Skip to main content

མེའི་དཀྱིལ་ནས་སྐྱེས་པའི་ཕྲུ་གུ།

Page 1

རྟོགས་བརྗོད་དཔག་བསམ་འཁྲི་ཤི​ིང་དོ​ོ​ོན་བསྡུ​ུས།

མེ​ེའི​ི​ི་དཀྱི​ིལ་ནས་སྐྱེས་པའི་ཕྲུ་གུ

ISBN 978-81-87859-87-1

སཾ་བྷོ​ོ​ོ་ཊ་བོད་སློབ་སྤྱི​ི་ཁྱབ་ཡིག་ཚང་།       9 788187 859871

1

༣


རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དོན་བསྡུས།

མེའི་དཀྱིལ་ནས་སྐྱེས་པའི་ཕྲུ་གུ Copyright © 2011 ISBN: 978-81-87859-87-1 Compiled by: Tenzin Wangdue Edited by: Sangye Tandar Naga & T. C. Rakra Tethong Design & Layout : Lobsang Gonpo Illustrations : Passang Dhundup Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: stsa1999@yahoo.co.in Website: www.sambhota.org

ACKNOWLEDGMENT: “The publication of this book has been made possible through a bequest to the Trans-Himalayan Aid Society of Canada from the late Dr. Michael Futrel, a good friend of Tibet”.

༣


དཀར་ཆག

དགུ་པ།

མེ་སྐྱེས་ཀྱི་རྟོགས་བརྗོད།............................................... 1

བཅུ་གཅིག་པ།

མཛེས་དགའ་བོའ་ི རྟོགས་བརྗོད།.................................. 12

བཅུ་པ།

བཅུ་གཉིས་པ།

བཅུ་གསུམ་པ།

མངལ་ནས་བྱུང་བ་བསྟན་པའི་རྟོགས་བརྗོད།.................. 7

འཕགས་སྐྱེས་པོའ་ི རྟོགས་བརྗོད།.................................. 17 འཕྲོག་མའི་རྟོགས་བརྗོད།........................................... 23


དགུ་པ། མེ་སྐྱེས་ཀྱི་རྟོགས་བརྗོད།

ནོར་ནི་སྡུག་བསྔལ་འབྱུང་བའི་རྒྱུར་མཁྱེན་ནས།    ཆོག་ཤེས་བསྟེན་པས་བདེ་བའི་རྩ་བ་འཚུགས།

༄༅། །བཅོམ་ལྡན་འདས་ཀ་ལན་ཏ་ཀའི་འོ​ོད་མའི​ི་ཚལ་དུ​ུ་བཞུ​ུགས་པའི་སྐབས་ གྲོང་ཁྱེ​ེར་

རྒྱལ་པོའ་ི​ི ཁབ་ཏུ་ཁྱིམ་བདག་རབ་བཟང་ཟེར་བ་ནང་ཆོས་ལ་དད་པ་རྩ་བ་ནས་མེད་ཅི​ིང་ ཕྱི​ི་པ་ མུ་སྟེགས་པའི་ཆོ​ོས་ལ་ཡིད་ཆེ​ེས་བྱེ​ེད་མཁན་ཞིག་ཡོད། ཁོའ་ི​ི བཟའ་ཟླ་བདེ་ལྡན་མ་ཟེར་བ་དེ་ ནི​ི༌ནང་ཆོས་ལ་དད་པ་དང་ཡིད་ཆེ​ེས་ཆེན་པོ་ཡོ​ོད་པར་བརྟེན་སེམས་ཀྱང་བཟང་པོ་ཡོ​ོད། མོ་ ལ་ཕྲུ​ུ་གུ​ུ་འཁོར་ཏེ​ེ་ཟླ་ཤས་སོང་བའི​ི་སྐབས་བཅོམ་ལྡན་འདས་དང་དགེ་སློ​ོང་རྣམས་མོའ་ི​ི ཁྱི​ིམ་ དུ​ུ་གདན་དྲངས་ཏེ་གུ​ུས་བཀུ​ུར་ཆེན་པོའ་ི​ི ངང་སྣེ་ལེ​ེན་ཞུས་ཏེ་ཞལ་ལག་གྲ་རྒྱས་པོ་ཞི​ིག་ཕུལ་

བ་རེད། ཁོང་རྣམས་ཞལ་ལག་མཆོད་གྲུ​ུབ་པ་དང་མོས་ལག་གཉིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་ འདས་ལ། གུས་མོར་ཕྲུ​ུ་གུ​ུ་བུ​ུ་སྐྱེ་འམ་ཡང་ན་བུ​ུ་མོ་སྐྱེ​ེས་ཞེ​ེས་བཀའ་འདྲི་ཞུ​ུས་པར་བཅོམ་ལྡན་

འདས་ཀྱིས་ཁྱོད་ལ་ཕྲུ​ུ་གུ​ུ་བུ​ུ་ཞིག་སྐྱེས་པ་དང་དེ་ནི​ི་རྒྱུ་ནོར་ཧ་ཅང་ཕྱུག་པ་ཞིག་ཏུ​ུ་འགྱུ​ུར་རྒྱུ​ུ་རེད། ལྷག་པར་ཕྲུ​ུ་གུ​ུ་དེ་གྲྭ་པ་བྱས་ནས་ནང་ཆོས་ལ་དད་པ་ཆེན་པོ་ཡོ​ོད་མཁན་ཞིག་ཏུ​ུ་འགྱུ​ུར་བ་ འདུ​ུག །ཅེས་བཀའ་གནང༌སྟེ་ཕེབས་སོ།

ཁྱི​ིམ་བདག་རབ་བཟང་གིས་གནས་ཚུ​ུལ་དེ་ཆོ​ོས་ཕྱི​ི་པ་བྱེད་མཁན་མུ​ུ་སྟེགས་པ་བྷ་རི་ཀ་

ཟེར་བ་དེར་བཤད། བྷ་རི་ཀའི​ི་བསམ་པར་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་དངོ​ོས་འབྲེལ་

ཡིན་ན་ངའི་སྦྱི​ིན་བདག་དེ་ཡང་ནང་པར་དད་པ་བྱེད་མཁན་དུ​ུ་འགྱུ​ུར་རྒྱུ​ུ་ཡིན་པས་ང་ཚོ་ཕྱི​ི་

པའི​ི་ཆོ​ོས་ལ་གནོད་པ་ཆེན་པོ་ཡོ​ོང་ངེ​ེས་རེ​ེད་བསམས་ཏེ་རབ་བཟང་ལ་བཤད་པར། བཅོམ་ལྡན་

འདས་ཟེར་བའི​ི་ང་རྒྱལ་ཅན་དེས་གང་ཡང་ཤེས་ཀྱི​ི་མ་རེད། རྒྱུ་ཕྱུག་པོ་ཞེ​ེས་པ་ནི་རང་རང་གིས་ དཀའ་སྤྱད་འབད་བརྩོན་བྱ་རྒྱུ​ུ་ལས་ས་ནས་སྐྱེས་ཀྱི​ི་མ་རེད་ལ་གནམ་ནས་ཟགས་ཀྱི་ཡང་མ་

རེད། གྲྭ་པ་བྱེད་ཀྱི​ི་རེ​ེ​ེད་ཟེ​ེར་བ་དེ་དངོ​ོས་གནས་ཡིན་སྲི​ིད་ཀྱང་དེ་ནི​ི་ལྟོ​ོ་གོ​ོས་ཁུ​ུངས་མ་འཁྱོལ་ བར་དགེ་སྦྱོ​ོང་དེ​ེ་དག་ལ་སྐྱབས་བཅོལ་ནས་སྡོད་མཁན་ཞིག་ཡོང་གི​ི་རེ​ེ​ེད། གལ་སྲིད་ངའི​ི་

1


2


མངོན་ཤེ​ེས་ལྟར་བྱས་ན་ཕྲུ​ུ་གུ​ུ་དེ་ནི​ི་རབ་བཟང་ཁྱོད་ཀྱི​ི་མི​ི་བརྒྱུད་གཏོར་བཤི​ིག་གཏོང་མཁན་

ཞིག་ཡོང་བ་འདུ​ུག །ཟེར་ལབ་པ་རེད། སྐད་ཆ་དེ་ལ་རབ་བཟང་ཁོ་ཡི​ིད་ཆེ​ེས་ཆེན་པོ་སྐྱེ​ེས་ཏེ​ེ་ཁ་

ལག་ནང་ཕྲུ​ུ་གུ​ུ་མེད་པ་བཟོ་བའི​ི་དུ​ུག་རྫས་སྣ་ཚོགས་བཏབ་ནས་བཟའ་ཟླར་སྤྲད་ཀྱང་ཕྲུ​ུ་གུ​ུ་མ་ཤི་ བས་ཁོ་ཁོ​ོང་ཁྲོ​ོ་ལངས་ནས་མོའ་ི​ི གྲོ​ོད་ཁོ​ོག་ལ་ཤུ​ུ གས་ཆེན་པོས་ཐེངས་མང་བརྡུངས་ནས་བསད། དེའི​ི་རོ​ོ​ོ་དུར་ཁྲོད་བསི​ིལ་པ་ཚལ་དུ་མེ་ལ་བསྲེགས་པའི་སྐབས་ཕྱི་པ་མུ​ུ་སྟེགས་པ་རྣམས་

དགའ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ལུ​ུང་བསྟན་པའི་ཕྲུ​ུ་གུ​ུ་རྒྱུ​ུ་ཕྱུ​ུག་པོ་དང་། གྲྭ་པར་འཛུ​ུལ་ ནས་ནང་ཆོས་བྱེད་མཁན་འདི་རེ​ེད། ཕྱུ​ུག་པོ་དང་གྲྭ་པ་བྱེད་མཁན་བུ་འདི་ཤི​ི་ཚར་བཞག་དེ་ འདྲའི​ི་ལུང་བསྟན་གྱི་དགོ​ོད་བྲོ​ོ་བ་ལགས། ཞེས་སྐད་ཤུགས་ཆེན་པོས་ལུང་པའི་མི​ི་ཚང་མས་

ཐོས་པར་བྱེད་བཞི​ིན་པའི​ི་སྐབས། རྒྱལ་པོ་གཟུགས་ཅན་སྙིང་པོ​ོས་རང་གི་བློ​ོན་འབངས་རྣམས་

ཁྲིད་དེ​ེ་འདི​ིར་འཛོམས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་བསུ​ུ་བ་ཞུ​ུས་ སངས་རྒྱས་བཅོམ་

ལྡན་འདས་དུར་ཁྲོད་འདི​ིར་ཕེབས། ཕུང་པོ་བསྲེ​ེགས་པའི་མེ​ེའི​ི​ི་དཀྱི​ིལ་ནས་མེ་ཏོ​ོག་པདྨ་སྙིང་རྗེ​ེ་ མོ​ོ་ཞི​ིག་བཞད་ཁ་ཕྱེ་པའི​ི་སྟེ​ེ​ེང་ཕྲུ​ུ་གུ​ུ་ཆུ​ུང་ཆུ​ུང་ཤི​ིན་ཏུ​ུ་མཛེས་པ་གཟུགས་པོར་སྐྱོན་མེད་པ་ཞིག་

འཐོན་བྱུང་བས་ཕྱི་པ་མུ​ུ་སྟེགས་པ་རྣམས་ངོ་ཚ་ཁ་སྐྱེངས་སུ་གྱུ​ུར། ཕྲུ​ུ་གུ​ུ་དེ་མེ​ེ་ཡི​ི་ནང་ནས་སྐྱེས་ པ་སོང་ཙང་བཅོམ་ལྡན་འདས་ཀྱིས་དེ​ེའི​ི​ི་མི​ི​ིང་ལ་མེ་སྐྱེ​ེས་ཞེས་བཏགས་ནས་རྒྱལ་པོ་གཟུགས་

སྙིང་པོ​ོ་ལ་ཕྲུ་གུ​ུ་དེ་གསོ་སྐྱོ​ོང་བྱེ​ེད་རྒྱུ​ུར་མངགས། དེ་ནས་ཉིན་ཞི​ིག་དེ​ེའི​ི​ི་ཨ་ཞང་སླེབས་ཏེ་སྔོ​ོན་

གྱི​ི་ལོ​ོ་རྒྱུས་རྣམས་ཐོས་པས་རབ་བཟང་ལ་ཁྱོད་ཀྱི​ིས་ད་ལྟ་ལམ་སེང་ཕྲུ​ུ་གུ​ུ་ཚུ​ུར་ལེན་ནས་སོ་སོ​ོས་ གསོ་སྐྱོ​ོང་བྱེ​ེད་དགོས། གལ་ཏེ་མ་བྱས་ན་ངའི་གཅུང་མོ་བསད་པའི་ནག་ཉེ​ེས་རྣམས་རྒྱལ་པོ་

ལ་ཞུ​ུ་རྒྱུ​ུ་ཡིན་ཟེར་བས་ཁོ་ཞེ​ེད་ནས་ཕྲུ​ུ་གུ​ུ་ཚུ​ུར་བླངས་ནས་གསོ་སྐྱོ​ོང་བྱས། ཡིན་ནའི​ི་ཡུ​ུན་རིང་

མ་སོང་བར་རབ་བཟང་ཁོ་ན་ཚ་ཕོགས་ནས་ཤི་བ་རེད། ཕྲུ​ུ་གུ​ུ་དེ་ཆེ​ེན་པོ་ཆགས་རྗེས་རྒྱུ་ནོར་ཧ་

ཅང་ཕྱུག་པོར་གྱུར་པ་དང་། རང་གི་ཚེ​ེ་ལས་འདས་པའི་ཨ་མ་ལགས་ཀྱི་ཆེ​ེད་དུ​ུ་སངས་རྒྱས་དང་ ། ཆོས་དང་། དགེ་འདུན་ཏེ་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་གུས་ཆེན་པོས་མཆོད་པ་ རྒྱ་ཆེན་པོ་ཕུལ། དབུལ་ཕོངས་ལ་སྦྱིན་པ་སོགས་དགེ་བའི​ི་ལས་མང་པོ་བྱས་པའི་བསོད་ནམས་ ཀྱིས་རྒྱུ​ུ་ནོར་དེ​ེ་བས་ཕྱུག་པར་གྱུར།

3


ཐེངས་ཤི​ིག་རྒྱལ་པོ་གཟུགས་ཅན་སྙི​ིང་པོ​ོ་བུ​ུ་མེ་སྐྱེ​ེས་ཀྱི​ི་ཁྱི​ིམ་དུ​ུ་སྐུ​ུ་མགྲོན་ལ་གདན་འདྲེན་

ཞུས། ཁོང་རྣམས་ཀྱིས་བུ​ུའི​ི་རྒྱུ​ུ་ནོར་རྣམས་མཐོང་སྐབས་ཡིད་སྨོན་ཆེ​ེན་པོ་སྐྱེ​ེས། རྒྱལ་པོ་དེ​ེ་ནི​ི་ རྒྱུ་ནོར་ལ་རྔམས་པ་མིན་ཡང་བུ​ུ་མེ་སྐྱེ​ེས་ཆུ​ུང་དུ​ུས་རང་གིས་གསོ་སྐྱོ​ོང་བྱེ​ེད་མྱོང་བ་ཡིན་པས་

བརྩེ་སེ​ེམས་ཟབ་མོ་ཡོ​ོད། རྒྱལ་པོའ་བུ​ུ་ངོ​ོ ི​ི​ི ་མ་མ་སྐྱེས་དགྲ་ཟེར་བ་སྤྱོད་པ་ཧ་ཅང་ངན་ལ་རྒྱུ་ནོར་

ལ་འདོད་རྔམས་ཆེ་བ་ཁོས་བྱུས་ངན་སྟོན་ནས་རང་གི་པཱ་ལགས་བཀྲོངས་ཏེ་རྒྱལ་སྲིད་རང་གིས་ བཟུང་། དེ་རྗེ​ེས་མེ་སྐྱེ​ེས་ལ་བཤད་པར། ཁྱོད་ངའི​ི་པཱ་ལགས་ཀྱི་གསོ་སྐྱོ​ོང་བྱས་པ་ཡིན་པས་ངེད་

གཉིས་སྤུན་མཆེད་དང་ཁྱད་པར་མེད། དེར་བརྟེན་ཁྱེད་ཀྱི​ི་རྒྱུ​ུ་ནོར་ཕྱེད་ཀ་ངེས་པར་ང་ལ་སྤྲོད་ དགོས་ཀྱི​ི་རེ​ེ​ེད། གལ་ཏེ་མ་སྤྲད་ན་ཁྱོད་དང་དམག་འཛིང་རྒྱུ་ཡིན་ཟེར་བས། མེ་སྐྱེ​ེས་ཀྱི​ིས་རང་ གི་ཁང་པ་དང་རྒྱུ་ནོར་ཡོད་ཚད་ཐམས་ཅད་ཁོ་ལ་སྤྲད་ནས་རང་ཉིད་ལུ​ུང་པ་གཞན་དུ​ུ་སྤོས།

མེ་སྐྱེ​ེས་ནི​ི་སྔོ​ོན་གྱི​ི་བསོད་ནམས་ཀྱིས་རྒྱུ་ནོར་དེ​ེ་སྔོ​ོན་ལས་ལྡབ་གཉིས་ཀྱི​ིས་ཕྱུག་པར་གྱུར།

རྒྱལ་པོ་མ་སྐྱེས་དགྲ་ནི་རྒྱུ་ནོར་ཕྱུ​ུག་ཏུ​ུ་འགྲོ་རྒྱུ​ུ་ཕར་བཞག་སྔོན་ལ་ཡོད་པ་རྣམས་ཀྱང་ཉམས་

ནས་བུ་མེ་སྐྱེ​ེས་ལ་ཡང་ཡང་རྙོག་དྲ་བཤད་པས་བུ་མེ་སྐྱེ​ེས་ཀྱི​ིས་རང་གི་ཁང་ཁྱིམ་དང་རྒྱུ་ནོར་

བཅས་པ་ཐེངས་བདུན་གྱི་བར་དུ​ུ་ཁོ་ལ་སྤྲད་ཀྱང་ཁོ་ནི​ི་སྔོ​ོ​ོན་མ་རང་འཇགས་ལས་ཡར་རྒྱས་འགྲོ་

ཐུ​ུབ་ཀྱི་མེ​ེད། མཐར་རྒྱལ་པོ་དེ​ེས་བུ་མེ་སྐྱེ​ེས་ལ་རྩོད་པ་ཁོ་ན་བྱས་ནས་རྐུན་མ་དང་ཇག་པ་བཏང་ ནས་བུའི་རྒྱུ་ནོར་ལ་གནོད་པ་ཆེན་པོ་བཟོས་པར་བརྟེན། མེ་སྐྱེ​ེས་ཀྱི​ི་བསམ་པར་རྒྱུ་ནོར་ལོངས་ སྤྱོད་ནི​ི་རང་ཉི​ིད་འཁོར་བའི​ི་སྡུག་བསྔལ་ནང་གཡུག་མཁན་དང་གཞན་གྱི་བཟོད་མ་ཐུ​ུབ་པར་

འཁྲུ​ུག་རྩོད་སོ​ོགས་བཟོ་མཁན་གཙོ་བོ​ོ་དེ​ེ་རེ​ེ​ེད་འདུ​ུག །གལ་སྲིད་ཡབ་རྒྱལ་པོ་གཟུགས་ཅན་སྙི​ིང་ པོ​ོ་གསོན་པོར་བཞུགས་ཡོད་ན་མི་རྣམས་བདེ་སྐྱི​ིད་རང་དབང་ངང་འཚོ་བ་བསྐྱལ་རྒྱུ་ཡོང་ངེ​ེས་ རེ​ེད་ཀྱང་། དེ་མེ​ེད་པའི​ི་ཁར་འདོད་རྔམ་དང་སྡིག་ལས་ཁོ་ན་བྱེད་མཁན་རྒྱལ་ངན་འདིས་མི​ི་

རྣམས་སྡུག་བསྔལ་གྱི་རྒྱ་མཆོའ་ི​ི ནང་གཡུ​ུགས་རྒྱུ་ལས་མི་འདུ​ུག་པས་དེ་ཚོར་བསམས་ན་སེམས་ སྐྱོ་དགོས་པ་ཞིག་རེད་བསམས་ཏེ། ཁོ་རང་གི​ི་རྒྱུ​ུ་ནོར་ཡོངས་རྫོགས་དབུ​ུལ་ཕོངས་ཉམ་ཐག་

རྣམས་ལ་སྦྱིན་པ་བཏང་སྟེ་བཅོམ་ལྡན་འདས་ཀྱི་དྲུ​ུང་དུ​ུ་ཕྱིན་ནས་གྲྭ་པ་བྱས། བློ་གཅི​ིག་སེམས་ གཅིག་གི​ིས་ནང་ཆོས་ལ་སློབ་སྦྱོང་དང་ལག་ལེན་བྱས་པས་ཡུན་རིང་མ་སོང་བར་སེམས་ནང་

ཁོང་ཁྲོ་མེ​ེད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ​ེ་ཆེ​ེན་པོས་གཞན་དོན་ཁོ་ན་སྒྲུ​ུབ་མཁན་

4


5


བྱང་ཆུ​ུབ་སེམས་དཔའ་ཞིག་ཏུ​ུ་གྱུ​ུར། བཅོམ་ལྡན་འདས་ཀྱིས་བུ​ུ་མེ་སྐྱེ​ེས་ཀྱི​ི་སྐྱེ​ེ་བ་སྔོན་མར་ལས་ བཟང་པོ་གང་དང་གང་བསགས་ཡོད་པའི​ི་སྐོ​ོར་དགེ་སློ​ོང་རྣམས་ལ་གསུངས་པར། སྔོན་གྲོ​ོང་

ཁྱེ​ེར་གཉེན་ལྡན་དུ་ཁྱིམ་བདག་དཔལ་ལྡན་མ་བསྡམས་པ་ཟེར་བ་ཞིག་ཡོད། དེ​ེ་ནི​ི་སེ​ེམས་བཟང་ བ་དང་བསམ་བློ་གཏོང་མཁས་པ་ཞིག་ཡོད་ ཐེངས་ཤི​ིག་སངས་རྒྱས་རྣམ་གཟིགས་ཀྱིས་གཙོ་བོ​ོ་ བྱས་པའི་དགེ​ེ་སློ​ོང་སྟོ​ོང་ཕྲག་མང་པོར་དད་གུས་ཆེན་པོས་དུ​ུས་ཡུ​ུན་ཟླ་བ་གསུམ་རིང་ལ་སྦྱིན་

བདག་བྱས་ནས་ཞབས་ཕྱི་ཧུ​ུར་ཐག་ཞུས་པ་རེད། དེ་རྗེ​ེས་ལུ​ུང་པའི་རྒྱལ་པོས་ཁྱི​ིམ་བདག་དེ་ལ་

རྒྱུ་ནོར་འགྲན་པའི་ཆེ​ེད་སངས་རྒྱས་དང་དགེ་སློ​ོང་རྣམས་ལ་གླང་པོ་ཆེ​ེ་དང་། རྒྱལ་མཚན། ནོར་ བུ​ུ། གདུ​ུགས་ལ་སོགས་པའི་མཆོད་པའི​ི་ཡོ​ོ་བྱད་རི​ིན་ཐང་བྲལ་བ་མང་པོ་ཕུ​ུལ། སྐབས་དེར་ཁྱི​ིམ་

བདག་དཔལ་ལྡན་མ་བསྡམས་པའི་སེ​ེམས་སུ་ངས་ཀྱང་དེ་འདྲའི​ི་དངོ​ོས་རྫས་རིན་ཐང་ཆེན་པོས་ དགེ་སློ​ོང་རྣམས་ལ་མཆོད་པ་འབུ​ུལ་རྒྱུ​ུ་བྱུ​ུང་ན་དགའ་བ་ལ་བསམས་པའི་དུས་སུ། ལྷའི་དབང་

པོ་བརྒྱ་བྱིན་གྱི​ིས་རོ​ོགས་པ་བྱས་ཏེ་སུས་ཀྱང་འགྲན་ཟླ་བྲལ་བའི་རི​ིན་ཆེན་མཆོད་པའི​ི་ཡོ​ོ་བྱད་ རྣམ་པ་སྣ་ཚོགས་པས་སངས་རྒྱས་དང་། དགེ་སློ​ོང་རྣམས་ལ་མཆོད་པ་རྒྱ་ཆེན་པོ་ཕུ​ུལ་བ་རེད།

དེའི​ི་བསོད་ནམས་ཀྱི་ནུ​ུས་པས་ཚེ་འདི​ིར་བུ་མེ་སྐྱེ​ེས་ཀྱི​ི་སྐྱེ​ེ་བ་བླངས་ནས་རྒྱུ་ནོར་ཕྱུག་པོ་དེ​ེ་འདྲ་

ཆགས་པ་དང་། དེ་རྗེ​ེས་དགེ་སློ​ོང་གི​ི་རྩེ​ེ་ཕུད་འདི་འདྲ་ཞི​ིག་ཏུ​ུ་གྱུ​ུར་པ་རེད༌ཅེས་བསོད་ནམས་ཀྱི་ ལས་བསགས་པའི་འབྲས་བུ​ུ་སྟོན་པའི་ཆོ​ོས་གནང་ངོ་།།

࿉࿉࿉.......................

........................࿉࿉

6


བཅུ་པ། མངལ་ནས་བྱུང་བ་བསྟན་པའི་རྟོགས་བརྗོད།   མི་ལུས་རིན་ཆེན་ཐོབ་པར་དགའ་མོས་ཀྱང་།    དོན་མེད་ཆུད་ཟོས་སོང་ན་ཡིད་རེ་སྐྱོ།

༄༅། །སྔོན་རྒྱ་གར་གྱི་གྲོ​ོང་ཁྱེ​ེར་ཙམ་པ་ཀ་ཟེར་བར་མེ་ཏོ​ོག་པདྨས་མཐའ་ནས་བསྐོར་བའི​ི་

རྫི​ིང་བུ་ཞིག་ཡོད། དེ​ེར་ཀུན་དགའ་བོ་སོ​ོགས་དགེ་སློ​ོང་མང་པོ་འཛོམས་པའི་ས་ལ་བཅོམ་ལྡན་

འདས་ཀྱིས་སྲི​ིད་པའི​ི་སྡུག་བསྔལ་སྐྱེ་རྒ་ན་འཆིའི​ི་ཉེ​ེས་དམིགས་སྐོར་གསུ​ུངས་དོན། འགྲོ་བ་

སེམས་ཅན་རྣམས་ཀྱི་ལུ​ུས་ནི་དགེ​ེ་བ་དང་སྡིག་པའི་ལས་གཉིས་ཀའི་དབང་གིས་བསྐྱེད་པ་ཡིན། དཔེར་ན། གྱོན་གོས་རྣམས་གསར་པའི་སྐབས་ལ་སྙིང་རྗེ​ེ་མོ​ོ་ཡོ​ོད་ཀྱང་། དེ་ཚོ་རྙི​ིང་པ་ཆགས་

ནས་རྩབ་རལ་དུ་གྱུར་ན་ཡང་། གྱོན་གོས་དེ​ེ་ཚོའི​ི་སྒང་ལ་འཁོར་བའི​ི༌དྲེ​ེ​ེག་པ་རྣམས་མེད་པར་མི་ འགྱུར་བ་ནང་བཞིན་ཡི​ིན། སྐྱེ་འགྲོ་རྣམས་ཀྱི་ལུ​ུས་ཐོག་མར་ཆགས་སྟངས་ནི་ ཕོ་མོ​ོ་གཉི​ིས་ལུ​ུས་ འདྲེས་བྱུང་བའི་རྐྱེ​ེན་གྱི​ིས་ཕ་ཡི་ཐི​ིག་ལེ​ེའམ་ཁུ་བ་དང་། མ་ཡི་ཟླ་མཚན་ནམ་ལུ​ུས་ཁྲག་གཉིས་

མ་ཡི་ཁོ​ོག་པའི་མངལ་དུ་འདྲེས་ཏེ་ལུ​ུས་གཟུ​ུགས་ཆགས་པ་དང་། ལུ​ུས་གཟུགས་དེ་ལ་ལས་ཀྱིས་ དེ​ེད་པའི​ི་རྣམ་ཤེས་ཤི​ིག་ཞུགས་ཏེ། ཨ་མའི་ལྟོ​ོ་བའི​ི་དྲོ​ོ​ོད་ཀྱི​ིས་མེ་ཏོ​ོག་གི​ི་འབྲས་བུ​ུ་སྨིན་པ་ལྟར་ རིམ་པས་ཆེ་རུ་ཆེ་རུ​ུ་ཕྱི​ིན་ཏེ​ེ། ཟླ་བ་དགུ་དང་ཞག་མ་བཅུ་ལོན་རྗེས་ཨ་མའི་ཁོག་པ་ནས་ཐོན་ པར་ཕྲུ​ུ་གུ​ུ་སྐྱེས་སོ་ཞེ​ེས་ཕ་མ་གཉིས་པོས་དགའ་སྣང་བྱེད།

ཕྲུ​ུ་གུ​ུ་མ་བྱར་དེ་གན་རྐྱལ་དུ​ུ་ཉལ༌ཞིང༌ཁ་གདངས་ཏེ་ཨ་མའི་ནུ་རྡོག་འཛི​ིན་ནས་ནུ་ཞོ་

འཐུ​ུངབ་ཙམ་ལས། ཨམ་མཆོག་གི​ིས་སྐད་ཆའི་སྒྲ་དོན་གོ་མི​ི་ཐུ​ུབ༌ལ༌མིག་གི​ིས་གང་དུ​ུ་བལྟས་ ཀྱང་གསལ་པོ་མཐོང་མི​ི་ཐུ​ུབ། དེ་ནས་ནུ་ཞོ་འཐུང་སའི་ཨ་མ་དེ་ངོ​ོ་ཤེ​ེས་པ་ཙམ་ལས། ཉལ་ས་

བདེ་པོ​ོ་མེ​ེད་པ་དང་། ཉལ་ཆས་ཀྱི​ིས་མནན་པ། ལུས་ཁྱོག་ནས་ཉལ་དྲགས་པ། སྲོག་ཆགས་ཕྲ་

མོས་ཟ་བ་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ནས་ངུ་བ་ཙམ་ལས་སྐད་ཆའི་ཚི​ིག་ནི​ི་ལབ་

མི་ཤེ​ེས། དེ་ནས་རིམ་བཞིན་ལོ་ན་ཆེ་རུ་སོང་བ་དང་མཉམ་དུ​ུ་ཕྲུ​ུ་གུ​ུ་ཆུ​ུང་ཆུ​ུང་གི་སྣང་བ་ག་ལེར་ ག་ལེར་ཕར་ཡལ། རིག་པ་སྔར་བས་གསལ་དུ​ུ་གསལ་དུ​ུ་ཕྱིན། ལུ​ུས་སྟོབས་རི​ིམ་བཞིན་ཆེ་རུ​ུ་

7


8


སོང་ནས་གཞོན་པ་ཞིག་ཏུ​ུ་གྱུ​ུར། འོན་ཀྱང་འདོད་པའི​ི་དབང་གིས་སྡུག་བསྔལ་གྱི་འབྱུ​ུང་ཁུ​ུངས་ ཏེ། བུ​ུ་རྣམས་བུ་མོར་སེ​ེམས་ཆགས་པ་དང་། བུ་མོ་རྣམས་བུ་ལ་སེམས་པ་ཆགས་ནས་ཕན་ཚུན་

ཚི​ིག་སྙན་པའི་སྐད་ཆར་ཨམ་མཆོག་གི​ིས་ཉན་པ་དང་། ལུ​ུས་ཀྱིས་ཕན་ཚུ​ུན་འཐམས་ཤིང་འཁྱུད་ པ། ཁ་ཡི་ཆང་གི་དྲི​ི་ལ་སྣས་སྣོམ་པ་དང་། དེ་ཡི​ི་རོ​ོ​ོ་ལ་ལྕེ་ཡི​ིས་མྱོངས་བ། གདོང་ལ་མིག་ཀྱང་

ཡང་ཡང་ལྟ་ཞིང་སྐྱེ​ེ་བོ​ོ་སྔ་མ་རྣམས་སུ་རང་ལ་གནོད་པ་ཡང་ཡང་བྱེད་མཁན་གྱི་དགྲ་བོ་ཡི​ིན་ ཀྱང་དེ་ལ་དགའ་ཞིང་བརྩེ་བས་འབྲལ་མ་ཕོད་པ་ལྟ་བུ་བྱས།

སྐྱེ་བ་སྔ་མོའ་ི​ི ཕ་མ་དང་དགའ་གཉེན་རྣམས་ལ་སྡང་ཞིང་འཁོན་སེ​ེམས་བྱེད་པ་དང༌། མི་

དང་དངོས་པོ་གསར་པ་གསར་པ་རྣམས་ལ་སེམས་ཆགས་ཤིང་། གཞན་གྱི་བཟའ་མི་ལའང་

འདོད་པའི​ི་སེ​ེ​ེམས་ཤོར། དེ་ལྟརའཁོར་བའི​ི་རྒྱ་མཚོ་མཐའ་མེད་དུ​ུ་ལྷུ​ུང་ཡང་ད་དུ​ུང་དེ་ནི​ི་ཧ་ཅང་ ཡག་པོ་ཞི​ིག་ཡི​ིན་བསམས་ནས། འདོད་སེ​ེམས་ཀྱིས་སྨྱོ་བ་ལྟར་དུ​ུ་གྱུ​ུར། དེ་འདྲའི​ི་ངང་འཇིག་

རྟེན་འཁོར་བའི​ི་ཟང་ཟིང་གི​ི་བྱ་བ་ཁོ་ནར་མགོ་བོ​ོ་འཁོར་ནས་སྐྱེ་བ་ཕྱི་མའི​ི་དོ​ོ​ོན་དུ་ལས་དགེ་བ་

བསགས་ལོང་མ་བྱུ​ུང་བའི་ཁར། མི་དགེ​ེ་བ་སྡིག་པའི་ལས་མང་པོ་གསོག་གི​ིན་གསོག་གི​ིན་ཚེ་ལ་ རྐུན་མ་ཤོར་བ་ལྟར་སྣང་མེད་ཀྱི​ི་ངང་ནས་ལོ་རྒས་ཤིང་ལུ​ུས་གོག་ཏོ་ཆགས།

ཁ་ནང་གི་སོ​ོ་རེ​ེ་རེ​ེ​ེ་བཞི​ིན་བུད་འགྲོ་བ་དང་། མགོ་བོ​ོའ་ི​ི སྐྲ་ཡང་ཟད་ཅིང་ལུ​ུས་པོའ་ི​ི སྟོ​ོ​ོབས་

ཉམས། ལུས་གུ​ུག་ནས་འགྲོ་བཞི​ིན་གོམ་པ་རེ་རེ​ེར་དབུ​ུགས་ཧལ༌ན་ཡང་ད་དུང་སྐྱེ་བ་སྔོན་མའི་

བག་ཆགས་མ་ཟད་པར་སྡིག་པའི་ལས་ཁོ་ན་གསོག་གི​ི་ཡོ​ོད། དེ​ེའི​ི​ི་ངང་ནས་དབུ​ུལ་ཕོངས་ལ་བུ​ུ་ ལོན་དེ​ེད་པ་བཞིན་འཆི་བ་མི་རྟག་སྟེ་ཚེ​ེ་རྫོ​ོགས་ནས་ཤི་བའི​ི་དུ​ུས་ལ་སླེབས་སྐབས། ས་ཆ་དང་

། ཁང་པ། རྒྱུ་ནོར་དང་། གཡོག་འཁོར། བུ​ུ་དང་། ཆུ​ུང་མ་སོགས་ཡོད་ཚད་ཐམས་ཅད་བཞག་ནས་ ཤི་འགྲོ་གི​ི་ཡོ​ོད། མི​ི་ཡུལ་དུ་སྡོད་རི​ིང་མི​ི་དགེ​ེ་བ་སྡི​ིག་པའི་ལས་ཁོ་ན་བསགས་པའི་འབྲས་བུ​ུར་

དམྱལ་བའི་གཏི​ིང་ལ་ཟངས་ཀྱི་སྣོ​ོད་ཆེ​ེན་པོ་སྟོ​ོང་ཕྲག་མང་པོའ་ི​ི ནང་དུ་བཟོད་ཐབས་མེད་པར་

ཚ་དམྱལ་མྱོང་བ་དང༌། ངུ་འབོད། ཐི​ིག་ནག་ལ་སོགས་དམྱལ་བའི་ཁམས་རྣམས་སུ​ུ་སྡུ​ུག་བསྔལ་ ཁོ་ན་མྱོང་དགོས་པར་འགྱུར། དེ་འདྲ་སོང་ཙང་རང་ཉིད་བྱི​ིས་པའི​ི་དུས་ནས་བཟུང་། ཐོག་མར་

ཡི་གེ​ེ་འབྲི​ི་ཀློ​ོག་ནས་འགོ་བཙུ​ུགས་ཏེ་ཡོན་ཏན་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་བྱས་

9


10


ཏེ་ལེ​ེགས་ཉེས་ཀྱི​ི་དབྱེ​ེ་བ་འབྱེད་ཤེ​ེས་མཁན་རྣམས་སྐྱེ་བ་ཕྱི་མར་ཡང་མངོན་མཐོ་སྟེ​ེ་མི​ི་ལུ​ུས་དང་ ལྷ་ལུ​ུས་ཐོབ་པར་འགྱུར་ཞིང་། དེ​ེ་ནས་ངེས་ལེགས་ཏེ་ཐར་པའི་གོ​ོ་འཕང་རིན་པོ་ཆེ​ེ་ཐོ​ོབ་པར་

འགྱུར། ཁྱད་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེ​ེན་པོར་སླར་མི་འོ​ོང་པའི​ི་འབྲས་བུ་ཐོབ་པའི​ི་ ཐབས། སྐྱོན་དང་བྲལ་བའི་སྒོ​ོ་ནས་བློའ་ི​ི ཏི​ིང་ངེ​ེ​ེ་འཛི​ིན་སྒོམ་པ་དང་། རང་ཉིད་གཅིག་བུ་མིན་

པར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་ཅི​ིང་སྡུག་བསྔལ་མི་འདོ​ོད་པ་གཅིག་པ་ ཡིན་པར་ཤེས་པའི​ི་ཐོ​ོ​ོག་སེམས་ཅན་ཐམས་ཅད་འཁོར་བའི​ི་སྡུག་བསྔལ་ལས་ཐར་པའི་སེ​ེམས་

ཤུགས་བསྐྱེད་དགོས། ཅེས་སྲི​ིད་པའི​ི་སྡུག་བསྔལ་སྐྱེ་རྒ་ན་འཆིའི​ི་ཉེ​ེས་དམིགས་གསུངས་གནང་ བ་རེད།།

࿉࿉࿉.......................

........................࿉࿉

11


བཅུ་གཅིག་པ། མཛེས་དགའ་བོའ ་ི རྟོགས་བརྗོད།   ཆགས་སེམས་སྤངས་པས་སེམས་ཀྱི་དྲི་མ་དག

གཟུགས་དང་ལོངས་སྤྱོད་དར་ཞིང་དགྲ་བཅོམ་ཐོབ།

༄༅། །སྔོན་བཅོམ་ལྡན་སེར་སྐྱའི​ི་ཡུ​ུལ་དུ​ུ་ཤིང་ནྱ་གྲོ་དྷས་མཐའ་ནས་བསྐོར་བའི​ི་གླི​ིང་ཁའི​ི་

ནང་བཞུ​ུགས་པའི་སྐབས། ཤཱཀྱའི་རི​ིགས་ཡིན་པའི་བུ་མཛེས་དགའ་བོ་ཟེ​ེར་བས་བཅོམ་ལྡན་

འདས་མཇལ་དུ་སླེབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བུ​ུ་དགའ་བོ་ལ་ཆོས་ཀྱི​ི་བསླབ་བྱ་

མང་པོ་བསྐྱོན་ཏེ་ཁྱོ​ོད་གྲྭ་པ་བྱས་ན་ཡག་པོ་ཡོ​ོད་རེ​ེད་ཅེ​ེས་གསུངས་ཀྱང་། ཁོ་ནི​ི་རང་གི​ི་དགའ་

རོགས་མཛེས་མ་ཞིག་ཡོད་པ་དེར་སེམས་ཆགས་ནས་ཁ་འབྲལ་མ་ཕོད་པར་བརྟེན། སངས་རྒྱས་ ཀྱི་མདུ​ུན་དུ​ུ་ཕྱག་འཚལ་ཞི​ིང་བཅོམ་ལྡན་འདས། ང་གྲྭ་པ་བྱེད་ཐུ​ུབ་ས་མ་རེད། ཡིན་ནའི་ངས་ ཁྱེད་རང་ལ་དགོས་མཁོ་གང་ཡོད་འབུལ་མཁན་གྱི་ཞབས་ཕྱི་ཡག་པོ་ཞི​ིག་བྱེད་རྒྱུ​ུ་ཡིན་ཞེས་ ཞུས་ཏེ་སོ​ོང་ངོ​ོ་།

དེ​ེ་ནས་མཛེས་དགའ་བོས་རང་གི་དགའ་རོགས་དང་སྐར་ཆ་གཅིག་ཀྱང་ཁ་འབྲལ་མི་ཕོ​ོད་

པར་བསྡད། ཉིན་གཅིག་ཡང་བཅོམ་ལྡན་འདས་དང་ཁོང་གི​ི་སློ​ོབ་མ་རྣམས་བུ་མཛེས་དགའ་

བོའ་ི​ི ནང་དུ་ཕེབས། ཁོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཞུགས་ཁྲི་མཐོན་པོ་ཞི​ིག་གྲ་ སྒྲིག་ཞུ​ུས་ཤི​ིང་། གུ​ུས་ཞབས་ཆེན་པོས་མཆོད་པ་དང་ཞལ་ལག་གྲ་རྒྱས་པོས་སྣེ་ལེ​ེན་ཞུས། སངས་ རྒྱས་ཀྱིས་ཁོ་ལ་ཆོས་ཀྱི​ི་བསླབ་བྱ་མང་པོ་སྐྱོ​ོན་ཏེ་ལོ​ོག་ཕེབས། བུ་མཛེས་དགའ་བོས་སངས་རྒྱས་ ལ་སྔར་བས་ལྷག་པའི་དད་པ་སྐྱེས་ཏེ་གསེར་གྱི​ི་སྣོ​ོད་ཆེན་པོ་ཞི​ིག་ནང་ཞལ་ཟས་སྣ་ཚོགས་

བླུགས་ཏེ་བཅོམ་ལྡན་འདས་ལ་འབུལ་བར་འགྲོ་རྩི​ིས་བྱེ​ེད་སྐབས་རང་གི་དགའ་རོགས་དེ་མཐོང་

བས་ཁོས་ང་མགྱོགས་པོ་སླེ​ེབས་ཡོང་ཞེ​ེས་ཟེར་ནས་སངས་རྒྱས་ཕེབས་པའི་རྗེ​ེས་སུ་ཕྱིན། སངས་ རྒྱས་ཀྱི་རྗེ​ེས་ཟི​ིན་མ་ཐག་ཞལ་ཟས་རྣམས་ཕུལ་ཏེ་ལག་གཉིས་ཐལ་མོ་སྦྱར་ནས་ད་གུས་པ་ལོག་ འགྲོ་རྒྱུ​ུ་ཡིན་ཞེས་ཞུ​ུས་པར་སངས་རྒྱས་ཀྱིས་ཞལ་རས་དགོད་འཚེར་འཚེར་ངང་ཁོ་ལ་གཟིགས་ ཤིང་། དགའ་བོ་ཁྱེ​ེད་མགྱོགས་པོ་དེ​ེ་འདྲ་ལོག་དགོས་དོ​ོན་གང་ཡིན་ནམ། ཁྱོད་ཀྱི​ི་མི​ི་ཚེ​ེ་འདི​ི་ལ་

12


13


སྐྱེ་བོ​ོ་བུད་མེད་གཅིག་ལ་སེམས་ཆགས་ནས་བསྡད་ན་ཚེ་འདི​ི་འཕྲོ་བརླགས་རེད། དེ་ལས་ཚེ་ཕྱི​ི་ མ་རྣམས་ཀྱི་དོ​ོན་དུ​ུ་ཚེ་འདི​ིར་དོ​ོ​ོན་སྙི​ིང་ཡོད་པའི​ི་བྱ་བ་ཞིག་བསྒྲུ​ུབ་རྒྱུ​ུ་གལ་ཆེན་པོ་རེད། བྱས་

ཙང་ཁྱོད་ཀྱང་བདེ་བ་ཆུ​ུང་ཆུ​ུང་ཞིག་ལ་སེམས་ཆགས་ནས་མ་བསྡད་པར་སེམས་ཞི་ཞི​ིང་དུལ་

བ་ཞིག་ཡོང་བ་བྱེད་དགོས། དེ་བྱེ​ེད་པར་ཡོན་ཏན་སྦྱོང་རྒྱུ་དེ་གལ་ཆེ་པོ​ོ་རེ​ེད། ཡོན་ཏན་ཡག་པོ་ ཞི​ིག་ཤེས་པའི་ཆེ​ེད་དུ་ཁྱོད་ངེ​ེས་པར་གྲྭ་པ་བྱས་ནས་མི་མེ​ེད་ལུང་སྟོང་ཞི​ིག་ཏུ​ུ་སྒོམ་བརྒྱབ་ནས་ སྡོད་དགོས། ཅེས་གསུངས།

ཁོའ་ི​ི སེ​ེ​ེམས་ལ་བཅོམ་ལྡན་འདས་ཀྱིས་གསུངསཔའི་བསླབ་བྱ་དེ་ཚོ་དངོ​ོས་གནས་ང་རང་

ལ་ཕན་པའི་བསླབ་བྱ་རེད་བསམས་ཀྱང་ཁོ་རང་གི་དགའ་རོགས་དེ་དང་ཁ་འབྲལ་ཐུ​ུབ་ཀྱི་མེ​ེད་

པས་གྲྭ་པ་བྱེད་རྒྱུ​ུ་ཁས་མི་ལེ​ེན་པར་འགྲོ་རྩི​ིས་བྱེ​ེད་སྐབས་སངས་རྒྱས་ཀྱི་ཁོ​ོ་ཚུ​ུར་བཟུ​ུང་ནས་མགོ་ སྐྲ་རྣམས་བཞར། ལུ​ུས་ལ་གྲྭ་ཆས་གཡོགས། ལག་པར་ལྷུང་བཟེད་བསྐུར་ནས་ཁོང་ཚོ་མཉམ་

དུ་ཤིང་ནགས་དཀྱིལ་དུ​ུ་ཁྲིད་སོ​ོང་ངོ​ོ་། ཁོའ་ི​ི ལུས་པོ་ས་ཆ་དེར་སླེ​ེབས་པ་ཙམ་ལས་སེམས་ནང་ དགའ་རོགས་དེ་རྟག་པར་དྲན་པའི་དབང་གིས་ཉི​ིན་མོ་ཟས་ཟ་འདོད་མེ​ེད་པ་དང་ མཚན་མོ་ གཉིད་མི​ི་ཁུ​ུག་པར་དུ​ུས་ཚོད་གང་ཙམ་སོང་བས་གཟུགས་པོ་ཧ་ཅང་སྐྱོ་པོ​ོ་ཆགས།

ཉིན་ཞི​ིག་ཁོས་ཁ་ཁར་ལ་ས་གནས་དེ་ནས་བྲོས་ཕྱི​ིན་ཡང་སངས་རྒྱས་བཅོམ་ལྡན་འདས་

ཀྱི​ིས་མཁྱེན་ཏེ​ེ་ཚུ​ུར་བཟུ​ུང་ནས་སླར་ཡང་ཆོས་ཀྱི​ི་བསླབ་བྱ་མང་པོ་བསྐྱོན་ཏེ་ས་གནས་དེར་གད་ རྒྱག་མཁན་དུ་བཞག།

ཁོས་གད་བརྡར་ག་ཚོད་བྱས་ཀྱང་གད་སྙིགས་རྣམས་མ་དག་པས་ཁོ་སེ​ེམས་སྐྱོ་བ་དང་

དགའ་རོགས་མཛེས་མ་དེ་ལྷག་པར་དྲན་ནས་སླར་ཡང་ནང་གི་ཕྱོ​ོགས་སུ་བྲོས་པས་བཅོམ་ལྡན་ འདས་ཀྱིས་མཁྱེན་ཏེ་ཚུ​ུར་བཟུང་སྟེ། ལྷ་ཡུལ་དུ་འཁྲིད་ནས་ལྷ་མོ་ཧ་ཅང་མཛེས་མ་མང་པོ་ཁོ​ོ་ ལ་བསྟན་ཏེ་ཁྱོ​ོད་ཀྱི​ི་དགའ་རོགས་མཛེས་པ་འདུག་གམ་ཡང་ན་ལྷ་མོ་དེ​ེ་ཚོ་མཛེས་པ་འདུག་ ཅེས་སྐད་ཆ་དྲིས་པས། ཁོ་ནི​ི་ལྷ་མོ་དེ​ེ་ཚོ་མཐོང་བ་ཙམ་གྱིས་སེ​ེམས་དབང་མེད་དུ​ུ་ཤོར་ནས་

ཁོ་རང་གི་དགའ་རོགས་དེ་ཡང་གཏིང་བརྗེད་དུ​ུ་སོང་། བཅོམ་ལྡན་འདས་ཀྱིས་ཁོའ་ི​ི སེ​ེ​ེམས་པ་

མཁྱེན་ནས་ཁོ་ལ། དགའ་བོ་ཁྱོ​ོད་གནས་སྐབས་རིང་བུད་མེད་དང་འབྲེལ་བ་སྤངས་ཏེ་ཆོ​ོས་ཀྱི​ི་

14


15


ནང་དོན་སློབ་སྦྱོ​ོང་ཡག་པོ་བྱས་ན་ལྷ་མོ་དེ​ེ་དག་ཁྱོད་ལ་སྟེར་ཆོག་ཅེས་གསུངས་ ཁོ་ནི​ི་ལྷ་མོ་ དེ​ེ་ཚོར་རྔམས་ནས་སློབ་སྦྱོང་ལའང་ཧུར་བརྩོན་ཆེ​ེན་པོ་བྱས། ཐེངས་ཤི​ིག་ཁོའ་ི​ི མཐོང་སྣང་ལ་

ཁོ་རང་དམྱལ་བའི་ཡུ​ུལ་དུ​ུ་སླེབས་ནས་མི་གདོང་པ་ཞེད་སྣང་ཚ་པོ​ོ་མང་པོས་ལྕགས་ཀྱི་སྣོ​ོད་ཧ་

ཅང་ཆེན་པོ་ཞི​ིག་ཐབ་ཆེན་པོ་ཞི​ིག་གི​ི་སྒང་ལ་བཙུགས་ནས་མེ་སྤར་རྩིས་བྱེད་བཞི​ིན་པ་མཐོང་།

ཁོས། ཁྱེད་ཚོ་ག་རེ་བྱེ​ེད་ཀྱི​ི་ཡོ​ོད་དམ་ཞེས་སྐད་ཆ་དྲིས་པར། དམྱལ་སྲུང་བ་ཞེད་སྣང་ཚ་པོ​ོ་ཞི​ིག་ གི​ིས། འདི་ནི​ི་ཤཱཀྱའི​ི་རི​ི​ིགས་རྒྱུ​ུད་ཀྱི་བུ​ུ་མཛེས་དགའ་བོ་ཞེ​ེས་པས་བེུད་དང་འབྲེལ་བ་བྱ་རྒྱུ​ུ་མིན་ པ་ཁས་བླངས་ཀྱང་སེམས་ནང་ལྷ་ཡུ​ུལ་གྱི་ལྷ་མོ་རྣམས་དྲན་བཞིན་འདུག་ དེ་ནི​ི་ཉེ​ེས་པ་ཆེན་

པོ་ཡི​ིན་པས་ཁོ་སྣོ​ོད་ཆེ​ེན་པོ་འདི​ིའི​ི​ི་ནང་བཙོ་རྒྱུ་ཡིན་ཞེས་ཟེར་བ་ཐོས་མ་ཐག་ཁོ་ཞེ​ེད་ཐག་ཆོད་

ནས་ཕར་ལོག་སྟེ་བཅོམ་ལྡན་འདས་ཀྱི་དྲུ​ུང་དུ​ུ་ཕྱིན་ནས་ལྷ་མོ་དེ​ེ་ཚོ་ང་ལ་མི་དགོས་ངས་ད་ནས་ བཟུང་ཁྱེད་ཀྱི​ི་ཞལ་ལ་ཉན་ནས་ཡོན་ཏན་ལ་སློབ་སྦྱོང་ཧུ​ུར་ཐག་བྱ་རྒྱུ​ུ་ཡིན་ཞེས་ཞུས།

དེ་ནས་བཟུང་ཁོས་འདོད་ཆགས་དང་ཞེ་སྡང་གཏི་མུ​ུག་བཅས་སེམས་ནང་གི་ཉེ​ེས་སྐྱོན་

ཚང་མ་སྤངས་པས་དགྲ་བཅོམ་པའི་གོ​ོ་འཕང་ཐོབ་པ་རེད་ བུ​ུ་མཛེས་དགའ་བོ་དེ​ེ་ལྟར་ཆགས་ དགོས་པའི​ི་ཚེ​ེ་སྔོ​ོན་ལས་ཀྱི་རྒྱུ་གང་ཡིན་ཟེར་ན། ཁོས་སྐྱེ​ེ་བ་མང་པོར་སངས་རྒྱས་དང་དགེ་

འདུ​ུན་ལ་ཞབས་ཕྱི་ཧུ​ུར་ཐག་ཞུ​ུས་པ་མ་ཟད། དེ་དག་ལ་དད་གུས་ཆེན་པོས་རྒྱུ་ནོར་རི​ིན་ཐང་

ཆེན་པོའ་ི​ི མཆོད་རྟེ​ེན་ཡང་མང་པོ་བཞེངས་ཏེ་བསོད་ནམས་གསོག་པའི་ལས་བྱས། དེའི​ི་འབྲས་ བུར་ཚེ་འདི​ིར་ཤཱཀྱའི​ི་རི​ི​ིགས་སུ​ུ་སྐྱེས་པ་དང་གཟུ​ུགས་བཟང་ཞིང་རྒྱུ་ནོར་ཕྱུག་པོར་གྱུར་པ་མ་

ཟད་ད་ལྟ་དགྲ་བཅོམ་པའི་གོ​ོ་འཕང་ཡང་ཐོབ་པ་རེད། དགེ་སློ​ོང་ཚོ། སུས་ལས་བཟང་པོ་བསོད་

ནམས་ཀྱི་བྱ་བ་བྱས་ན་དེའི​ི་འབྲས་བུ​ུ་ནི་རང་ལ་ངེས་པར་སྨིན་རྒྱུ་གཏན་འཁེལ་བ་ཡིན་ནོ། ཞེས་ ལེགས་བྱས་བསོད་ནམས་ཀྱི་འབྲས་བུ​ུ་བསྟན་པའི་ཆོས་གསུངས་གནང་བ་རེད།།

࿉࿉࿉.......................

........................࿉࿉

16


བཅུ་གཉིས་པ། འཕགས་སྐྱེས་པོའ ་ི རྟོགས་བརྗོད།   ཚེ་འདིར་རང་ལ་བདེ་སྡུག་ཇི་བྱུང་ཀུན།

སྔོན་བསགས་ལས་ཀྱི་འབྲས་བུ་ཁོ་ནར་ངེས།

༄༅། །སྔོན་ཤཱཀྱའི་གྲོ​ོང་ཁྱེ​ེར་སེ​ེར་སྐྱར། མིང་ཆེ​ེན་གྱི​ི་གཡོག་མོ་མི​ིང་ལ་འཕྲེང་ཅན་མ་ཟེར་

བ་གཟུགས་བཟང་ཞིང་རྣམ་པ་མཛེས་པ། ཤེས་བྱ་ཡོན་ཏན་སོགས་རིག་གནས་ལ་མཁས་པ་ཞིག་ ཡོད། ཉི​ིན་ཞི​ིག་མོ་ལས་ཀ་བྱས་ནས་སྡོད་སྐབས་བཅོམ་ལྡན་འདས་ཕེབས་པ་དང་མཇལ་ནས་

མཆོད་པ་འབུལ་འདོད་བྱུང་ཡང་གཡོག་མོ་ཡི​ིན་པས་ཕུལ་མ་ནུས། སྐབས་དེར་མོའ་ི​ི བསམ་ཚུལ་

དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཆེད་མངགས་མོའ་ི​ི སར་ཕེབས་ཏེ་ཞལ་ཟས་སློང་བས་མོ་ དགའ་ནས་ཞལ་ཟས་ཕུལ། བཅོམ་ལྡན་འདས་ཀྱིས་མོ་ལ་སྡུག་བསྔལ་མི་འབྱུང་བའི་སྨོ​ོན་ལམ་ བཏབ་སྟེ་ཕེབས་སོ། དེ​ེ་ནས་མོའ་ི​ི པཱ་ལགས་ཀྱི་གྲོ​ོགས་པོ་བྲམ་ཟེ་ཞི​ིག་ཡོད་པ་དེས་མོ་ལ་བུ་མོ་ཁྱེ​ེད་

གང་མགྱོགས་རྒྱལ་པོའ་ི​ིབཙུན་མོ་ཆགས་པ་འདུག་ཟེར།

དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་དྭགས་རྒྱག་ཏུ​ུ་ཡོང་སྟེ་ཡུལ་དེར་འབྱོར་

རྒྱལ་པོས་བུ​ུ་མོ་འཕྲེང་ཅན་མ་མཐོང་བ་ཙམ་གྱིས་སེམས་དབང་མེད་དུ​ུ་ཤོར་ནས་ཤཱཀྱ་མིང་ཆེ​ེན་ ལ་བུ་མོ་དེ​ེ་སློ​ོང་བས་མིང་ཆེ​ེན་གྱི​ིས་ཀྱང་རང་གི་བུ​ུ་མོ་ནང་བཞིན་རྒྱན་གོས་སྙི​ིང་རྗེ​ེ་མོ​ོ་ཞི​ིག་

གཡོགས་ནས་རྒྱལ་པོ་ལ་སྟེར། རྒྱལ་པོ་དགའ་ནས་བུ​ུ་མོ་འཕྲེང་ཅན་མ་ཁྲིད་དེ​ེ་རང་ཡུ​ུལ་དུ​ུ་ལོག་

ཡུ​ུལ་དུ​ུ་སླེབས་སྐབས་རྒྱལ་པོ་དེ​ེར་ཤི​ིན་ཏུ​ུ་མཛེས་པའི་བཙུན་མོ་གཞན་ཞིག་ཡོད་པ་དེའི​ི་མི​ིང་ལ་ དབྱར་རྣམ་མ་ཟེར་ མོས་འཕྲེང་ཅན་མར་ལག་པས་འཆང་སྐབས་དེའི​ི་ལུ​ུས་ནི་མེ​ེ་ཏོ​ོག་པདྨ་ལས་ འཇམ་པ་ཡོད་པས་ཡ་མཚན་སྐྱེས་པ་དང་སྦྲགས་ཁོང་བཙུན་མོ་གཉི​ིས་ཕན་ཚུན་གཅེན་གཅུ​ུང་ ལྟར་ཤིན་ཏུ་འཆམ་པོར་གྱུར།

དེ་གཉི​ིས་ཀྱི​ི་ཚེ​ེ་སྔོ​ོན་མའི་ལས་ཀྱི་སྐོ​ོར་བཅོམ་ལྡན་འདས་ཀྱིས་དགེ་སློ​ོང་རྣམས་ལ་བཀའ་

སྩལ་པ། སྔོན་བྲམ་ཟེ་ཐོ​ོས་མཆོག་ཟེར་བར་ཆུང་མ་མིང་ལ་མཛེས་མ་ཟེར་བ་ཞིག་དང་། ཤ་རི་ཤ་

17


18


ཀ་ཟེར་བ་གཉི​ིས་བྱུང་ཞིང་། ཆུ​ུང་མ་རྒན་པ་མཛེས་མའི་གཅེན་པོ་སངས་རྒྱས་སུ་གྱུར་པ་ཞིག་ ཡོད་པ་དེ་ཁྱི​ིམ་དུ​ུ་གདན་དྲངས་ནས་དུ​ུས་ཡུ​ུན་ཟླ་བ་གསུམ་གྱི་རི​ིང་མཆོད་པ་ཁམས་གཙང་ ཞིང་ཡི​ིད་དུ​ུ་འོང་བ་ཕུ​ུལ་ནས་ཞབས་ཕྱི་ཧུ​ུར་ཐག་ཞུ​ུས་བས། ད་ལྟ་དབྱར་རྣམ་མ་ལྷ་མོ་ལྟར་

མཛེས་པར་སྐྱེས་པ་དང༌། ཕྲེང་ཅན་མ་ལུས་འཇམ་ཞིང་རྣམ་པ་མཛེས་པར་སྐྱེས་པ་རེད་ ཅེས་

གསུངས་སོ། དེ​ེ་ནས་འཕྲེང་ཅན་མར་རྒྱལ་པོའ་ི​ི སྲས་ཤིག་འཁྲུ​ུངས། དེའི​ི་མི​ིང་ལ་འཕགས་སྐྱེས་པོ་ ཞེ​ེས་བཏགས། ཆུ​ུང་དུ​ུས་རིག་པའི་གནས་དང་། དཔའ་རྩལ་སྣ་ཚོགས་ཀྱི་སྦྱོ​ོང་བརྡར་སྤྲད། ཁོང་ ཚོའི​ི་གཡོག་པོ་ཞི​ིག་ཡོད་པ་དེར་ཡང་བུ་ཞིག་སྐྱེས་པས་དེའི​ི་མི​ིང་ལ་རིང་སྤྱོད་ཅེ​ེས་བཏགས། དེ་གཉི​ིས་ཆེན་པོ་ཆགས་རྗེས་གྲོགས་པོ་ཧ་ཅང་འཆམ་པོར་གྱུར། ཐེངས་ཤི​ིག་ཁོང་གཉི​ིས་རྟ་

ལ་བཞོན་ནས་ཤཱཀྱའི་གྲོ​ོང་དུ​ུ་ཕྱི​ིན། ཤཱཀྱའི་ཡུ​ུལ་མི་རྣམས་ཀྱིས་འཕགས་སྐྱེས་པོ་ལ་མཛུབ་མོ་ བཙུགས་ཏེ་འདི​ི་ང་ཚོའི​ི་གཡོག་མོ་འཕྲེང་ཅན་མའི་བུ་རེད་ཅེས་སྐད་བརྒྱབ་སྟེ་ཁོ​ོང་གཉི​ིས་

གྲོང་ཚོའ་ི​ི ནང་མ་བཏང་བར་བརྟེན། ཁོང་ཁྲོ་དྲག་པོ་ལངས་ཀྱང་སྐབས་ཤིག་རི​ིང་བྱེ​ེད་ཐབས་མ་

བྱུང་བར་རང་ཡུ​ུལ་དུ​ུ་ལོག །གཡོག་པོ་རི​ིང་སྤྱོད་ཀྱི​ིས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ དྲུ​ུང་དུ​ུ་ཆོས་ཞུ་བར་ཕེབས་པའི་སྐབས་དང་བསྟུན་ཏེ་རང་གི་གྲོ​ོགས་པོ་འཕགས་སྐྱེས་པོ་རྒྱལ་

སར་བསྐོས། རྒྱལ་པོ་གསལ་རྒྱལ་ཆོས་ཞུས་ནས་ལོག་ཕེབས་སྐབས་བཙུན་མོ་གཉི​ིས་ཀྱི​ིས་བུ​ུས་ རྒྱལ་སྲིད་འཕྲོག་པའི་ལོ​ོ་རྒྱུས་རྣམས་རྒྱལ་པོར་ཞུས། རྒྱལ་པོས་བཙུན་མོ་དབྱར་རྣམ་མ་འཁྲིད་ དེ​ེ་རྒྱལ་པོ་མ་སྐྱེས་དགྲ་མཇལ་དུ་གྲོང་ཁྱེ​ེར་རྒྱལ་པོའ་ི​ི ཁབ་ཏུ་ཕེབས། ལམ་དུ་གྲོད་ཁོག་ལྟོགས་

སྐབས་ལ་ཕུག་ཞིག་རྙེད་པས་དེ་ཟས་ཏེ་ཆུ​ུ་འཐུ​ུང་བས་ལ་ཕུ​ུག་ཕོ་བ་ལ་མ་འཇུ་བར་རྒྱལ་པོ་དེ​ེ་

ན་ཟུག་གིས་གྲོངས། གནས་ཚུ​ུལ་དེ་མ་སྐྱེས་དགྲས་ཤེས་ནས། བཅོམ་ལྡན་འདས་ལ་དེ་ལྟར་བྱུང་ བའི་ལས་གང་ཡིན་ཞེས་བཀའ་འདྲི་ཞུ​ུས་པར་བཅོམ་ལྡན་འདས་ཀྱིས་ དེ་ནི​ི་སྔོ​ོ​ོན་བྲམ་ཟེ་རབ་ བདེ་ཟེ​ེར་བ་ཞིག་ཡོད་པ་དེར་ལ་ཕུ​ུག་ཅིག་རྙེད་པ་རེད། ཁོས་ལ་ཕུ​ུག་དེ་ཨ་མར་བཅོལ་ནས་ཆུ​ུ་ བརྒལ་བརྒལ་བར་ཕྱིན། དེ​ེའི​ི​ི་བར་ལ་སངས་རྒྱས་ཤིག་ཟས་སློང་དུ​ུ་ཨ་མ་དེའི​ི་སར་འབྱོར་བས་

གཞན་སྟེར་རྒྱུ་མེད་པར་བརྟེན་བུས་བཅོལ་བའི་ལ་ཕུ​ུག་དེ་ཕུ​ུལ་ རྗེས་ལ་བུ​ུ་གྲོད་ཁོག་ལྟོགས་ཏེ་ ལོ​ོག་སླེབས་དུ​ུས་ལ་ཕུག་སངས་རྒྱས་ཤིག་ལ་མཆོད་པའི​ི་ཚབ་ཏུ​ུ་ཕུ​ུལ་བ་ཤེས་པས་ཁོ་ནི​ི་ཁོ​ོང་ཁྲོ​ོ་ ཆེ​ེན་པོ་ལང་ནས་ལ་ཕུག་དེ་ཕོ​ོ་བ་ལ་མ་འཇུ་བར་ཤི་བ་ཤོག་ཅེས་དམོད་མ་བརྒྱབ། དེའི​ི་སྐྱེ​ེ​ེ་བ་

གསལ་རྒྱལ་ཡིན་ཞི​ིང་སྐྱེ​ེ་བ་གཞན་དུ​ུ་བསོད་ནམས་བསགས་པའི་འབྲས་བུ​ུར་རྒྱལ་པོར་སྐྱེས་པ་

19


20


ཡིན་ཀྱང་། སངས་རྒྱས་ལ་ཚིག་རྩུ​ུབ་ཀྱི​ིས་དམོད་མ་བརྒྱབ་པའི་ལས་འབྲས་སུ​ུ་ལ་ཕུ​ུག་མ་འཇུ་ བར་གྲོངས་པ་རེད་ཅེས་གསུངས།

འཕགས་སྐྱེས་པོ་དེ​ེ་སྔོ​ོན་ཤཱཀྱའི་ཡུ​ུལ་ལ་མ་བཏང་བའི​ི་ཁོ​ོང་ཁྲོ​ོས་དམག་འཁྲིད་ནས་ཤཱཀྱའི་

ཡུ​ུལ་དུ​ུ་ཡོང་སྐབས་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཁོ་བཀག་སྟེ་ལོག་བཏང༌། ཡིན་ནའང་

ཤཱཀྱའི་མི​ི་རྣམས་ཚེ་སྔོ​ོན་ལས་དབང་གིས་ཕྱི​ིའི​ི​ི་དགྲ་བོས་འཇོམས་རྒྱུ་ཡིན་པ་བཅོམ་ལྡན་འདས་

ཀྱི་མངོན་ཤེ​ེས་ཀྱིས་མཁྱེན་ནས་དེ་ཐམས་ཅད་ལ་ཆོས་གསུངས་པ་དང་། ལས་དགེ་བ་ཁོ་ན་བྱེད་

བཅུག། །རྒྱལ་པོ་འཕགས་སྐྱེས་པོ་ལ་བློན་པོ་རི​ིང་སྤྱོད་ཀྱི​ིས་ངན་བསླབ་བྱས་ནས་ཤཱཀྱའི་མི​ི་རྣམས་ ལ་འཁོན་ལན་ཞིག་མ་སློག་ན་འགྲིག་ཐབས་མེད་པའི​ི་གཏམ་ཡང་ཡང་བཤད་ནས་དམག་

བརྒྱག་ཏུ​ུ་བཅུ​ུག། །སྐབས་དེར་ཤཱཀྱའི་མི​ི་རྣམས་ཀྱིས་འདི​ི་ནི​ི་ཚེ​ེ་སྔོ​ོན་གྱི​ི་ལས་ཡིན་པ་བཅོམ་ལྡན་

འདས་ཀྱིས་གསུངས་བྱུང་བར་བརྟེན་ང་ཚོས་ལས་ལ་ཡིད་ཆེ​ེས་བྱས་ནས་འཁོན་ལན་མ་སློག་

པར་བཟོད་སྒོ​ོམ་བྱས་ན་བཟང་ཞེས་གྲོས་སྡུར་ཐག་གཅོད་བྱས། ཡིན་ནའང་ཤཱཀྱ་ཤམ་བྷ་ཀ་ཟེར་

བ་དེ་ཕྱི​ི་ལ་ཕྱི​ིན་ནས་གྲོས་སྡུར་ཐག་གཅོད་བྱས་པ་མ་ཤེས་པར་དམག་བརྒྱབ་ནས་འཕགས་སྐྱེས་

པོའ་ི​ི དམག་མི་མང་པོ་བསད་པ་དང་འཕགས་སྐྱེས་པོ་ཁོ​ོ་རང་ཡང་བྲོས་དགོས་བྱུང་བ་རེད། འོན་ ཀྱང་ཤཱཀྱའི་ཡུ​ུལ་མི་རྣམས་ཀྱི་ཐག་གཅོད་བྱས་པའི་དམ་བཅའ་ནས་འགལ་བར་བརྟེན་ཤཱཀྱ་ཤམ་

བྷ་ཀ་རང་ཡུལ་དུ་ལོག་མ་བཅུག་པས་ཡུལ་གཞན་ལ་ཕྱིན་ཏེ་ཆོ​ོས་བྱས་ནས་བསྡད།

དེ་ནས་ཡང་འཕགས་སྐྱེས་པོས་དམག་སྟོང་ཕྲག་མང་པོ་ཁྲི​ིད་ནས་ཤཀྱའི་ཡུལ་མི་སྟོ​ོང་ཕྲག་

མང་པོ་བསད་པ་དང་བུ་མོ་ལོ​ོ་ཆུང་སྟོང་ཕྲག་མང་པོ་བསྡམས་ནས་བཙན་ཁྲི​ིད་བྱས་ཏེ་ཡུ​ུལ་དེ་

རྩ་མེད་བཏང༌པ་རེད། བཅོམ་ལྡན་འདས་ཀྱང་སེམས་ཅན་དེ་དག་གི་ལས་ལ་སྙིང་རྗེ​ེ་ཚད་མེད་ འཁྲུ​ུངས། དགེ་སློ​ོང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ​ུ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུ​ུས་པར།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

སྔོན་ཉ་པ་རྣམས་ཀྱིས་ཉ་ཆེན་པོ་གཉི​ིས་ཟི​ིན་ནས། ཉིན་ལྟར་ཉ་གསོན་པོའ་ི​ི ལོ​ོགས་ནས་ཤ་

བཅད་དེ་མཐར་བསད་པ་རེད། ཉ་པ་དེ་དག་སྐྱེ་བ་གཞན་དུ​ུ་རྐུ​ུན་མ་ཆགས་ནས་ཁྱིམ་བདག་

ཞིག་གི་རྒྱུ་ནོར་ཚང་མ་འཕྲོག །ཁྱིམ་བདག་དེ་མེ​ེར་བསྲེགས་བཏང་ནས་བསད་པ་རེད། ད་ལྟའི་

21


རྒྱལ་པོ་འཕགས་སྐྱེས་པོ་ནི​ི་སྐབས་དེ་དུས་ཀྱི་ཉ་དེ་ཡི​ིན་པ་དང་། གཡོག་རི​ིང་སྤྱོད་ནི​ི་དེ​ེ​ེའི​ི​ི་སྐབས་

ཀྱི་ཁྱི​ིམ་བདག་དེ་ཡི​ིན། ཤཱཀྱའི་མི​ི་རྣམས་ནི་དེ​ེའི​ི​ི་སྐབས་ཀྱི་ཉ་པ་དང་རྐུན་མ་དེ་རྣམས་ཀྱི་སྐྱེ​ེ་བ་ཡིན་ པས། སྐྱེ་བ་སྔོན་མར་ཉ་དང་ཁྱིམ་བདག་གི་སྲོ​ོག་བཅད་པས་ད་ལྟ་ལས་འབྲས་འཁོར་བ་ཡིན་ཞེས་ སྡི​ིག་པའི་ལས་འབྲས་སྐོར་ཀྱི​ི་ཆོ​ོས་གསུངས་གནང་བ་རེད།།

࿉࿉࿉.......................

........................࿉࿉

22


བཅུ་གསུམ་པ། འཕྲོག་མའི་རྟོགས་བརྗོད།   གཞན་ལ་གནོད་འཚེ་བྱེད་སྐབས་ཇི་མི་དྲན།

ལས་འབྲས་རང་ལ་འཁོར་དུས་སྡུག་སྐད་ཤོར།

༄༅། །སྔོན་རྒྱ་གར་གྱི་གྲོ​ོང་ཁྱེ​ེར་རྒྱལ་པོའ་ི​ི ཁབ་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོ​ོས་གྲོང་མི​ི་རྣམས་

ལ་ཁོང་ཁྲོང་མེ​ེད་པ་བཟོ་ཆེ​ེད་བཟོད་པ་བསྒོམ་པའི་ཁྲི​ིམས་ལུགས་གསར་དུ་བཟོས་གནང་བ་རེད།

ཡི​ིན་ནའང་དེ་དུས་མི་རྣམས་ཀྱིས་ཁྲི​ིམས་ལུགས་དེར་ཡི​ིད་ཆེ​ེས་དང་། དགའ་པོ་དེ​ེ་ཙམ་མ་བྱས་པས་

ཡུ​ུལ་དེར་ན་ཚ་འདྲ་མིན་ན་བའི་ནད་ཡམས་ཚབ་ཆེན་པོ་ཞི​ིག་སླེབས་ཏེ་མི​ི་མང་པོར་གཟུགས་པོ་ མི​ི་བདེ​ེ་བ་བྱུང་བ་དང་། ལྷག་པར་དུ​ུ་ཕྲུ​ུ་གུ​ུ་སྐྱེ་རྒྱུ​ུ་ཡོད་པའི​ི་བུད་མེད་ཚོའི​ི་ཁོ​ོག་པའི་ནང་གི་ཕྲུ​ུ་གུ​ུ་

རྣམས་བརླགས་འགྲོ་བས། དེ་རྣམས་སེམས་སྡུག་ཚད་མེད་སྐྱེ​ེས་ཏེ་ཚང་མས་གྲོས་སྡུར་བྱས་ནས་

རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དཀའ་ངལ་དེ་དག་ལས་གྲོལ་བའི་ཐབས་ཤི​ིག་འདོན་རོགས་ཞུ​ུས།

རྒྱལ་པོས་ངག་འཇམ་པོས་ཁྱེད་རྣམས་སེམས་ཤུགས་མ་ཆགས་པར་མུ་མཐུད་བཟོད་པ་དང་། སེམས་

ཅན་ཐམས་ཅད་ལ་སྙིང་རྗེ​ེ་སྒོ​ོམ་ནས་སྡོད་ཅི​ིག་ དཀའ་ངལ་དེ་ལས་གྲོལ་བའི་ཐབས་ངས་བྱས་ཆོག་

གསུ​ུངས་པས་ཡུ​ུལ་མི་རྣམས་རྒྱལ་པོ་ལ་སེམས་གཏིང་ནས་དད་པ་སྐྱེས་ཤི​ིང་གུ​ུས་བཀུར་ཆེན་པོས་ མཆོད་པ་རྒྱ་ཆེན་པོ་བཤམས།

དེར་རྒྱལ་པོས་ཀྱང་ཡུ​ུལ་དེར་གནས་པའི་མི​ི་མ་ཡིན་གྱི​ི་གདུག་འདྲེ་རྣམས་ལ་མཆོད་པ་རྒྱ་ཆེན་

པོ་བཤམས་ཏེ་ཞབས་བརྟན་ཡང་གྲ་རྒྱས་པོ་ཞི​ིག་བྱས་པས། དེའི​ི་ཡུ​ུལ་ལྷ་ཞིག་གི​ིས་བཤད་པར། ཁྱེད་ ཚོར་དཀའ་ངལ་འདི་འདྲ་བཟོ་མཁན་གཙོ་བོ​ོ་ནི​ི་འཕྲོག་མ་ཟེར་བའི​ི་གདུག་འདྲེ་མོ​ོ་དེ​ེ་རེ​ེད། དེ​ེས་

ཡུ​ུལ་དེར་ནད་ཡམས་ཀྱི་སྲི​ིན་འབུ​ུ་བཏང་བ་དང་། བུ​ུད་མེད་རྣམས་ཀྱི་མངལ་དུ​ུ་ཆགས་པའི་ཕྲུ​ུ་གུ​ུ་

རྣམས་མོས་འཁྱེར་འགྲོ་གི​ི་ཡོ​ོད་ཟེ​ེར་བས། རྒྱལ་པོ་གཟུགས་ཅན་སྙིང་པོ​ོ་རྒྱལ་བློན་གཡོག་དང་བཅས་ པ་ཡུ​ུལ་ཀ་ལན་ཏ་ཀར་ཕེབས་ནས་བཅོམ་ལྡན་འདས་ལ་གནས་ཚུ​ུལ་རྣམས་ཞུས། བཅོམ་ལྡན་འདས་ ཀྱིས་ཆོས་གོས་བཞེས་ཤི​ིང་། ལྷུ​ུང་བཟེད་བསྣམས་ཏེ་འཕྲོག་མའི་ཁྱི​ིམ་ལ་ཕེབས། མོ་ལ་ཕྲུ​ུ་གུ​ུ་ལྔ་བརྒྱ་ ཡོད་པའི​ི་དཀྱི​ིལ་ནས་བུ་དགའ་བྱེད་ཟེར་བ་དེ་ལྷུང་བཟེད་ནང་སྦས་ཏེ་ཕྱི​ིར་ཕེབས། འཕྲོག་མ་ཁྱིམ་

23


24


དུ​ུ་སླེབས་དུ​ུས་རང་གི་སྙི​ིང་དང་འདྲ་བའི་བུ​ུ་དགའ་བྱེད་མེད་པ་ཤེས་ཏེ་གང་སར་བཙལ་ཀྱང་མ་རྙེད་ པས་སེམས་སྡུག་ཆེན་པོས་ངུ་བཞིན་པའི་སྐབས་བཅོམ་ལྡན་འདས་མཇལ། འཕྲོག་མས། བཅོམ་ལྡན་ འདས་ལ་རང་གི་ཕྲུ​ུ་གུ​ུ་བརླགས་ཏེ་སེ​ེམས་སྡུག་དྲག་པོ་སྐྱེ​ེས་པའི་སྐོ​ོར་ཞུས། བཅོམ་ལྡན་འདས་ཀྱིས་ མོ་ལ་ཁྱོད་ལ་བུ​ུ་ལྔ་བརྒྱ་ཡོད་པས་གཅིག་བརླགས་པར་སེམས་སྡུག་བྱེད་དགོས་དོ​ོན་གང་ཡོད་ཅེ​ེས་

གསུངས་ མོས་ངུ་བཞིན་དུ​ུ་བུ​ུ་འབུ​ུམ་ཡོད་ཀྱང་གཅིག་མེད་པ་ཁོ་ནས་སྡུག་བསྔལ་བཟོད་གླགས་མི་ འདུག །ཁྱེད་ཀྱི​ིས་ཕྱག་རོགས་ཤི​ིག་གནང་བར་ཞུ​ུ་ཞེས་ཞུ​ུས་པས།

བཅོམ་ལྡན་འདས་ཀྱིས་མོ་ལ། འོ་ན་དེ་སྔོ​ོན་ཁྱོད་ཀྱི​ིས་ཡུ​ུལ་མི་རྣམས་ཀྱི་ཕྲུ​ུ་གུ​ུ་མང་པོ་འཁྱེར་

བས་དེ་ཚོའི​ི​ི་ཕ་མར་ཡང་བཟོད་དཀའ་བའི་སྡུག་བསྔལ་དྲག་པོ་བྱུང་ཡོད་པ་ནི་ཁྱེ​ེད་ཀྱི​ི་ད་ལྟའི་སྡུག་

བསྔལ་དང་གཅིག་པ་མ་རེད་དམ། དེ་འདྲ་སོང་ཙང་ད་ནས་བཟུང་ཁྱོད་ཀྱི​ིས་སེ​ེམས་བཟང་པོའ་ི​ི ཐོ​ོག་ ནས་སེམས་ཅན་གཞན་གྱི་སྲོ​ོག་མི​ི་གཅོད་པ་དང་། གཞན་གྱི་རྒྱུ​ུ་ནོར་མི​ི་འཕྲོག་པ། རང་གི་བཟའ་

ཚང་མ་ཡིན་པ་དང་མཉམ་དུ་མི་ཉལ་བ། རང་ཉིད་སྨྱོ​ོན་པ་ཆགས་བྱེད་ཀྱི​ི་ཆང་རག་སོགས་མ་འཐུང་ བ། སེམས་ཅན་འཆམ་མཐུ​ུན་དུ​ུ་ཡོད་པ་རྣམས་ཀྱི་བར་ལ་དཀྲུ​ུགས་ཤིང་བརྒྱབ་སྟེ་མི​ི་མཐུན་པ་བཟོ་

བའི​ི་དབྱེ​ེན་སྦྱོར་མི​ི་བྱེ​ེ​ེད་པ་བཅས་བསླབ་པའི་གཞི​ི་ལྔ་ཟེར་བའི​ི་ཆོ​ོས་ཁྲི​ིམས་ལྔ་པོ་གཙང་མར་བསྲུང་ པ་ཡིན་ན་བུ​ུ་དགའ་བྱེད་ཀྱང་འཚོལ་མི​ི་དགོ​ོས་པར་རང་བཞིན་གྱི​ིས་རྙེ​ེད་ཀྱི​ི་རེ​ེ​ེད་གསུངས། བསླབ་

བྱ་དེར་འཕྲོག་མ་ཡིད་ཆེ​ེས་དང་དད་པ་གཏིང་ཟབ་སྐྱེས་ཏེ་སྔོ​ོན་བྱས་ལས་ལ་འགྱོད་སེ​ེམས་དང་

ཕྱིན་ཆད་བཅོམ་ལྡན་འདས་ཀྱིས་གསུངས་བ་ནང་བཞིན་ལག་བསྟར་བྱས་པར་བརྟེན། བཅོམ་ལྡན་

འདས་ཀྱིས་མོའ་ི​ི བུ་དགའ་བྱེད་རང་འཇགས་མོ་ལ་གནང་བས་མོ་ནི​ི་ཤི​ིན་ཏུ​ུ་དགའ་ནས་བསླབ་པའི་ གཞི​ི་ལྔ་པོ་དེ​ེ་དག་མུ​ུ་མཐུ​ུད་ལེགས་པར་བསྲུ​ུང་བར་བརྩོན་ནོ།

འདི​ིར་ཡོད་པའི​ི་དགེ​ེ་སློ​ོང་རྣམས་ཀྱིས་དེ​ེའི​ི​ི་རྒྱུ​ུ་གང་ཡིན་ཞེས་ཞུ​ུས་པར། བཅོམ་ལྡན་འདས་ཀྱིས།

སྔོན་རྒྱལ་པོའ་ི​ི ཁབ་ཏུ​ུ་བུ​ུ་མོ་ཕྱུག་འཚོ་མཁན་ཞིག་ཡོད་ཅི​ིང་། མོས་ཉི​ིན་གཅིག་ད་ར་བཙོངས་ཏེ་ཤི​ིང་ ཏོ​ོག་ཨམྲ་ལྔ་བརྒྱ་ཐམ་པ་ཉོས་ནས་ལམ་བར་ངལ་གསོ་བརྒྱབ་ནས་སྡོད་སྐབས། དེར་རང་སངས་

རྒྱས་ཤིག་བསོད་སྙོ​ོམས་ལ་ཕེབས་པ་མཐོང་བས་མོའ་ི​ི སེ​ེམས་ལ་དད་པ་ཤུགས་དྲག་པོ་སྐྱེ​ེས་ཏེ་སངས་

རྒྱས་དེ​ེ་ལ་ཕྱག་འཚལ་ནས་ཤི​ིང་ཏོ​ོག་ཨམྲ་ལྔ་བརྒྱ་ཐམ་པ་དེ་དག་ཕུ​ུལ། དེའི​ི་བསོད་ནམས་ཀྱིས་ད་

25


26


ལྟ་འཕྲོག་མོ་རྫུ​ུ་འཕྲུ​ུལ་བསྟན་རྒྱུ་ཡོད་པ་དེར་སྐྱེས་ནས་བུ་ལྔ་བརྒྱ་བྱུང་། རང་སངས་རྒྱས་དེ་ལ་ཕྱག་ འཚལ་བའི་ཕན་ཡོན་གྱི​ིས་བསླབ་པའི་གཞི​ི་ལྔ་ཞེས་པའི་ཆོ​ོས་ཁྲི​ིམས་གཙང་མ་སྲུ​ུང་ཐུ​ུབ་པ་བྱུང་བ་ རེ​ེད་ཅེས་ལས་འབྲས་ཀྱི་རྒྱུ​ུ་གསལ་བར་སྟོན་པའི་ཆོ​ོས་གསུངས་གནང་བ་རེད།།

࿉࿉࿉.......................

........................࿉࿉

27


Turn static files into dynamic content formats.

Create a flipbook
མེའི་དཀྱིལ་ནས་སྐྱེས་པའི་ཕྲུ་གུ། by Sherig Books - Issuu