ཕྱི་ལོ་ ༢༠༡༩ ལོར་གཏན་འབེབས་བྱུང་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་ཞུས།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།
འཛིན་རིམ་དང་པོ། (ཚོད་ལྟ།)
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་གཏན་འབེབས་ཞུས།
ཕྱི་ལོ་ ༢༠༡༧ ལོར་རྩོམ་སྒྲིག་དང་གཏན་འབེབས་ཞུས་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ སློབ་གྲྭའི་བོད་ཡིག་སློབ་དེབ་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུས།
རྩོམ་སྒྲིག་འགན་འཁུར་བ། རྩོམ་སྒྲིག་པ།
བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)
དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ།
གཏན་འབེབས་ཚོགས་ཆུང་གི་ཚོགས་མི།
དངོས་གྲུབ་བསྟན་པ།
ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན།
མིང་ཆུང་།
དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ། ཆོས་ཉིད་སྒྲོལ་མ།
བྱམས་པ་དཔལ་མོ།
བློ་བཟང་འཕྲིན་ལས། བཀྲ་ཤིས་མཚོ་མོ།
ཤེས་ལྷན་སློབ་དེབ་ཚན་པའི་འགན་འཁུར་བ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ། ཤེས་རིག་བྱིས་སྒྲུང་རྩོམ་སྒྲིག་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་དགེ།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ།
ཨེ་མིལ་ཡ། (Emilya)
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་ལམ་སྟོན་པ།
ཉི་མ་བུ་ཁྲིད།
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ།
ཨོ་ཤོད་ཚེ་རིང་གཡང་འཛོམས། ནང་བསྟན་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན།
©བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།
དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། Special Acknowledgement
Funded by DANIDA through CICED
Phone: Email: Web:
+91-1892-222572/222721 education@tibet.net www.sherig.org
GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA
DEPARTMENT OF EDUCATION Central Tibetan Administration
ཆེད་བརྗོད།
༄༅།
།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་
གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།
དེས་ན་རང་གི་སྐད་ཡིག་རྒྱུན་
འཛིན་དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ ཞིག་ཡིན་པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ ཐོག་བརྒྱུད་ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་
ལོ་ཉི་ཤུའི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་
གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ་རྒྱ་བལ་གྱི་སློབ་གྲྭ་ཁག་གི་ནང་ལག་བསྟར་ཞུས་དང་ཞུ་ བཞིན་ཡོད་ལ། དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞིའི་རྩ་འཛིན་དང་སློབ་ དེབ་སོགས་ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།
ཉེ་བའི་ལོ་བཅུ་ཕྲག་འགའི་ནང་བོད་མི་ཕོན་ཆེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་གནང་དང་
གནང་བཞིན་པ་མ་ཟད། ཁོར་ཡུག་དང་མི་རབས་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་། རིག་ གཞུང་།
གོམས་གཤིས་བཅས་མུ་མཐུད་རྒྱུན་འཛིན་བྱེད་པར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།
དཀའ་ངལ་དེ་དག་ལ་གདོང་ལེན་ཆེད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་།
བོད་རིགས་སྤྱི་མཐུན་
ཚོགས་པ། བོད་རིགས་ཚོགས་པ། གཞན་བོད་མི་སྒེར་བཅས་ནས་གཟའ་མཇུག་ཏུ་བོད་ཀྱི་སྐད་ཡིག་དང་ རིག་གཞུང་གི་སློབ་གྲྭ་དང་འཛིན་གྲྭ་བསྒྲུབས་པ་དང་།
བོད་ཡིག་སྦྱོང་བའི་ཀློག་དེབ་དང་བྱིས་སྒྲུང་།
དྲྭ་
ཚིགས་དང་དྲྭ་རྒྱའི་ལམ་ནས་བོད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན་འདྲ་མིན་གོ་སྒྲིག་ཞུ་བཞིན་ པ་ལ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་
ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། གཞུང་།
རིག་
ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་ཆེད་དགོངས་ཚུལ་སྡུད་ལེན་ཞུ་
འབྲས།
ས་གནས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་།
རྩོམ་སྒྲིག་ཕྱག་
རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་ སྟེ༑ ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་གནང་བའི་སྔོན་འགྲོ་ནས་འཛིན་
རིམ་བརྒྱད་པ་བར་གྱི་སློབ་དེབ་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་
བཙུགས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་། སུད་སི་ཡི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ སློབ་གྲྭ་ཁག་གིས་རྒྱ་གར་ནང་གི་སློབ་དེབ་སློབ་ཁྲིད་གནང་རྒྱུ་ཐག་གཅོད་བྱུང་བ་ལྟར།
སློབ་ཁྲིད་བརྙན་
འཕྲིན་བཟོ་རྒྱུའི་མཚོན་པའི་ཕྱག་རོགས་ཞུས་། དེ་བཞིན་བེལ་ཇི་ཡམ་དང་ཨོ་གླིང་གིས་ཀྱང་རྒྱ་གར་ནང་གི་
སློབ་དེབ་རྣམས་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུ་རྒྱུ་བྱས་པ་ལྟར་པར་རྩ་རྣམས་མཁོ་སྒྲུབ་ཞུ་རྒྱུའི་མཚོན་མཐུན་
འགྱུར་གང་ཐུབ་ཞུས། ཕྱི་ལོ་
༢༠༡༨
ལོར་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་
གཞུང་སློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟེ།
བོད་ཀྱི་སྐད་ཡིག་
དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག བསླབ་གཞིའི་
རྩ་འཛིན་བཟོ་འགོད་ཐད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར།
སྐད་ཡིག་གཞན་གྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟེ་<<བོད་ཀྱི་སྐད་ཡིག་དང་རིག་གཞུང་
སློབ་གྲྭའི་བསླབ་གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱི་རགས་ཟིན་གཏན་འབེབས་གནང་བ་དང་།
ཕྱི་
ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱིས་ གོ་སྒྲིག་འག ོ ་ནིའུ་ཡོག་ཏུ་བསྐོངས་ཚོགས་གནང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་
གཞུང་སློབ་གྲྭའི་ཚོགས་ཆེན་དང་པོའི་སྟེང་སྤྱི་མོས་གཏན་འབེབས་གནང་།
སྤྱིར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་དང་
འཚམ་པའི་སློབ་དེབ་རྩོམ་སྒྲིག་བྱེད་ཆོག་ཀྱང་།
ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་
སྟབས། ཕྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་སྔོན་འགྲོ་ནས་སློབ་དེབ་རྣམས་རྩོམ་ སྒྲིག་འགོ་འཛུགས་ཞུས།
ཐེངས་འདིར་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་པར་སྐྲུན་ཞུས་
ཏེ༑ ཚོད་ལྟའི་ཚུལ་དུ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་ན། སློབ་དེབ་འདི་དག་ལག་བསྟར་གྱི་བརྒྱུད་ རིམ་ནང་བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་
དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༧ ཉིན།
ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ༓ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་ རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་ བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་
བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་
པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་ སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།
༓ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ ནུས་པའི་“གཞན་ཕན།”
༓ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་ བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།”
༓ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་
དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་ ”བཅས་བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།
ཀ
ཁྲིད་གཞིའི་ལམ་སྟོན།
• སློབ་ཚན་སློབ་ཁྲིད་སྐབས་སློབ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་ བོར་མི་འཛིན་པའི་རྒྱུན་སྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་སྤྱོད་མི་རུང་།
• སློབ་དེབ་འདི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་ སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། འཛིན་རིམ་ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་
གནས་དང་། སློབ་མ། ཁོར་ཡུག ཆ་རྐྱེན་སོགས་མི་འདྲ་བའི་གནས་སྟངས་འོག་སློབ་དེབ་ཀྱི་ནང་དོན་དང་། གོ་རིམ།
ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་
འཛིན་ཐུབ་པ་བྱེད་དགོས། འོན་ཀྱང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས།
• སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་བསླབས་པ་ཙམ་མ་ཡིན་ པར། སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། རྒྱུན་མཐུད་རྟོག་ཞིབ་ཀྱིས་སློབ་མའི་སྐད་ ཡིག་གི་གནས་ཚད་ལ་གདེང་འཇོག་བྱེད་དགོས།
སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་
བརྟེན། སློབ་དེབ་འདི་ཉིད་བེད་སྤྱད་ནས་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་གཏོང་དགོས།
• མགོ་ཅན་རྣམས་སྒྲ་དག་པོར་ཀློག་ཐུབ་པ་དང་། མགོ་ཅན་ལ་དབྱངས་སྦྱར་བ། དེ་བཞིན་བརྩེགས་མའི་ཡི་གེ་དང་།
བརྩེགས་མའི་ཡི་གེ་ལ་དབྱངས་སྦྱར་ཏེ་སྒྲ་དག་པར ོ ་ཀག ློ ་ཐུབ་པ་བྱེད་དགས ོ ་པ་དང་། གཙོ་བ་ོ སྦར ྱོ ་ཀག ློ ་ལ་ཤུགས་རྒྱག་ རྒྱུ་གལ་ཆེ། དེ་བཞིན་བོད་སྐད་ཐོག་འཚམས་འདྲི་ཞུ་བ་དང་། རང་ཉིད་ཀྱི་གནས་ཚུལ་དང་ནང་མིའི་སྐོར་ལ་ལན་ འདེབས་སྟབས་བདེ་བྱེད་ཐུབ་པར་བྱེད་དགོས།
• སློབ་ཚན་ཁྲིད་སྐབས་མགོ་ཅན་གྱི་མིང་དང་འབྲེལ་བའི་ཚིག་གྲུབ་དང་། ལུས་ཀྱི་ཆ་ཤས་དང་། ཤིང་ཏོག རྒྱུན་སྤྱོད་ཀྱི་ ཐ་སྙད། ཁ་དོག་སོགས་ངོ་སྤྲོད་རྣམས་དགེ་རྒན་གྱིས་རྩེད་མོའམ་བྱེད་སྒོའི་ལམ་ནས་ཁ་སློབ་གནང་དགོས། གང་ཡིན་ ཞེ་ན། སློབ་ཕྲུག་གིས་ཡི་གེ་ཆ་ཚང་སྦྱོར་ཀློག་བྱེད་མི་ཐུབ་པས་ཡིན།
• འཛིན་རིམ་འདིར་རྒྱུན་འདོན་གྱི་གཟུངས་སྔགས་དང་། ཟས་མཆོད་འབུལ་སྟངས། བརྐྱངས་ཕྱག་འཚལ་སྟངས་ཀྱི་ཆོས་
རིག་དང་། བད ོ ་ཀྱི་རྒྱལ་ས་དང་། ཕ་ོ བྲང་པ་ོ ཏ་ལ། ས་ྒོ ཕྱུགས་ང་ོ སྤད ྲོ ་ཀྱི་སྤྱིར་བཏང་ཤེས་བྱ། སྐྱེས་སྐར་གཞས་ཀྱིས་མཚོན་ པའི་གླུ་གཞས་དང་། བོད་ཀྱི་སྒྲ་སྙན་དཀྲོལ་བའི་ཟློས་གར་གྱི་སྐོར་སློབ་དགོས།
• མདོར་ན། བསླབ་གཞིའི་རྩ་འཛིན་ཡང་ཡང་བཀླགས་ཏེ། ཉན་རྩལ་དང་། ཀློག་རྩལ། བཤད་རྩལ། འབྲི་རྩལ་བཅས་སློབ་
ཕྲུག་གི་ལོ་ཚད་དང་བསྟུན་ནས་སྦྱོང་བརྡར་སྤྲོད་རྒྱུ་དང་། སློབ་དེབ་ཀྱི་མཇུག་ཏུ་སྤྲད་པའི་དྲྭ་ཚིགས་ལས་སློབ་ཁྲིད་ཀྱི་
རྒྱུ་ཆ་མཁོ་སྒྲུབ་ཀྱིས་སློབ་ཕྲུག་ཉོབ་སྣང་མེད་པར་སྤྲོ་སྣང་འཕེལ་བར་རྩེད་མོ་དང་། བྱེད་སྒོ་གཙོ་བོ་བྱས་ཏེ་ཁྲིད་སྟོན་
བྱེད་རྒྱུ་གལ་ཆེ།
ཁ
དཀར་ཆག ར་མགོ་བཅུ་གཉིས། ............................................................................................. 1 ཡིག་གཟུགས་འབྲི་སྦྱོང་།........................................................................................ 2 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།.................................................................. 4 སྐད་ཆ་སྦྱོང་བརྡར།................................................................................................ 9
ར་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།..........................................................11
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 13
ལ་མགོ་བཅུ། .................................................................................................. 21 ཡིག་གཟུགས་འབྲི་སྦྱོང་།...................................................................................... 22 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 24
ལ་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།......................................................... 31 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................33
གྲངས་ཀ་རྩིས།.................................................................................................... 38 ས་མགོ་བཅུ་གཅིག............................................................................................. 39 ཡིག་གཟུགས་འབྲི་སྦྱོང་།...................................................................................... 40 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 43 ག
ས་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།......................................................... 47 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 49 སྐད་ཆ་སྦྱོང་བརྡར།.............................................................................................. 56
བརྩེགས་མའི་ཡི་གེ།............................................................................................ 59 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 60
བརྩེགས་ཡིག་ལ་དབྱངས་སྦྱོར་ཚུལ།..................................................................... 66 མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།................................................................ 68 ཕྱག་འཚལ་སྟངས་སྦྱོང་བརྡར། (བརྐྱངས་ཕྱག)......................................................... 75 སྐད་ཆ་སྦྱོང་བརྡར།.............................................................................................. 76 ཟུར་བཀོད།......................................................................................................... 77 བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary....................... 78
ང
སློབ་ཕྲུག་ཚོ།
སྔ་དྲོ་བདེ་ལེགས།
རྒན་ལགས།
སྔ་དྲོ་བདེ་ལེགས།
ཅ
རང་ལ་དགོས་པའི་ཡོན་ཏན་དེ། ། ཉི་མ་རེ་ལ་ཚིག་རེ་ཟུངས། །
གང་ཞིག་ཉིན་བརྒྱ་སོང་བ་ན། །
ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །
ཆ
འཇམ་དབྱངས་གང་བློ་མ།
བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་ རྣམ་དག་རབ་གསལ་བས། །
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱིས་ ཐུགས་ཀར་གླེགས་བམ་འཛིན། །
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་ སྡུག་བསྔལ་གྱིས་གཟིར་བའི། །
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་ དྲུག་ཅུའི་དབྱངས་ལྡན་གསུང༌། །
འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ ལྕགས་སྒྲོག་སྒྲོལ་མཛད་ཅིང༌། ། ཇ
མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་ རལ་གྲི་བསྣམས། །
གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་ མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །
ཨ ་ཨ་ར་པ་ཙ་ན་དྷཱིཿ
དྷཱིཿ དྷཱིཿ དྷཱིཿ དྷཱིཿ དྷཱིཿ དྷཱིཿ དྷཱིཿ
བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །
བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། ། བློ་གྲོས་སྤོབས་པའི་སྣང་བ་སྩལ་ཏུ་གསོལ། ། ཉ
ར་མགོ་བཅུ་གཉིས།
རྐ།
རྒ།
རྔ།
རྡ།
རྣ།
རྦ།
རྗ།
རྙ། རྟ།
རྨ། རྩ། རྫ། 1
ཡིག་གཟུགས་འབྲི་སྦྱོང་།
2
ཡིག་གཟུགས་བརྩེགས་ཏེ་བྲིས།
3
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
རྐ།
ཆུ་རྐ།
རྒ།
རྒ་བ།
ཆུ་རྐ་ཡི་ནང་དུ་ཆུ་བཞུར་གྱི་འདུག
མི་རྒས་ན་རྒ་བའི་སྡུག་བསྔལ་མྱོང་། 4
རྔ། རྔ།
རྔ་འདི་རྙིང་པ་རེད།
རྟ། རྟ།
རྟ་དཀར་པོ་འདིའི་རྔ་མ་རིང་པོ་འདུག 5
རྣ།
རྣ་བ།
རྣ་བ་ཡིས་སྒྲ་ཐོས་ཐུབ།
རྨ། རྨ་བྱ།
རྨ་བྱ་ཡི་སྒྲོ་སྙིང་རྗེ་པོ་དང་རིང་པོ་ཡོད། 6
རྩ། རྩ་བ།
ཤིང་སྡོང་ལ་རྩ་བ་མང་པོ་ཡོད་རེད།
རྫ། རྫ་མ།
རྫ་མ་ཡི་ཕོར་པ་དང་ཁོག་ལྡིར། 7
སྦྱོར་ཀློག་གྱིས།
རྒ་ཤི།
རྟ་གྭ་པ།
རྔ་བོ་ཆེ། རྟ་གློ། རྟ་ཁྱུ། རྣ་རུ།
རྦ་ཆུ།
རྩྭ་ཁ།
རྩ་ཆུ། རྫ་རྔ། རྫ་ཆུ། རྫ་བྲ། རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
རྐ་ཆུ།
རྨ་ཁ། རྩྭ་ཆུ།
རྔ་མ། རྟ་ར། རྟ་རྔ། རྨ་ཆུ། རྫ་རི།
8
རྩྭ་ས།
སྐད་ཆ་སྦྱོང་བརྡར། (སྐད་ཆ་ཤོད་དུ་འཇུག་དགོས།)
ཀ༽ ཁྱེད་ཀྱི་ནང་ག་པར་ཡོད།
ངའི་ནང་།
ཁ༽ ངའི་ནང་གྲོང་ཁྱེར་གྱི་དཀྱིལ་ལ་ཡོད། ཀ༽ ཁྱེད་ཀྱི་ནང་གང་འདྲ་ཞིག་ཡོད། ཁ༽ ངའི་ནང་་་།
ཀ༽ ཁང་པའི་གཡས་གཡོན་ལ་ག་རེ་ཡོད་རེད།
ཁ༽ ངའི་ཁང་པའི་གཡས་ལ་་་ གཡོན་ལ་་་ རྒྱབ་ལ་་་ མདུན་ལ་་་ ཀ༽ ་་་ ཁ༽ ་་་
9
སྒྲ་གདངས་ཀྱི་ཁྱད་པར་འདོན་ཚུལ།
ང་།
རྔ།
ན།
རྣ།
ཉ།
རྙ།
ཏ།
རྟ།
མ།
ཛ།
རྨ། 10
རྫ།
ར་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།
རྐི།
རྐུ། རྐེ། རྐོ།
རྔི།
རྔུ། རྔེ། རྔོ།
རྒི། རྗི།
རྙི། རྟི།
རྒུ། རྒེ། རྒོ། རྗུ།
རྗེ།
རྗོ།
རྟུ།
རྟེ།
རྟོ།
རྙུ། རྙེ། རྙོ། 11
རྡི།
རྡུ། རྡེ། རྡོ།
རྦི།
རྦུ། རྦེ། རྦོ།
རྣི། རྨི། རྩི། རྫི།
རྣུ། རྣེ། རྣོ།
རྨུ། རྨེ། རྨོ། རྩུ།
རྩེ།
རྫུ།
རྫེ། 12
རྩོ། རྫོ།
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
རྐོ། རྐོ།
རྐུ། རྐུ།
རྡོ་ལ་མ་ཎི་རྐོ་བཞིན་འདུག
རྐུན་མ་ཡིས་དངོས་པོ་རྐུ་བཞིན་འདུག 13
རྒོ།
རྒོ་བ།
བོད་ཀྱི་བྱང་ཐང་ན་རྒོ་བ་ཧ་ཅང་མང་།
རྗེ། རྗེ།
རྗེ་བཙུན་མི་ལ་རས་པ། 14
རྙི། རྙི།
ཙི་ཙི་འཛིན་པར་རྙི་བཙུགས་འདུག
རྡོ། རྡོ་རྗེ།
རྡོ་རྗེ་ནི་མཆོད་ཆས་ཤིག་རེད། 15
རྣོ།
རྣོ་པོ།
ཞ་སྨྱུག་འདི་ཚོའི་རྩེ་རྣོ་པོ་འདུག
རྨོ། རྨོ་མོ།
རྨོ་མོ་ཡིས་མ་ཎི་ལག་འཁོར་བསྐོར། 16
རྩེ།
རི་རྩེ།
རི་རྩེ་ལ་ཁ་བ་བབས།
རྫི། རྫི་བོ།
རྫི་བོ་ཡིས་ལུག་འཚོ། 17
རྫི།
རྫི་མ།
བུ་མོ་དེ་ཡི་རྫི་མ་བཅོས་མ་རེད།
18
སྦྱོར་ཀློག་གྱིས།
རྐོ་མ།
རྗེ་བོ།
རྗེ་མོ།
རྡོ་ཐ། རྡོ་རྩི།
རྭ་རྩེ།
རྔུ་མ། རྔོ་ཤུ།
རྨེ་བོ། རྨོ་རྐོ།
རྭ་རྙི།
ཀ་རྡོ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
རྡོ་ར།
རྩེ་མོ།
རྔོ་བ།
19
རྩེ་གྲ། རྨོ་བ།
ན་རྫུ།
ར་རྫི།
གྲངས་ཀ
༡༠༡
༡༠༢
༡༠༣
༡༠༤
༡༠༩
༡༡༠
༡༢༠
༡༣༠
༡༠༥
༡༤༠ ༡༨༠
༡༠༦
༡༠༧
༡༥༠
༡༦༠
༡༩༠
༢༠༠
20
༡༠༨
༡༧༠
ལ་མགོ་བཅུ།
ལྐ།
ལྒ།
ལྔ།
ལྡ།
ལྤ།
ལྦ།
ལྕ། ལྗ། ལྷ།
21
ལྟ།
ཡིག་གཟུགས་འབྲི་སྦྱོང་།
22
ཡིག་གཟུགས་བརྩེགས་ཏེ་བྲིས།
23
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
ལྔ། ལྔ།
ང་ལ་ཨ་སྒོར་ལྔ་ཡོད།
ལྕ། ལྕ་བ།
ལྕ་བ་ནི་སྨན་རྩྭ་ཞིག་ཡིན། 24
ལྟ། ལྟ།
ཁོང་མོས་ཉིན་དེབ་ལ་ལྟ་བཞིན་འདུག
ལྦ། ལྦ་བ།
སྐེ་ལ་ལྦ་བ་ཆེན་པོ་ཞིག་འདུག 25
ལྦ།
ལྦ་ཚྭ།
ལྦ་ཚྭ་ནི་རྩ་རྫས་ཤིག་གི་མིང་ཡིན།
ལྷ། ལྷ་མོ།
དཔལ་ལྡན་ལྷ་མོ་ཡི་ཐང་ག་རེད། 26
ལྷ།
ལྷ་ང་།
པུས་མོའི་ལྷ་ང་ས་ལ་བཙུགས།
ལྷ། ལྷ་ས།
ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན། 27
སྒྲ་གདངས་ཀྱི་ཁྱད་པར་འདོན་ཚུལ།
ང་།
ལྔ།
ཏ།
ལྟ།
ཧ།
ལྷ།
ག
ལྒ།
པ།
ལྤ།
ཇ།
ལྗ།
28
སྦྱོར་ཀློག་གྱིས།
ལྒ་ཚ།
ལྷ་བྱ།
ལྷ་རྗེ།
ལྟ་ཅི།
ལྷ་རི།
ལྷ་བླ་མ།
ལྦ་རྩ།
ལྷ་རྩེ།
ལྷ་རྔ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
ལྔ་པ།
ལྟ་བུ།
ད་ལྟ།
ལྷ་པ།
29
ལྷ་མི།
ང་ཚོ་བོད་ཀྱི་་་
བླ་ན་མེད་པའི་དབུ་ཁྲིད་ནི་ ༸གོང་ས་མཆོག་ཡིན།
ལྷ་སྐལ་ནི་འཕགས་མཆོག་སྤྱན་ རས་གཟིགས་ཡིན།
ཕོ་བྲང་ནི་པོ་ཏ་ལ་ཡིན།
རྒྱལ་ ས་ནི་ ལྷ་ས་ ཡིན།
30
ལ་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།
ལྐི།
ལྐུ། ལྐེ། ལྐོ།
ལྔི།
ལྔུ། ལྔེ། ལྔོ།
ལྒི། ལྕི། ལྗི།
ལྒུ། ལྒེ། ལྒོ། ལྕུ། ལྕེ། ལྕོ། ལྗུ།
ལྗེ།
31
ལྗོ།
ལྟི།
ལྟུ། ལྟེ། ལྟོ།
ལྦི།
ལྦུ། ལྦེ། ལྦོ།
ལྷི།
ལྷུ། ལྷེ། ལྷོ།
ལྡི།
ལྤི།
ལྡུ།
ལྡེ།
ལྡོ།
ལྤུ། ལྤེ། ལྤོ།
32
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
ལྕི།
ལྕི་བ།
ལྕེ། ལྕེ།
བ་ཕྱུགས་ཀྱིས་ལྕི་བ་བཏང་འདུག
ལྕེ་ཡིས་བྲོ་བ་མྱོང་གི་ཡོད། 33
ལྗི།
ལྗི་བ།
ལྗི་བ་ལ་ཁྱི་ཤིག་ཀྱང་ཟེར།
ལྟེ། ལྟེ་བ།
ཕྲུ་གུ་དེའི་ལྟེ་བ་ཆུང་ཆུང་རེད་འདུག 34
ལྟོ། ལྟོ་བ།
མི་འདིའི་ལྟོ་བ་ཆེན་པོ་འདུག
ལྡེ། ལྡེ་གུ།
ཕྲུ་གུ་ཆུང་ཆུང་ལ་རྩམ་པ་ཡི་ལྡེ་གུ་སྤྲོད། 35
ལྦུ། ལྦུ་བ།
ལྭ་བ་འཁྲུད་སྐབས་ལྦུ་བ་མང་པོ་ཐོན།
36
སྦྱོར་ཀློག་གྱིས།
ལྕེ་ཚ། ལྡ་ལྡི། ལྷོ་ཁ། ལྷོ་པ།
ལྡི་རི་རི།
ལྷུ་ཆ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
ལྕི་མོ།
ཁྱི་ལྟོ། ལྕེ་རྩེ།
37
གྲངས་ཀ་རྩིས།
༡༠༥
༡༡༠
༡༡༥
༡༢༠
༡༢༥
༡༣༠
༡༣༥
༡༤༠
༡༤༥
༡༥༠
༡༥༥
༡༦༠
༡༦༥
༡༧༠
༡༧༥
༡༨༠
༡༨༥
༡༩༠
༡༩༥
༢༠༠
༢༡༠
༢༢༠
༢༣༠
༢༤༠
༢༥༠
༢༦༠
༢༧༠
༢༨༠
༢༩༠
༣༠༠
38
ས་མགོ་བཅུ་གཅིག
སྐ། སྒ། སྔ། སྙ།
སྟ། སྡ།
སྨ།
སྩ།
སྣ། སྤ།
39
སྦ།
ཡིག་གཟུགས་འབྲི་སྦྱོང་།
40
ཡིག་གཟུགས་བརྩེགས་ཏེ་བྲིས།
41
སྒྲ་གདངས་ཀྱི་ཁྱད་པར་འདོན་ཚུལ།
ང་།
སྔ།
ན།
སྣ།
སྙ།
ཉ།
སྨ།
མ།
42
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
སྒ།
རྟ་སྒ།
སྔ།
སྔ་པོ།
རྟ་སྒ་འདྲ་མིན་སྣ་ཚོགས་འདུག
ཞོགས་པ་སྔ་པོ་ཡར་ལ་ལངས། 43
སྟ། སྟ་རེ།
སྟ་རེ་ཡིས་ཤིང་བཅད།
སྣ། སྣ།
སྣ་ཡིས་དྲི་མ་སྣོམ་གྱི་ཡོད། 44
སྨ། སྨ་ར།
སྤོ་ལགས་ཀྱི་སྨ་ར་དཀར་པོ་རེད།
སྣ་ཐ།
ཐ་མག་དང་སྣ་ཐ་འཐེན་ན་ཡག་པོ་མེད།
སྣ།
45
སྦྱོར་ཀློག་གྱིས།
སྐ་བ། སྒ་རུ། སྔ་ལོ། སྦ་བ། སྣ་རུ། རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
སྣ་ཁ། སྔ་མོ། སྣ་ཆུ། 46
ས་མགོ་ཅན་ལ་དབྱངས་སྦྱར་ནས་ཀློག་ཚུལ།
སྐི།
སྐུ། སྐེ། སྐོ།
སྔི།
སྔུ།
སྒི། སྙི།
སྣི། སྟི།
སྒུ།
སྒེ།
སྒོ།
སྔེ།
སྔོ།
སྣེ།
སྣོ།
སྙུ། སྙེ། སྙོ། སྣུ།
སྟུ། སྟེ། སྟོ། 47
སྡི།
སྡུ།
སྡེ།
སྡོ།
སྤི།
སྤུ།
སྤེ།
སྤོ།
སྦི།
སྨི།
སྩི།
སྦུ། སྦེ། སྦོ། སྨུ།
སྨེ།
སྨོ།
སྩུ། སྩེ། སྩོ།
48
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
སྐུ། སྐུ།
སྐུ།
སྐུ་ཟླ།
འདི་ན་སྟོན་པའི་སྐུ་ཞིག་འདུག
ཁོང་གི་སྐུ་ཟླ་བོད་ལ་ཡོད་རེད། 49
སྐེ། སྐེ།
སྐེ་ལ་ཁ་བཏགས་གཡོགས་འདུག
སྒོ། སྒོ།
ཁང་པའི་སྒོ་བརྒྱབ་འདུག 50
སྒོ། སྒོ་ང་།
བྱ་མོ་ཡིས་སྒོ་ང་བཏང་འདུག
སྒོ། སྒོ་ཁྱི།
འབྲོག་པས་སྒོ་ཁྱི་བཏགས་འདུག 51
སྙེ། སྙེ་མ།
ནས་ཀྱི་སྙེ་མ་ཡི་མགོ་བོ་གུག་འདུག
སྟེ། སྟེའུ།
སྟེའུ་ཡིས་ཤིང་གཞོག 52
སྒོ།
སྒོ་ར་བ།
བུ་མོའི་རུ་ཁག་གི་སྒོ་ར་བས་སྤོ་ལོ་བཀག
སྤོ། སྤོ་ལོ།
རྩེད་ཐང་སྟེང་ལ་སྤོ་ལོ་རྩེ་རྒྱུ་ཡོད། 53
སྤོ།
སྤོ་བོ།
སྤོ་བོ་ལགས་ཀྱིས་མ་ཎི་ཟློ་བཞིན་འདུག
སྦུ། སྦུ་གུ།
ལྕགས་ཀྱི་སྦུ་གུ་མཁྲེགས་པོ་ཡོད། 54
སྦྱོར་ཀློག་གྱིས།
སྐུ་ཚ། སྐེ་ཚེ། སྙེ་མོ། སྟི་ག སྦེ་ག
སྤུ་ཁ།
སྤུ་མ།
སྤོ་ཐོ།
སྨེ་བ།
སྡེ་པ།
སྤུ་གྲི།
སྔོ་ཁྲ། སྙི་མོ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
སྐུ་ཤ
སྐུ་ངོ་། 55
སྤོ་རྨོ། སྣེ་མོ།
སྐུ་ཚེ།
སྐད་ཆ་སྦྱོང་བརྡར།
(སྐད་ཆ་ཤོད་དུ་འཇུག་དགོས།)
ཀ༽ ནམ་རྒྱུན་སློབ་གྲྭ་ནས་ནང་ལ་སླེབས་རྗེས་ག་རེ་བྱེད་ ཀྱི་ཡོད།
ཁ༽ ནང་ལ་སླེབས་ནས་པ་ལགས་དང་། ཨ་མ་ལགས་
མཉམ་དུ་བོད་སྐད་ཤོད་པ་དང་། སྦྱོང་ཚན་འབྲི་ཡི་ ཡོད།
ཀ༽ སྦྱོང་ཚན་བྲིས་ཚར་རྗེས་ག་རེ་བྱེད་ཀྱི་ཡོད། ཁ༽ སྦྱོང་ཚན་བྲིས་ཚར་རྗེས་་་ ཀ༽ ་་་ ཁ༽ ་་་
56
སྐྱེས་སྐར་གྱི་གཞས།
དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར། xxxལགས་མི་ལུས་ཐོབ་ནས། ལོ་xxxའཁོར་བའི་དགའ་སྟོན་ཉིན་མོ་ལ། འཛོམས་པའི་ཕ་མ་དང་སྤུན་གྲོགས་ཚོ། ༢ མི་ཚེ་དོན་དང་ལྡན་པ་ཡོང་བ་དང་།
ཚེ་དང་བསོད་ནམས་སྙན་གྲགས་འབར་
བ་ཡི། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་དབྱངས། མི་ཉམས་རྟག་ཏུ་ འཛོམས་པར་ཤོག ༢
དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར། ནས་ སྤུན་གྲོགས་ཚོ། ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས། ༣
དྲ་ཐག་འདི་ནས་གསན་གཟིགས་ཐུབ། https://youtu.be/fnTIRbuUmTM
57
མགོ་ཅན་དང་མིང་གཞི་བསྐྱར་སྦྱོང་།
མགོ་ཅན། མིང་གཞི། 58
བརྩེགས་མའི་ཡི་གེ།
རྐྱ།
རྒྱ།
རྨྱ།
སྦྱ།
སྨྱ།
སྐྲ།
སྐྱ།
སྒྱ། སྤྱ།
སྒྲ། སྤྲ། སྨྲ།
59
སྦྲ།
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
རྐྱ།
རྐྱ་མི།
རྒྱ།
རྒྱ་སེ།
འབྲོག་པ་རྐྱ་མི་ཁ་ཤས་འདུག
རྒྱ་སེ་མེ་ཏོག་ལ་ཚེར་མ་ཡོད་རེད། 60
སྐྱ། སྐྱ་ཀ
སྡོང་མགོ་ན་སྐྱ་ཀ་གཉིས་འདུག
སྐྲ། སྐྲ་གྲི།
སྐྲ་གྲི་འདི་ཡི་ཁ་རྣོ་པོ་ཡོད། 61
སྒྲ།
ཆུ་སྒྲ།
སྤྲ། སྤྲ་མོ།
ཆུ་སྒྲ་ཤང་ཤང་དུ་གྲགས།
སྤྲ་མོ་ཡིས་ཕྲུ་གུ་བྲང་ལ་སྦྱར་ནས་བསྡད་ 62
འདུག
སྦྲ།
སྦྲ་སྒོ།
འབྲོག་པའི་སྦྲ་སྒོ་ཕྱེ་ནས་བཞག
སྨྲ། སྨྲ་བ།
བོད་སྐད་སྨྲ་བ་དང་བོད་ཆས་གྱོན། 63
སྦྱོར་ཀློག་གྱིས།
རྒྱ་རྙི། སྐྱ་སྐྱ། སྐྱ་མ། སྒྲ་བོ་ཆེ། སྤྲ་མི། སྤྲ་རྡོ།
རྒྱ་ཁྱི།
རྒྱ་གྲོ་མ།
སྐྲ་ལོ།
མི་སྐྱ།
སྨྲ་ལྕེ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
རྒྱ་མ།
རྒྱ་རྡོ།
64
སྨྲ་སྒོ།
རྒྱ་ཚྭ།
སྐྲ་སུ་ལུ། སྐྲ་རྩེ།
ང་ཚོ་བོད་ཀྱི་སྒོ་ཕྱུགས་ནི་
འབྲི་མོ།
ཐུལ་དཀར་འབྲི་མོའི་འོ་མ་བཞོ།
གཡག
གཡག་ལ་ཁལ་འགེལ།
ལུག
གཡང་དཀར་ལུག
ར་མ།
65
ཚེ་ཚེ་ར།
བརྩེགས་ཡིག་ལ་དབྱངས་སྦྱོར་ཚུལ།
རྐྱི།
རྐྱུ།
རྐྱེ།
རྐྱོ།
སྐྱི།
སྐྱུ།
སྐྱེ།
སྐྱོ།
སྒྱི།
སྒྱུ།
སྒྱེ།
སྒྱོ།
སྐྲི།
རྒྱི།
སྒྲི།
སྐྲུ།
སྐྲེ།
རྒྱུ།
རྒྱེ།
སྒྲུ།
སྒྲེ།
66
སྐྲོ།
རྒྱོ།
སྒྲོ།
སྤྱི།
སྤྱུ།
སྤྱེ།
སྤྱོ།
སྦྱུ།
སྦྱེ།
སྦྱོ།
རྨྱུ།
རྨྱེ།
རྨྱོ།
སྤྲི།
སྤྲུ།
སྦྲི།
སྦྲུ།
སྦྱི། རྨྱི།
སྨྱི།
སྨྲི།
སྤྲེ། སྦྲེ།
སྨྱུ།
སྨྲུ།
སྨྱེ།
67
སྨྲེ།
སྤྲོ། སྦྲོ།
སྨྱོ།
སྨྲོ།
མིང་ཚིག་དང་སྦྱར་ཏེ་ཁ་སློབ་བྱེད་དགོས།
སྐྱུ།
སྐྱུ་རུ་ར།
སྐྱོ།
སྐྱོ་མ།
སྐྱུ་རུ་ར་བཟས་ན་ཁྲག་ལ་ཕན།
སྐྱོ་མ་ཕོར་པ་གང་འདུག 68
རྒྱུ།
རྒྱུ་མ།
མིའི་རྒྱུ་མ་ཐག་པ་འདྲ་པོ་འདུག
སྒྱུ། སྒྱུ་མ།
སྒྱུ་མ་མཁན་གྱིས་མིག་འཕྲུལ་སྟོན། 69
སྒྲོ།
བྱ་སྒྲོ།
བྱ་སྒྲོ་ཡང་པོ་ཡོད་རེད།
སྤྱི། སྤྱི་བོ།
ཕྱག་འཚལ་སྐབས་ཐལ་མོ་སྤྱི་བོ་ལ་སྦྱོར། 70
སྤྲི།
ཁ་སྤྲི།
འོ་མ་ནས་ཁ་སྤྲི་བཏོན།
སྤྲེ། སྤྲེའུ།
སྤྲེའུ་དང་སྤྲེལ་ཕྲུག་མཉམ་དུ་འདུག 71
སྤྲོ། སྤྲོ་པོ།
སྤྲོ་པོའི་ངང་རྩེད་མོ་རྩེ་བཞིན་འདུག
སྨྱུ། སྨྱུ་གུ།
འདི་ལ་སྨྱུ་གུ་མི་འདྲ་བ་གསུམ་འདུག 72
སྨྱོ།
སྨྱོ་བ།
ཁོ་སྨྱོ་བ་འདྲ།
སྒྱེ། རྩྭ་སྒྱེ།
རྩྭ་སྒྱེ་ཡི་ནང་འབྲུ་རིགས་བླུགས་འདུག 73
སྦྱོར་ཀློག་གྱིས།
སྐྱེ་རྒུ། སྒྱེ་མོ། སྤྲ་བ། སྐྱི་མོ།
སྐྱོ་བ།
སྐྱོ་པོ།
རྒྱུ་ཆ།
རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)
སྐྱེ་བ།
སྐྱོ་གླུ། 74
སྤྱི་པ།
ཕྱག་འཚལ་སྟངས་སྦྱོང་བརྡར། (བརྐྱངས་ཕྱག)
མཐེ་བོང་གཉིས་ནང་དུ་བཀུགས་ཏེ་ཐལ་མོ་སྦྱར།
ལུས་དྲང་པོར་བསྲངས་ནས་ཐལ་མོ་སྤྱི་བོ་དང་། མགྲིན་པ། སྙིང་ག་བཅས་ལ་རིམ་བཞིན་ གཏུགས།
ལུས་ཀྱི་ཡན་ལག་ཐམས་ཅད་ས་ལ་ཕབ་སྟེ། ལག་པ་གཉིས་ཤུགས་ཀྱིས་བརྐྱངས།
ཐལ་མ་ོ སྤྱི་བར ོ ་སྦྱར་རྗེས་ཡར་ལངས་ཏེ། སྔར་ལྟར་སྤྱི་བ་ོ དང་། མགྲིན་པ། སྙིང་ག་ས་ོ སོར་
གཏུགས་ཏེ་ཡང་ཡང་འཚལ་དགས ོ ་ས།ོ །
75
སྐད་ཆ་སྦྱོང་བརྡར།
ཀ༽ ཁྱེད་རང་ལ་ཚོན་སྨྱུག་ག་ཚོད་ཡོད། ཁ༽ ང་ལ་་་
ཀ༽ ཚོན་སྨྱུག་དེ་ཚོ་ཚོན་མདོག་ག་རེ་ག་རེ་རེད། ཁ༽ ཚོན་སྨྱུག་་་
ཀ༽ ཚོན་སྨྱུག་དེ་ཚོ་ག་པར་བེད་སྤྱོད་གཏོང་གི་ཡོད། ཁ༽ ངས་ཚོན་སྨྱུག་དེ་ཚོ་་་
76
གཞོགས་འདེགས་ཀློག་དེབ།
ཟུར་བཀོད།
བྱིས་པའི་ཀློག་སྦྱོང་བདེ་ལམ། དེབ་ཕྲེང་ ༣༢-༣༥ བྱིས་པའི་ཀློག་དེབ། དེབ་ཕྲེང་ ༡༥-༡༨
གཤམ་གྱི་དྲྭ་ཚིགས་ཁག་ལ་དོ་སྣང་གྱིས། བོད་ཡིག་སློབ་སྦྱོང་དྲྭ་ཚིགས། https://bodyiglobjong.com/
ཤེས་རིག་ཡུ་ཊུབ་དྲྭ་བརྙན། https://youtube.com/@sherigCTA ཨཡེ་སུའུ་དྲྭ་ཚིགས། https://issuu.com/doewebmaster ཤེས་རིག་སྒྲ་མཛོད། https://soundcloud.com/sherigs ཐ་སྙད་འཚོལ་བཤེར། https://tibterminology.net/
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲྭ་ཚིགས། http://www.secularethics.net/ གོང་གསལ་དྲྭ་ཚིགས་ཁག་ནས་ཀློག་དེབ་དང་། བྱིས་པའི་སྒྲུང་དེབ། འགུལ་བརྙན། བྱིས་པའི་ གླུ་གཞས་འགུལ་བརྙན། སློབ་ཁྲིད་བརྙན་འཕྲིན། སུམ་རྟགས་སོགས་ཁྲིད་པའི་སྒྲ་བཅས་ལ་ལྟ་ ཀློག་ཉན་གསུམ་བྱེད་ཐུབ།
77
བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary
ཆུ་རྐ། རྔ།
རྣ་བ།
རྩ་བ། རྐོ།
རྒོ་བ། རྙི།
རྣོ་པོ།
རི་རྩེ། རྫི་མ། ལྕ་བ།
ལྦ་བ།
རྒ་བ།
canal
རྟ།
drum
རྨ་བྱ།
ear
རྫ་མ།
root dig Tibetan gazelles Goa
སྐུ། རྗེ།
རྡོ་རྗེ།
trap sharp mountain top
རྨོ་མོ། རྫི་བོ། ལྔ།
eye-lashes
ལྟ་བ།
ja-wa goiter
78
ལྦ་ཚྭ།
aged horse peacock pot statue lord vajra Grand mother shepherd five look iodine
ལྷ་མོ།
ལྷ་ས། ལྕི་བ།
ལྗི་བ།
ལྟོ་ལེ། ལྦུ་བ།
སྔ་པོ། སྣ།
སྣ་ཐ།
སྐུ་ཟླ། སྒོ།
སྒོ་ཁྱི། སྟེའུ།
ལྷ་ང་།
goddess
ལྟོ་བ།
Lhasa
ལྕེ།
dung
ལྟེ་བ།
flea
ལྡེ་གུ།
ltole
རྟ་སྒ།
bubble
སྟ་རེ།
early
སྨ་ར།
nose
སྐེ།
snuff
སྒོ་ང་།
spouse
སྙེ་མ།
door
སྒོ་ར་བ།
watchdog adze
79
སྤོ་བོ།
kneecap belly tongue navel tsampa batter saddle axe moustache neck egg ear of grain goal keeper grandfather
སྤོ་ལོ། སྦུ་གུ།
རྒྱ་སེ། སྐྲ་གྲི། སྤྲ་མོ། སྨྲ་བ།
སྐྱོ་མ། སྒྱུ་མ།
སྤྱི་བོ། སྤྲེའུ།
སྨྱུ་གུ། རྩྭ་སྒྱེ།
ball
རྐྱ་མི།
a man/woman on a horse
ཆུ་སྒྲ།
murmur of a stream
སྐྱ་ཀ
pipe rose
སྨྲ་སྒོ།
razor/blade
སྐྱུ་རུ་ར།
langur speak
tsampa batter magic top of the head
རྒྱུ་མ། བྱ་སྒྲོ། འོ་སྤྲི།
སྤྲོ་པོ། སྐྱོ་བ།
monkey
སྐྱོ་གླུ།
pen sack
80
magpie
mouth gooseberry intestine feather milk cream joyful sad elegy