་བྱེད་ཀྱིི་ཡོོད།
ཉིན་ཞིིག་རིི་དྭགས་ཁྱུུ་ཚོ་དེེ་དག་ཆུུ་འཐུུང་བར་ཕྱིན་པའིི་སྐབས། ཆུུའི་རྦ་རླབས་གཡོ་བའིི་
དཀྱིིལ་ནས་ཐག་པས་བསྡམས་པའི་མིི་ཞིིིག་སྐད་ངན་འདོན་བཞིན་ཆུུས་འཁྱེར་ཡོང་བ་མཐོང་
ནས། རི་དྭགས་གཞན་ཐམས་ཅད་ཞེད་དེེ་བྲོོས་སོང་བ་རེད། འོན་ཀྱང་གསེར་ལོགས་ནི་འཆིི་ལ་ཉེ་ བའིི་མིི་དེེེར་སྙིིང་རྗེེ་ཚད་མེད་སྐྱེེས་ཏེེ་དེེེ་བསྐྱབ་པར་འགྲོ་རྩིིས་བྱེེད་སྐབས། རང་གི་གྲོོགས་པོ་བྱ་
རོག་གིིས། ཝ་ཡེ། གྲོགས་པོ། བྱེེད་མིི་ཉན་པའི་ལས་ཀ་མ་བྱེད་ཅིིག །ཕར་ལ་ཕན་ཐོགས་བྱས་ཀྱང་ བཀའ་དྲིིན་མིི་བསམ་མཁན་གྱི་མིི་ངན་ནིི་རང་ཉིད་ལ་དཀའ་ངལ་འཕྲད་སྐབས་ཉམ་ཆུང་མདོག་ བྱེད་ཀྱང་ དེའིི་རྗེེེས་ལ་དྲིན་ལན་ལོག་འཇལ་བྱེད་མཁན་ཤ་སྟག་རེད། དེར་མ་ཟད་ཁ་ཤས་ཀྱིས་
ཕར་ཕན་ཐོགས་བྱས་ཀྱང་རྗེས་སུུ་ཚུུར་གནོད་པ་གཏོང་མཁན་མང་པོ་ཡོོད་པས་དེ་ལས་ལོག་ན་
བཟང་། ཟེར་ཡང་། སྙིང་རྗེེ་ཆེེ་ཞིིང་ཡིིད་སེེམས་བཟང་བའི་གསེར་ལོགས་ཀྱིས་ གྲོགས་པོའ་ིི ཁ་ལ་
མ་ཉན་པར་ཆུའི་ནང་མཆོངས་ནས་མི་དེེེ་སྐམ་སར་བཏོན་པ་མ་ཟད། དེའིིི་ལུུས་བསྡམས་པའི་ཐག་
པ་རྣམས་ཀྱང་རྭ་ཅོས་བཀྲོལ་ཏེ་མིི་དེེེ་ལ་ཁྱེད་ཡུུལ་དུུ་ལོག་རྗེས་ང་ས་ཆ་འདི་ལ་བསྡད་འདུུག་ཅེས་
21
22
མིི་སུུ་གཅིག་ལའང་མ་ཤོད་ཨང་ཟེར་བས། གཡོ་སྒྱུུ་ཅན་གྱིི་མིི་དེེེས་གུུས་ཞབས་ཆེ་མདོག་གིིས་ ཕྱག་འཚལ་ནས་བཤད་པར། ཁྱེད་ནིི་ངའིི་སྲོོག་སྐྱོབ་དྲིིན་ཅན་ཡིན་པས་ངས་སུ་ལའང་བཤད་
སྲིད་ཀྱིི་མ་རེད། ཟེར་ནས་བདེ་ཐང་ངང་ལོག་ཕྱིིན་པ་རེད། དེ་ནས་རྒྱལ་པོའ་ིི བཙུན་མོ་ཟླ་བའི་འོོད་ཀྱིི་རྨིིི་ལམ་དུ་རི་དྭགས་གསེར་ལོགས་མི་སྐད་ཤོད་
ཤེེས་མཁན་ཞིག་གིིས་དམ་པའི་ཆོོས་བཤད་པའི་སྐོོར་གྱིི་རྨིིི་ལམ་བཏང་བ་རེད། བཙུུན་མོ་གཉིིད་
སད་རྗེས་རྒྱལ་པོ་ལ་ང་ནི་རྨིི་ལམ་ནང་དུ་བཏང་བའིི་རིིི་དྭགས་དེ་དངོོས་སུ་མཐོང་འདོད་ཆེེན་པོ་ འདུུག །ཟེར་བས། རྒྱལ་པོ་ནིི་བཙུུན་མོ་ལ་བརྩེ་བ་ཆེ་བར་བརྟེན། རྔོན་པ་རྣམས་ལ་རྔན་པ་མང་ པོ་སྤྲད་ནས་རི་དྭགས་དེ་འཛིིན་པར་བཏང་། རྔོན་པ་རྣམས་ཀྱིས་ནགས་ཚལ་དང་རི་ཀླུང་གང་
སར་བཙལ་ཀྱང་མ་རྙེད་པར་ལོག་འོངས་པས། རྒྱལ་པོ་ཁོོང་ཁྲོོ་ཆེེན་པོས་ཁོང་ཚོར་བཀའ་བཀྱོན་ གནང་ རྔོན་པ་རྣམས་ཞེད་ནས་འདར་གསིག་ངང་རྒྱལ་པོར་ཞུུས། རྒྱལ་པོ་མཆོག །ང་ཚོས་རིི་
ཀླུང་དང་ནགས་ཚལ་སོགས་ག་ས་ག་ལ་ཕྱིན་ཏེེ་བཙལ་ཀྱང་དེ་ལྟ་བུའི་རིི་དྭགས་རྩ་བ་ནས་མཐོང་ རྒྱུ་མི་འདུུག །གལ་སྲིད་བཙུུན་མོ་མཆོག་གིི་རྨིི་ལམ་དུ་བཏང་བའི་རིི་དྭགས་དེ་དངོོས་སུ་མཇལ་
བར་འདོད་ན། བཟོ་རྩལ་མཁས་པ་སྐད་བཏང་ནས་གསེར་གྱིི་རིིི་དྭགས་བཟོ་རུ་བཅུུག་ན་འགྲིིག་
གམ། ཞུུས་པ་རེད་ རྒྱལ་པོ་ནིི་བཙུུན་མོའ་ིི རྨིིི་ལམ་དེ་བདེེན་ངེེས་ཡིིན་པར་ཡིད་ཆེེས་ཡོད་པས། རི་ དྭགས་དེ་སུུས་མཐོང་ཡང་རྒྱལ་པོར་སྙན་གསེང་ཞུུས་ན་རྔན་པ་མང་པོ་སྤྲོོད་རྒྱུ་ཡིན་པའིི་གསལ་ བསྒྲགས་བཏང་བ་སྔོན་གྱིི་མིི་གཡོ་སྒྱུུ་ཅན་དེས་ཐོས་ནས། ཁོ་རྒྱུ་ནོར་ལ་རྔམས་ཏེ་རྒྱལ་པོའ་ིི དྲུང་
དུུ་ཕྱིན་ནས་རི་དྭགས་དེ་ངས་མཐོང་བས་ཁྱེད་རྣམས་ལ་བསྟན་རྒྱུ་ཡིན་ཞེས་ཟེར། དེར་རྒྱལ་པོ་
དགའ་ནས་དམག་མི་མང་པོ་འཁྲིིད་དེེེ་ཁོོ་དང་མཉམ་དུ་རི་དྭགས་གསེར་ལོགས་གཟུང་བར་ཡོང་། གནས་ཚུུལ་དེ་བྱ་རོག་གིིས་མཐོང་ནས་གྲོགས་པོ་གསེར་ལོགས་ལ་སྨྲས་པ། ཀྭ་ཡེ་གྲོོགས་
པོ་གསེར་ལོགས། ངས་དེ་སྔོོན་ནས་ཁྱེད་ལ་བསླབ་བྱ་བརྒྱབ་ཀྱང་ཉན་མ་སོང་། ད་ནི་རྒྱལ་པོས་
དམག་མི་མང་པོ་འཁྲིིད་ཅིིང་། སྔོན་ཁྱེད་ཀྱིིས་སྲོག་བསྐྱབས་པའི་མིི་དེེེས་ལམ་སྟོན་ཏེ་གྲོོགས་པོ་
ཁྱེེད་གཟུུང་བར་ཡོང་གིི་འདུུག །ཁྱེད་གང་དུུ་བྲོས་ཀྱང་ཐར་བ་མི་འདུུག །ང་ཚོ་ཚང་མ་མཉམ་དུ་
23
24
འཆི་རྒྱུ་ཡིན་ནམ། བཀའ་དྲིན་དྲན་མི་ཤེེས་པའིི་མིི་ལ་ཕན་ཐོགས་བྱས་པ་དང་ ཡིད་མིི་བརྟན་པའི་ མིི་ལ་བློ་གཏད་བཅོལ་བ་དང་། མི་ངན་ལ་མན་ངག་སྟོན་པ་སོགས་ནི་རང་ཉིིད་ཁོ་ནའིི་སྐྱོོན་ཡིིན། ཞེས་སྨྲས། སྐབས་དེར་རྒྱལ་པོའ་ིི དམག་མི་རྣམས་ཉེ་འགྲམ་དུུ་བཅར་ཡོང་བས། རི་དྭགས་གསེར་
ལོགས་ཀྱིས་བསམས་པར། གལ་སྲིད་ཁོང་ཚོས་ང་གཟུུང་མ་ཐུུབ་ན་རི་དྭགས་གཞན་རྣམས་ལ་
གནོད་འཚེེ་བྱེེད་ངེེས་རེེད། དེ་བས་རི་དྭགས་གཞན་རྣམས་ལ་གནོད་པ་མི་འབྱུང་བའི་ཆེེད་རང་
ཉིད་བློོས་གཏང་རྒྱུའི་བསམ་བློ་འཁོར་ཏེེ་རྒྱལ་པོ་དང་ཐག་ཉེ་བའིི་ཕྱོོགས་སུ་སོང་བས། སྔོན་གྱིི་མིི་
གཡོ་ཅན་དེས་མཐོང་སྟེེ་རྒྱལ་པོར་རིི་དྭགས་གསེར་ལོགས་ཟེར་བ་དེ་ཕ་གི་རེེེད་ཅེེས་མཛུབ་མོས་ བསྟན། སྐབས་དེར་བྱ་རོག་གིིས་ཤིིང་རྩེ་ནས་མར་བལྟས་ཏེ་དྲིིན་ལན་ལོག་འཇལ་བྱེད་མཁན་གྱི་ མིི་དེེེར་མ་བཟོད་པའིི་ཁོོང་ཁྲོ་ལངས་ཤིང་མིི་ཁོོའ་ིི ལས་ངན་དེར་རྒྱུ་འབྲས་འཁོར་བར་ཤོག །ཅེས་
དམོད་པ་བོར་མ་ཐག་ཁོའ་ིི ལག་གཉིས་ཆད་ནས་ས་ལ་ལྷུང་། དེར་གསེར་ལོགས་ཀྱིས་སྔོན་གྱིི་
ལོོ་རྒྱུས་རྣམས་རྒྱལ་པོར་ཞུས་པས་ རྒྱལ་པོས་ཁོ་ལ་གཟིགས་ཤིིང་། ཁོང་ཁྲོའ་ིི ངང་དྲིིན་ལན་ལོག་
འཇལ་བྱེད་མཁན་ལ་རྒྱུ་འབྲས་འཁོར་དགོས་ངེེས་རེེད། གསུངས་ནས་ཁོ་མིི་གྲལ་ནས་མཐར་ཕུད་ བཏང་བ་དང་། རི་དྭགས་གསེར་ལོགས་ལ་གུས་པ་ཆེན་པོས་ཕོ་བྲང་དུུ་གདན་དྲངས་ཏེ་རིིན་པོ་
ཆེེའིིི་སྟན་ལ་བཞུགས་སུུ་གསོལ། དེ་ནས་རྒྱལ་པོ་དང་། བཙུུན་མོ་ བློན་པོ་འཁོར་དང་བཅས་པར་
རི་དྭགས་གསེར་ལོགས་ཀྱིས་བྱང་ཆུུབ་སེམས་སྦྱོང་གིི་ཆོོས་བསྟན་ཏེ་དེེ་དག་ཐམས་ཅད་ནང་ཆོས་ སློབ་སྦྱོང་ལ་བརྩོན་པ་བྱེད་མཁན་ཤ་སྟག་ཏུུ་གྱུུར། དེའིིི་སྐབས་ཀྱི་རིིི་དྭགས་གསེར་ལོགས་དེ་ད་ལྟ་ ང་ཡིན། མི་གཡོ་རྒྱུ་ཅན་དེ་ད་ལྟ་ལྷས་བྱིན་ཡིིན། ཞེས་གསུུངས་པས་དེར་དགེ་སློོང་རྣམས་བཅོམ་ ལྡན་འདས་ཀྱིས་སྔར་སྐྱེ་བ་མང་པོར་སེེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བའི་དོོན་དུུ་བྱང་
ཆུུབ་སྤྱོད་པ་སྤྱད་པ་རྣམས་ལ་དགའ་ཞིང་མགུུ་བ་དང་། དགེ་བའིི་ལས་གསག་རྒྱུའི་སྙིིང་སྟོོབས་དེ་ བས་ཆེ་བར་བསྐྱེད་པ་རེད་ དེ་ནིི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེེས་རབ་ཀྱི་ཆོོས་བསྟན་པ་ ཡིན་ནོ།།
࿉࿉࿉.......................
........................࿉࿉
25