Skip to main content

འབུ་ལྷག་སྒྲོན་གྱི་འཚོལ་ཞིབ།

Page 1

འབུ་ལྷག་སྒྲོན་གྱི་འཚོལ་ཞིབ། དཔེ་དེབ་འདི་ཉིད་ངའི་སྲིང་མོ་འདས་པོ་ཡཱ་ཛི་ནིས་ང་ལ་བྱམས་བརྩེ་དང་། ཡ་རབས་བཟང་ སྤྱོད། སྙིང་རྗེའི་སྐོར་བསླབས་པའི་དྲན་རྟེན་དུ་བྲིས།

ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།


བྱ་ཕོས་བྱ་སྐད་མ་བསྒྲགས་ཤིང་། སྐབས་དེར་སྐྱ་རེངས་ཤར་བའི་དུས་ཡིན། ཁུ་སིམ་སིམ་གྱི་

ཁོར་ཡུག་དེ་རུ་འཕྲུལ་འཁོར་གྱི་འུར་སྒྲ་གྲགས་པ་དང་ལྷན་དུ། འབྲས་ཞིང་ནང་ཡུར་ཆུ་འདྲེན་ པའི་འགོ་བཙུགས།

སྔོ་ལྗང་ལྡན་པའི་འབྲས་ཀྱི་སྙེ་མ་རྣམས་པུས་མོའི་མཚམས་བར་སྐྱེས་

ཤིང་། དེ་དག་གི་རྩ་བ་སྐྱེ་སའི་འདམ་རྫབ་ནང་སྲོག་ཆགས་ཆུང་ཆུང་ཞིག་གནས་ཡོད།


སྲོག་ཆགས་དེ་ནི་འབུ་ལྷག་སྒྲོན་ཡིན། མོའི་མདོག་ནི་ས་གཞི་ལྟར་སྨུག་ཅིང་། རྐང་པར་སྤུ་ མང་བ་དང་། འཇིགས་སུ་རུང་བའི་ཁ་ཞིག་ཀྱང་ཡོད།

ཞོགས་པ་དེར་འབུ་ལྷག་སྒྲོན་རང་གི་སྤུན་མཆེད་ཚོ་དང་མཉམ་དུ་ཟས་འཚོལ་ཕྱིར་འདབ་རྫབ་ ནང་རྐྱལ་ཏེ། དུག་སྦྲང་དང་། ཚང་འབུ། ལྕོང་མོ། འབུ་སྦུར་བ་སོགས་འཚོལ་བཞིན་གནས།


ཉི་མ་ལ་རྩེར་ཤར་སྐབས། མོ་རང་སྤྲོ་སྣང་ གིས་ཡོངས་སུ་ཁེངས།

མོས་རང་

ཉི ད ་ལ་གང་བྱུང་མི ན ་ཤེ ས ་ཀྱི ་ ཡོ ད ་ སྟབས།

སྙེ་མའི་རྩེ་མོར་འཛེགས་ཏེ།

རྒྱབ་ལ་འགོ ས ་པའི ་ འདམ་རྣམས་རྡེ བ ་ཙམ་

རྡེབ་ཙམ་བྱས། དེ་ནས་འགུལ་སྐྱོད་མ་བརྒྱབ་ པར་ཅི་ཞིག་ལ་བསྒུགས་པ་ལྟར་བསྡད། ཁྲོག་ཅེས་སྒྲ་ཞིག་དང་ལྷན་དུ། མོའི་

ཤུན་སྐོ ག ས་དུམ་བུ་གཉི ས ་སུ་ཁ་གྱེ ས །

ད་ཆ་མོ འི ་ མདོ ག ་སྨུག་པོ ་ མི ན ་པར་ཉི ་ ཟེ ར ་ ནང་རྩྭ་སྐྱ་ལྟ་བུར་སེར་ཐིང་ངེར་མཐོང་། མོས་ ཤུན་སྐོགས་རྙིང་པ་དེ་ནས་ཐོན་ཏེ་རང་གི་ གཟུགས་པོ འི ་ གཞོ ག ས་གཉི ས ་ལ་ བལྟས་པ་ན། ཤེལ་ལྟར་དྭངས་

ཤིང་། ལྟ་ན་སྡུག་པའི་གཤོག་

པ་ཆེན་པོ་ཆ་རེ་མཐོང་། ད་ཆ་མོ་རང་

འབུ་བླ་མ་མ་ཎི་ཞིག་ཏུ་གྱུར་ཟིན་པས། གནམ་ལ་འཕུར་ཐུབ་ཀྱི་ཡོད། མོས་འབྲས་ཀྱི་སྙེ་མའི་ སྟེང་འཕུར་ནས་ཞིང་ཁ་དང་། ནམ་མཁའ། སྤྲིན་པ། ཤིང་སྡོང་ཚང་མ་མཐོང་ཐུབ།


འབུ་ལྷག་སྒྲོན་རྩྭ་རྐང་ཞིག་གི་སྟེང་ལ་བསྡད་དེ་ཉི་མ་སྲོ་བཞིན་པའི་ཚེ། འགུལ་བ་མཐོང་། དེ་ཅི་ཞིག་རེད། ཟིལ་པ་ཡིན་ནམ། ཐིག་ལྡན་པའི་འབུ་ཨ་མ་ཁྲ་ཐིག་རེད།

ཉེ་འགྲམ་ནས་ཅིག་

དེ་ནི་མདོག་དམར་ཞིང་རྒྱབ་ལ་ནག་

འབུ་ལྷག་སྒྲོན་གྱིས། ཁྱེད་རང་ལུས་པོའི་མདོག་དེ་འདྲ་བཀྲག་མདངས་ཆེ་བ་ལ། ཁྱེད་རང་ཡང་ འདམ་རྫབ་ནས་ཐོན་ཏེ་ང་ལྟར་ཆགས་པ་ཡིན་ནམ། ཞེས་དྲིས།


ང་ལ་དྲན་གསོ་བྱེད་མ་བཅུག་དང་། སྔོན་མ་ང་རང་བཀྲག་མདངས་མེད་ལ། མདོག་སྐྱ་ཞིང་། འབྲས་ལྟ་བུ་ཆུང་ཆུང་ཞིག་ཡོད། འོན་ཀྱང་ངས་ཤིང་ཚི་འཇིབ་མཁན་གྱི་སྔོ་འབུ་ཆུང་ཆུང་ཞིམ་

པོ་མང་པོ་བཟས་པ་ཡིན། དེ་ནས་ཉིན་ཞིག་ཉལ་ནས་གཉིད་སད་སྐབས། ང་རང་མདོག་དམར་ ཞིང་བཀྲག་མདངས་ལྡན་པ་ཞིག་ཏུ་གྱུར་འདུག འོན་ཀྱང་། ད་དུང་ང་རང་འདོད་པ་མ་ཚིམས་པ་

དེ་གང་ཡིན་པ་ཤེས་སམ། ཞེས་ཟེར་ཏེ། རྩི་ཤིང་སྟེང་སྦྲང་མ་མང་པོས་ཤིང་ཚི་ལེན་པ་མཐོང་ བ་ན། སྐད་ཤུགས་ཆེན་པོས། སྔོ་འབུ་ཟེར་བཞིན་ཟིར་སྒྲ་དང་བཅས་དེའི་ཕྱོགས་སུ་འཕུར།


ད་ཆ་མོ་རང་འཕུར་བའི་དུས་ཡིན་པས། ཐད་ཀར་གནམ་ལ་འཕུར། མོ་རང་ཇི་ཙམ་མཐོ་བར་ འཕུར་བ་དེ་ཙམ་གྱིས་འོག་གི་སྔོ་ཞིང་ལྗང་པའི་ཞིང་ཁ་གྲུ་བཞི་རྣམས་ཆུང་ཆུང་དུ་མཐོང་།


མོ་དང་ལྷན་དུ་འབུ་སྲིན་འགའ་ཤས་འཕུར་འོ ང་བ་དང་། ཁོ་ཚོར་གཞན་ གྱིས་གནོད་འཚེ་བྱེད་སྐབས་མོས་ཅི་ཡང་མ་ཚོར།

དེའི་ཚེ་འོད་མདངས་ཆེ་བའི་ལྗང་ཁུ་ཆེན་པོ་ཞིག་ཕར་ཚུར་འཕུར་ལྡིང་བྱས་

ཏེ་འབུ་སྲིན་འཛིན་ཐབས་བྱེད་བཞིན་ཡོད་པས། འབུ་སྲིན་ཚང་མ་ཚ་ཚ་འུར་

འུར་དུ་གྱུར་པ་དང་ཕྱོགས་གང་སར་འཕུར་འགོ་བཙུགས། སྐབས་དེར་འབུ་ལྷག་

སྒྲོན་ཡང་དངངས་འཚབ་ལངས་པ་དང་། འདབ་ཆགས་དེ་མོའི་མགོ་བོ་ཐད་ཀར་གྱི་

ཏར་སྐུད་སྟེང་བབས། དེ་ནི་མཇུག་མ་རིང་ཞིང་རྩེ་རྣོ་བ། གཤོག་པ་ཆེན་པོ་གཉིས་ལྡན་ པའི་བུང་བ་འཛིན་མཁན་གྱི་བྱིའུ་ཞིག་ཡིན་པ་གསལ་པོར་མཐོང་།

དེས་མགོ་བོ་ཡར་

བཀྱགས་ནས་བུང་བ་ཞིག་ཁྱུར་མིད་བཏང་བ་མཐོང་བས་འབུ་ལྷག་སྒྲོན་ཞེད་ཐག་ཆོད་དེ་ འདར་སིག་བརྒྱབ་པ་དང་། དེ་མུར་ཕྱོགས་གཞན་ལ་འཕུར་ཏེ་ཕྱིན།


མོས་སྤུ་ཟིང་ཟིང་དུ་ཡོད་པའི་ཁུར་མང་གི་ས་བོན་རྣམས་ལ་གཡོལ་ཏེ།

འགྲམ་གྱི་མཚེའུ་

ཕྱོགས་སུ་འཕུར། འོ་ཛི། ཏོག་ཙམ་མིན་ན་ཐུག་སོང་། དེ་རུ་ལུས་པོ་རིང་ཞིང་གཤོག་པ་ཧ་ཅང་

མཉེན་པའི་འབུ་སྲིན་ཞིག་གཤོག་པ་རྡེབ་བཞིན་འཕུར་ནས་བསླེབས་ཏེ་མཚོ་ངོགས་ཀྱི་རྩྭ་རྐང་ གཅིག་གི་སྟེང་ལ་བབས། མོས་རང་གི་རིགས་གཅིག་པ་གཞན་ཞིག་ལ་ཐུག་ན་འདོད་ཀྱི་ཡོད་ པས། འབུ་བླ་མ་མ་ཎི་གཞན་ཞིག ཅེས་མོས་དགའ་པོའི་ངང་ལབ། འབུ་སྲིན་དེ་ནི་འབུ་ལྷག་སྒྲོན་ལྟར་མདོག་སེར་པོ་ཡིན་ནའང་།

ཁོའི་མཇུག་མའི་རྩེ་སྔོན་པོ་

ཡིན་པ་དང་། ཁབ་ཀྱིས་མགོ་ལ་ཐོ་བ་འཁྱེར་ནས་འཕུར་བ་དང་འདྲ་པོ་ཞིག་ཡོད།


འབུ་སྲིན་དེས། ང་འབུ་བླ་མ་མ་ཎི་མིན། ང་ནི་འབུ་བླ་མ་ན་ཆུང་ཡིན། ང་ཁྱེད་རང་ལས་

གཟུགས་སྐམ་ཞིང་། གཤོག་པ་ཆུང་བ་ཡོད་པ་མཐོང་གི་མི་འདུག་གམ། དེར་བརྟེན། ང་རང་ གནམ་མཐོ་པོར་མ་འཕུར་བར་མཚོའི་གཡས་གཡོན་ལ་སྡོད་ཀྱི་ཡོད་པ་དང་། རྩྭ་མཐུག་པོའི་ གསེབ་ནས་འཕུར་ཐུབ་ཀྱི་ཡོད། ཅེས་ལབ།

འབུ་ལྷག་སྒྲོན་གྱིས་དེར་ལན་མ་བཏབ་གོང་འབུ་བླ་མ་ན་ཆུང་འཕུར་ནས་ཕྱིན། ཁོས་བར་སྣང་ ལ་གཅུས་རིལ་ཞིག་བརྒྱབ་སྟེ།

ཁ་དང་རྐང་པའི་བར་ལ་དུག་སྦྲང་བཟུང་སྟེ་ཕྱིར་འཁོར་ནས།

ཞིམ་པ་ལ་ཨང་ཟེར་བར། འབུ་ལྷག་སྒྲོན་ཡང་ཧར་གྱིས་འཕུར་ནས་དུག་སྦྲང་ཞིག་བཟུང་། དེ་ ནས་ཁོ་གཉིས་ཡུད་ཙམ་རིང་ཁུ་སིམ་མེར་དུག་སྦྲང་ཟ་བཞིན་བསྡད།


རླུང་བུས་མཚོའི་སྟེང་རླབས་ཕྲན་མང་པོ་བཟོས་པ་ན། འབུ་ལྷག་སྒྲོན་གྱིས་ཆུའི་སྟེང་འབུ་སྲིན་ མང་པོ་སྐོར་བ་རྒྱག་བཞིན་པ་མཐོང་། ཁོ་ཚོས་སྐོར་བ་མགྱོགས་པོ་བརྒྱབ་པས་འབུ་ལྷག་སྒྲོན་ ཁོ་ཚོར་བལྟས་ཏེ་མགོ་ཡུ་འཁོར། དེ་ནས་གློ་བུར་དུ་འབུ་སྲིན་དེ་རྣམས་སྐོར་བ་རྒྱག་མཚམས་ བཞག་སྟེ། ཆུའི་སྟེང་དུ་ཟགས་པའི་ལོ་མ་ལྟར་ལྷེབ་ལྷེབ་ཏུ་གཡོ་ཞིང་ཆུ་ཁར་འཕྱོ་སྟེ་གནས།

འབུ་སྲིན་དེ་རྣམས་འབུ་སྦུར་བ་ཡིན་པ་རེད། འབུ་ལྷག་སྒྲོན་གྱིས། འབུ་སྦུར་བ་ལགས། ཁྱེད་ཚོ་ སྒོར་སྒོར་བྱས་ནས་རྐྱལ་རྒྱག་དགོས་དོན་གང་ཡིན། ཞེས་ཁོ་ཚོས་གོ་ཐུབ་པའི་རེ་བ་བཅངས་

ཏེ་སྐད་ཤུགས་ཆེན་པོས་དྲིས། སྐབས་དེར་ཁོ་ཚོའི་འོག་ནས་ཉ་ཞིག་ཕྱིན་པས། བསྐྱར་དུ་སྐོར་ བ་རྒྱག་རྒྱུ་འགོ་བཙུགས།


ཁོ་ཚོ་ཇི་ཙམ་མྱུར་པོར་བསྐོར་ནའང་མཉམ་དུ་གནས་ཀྱི་ཡོད།

སྣང་ཚུལ་དེ་མཐོང་བས་འབུ་

ལྷག་སྒྲོན་གྱིས་རང་ཉིད་ཁེར་རྐྱང་དུ་ཚོར། མོས་རང་གི་རིགས་གཅིག་པ་རྣམས་ག་པར་ཡོད་ ན་སྙམ།

མོས་དོ་སྣང་ཆེན་པོས་འབུ་སྦུར་བས་སྐོར་བ་བརྒྱབ་པ་ལ་བལྟས་པའི་རྐྱེན་གྱིས་རང་ཉིད་ཀྱང་ གནམ་ལ་སྐོར་བ་རྒྱག་བཞིན་འཕུར།


བུང་བ་རྒྱགས་པ་ཞིག་ཟིར་སྒྲ་དང་བཅས་འབུ་ལྷག་སྒྲོན་གྱི་འགྲམ་ནས་འཕུར་བ་ན། བུང་བས་ ཟིར་སྒྲ་ཆེན་པོ་དེ་འདྲ་རྒྱག་དོན་གང་ཡིན་ནམ་སྙམ། འོག་གི་བྱེ་མ་ཚ་པོའི་སྟེང་ན་གྲོག་མ་ནག་

པོ་རྣམས་བང་བསྒྲིགས་ཏེ། གྲོག་ཚང་ནས་ཕར་ཚུར་འགྲོ་བཞིན་པ་མཐོང་། མོས་སའི་འོག་ཏུ་ ཡོད་པའི་ཁོ་ཚོའི་ཚང་རྣམས་ག་འདྲ་ཡོད་པ་དང་། གྲོག་མ་ཧ་ཅང་མང་པོ་དེའི་ནང་ཇི་ལྟར་སྡོད་ ཐུབ་ཀྱི་ཡོད་ན་དྲན།


མོས་དྲི་བ་དེ་མ་དྲིས་གོང་འབུ་སྦུར་བ་གཉིས་ཀྱིས་ལྕི་བའི་སྤོ་ལོ་བཟོས་ཏེ། སྒྲིལ་བཞིན་ཡོད་པ་ དོ་སྣང་བྱུང་། ཁོ་ཚོར་ལྕི་བའི་སྤོ་ལོ་དེ་འདྲ་དགོས་དོན་གང་ཡིན་ནམ།

དེའི་ཉེ་འདབས་ཀྱི་བྱེ་མ་ལྷུག་ལྷུག་ཡོད་སར་སྙུང་མའི་བཟོ་ལྟ་ཅན་གྱི་ཨི་ཁུང་ཆུང་ཆུང་མང་པོ་ མཐོང་བས། མོ་རང་གི་སེམས་ནང་དྲི་བ་གསར་པ་ཞིག་འཁོར། དེ་ཚོ་སུས་བཟོས་པ་ཡིན་ནམ།


འབུ་ལྷག་སྒྲོན་ཨི་ཁུང་དེའི་ཕྱོགས་སུ་འཕུར་བ་ན། བཀྲག་མདངས་ལྡན་པའི་འབུ་སྲིན་ཞིག་རྩྭ་

རྐང་སྟེང་ཡོད་པ་མཐོང་། མོ་ཧ་ཅང་དགའ་སྟེ། འབུ་བླ་མ་མ་ཎི་ཞིག་མཐོང་བྱུང་སྙམ། འོ ན་ཀྱང་ ཉེ་བར་བཅར་སྐབས་རང་གི་རིགས་ལྟར་སྡོད་ཀྱི་མེད་པ་ཤེས། དེའི་རྐང་པ་རྣམས་རྩྭ་རྐང་གི་ གཞུང་རྟར་འཁྱུད་ཅིང་། གཤོག་པ་རྣམས་གུར་ལྟར་གཟུགས་པོའི་སྟེང་འབྱར་ཡོད་པ་མ་ཟད། འབུ་སྲིན་དེར་རྭ་ཅོ་རིང་པོ་གཉིས་ཡོད།

འབུ་ལྷག་སྒྲོན་སེམས་ཕམ་པའི་ངང་། འབུ་བླ་མ་མ་ཎི་མིན་པ་ཐག་ཆོད། ཅེས་ཟེར་ཏེ་དབུགས་ རིང་ཞིག་ཤོར།

འབུ་སྲིན་དེས་མོ་ལ་ཅེར་ཏེ། ཁྱེད་ཀྱིས་གྲོག་སེང་ང་མཐོང་ན་ངོ་མི་ཤེས་སམ། ཞེས་དྲིས་པ་ན། འབུ་ལྷག་སྒྲོན་གྱིས་ཐེ་ཚོམ་ངང་། གྲོག་སེང་ཨེ། ཁྱེད་ལ་ དེ་ལྟར་ཟེར་དགོས་དོན་གང་ཡིན། ཞེས་དྲིས། གྲོག་སེང་གིས། ལྷོད་ལྷོད་ བྱོས་དང་། ངས་བསྟན་ཆོག ཅེས་ཟེར་ཏེ། བྱེ་མའི་སྙུང་དབྱིབས་ཀྱི་ཨི་ ཁུང་ཕྱོགས་ལ་འཕུར་ཕྱིན་པས། འབུ་ལྷག་སྒྲོན་གྱིས་ཀྱང་ཤེས་འདོད་ སྐྱེས་ནས་མོའི་རྗེས་སུ་འཕུར།

ཁོ་གཉིས་རྩྭའི་སྟེང་བབས་རྗེས།

གྲོག་སེང་གིས། ལྟོས་ཨང་། ཞེས་ཤབ་ཤུབ་ཏུ་སྨྲས།

ཨི་ཁུང་དེའི་ཟུར་ངོས་རྣམས་བྱེ་ཞིབ་འཇམ་པོ་ཡིན་པ་དང་། དེའི་ནང་ག་གེ་མོ་ཞིག་ཡིབ་ནས་ཡོད། མཐིལ་གྱི་བྱེ་ཞིབ་ རྣམས་འགུལ་བཞིན་པ་མཐོང་བ་དང་། གྲོག་མ་དམར་ པོ་ཞིག་རྒྱུགས་ནས་ཡོང་།


ཁོ་ཚོས་དེར་བལྟས་བསྡད་པས་གྲོག་མ་དེའི་ནང་ལྷུང་བ་རེད།

གྲོག་མ་དེས་ཨི་ཁུང་གི་ཟུར་

ངོས་ལ་འཐམས་ཏེ། རྐང་འཁྲབ་ལག་འཁྲབ་ཀྱིས་ཡར་འཛེགས་ཐབས་བྱས་ཀྱང་། འདྲེད་བརྡར་

ཤོར་ཏེ་ཨི་ཁུང་ནང་ཟགས། འབུ་ལྷག་སྒྲོན་དངངས་འཚབ་སྐྱེ་བཞིན་པའི་སྐབས། ཨི་ཁུང་དེ་ ནས་འབུ་སྲིན་ཞིག་ཕྱིར་ཐོན་ཏེ། གྲོག་མ་དེ་བཟུང་ནས་སའི་འོག་ཡལ་ཕྱིན།

ང་ཡང་སྔོན་མ་ཁོ་ནང་བཞིན་ཡོད། སའི་འོག་ཏུ་སྒོ་ང་ཞིག་ལས་སྐྱེས་པ་དང་། ཨི་ ཁུང་ཞིག་བཟོས་ནས་ཉིན་མཚན་མེད་པར་འབུ་སྲིན་ཆུང་ཆུང་གང་རུང་ཞིག་དེའི་ནང་ ཟགས་རྒྱུར་བསྒུགས་ནས་སྡོད་པ་དང་། འབུ་སྲིན་དེ་ཟ་ཡི་ཡོད། ཅེས་ལབ།


འབུ་ལྷག་སྒྲོན་ཧང་སངས་པ་དང་། ཁྱེད་ལ་གྲོག་སེང་འབོད་པ་དོན་དང་ལྡན་པ་རེད། ངས་ཚོད་ དཔག་བྱས་ན། ཁྱེད་རང་ཡང་གཉིད་མཐུག་པོ་ཁུག་ནས་ཡར་ལངས་སྐབས། ད་ལྟའི་གཟུགས་

པོ་གསར་པ་འདི་དང་། བཀྲག་མདངས་ལྡན་པའི་གཤོག་པ་འདི་གཉིས་བྱུང་ཡོད་ཀྱི་རེད། ཅེས་ དྲིས་པར། གྲོག་སེང་གིས་དེ་ལ་མོས་མཐུན་གྱིས་མགོ་བོ་ལྕོག་ལྕོག་བྱས། འབུ་ལྷག་སྒྲོན་གྱིས་ ཁོ་རང་ཡང་ང་དང་གཅིག་པ་རེད་འདུག་སྙམ།


ཇ་མུན་སྡོང་པོའི་འོག་ཏུ་ཚོས་གཞི་རྒྱ་སྨུག་ཅན་གྱི་འབུ་སྲིན་རིང་པོ་ཞིག་ནུར་ནས་འགྲོ་བཞིན་ ཡོད། འབུ་ལྷག་སྒྲོན་གྱིས་དེར་ཞིབ་ཚགས་པོས་བལྟས་པ་ན། འབུ་སྲིན་དེར་རྐང་པ་ཧ་ཅང་

མང་པོ་ཡོད་སྟབས། དེའི་མགོ་དང་གཞུག་གང་ཡིན་མ་ཤེས། འབུ་སྲིན་དེ་ནི་ཤིང་ནགས་ཀྱི་ འབུ་རྐང་བརྒྱ་ལག་བརྒྱ་ཡིན་པ་རེད།

འབུ་ལྷག་སྒྲོན་གྱིས་ཤེས་འདོད་ཆེན་པོའི་ངང་། ཁྱེད་རང་ལོ་མ་སྐམ་པོ་དེ་ཚོའི་དཀྱིལ་ལ་ག་རེ་ བྱེད་ཀྱི་ཡོད། ཅེས་དྲིས། འབུ་སྲིན་དེས་ཁ་ཚུར་འཁོར་ཏེ་ལན་བརྒྱག་པར་གོམ་པ་བརྒྱ་ཕྲག་ཁ་ ཤས་སྤོ་དགོས་འཁེལ།

ཁོས། ལོ་མ་སྐམ་པོ་ངའི་ཟས་ཡིན་པས། ང་འདི་ལ་སྡོད་ཀྱི་ཡོད། ཅེས་བཤད།


འབུ་ལྷག་སྒྲོན་གྱི་སེམས་ནང་། དེ་འདྲ་ཛོར་བ་ལ་ཨང་། ལོ་མ་ སྐམ་པོ་ཟ་མཁན་དེ་འདྲ་སུ་ཡོད། ཅེས་དྲན།

འབུ་རྐང་བརྒྱ་ལག་བརྒྱ་ཡིས། ཁྱེད་རང་གི་གཡས་གཡོན་

དུ་ཡོད་པའི་སྡོང་བུ་དང་། ལྡུམ་བུ། རྩྭ་དེ་ཚོ་ང་འདྲ་བའི་འབུ་ སྲིན་ལ་བརྟེན་ནས་སྐྱེས་པ་རེད། ངས་ལོ་མ་སྐམ་པོ་དེ་ཚོ་ བཟའ་བ་དང་། བཙོག་པ་བཏང་བའི་ས་བཅུད་ལ་བརྟེན་ནས་

རྩི་ཤིང་རྣམས་སྐྱེས་ཀྱི་ཡོད། ཅེས་ཟེར་བར། འབུ་ལྷག་སྒྲོན་ གྱི་སེམས་ནང་། དེ་བས་ཛོར་བ་ལ་ཨང་སྙམ།

གང་ལྟར་འབུ་ལྷག་སྒྲོན་རང་དང་རིགས་གཅིག་པ་ཞིག་ལ་ ཐུག་གི་རེད་དམ།


སྐབས་དེར་རླུང་བསིལ་བུ་ཞིག་ལྡང་།

འབུ་ལྷག་སྒྲོན་གྱིས་ཡར་ལ་བལྟས་པས་བར་སྣང་དུ་

འབུ་སྲིན་གྱི་ཁྱུ་ཚོགས་ཤིག་མཐོང་། འབུ་སྲིན་བརྒྱ་ཕྲག་མང་པོས་བར་སྣང་དུ་འཕུར་ལྡིང་བྱེད་

པ་དང་། ཐུར་མཆོང་རྒྱག་པ། ཕར་ཚུར་གཡོལ་རེས་བྱེད་བཞིན་ཡོད། ཁོ་ཚོ་གང་ལྟར་སུ་ཡིན་ ནམ། དེ་ཚོ་ངོ་ཤེས་པར་ཐབས་ཤེས་གཅིག་ལས་མེད། འབུ་ལྷག་སྒྲོན་ཁོ་ཚོའི་ཉེ་སར་བཅར་སྐབས།

ཁོ་ཚོ་ནི་རང་དང་འདྲ་བའི་ཕྱོགས་མྱུལ་ལྡིང་

འགྲོས་པ་སྟེ་འབུ་བླ་མ་མ་ཎི་ཡིན་པ་ངོ་རྟགས་ཆོད་པ་རེད། གཅིག་པར་ཐུག་པས་དགའ་བོ་བྱུང་།

ཐག་རིང་དུ་སྤྲིན་ནག་འཁྲིགས་པས་ནམ་མཁའ་མོག་པོར་གྱུར།

ཆེས་མཐའ་མར་རང་གི་རིགས་

ཕྱོགས་མྱུལ་ལྡིང་འགྲོས་པ་

རྣམས་སྤྲིན་ནག་ཕྱོགས་སུ་འཕུར་འགོ་བརྩམས། འབུ་ལྷག་སྒྲོན་གྱིས། ཁྱེད་ཚོ་ག་པར་འགྲོ་ཡི་ ཡོད། ཅེས་དྲིས་པར།


འབུ་བླ་མ་མ་ཎི་ཞིག་གིས། ཆར་དུས་འགོ་མ་ཚུགས་

གོང་ང་ཚོ་མཉམ་དུ་འཛོམས་ནས། ཆར་པའི་རྗེས་སུ་

བསྙེག་པའི་འགྲུལ་བཞུད་རིང་པོ་ཞིག་འགོ་འཛུགས་ཀྱི་ ཡོད། ཅེས་ལབ།

ཡང་གཞན་ཞིག་གིས། ང་ཚོ་ས་གཞི་དང་མཚོ་གཉིས་

ཀའི་སྟེང་ལ་འཕུར་གྱི་ཡོད། ད་ཤོག འགྲོ། ལྷགས་ པའི་རྗེས་ཟིན་པ་བྱེད་དགོས། ཞེས་ཟེར།


འབུ་ལྷག་སྒྲོན་ཡང་ཁོ་ཚོ་མཉམ་དུ་གནས་སྤོའི་འགྲུལ་བཞུད་རིང་པོ་དེར་ཞུགས། དེའི་ཚེ་སྦྲང་ ཆར་བབས་པས་བྱ་བྱིའུ་རྣམས་ཤིང་སྡོང་འོ ག་ཏུ་ཡིབ་པ་དང་། འབུ་ཅོག་ཅོག་པ་ས་ཁུང་ནས་ ཕྱིར་ཐོན་ཏེ་ཆར་པར་བསུ་བའི་ཙེར་སྒྲ་སྒྲོག

ཕྱེ་མ་ལེབ་རྣམས་ལོ་མའི་འོག་ཏུ་ཡིབ་པ་དང་།

ཆུ་འབུ་གཤོག་རིང་བརྒྱ་ཕྲག་མང་པོ་ས་འོག་ནས་ཐོན་ཏེ་ཚང་བཟོ་བར་འཕུར།

འབྲས་ཞིང་ནང་གི་ཞིང་པས་ཕྱོགས་མྱུལ་ལྡིང་འགྲོས་པའི་ཁྱུ་ཚོགས་ལ་བལྟས་ཏེ། འབུ་བླ་མ་ མ་ཎི། འདི་ལྟས་བཟང་པོ་ཞིག་རེད། ད་ལོ་ཆར་ ཆུ་ལེགས་པ་དང་སྟོན་ཐོག་ཕུན་སུམ་ཚོགས་པ་ ཡོང་གི་རེད། ཅེས་ཟེར།


འབུ་སྲིན་ནང་ནས་འགྲུལ་བཞུད་རིང་ཤོས་བྱེད་མཁན་དེ་ནི་ཕྱོགས་མྱུལ་ལྡིང་འགྲོས་པ་འབུ་ བླ་མ་མ་ཎི་ཡིན། ཁོ་ཚོས་ལོ་གཅིག་ནང་མི་ཐོག་ནས་མི་ཐོག་བརྒྱུད་དེ་སྤྱི་ལེ་ ༡༨༠༠༠ ཙམ་ གནས་སྤོ་བྱེད་པ་དང་། དེའང་འབུ་བླ་མ་མ་ཎི་གཅིག་གིས་སྤྱི་ལེ་ ༦༠༠༠ ཙམ་འཕུར་གྱི་ཡོད། ཁོ་ཚོས་འགྲུལ་བཞུད་བྱེད་སྐབས་རང་གི་རིགས་རྒྱུན་སྤེལ་བ་དང་། འགྲུལ་བཞུད་དེའང་ནམ་ དུས་སོ་སོའི་ལྷགས་པ་དང་འགྲོགས་ཏེ་གླིང་ཆེན་མང་པོ་བསྐོར་ཐུབ་ཀྱི་ཡོད།

ཁོ་ཚོས་རི་བོ་

མཐོ་པོ་དང་རྒྱ་མཚོའི་སྟེང་དུའང་འཕུར། དངོས་འབྲེལ་ཞིག་ལ། ཁོ་ཚོས་ཧི་མ་ལ་ཡའི་རི་རྒྱུད་ བཅད་ནས་འཕུར་འགྲོ་བ་མཐོང་ཡོད་སྟབས། འཛམ་གླིང་ནང་རི་བོ་མཐོ་ཤོས་སྟེང་འཕུར་བའི་

འབུ་བླ་མ་མ་ཎིའི་ཁོངས་སུ་བརྩིས། འབུ་སྲིན་དེའི་རིང་ཐུང་སེན་ཊི་མི་ཊར་ལྔ་ཙམ་ཡོད། ཕོ་ རིགས་ནི་མདོག་དམར་པོ་དང་མོ་རིགས་ནི་སེར་སྨུག་ཡིན།

འབུ་བླ་མ་མ་ཎི་གཞན་དང་འདྲ་

བར་ཕྱོགས་མྱུལ་ལྡིང་འགྲོས་པའི་མི་ཚེའང་ཚང་འབུའི་ངོ་བོར་ཆུའི་ནང་ནས་འགོ་འཛུགས་ ཀྱི་ཡོད། མཚོ་དང་། འདམ་ར། འཁྱིལ་ཆུ། འབྲས་ཞིང་སོགས་ནི་ཚང་འབུའི་འཚོ་རྟེན་བྱེད་

ས་གཙོ་བོ་ཡིན། ཁོ་ཚོ་སྒོ་ང་ལས་སྐྱེས་ཏེ་ཆུའི་ནང་འཚར་ལོངས་བྱུང་བ་དང་། དེ་ནས་ཤུན་

སྐོགས་རྙིང་པ་བརྗེས་ནས་གཤོག་པ་ལྡན་པའི་དར་མ་ཞིག་ལ་འགྱུར་གྱི་ཡོད། ཁོ་ཚོའི་གཤོག་ པ་ནི་དམིགས་བསལ་ཞིག་ཡིན།

དེའི་ཁ་ཞེང་ཆེ་བས་འཕུར་བསྐྱོད་བྱེད་པར་རླུང་བུ་འགུལ་

ཐུབ་ཀྱི་ཡོད། ཁོ་ཚོས་གཤོག་པ་ཐེངས་འགའ་ཤས་བརྡབ་རྗེས་ནུས་ཤུགས་ཉུང་ངུ་ལས་བེད་ སྤྱོད་མི་བྱེད་པར། དུས་ཡུན་རིང་པོའི་བར་སྣང་ནས་ལྡིང་འགྲོས་བྱེད་ཐུབ་ཀྱི་ཡོད།

འབུ་སྲིན་དེ་རིགས་ཨེན་ཊར་ཀྲི་ཁ་མ་གཏོགས་གླིང་ཆེན་གཞན་ཚང་མར་མཐོང་རྒྱུ་ཡོད། རྣམས་ཤར་ཨ་ཕི་རི་ཀ་ནས་ཨ་ར་བི་ཡན་རྒྱ་མཚོ་བརྒྱུད་དེ། འཕུར་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།

དེ་

རྒྱ་གར་དུ་ཆར་དུས་སྐབས་

ཁོ་ཚོ་རྒྱལ་ཡོངས་ལ་ཆར་པ་འདྲེན་པའི་ཆར་དུས་


ཀྱི་རླུང་དང་འགྲོགས་ནས་ཡོང་གི་ཡོད།

ཆར་དུས་ཡོལ་སྐབས་དེ་རིགས་འགའ་ཤས་ཨ་ཕི་

རི་ཀར་ཕྱིར་ལོག་གི་ཡོད། དུས་སྐབས་དེར་རྒྱ་གར་གྱི་གྲོང་ཁྱེར་ཏཱ་མིལ་ན་ཌུ་ལ་སོགས་པར་

དེའི་ཁྱུ་ཚོགས་མང་པོ་མཐོང་རྒྱུ་ཡོད། ཁོ་ཚོ་ནི་ཞིང་པ་ཚོར་གནམ་གཤིས་སྔོན་བརྡ་ལྟ་བུ་ཞིག་ ཡིན། དུས་རབས་མང་པོའི་རིང་ནས་འབུ་དེའི་ཁྱུ་ཚོགས་མང་པོ་གནམ་ལ་འཕུར་བ་མཐོང་ཚེ་

ཞིང་པ་ཚོས་ལྟས་བཟང་པོ་ཞིག་ལ་ངོས་འཛིན་བྱས་ཏེ། ལོ་དེར་ཆར་ཆུ་ལེགས་པ་དང་། སྟོན་ ཐོག་ཕུན་སུམ་ཚོགས་པ་ཡོང་བའི་ཡིད་ཆེས་བྱེད། ད་དུང་ཁོ་ཚོས་ཞིང་ཁའི་ནང་གི་འབུ་དང་། སྲིན་འབུ། དུག་སྦྲང་། ཤིག ཕྱེ་མ་ལེབ། འབུ་སྲིན་གཞན་སོགས་ཟ་ཡི་ཡོད།

འབུ་སྲིན་དེར་མིང་གཞན་མང་པོ་ཡོད་པ་སྟེ། ཕྱོགས་མྱུལ་ལྡིང་འགྲོས་པ་དང་། གོ་ལ་ལྡིང་ སྐོར་བ། གོ་ལ་ཕྱོགས་བསྐྱོད་པ་སོགས་འབོད། ཉི་ཧོང་དུ་དེའི་མིང་གི་དོན་ལ། གཤོག་པ་སེར་

འཇམ་ལྡན་པའི་འབུ་བླ་མ་མ་ཎི། ཞེས་ཟེར་ཞིང་། རྒྱ་ནག་ནང་དེའི་མིང་གི་དོན་ལ། ཏཱའི་ཕོན་ མཚོ་རླུང་གི་འབུ། ཞེས་འབོད། དེ་ལྟར་བརྗོད་དགོས་དོན་ནི། རླུང་འཚུབ་མ་བརྒྱབ་གོང་འབུ་

སྲིན་དེ་རིགས་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པས་ཡིན། ཆུའི་སྦགས་བཙོག་དང་། འབུ་སྨན་ བེད་སྤྱོད་གཏོང་བ། འདམ་རར་འཛུགས་སྐྲུན་བྱས་པ་སོགས་ཀྱིས་གོ་ལ་ཕྱོགས་མྱུལ་བའི་འབུ་ སྲིན་དེ་རིགས་རྩ་སྟོངས་ལ་འགྲོ་བའི་ཉེན་ཁ་ཡོད། །


Turn static files into dynamic content formats.

Create a flipbook
འབུ་ལྷག་སྒྲོན་གྱི་འཚོལ་ཞིབ། by Sherig Books - Issuu