Skip to main content

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ། དབུ་མེད།

Page 1

Tibetan Textbook for Tibetan Weekend Schools in North America

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་

སྔོན་འགྲོའི་སློབ་དེབ་

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས་


བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་

སྔོན་འགྲོ་


བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ།

ཚེ་རིང་བསམ་གྲུབ།

རྩོམ་སྒྲིག་ལས་རོགས།

སྐལ་བཟང་དབྱངས་སྒྲོན། བློ་བཟང་ཚེ་རིང་། སངས་རྒྱས་སྒྲོལ་མ།

རྩོམ་སྒྲིག་པ།

བསྐྱར་ཞིབ་རྩོམ་སྒྲིག་པ། འབྲེལ་མཐུད་པ།

དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད། ཞུ་དག་པ།

ཚེ་རིང་བསམ་གྲུབ། ཌོག་ཊར་མཆོག

དགེ་འདུན་དོན་ཡོད།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

སྣང་གསལ་བསྟན་འཛིན་ནོར་བུ། དགེ་འདུན་དོན་ཡོད།

ཚེ་དབང་ཕུན་ཚོགས། བསྟན་འཛིན་དབྱིག་གཉེན། བྱ་གཞུང་དཔལ་ལྡན་རྡོ་རྗེ། བློ་བཟང་ལེགས་སྒྲུབ།

གཏན་འབེབས་ཚོགས་ཆུང་གི་ཚོགས་མི།

(ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན།)

(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་ རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)

(ཤེས་ལྷན་བོད་ཀྱི་སྐད་ཡིག་ཚན་པའི་འགན་འཛིན།) (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།)

ཨོ་རྒྱན་བསྟན་འཛིན།

བསོད་ནམས་བཟང་པོ། བསམ་གྲུབ།

བཀྲ་ཤ ིས་རྡོ་རྗེ།

(ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན།)

(ཤེས་ལྷན་རྩོམ་སྒྱུར་ཚན་པའི་འགན་འཛིན།)

(སཾ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ།) (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།)

བོད་མིའི་སྒྲིག་འཛུགས་ཤ ེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།


Department of Education, CTA Gangchen Kyishong, Dharamsala – 176215 Distt Kangra, H.P. India

༄༅།

ཆེད་བརྗོད།

Phone: E-mail: Web

ཤེས་རིག་ལས་ཁུངས་

།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་

གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན། དེས་ན་རང་གི་སྐད་ཡིག་རྒྱུན་འཛིན་ དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་ཡིན་

པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་བརྒྱུད་

ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་བཅུ་ཕྲག་ གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་ ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ད་ཕན་རྒྱ་བལ་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་ལ།

དེ་

ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་བསྐྱར་

ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་

འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་ བར་འབད་བརྩོན་བྱེད་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་

དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ཨ་ རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐུ་ཚབ་ཀྱི་ཚོགས་འདུའི་ གྲོས་ཆོད་དགོངས་དོན་ལ་གཞིགས་ཏེ།

འདི་ནས་སྔར་ཡོད་ལས་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་ཤེས་

རིག་ལས་ཁུངས་ཀྱིས་ཐད་ཀར་ནུབ་ཕྱོགས་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་ཆེད་བསླབ་གཞི་བཟོ་འགོད་ མ་དགོས་པར་ཁོངས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་།

རྩོམ་སྒྲིག་ཕྱག་

རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ།

ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་

+91-1892-222572, 222721 education@tibet.net www.sherig.org, www.bodyiglobjong.com

ལགས་དང་ལས་རོགས་རྣམས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་བྱས་པ་

དང་། ཕྱི་ལོ་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ ཀྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་སྟེ།

སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་

ལྡན་ཡོང་སླད། ཕྱི་ལོ་ ༢༠༡༦ སློབ་དུས་རིང་བྱང་ཨ་རི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནང་ཚོད་ ལྟའི་ཐོག་བེད་སྤྱོད་ལག་བསྟར་གནང་ནས་ཕུལ་འབྱོར་བྱུང་བའི་དགོངས་འཆར་ཁག་དང་། གཞན་ཡང་ལྷག་

བསམ་ཅན་སྒེར་ཁག་གིས་ཡིག་ཐོག་གནང་བའི་དགོངས་འཆར་ཁག་ལ་གཞི་བཅོལ་བ་དང་། དཔེ་སྟོན་སློབ་ གྲྭ་དང་བོད་ཁྱིམ་གྱི་ཉམས་མྱོང་ཅན་གྱི་སྔོན་དགེ་དང་།

གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་གདན་ཞུས་

ཀྱིས་བསྐྱར་ཞིབ་གནང་ཕྱོགས་གོ་བསྡུར་ཞུས་པ་དང་འབྲེལ་མཐའ་མའི་བཅོས་སྒྲིག་ཞུས་པར་ཤེས་རིག་ལས་

ཁུངས་ཀྱི་ཆེད་འཛུགས་གནང་བའི་བསྐྱར་ཞིབ་ཚོགས་ཆུང་དང་། སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་ འཛིན་ནོར་བུ་བཅས་ཀྱིས་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གནང་།

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས ༡༢ དང་ ༡༣ བཅས་ཉིན་གཉིས་ཀྱི་ཨ་རིའི་པོརཊ་ལེནཌ་ཚོགས་འདུ་དྲུག་

པའི་ཐོག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཕྱི་ལོ་ ༢༠༡༧ སློབ་དུས་ནས་ལག་བསྟར་ གནང་རྒྱུ་དང་། བསྐྱར་ཞིབ་གནང་ཕྱོགས་ལོ་ལྔའི་མཚམས་དང་དགོས་གལ་གཟིགས་ཚེ་ལོ་གསུམ་རེ་མཚམས་ གནང་འཐུས་གཏན་འཁེལ་ཡོད་པ་བཞིན། སློབ་དེབ་འདི་དག་ལག་བསྟར་བརྒྱུད་རིམ་ནང་བརྗོད་བྱ་རྗོད་བྱེད་

དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་

རིགས་ནས་དགོངས་འཆར་ཡིག་ཐོག་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ ནས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན།


1228 17th Street NW Washington, DC 20036

བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་།

Tel: 212.213.5010 Email: ordc@tibet.net Web: www.tibetoffice.org

THE OFFICE OF TIBET

སྔོན་གླེང་།

༄༅། །བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟ་སྐབས། ཆིག་སྟོང་དགུ་བརྒྱ་བརྒྱད་

ཅུའི་ནང་སྤར་མཐིལ་གང་གི་མི་འབོར་རྣམས་ད་ཆ་ཉིས་ཁྲི་ལྷག་ཏུ་གྱུར་ཡོད་པ་འདི་ནི་འདི་ལོའ་ི ཕྱི་ཟླ་༧ ཚེས་ ༩།༡༠

ཉིན་ནིའུ་ཡོག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་གྱི་མཛད་སྒོར་བོད་མི་

ཆིག་ཁྲི་བཞི་སྟོང་ལྷག་འདུ་འཛོམས་བྱུང་བ་ནས་ཞིབ་རྟོགས་ཡོང་ངེས་ཡིན། འོན་ཀྱང་ནུབ་ཕྱོགས་ཡར་ཐོན་

ཅན་གྱི་རྒྱལ་ཁབ་བྱང་ཨ་མི་རི་ཀ་ལྟ་བུའི་ནང་གནས་བཞུགས་བོད་མི་རྣམས་ལ་ཕྱི་དངོས་པོའ་ི མཐུན་རྐྱེན་ ཕུན་སུམ་ཚོགས་པ་འཛོམས་ཡོད་རུང་། སྤྱི་ཚོགས་ཀྱི་གནས་སྟངས་འོག་མི་རིགས་ཀྱི་ལ་རྒྱར་བཟུང་བའི་སྐད་

རིགས་ཉམས་པའི་ཉེན་ཚབས་ཀྱང་དེ་བས་ཆེ་བ་ཡོད། དེར་བརྟེན་འདི་ག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ ཉམས་རྒྱུན་འཛིན་ཐུབ་ཐབས་སླད།

ལས་གཞི་དུ་མ་སྤེལ་དང་སྤེལ་མུས་ལ་བརྟེན་ནས་བོད་མིའི་འདུས་སྡོད་

ཁག་གི་ནང་བོད་ཡིག་གཟའ་མཇུག་སློབ་གྲྭ་མང་པོ་འགོ་འཛུགས་ཐུབ་པ་བྱུང་ཡོད། དེ་ལྟའི་སློབ་གྲྭ་གྲངས་ཉི་ ཤུ་རྩ་གཅིག་དང་། དང་བླངས་བོད་དགེ་བརྒྱ་དང་བཅོ་ལྔ། སློབ་ཕྲུག་གྲངས་ཆིག་སྟོང་ལྷག་ཙམ་སློབ་ཞུགས་

ཀྱིས་གཟའ་མཇུག་འཆར་ཅན་སློབ་གྲྭ་ཚོགས་ཀྱིན་ཡོད། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད། རིག་

གཞུང་འཁྲབ་སྟོན་དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་སློབ་ཁྲིད་གནང་བཞིན་ ཡོད། དེ་ལྟར་ཡང་ས་ཁུལ་སོ་སོའ་ི དགེ་སློབ་ཀྱི་གནས་སྟངས་ལ་གཞིགས་ཏེ་སློབ་ཁྲིད་བྱེད་བཞིན་པ་ལས། སྤྱི་

ཡོངས་ཀྱིས་ཚད་འཛིན་བྱ་སའི་གཅིག་གྱུར་གྱི་སློབ་དེབ་མེད་སྟབས། ཨ་རིའི་ནང་འཚར་ལོངས་འབྱུང་བཞིན་ པ་དང་བོད་ཡིག་རྒྱུན་མཁོའ་ི སློབ་ཚན་མ་ཡིན་པའི་ཟུར་སྦྱོང་དགོས་མཁན་སློབ་ཕྲུག་རྣམས་ཀྱི་གནས་ཚད་

ལ་དཔག་པའི་སློབ་དེབ་གཏན་འབེབས་དགོས་པར་གཟིགས་ཏེ། འདི་ག་ལས་ཁུངས་དང་། ས་གནས་བོད་ དགེ། འཐུས་མི། རྩོམ་སྒྲིག་པ་བཅས་ཀྱིས་ཚོགས་ཆུང་ཟུར་བཙུགས་ཀྱིས་འཛིན་རིམ་བརྒྱད་པ་བར་སྡེ་ཚན་

གསུམ་དུ་དབྱེ་སྟེ། སྡེ་ཚན་དང་པོར་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་དང་། སྡེ་ཚན་གཉིས་པར་འཛིན་ རིམ་གསུམ་པ་ནས་ལྔ་པ་བར།

སྡེ་ཚན་གསུམ་པར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བཅས་སྡེ་ཚན་སོ་

སོའ་ི སློབ་དེབ་རྩོམ་སྒྲིག་གིས་ཟིན་བྲིས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད།

སྡེ་ཚན་དང་པོའ་ི སློབ་དེབ་

འདི་ནི་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་གཙོས་ཁོང་གི་ཕྱག་རོགས་སྐལ་བཟང་དབྱངས་ སྒྲོན་ལགས་དང་། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་བཅས་ཀྱི་ཚོགས་ཆུང་ནས་རྩོམ་སྒྲིག་ གནང་བ་དང་།

ཞུས་པ་ཞིག་ཡིན།

དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་བསྐྱར་ཞིབ་དང་བཟོ་སྒྲིག་

དེ་ལྟའི་སློབ་དེབ་པར་སྐྲུན་ཐུབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་རྩོམ་སྒྲིག་ཚོགས་ཆུང་

གི་ཚོགས་མི་ལྷན་རྒྱས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་ཚོགས་ མི་རྣམ་པ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སློབ་དེབ་འདི་ཇི་ལྟར་དམིགས་པ་བཞིན་དགེ་

རྒན་དང་། སློབ་ཕྲུག ཕ་མ་བཅས་ཀྱི་མངོན་འདོད་འགྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། མཐའ་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་དང་མི་རིགས།

བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་ གསོའ་ི ཆེད། དུས་ཀུན་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་སྙིང་ཁོང་རུས་ པའི་གཏིང་ནས་ཡིད་སྨོན་ཞུས་ཤིང་། ༸མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་རྡོ་རྗེའི་ངོ་བོར་བརྟན་པའི་གསོལ་ འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་དུས་རྟག་ཏུ་མཐུན་འགྱུར་ སྦྱོར་སྤྲོད་མཛད་པར་ཡི་རང་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་

དབུ་དཀར་ཚང་སྐལ་རྡོར་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ བཟང་པོར། དགེ་ལེགས་འཕེལ།


རྩོམ་སྒྲིག་པའི་གཏམ་།

III

༄༅། །སའི་གོ་ལའི་ཁྱིམ་ཚང་ཆེན་པོ་འདིའི་ནང་དུ་མི་རིགས་འདྲ་མིན་དང་སྐད་ཡིག་འདྲ་མིན་གྲངས་ལས་འདས་པ་ཞིག་ཡོད་རུང་། དེའི་ཁྲོད་རང་སྐྱ་འཕེར་ཞིང་། ཚད་དང་ལྡན་པའི་བརྡ་སྤྲོད་ ཀྱི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་པའི་སྐད་ཡིག་གི་གྲངས་འབོར་ཧ་ཅང་ཉུང་ཉུང་ཆགས་ཡོད། འོན་ཀྱང་། གངས་ཅན་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་ཚད་ལྡན་ཅན་གྱི་གྲས་སུ་ཚུད་ཡོད།

དེ་སྔ་བོད་ཕྲུག་ཚོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་མཐུན་རྐྱེན་འཛོམས་པའི་ཁོར་ཡུག་ཁྲོད་དུ་སློབ་སྦྱོང་བྱས་པ་དང་། བོད་སྐད་ནི་ཁོ་པ་ཚོའི་ཕ་སྐད་རང་ཡིན་

པ་ལས། སྐད་ཡིག་གཞན་ཞིག་གི་ཤུགས་རྐྱེན་ཧ་ལམ་ཐེབས་མྱོང་མེད། ཡིན་ན་ཡང་།

པའི་ཡུལ་གྲུ་མང་པོར་འཚོ་གནས་བྱས་དང་བྱེད་བཞིན་ཡོད།

དེང་སྐབས་བོད་མི་མང་དག་ཅིག་གངས་ཅན་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རྒྱབ་ལྗོངས་མེད་

ཡུལ་གྲུ་དེ་ཚོའི་ནང་དུ་འཚར་ལོངས་འབྱུང་བཞིན་ཡོད་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་ནི་རང་གི་ཕ་སྐད་ལ་འགྱུར་ཐུབ་ཀྱི་མེད་པ་མ་ཟད། ལྷག་དོན་ཁོངཚོར་

བོད་ཀྱི་སྐད་དང་ཡི་གེ་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་སྐད་ཡིག་གཉིས་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་བྱེད་དགོས་པའི་ཛ་དྲག་གི་གནས་སྟངས་ཤིག་ཐོན་བཞིན་ཡོད། དེར་བརྟེན། ཕྲན་ནས་བོད་ཡིག་གི་སློབ་དེབ་འདི་བརྒྱུད་དེ་སྲོལ་རྒྱུན་གྱི་ཤེས་བྱ་རྣམས་གང་ཐུབ་ཀྱིས་རྒྱུན་འཛིན་ཡོང་ཐབས་བྱས་པ་དང་ཆབས་ཅིག འདྲ་མིན་ཞིག་བེད་སྤྱད་དེ་བོད་ཕྲུག་ཚོས་གོ་བདེ་བ་དང་། སྦྱོང་བདེ་བ། ཤེས་བདེ་བ་ཞིག་ཡོང་རྒྱུར་དམིགས་ནས་རྩོམ་སྒྲིག་བྱས་ཡོད།

དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་

སྔོན་འགྲོའ་ི སློབ་དེབ་འདིའི་ནང་དུ་རྒྱུན་ལྡན་བོད་ཀྱི་རིག་གཞུང་དང་། བོད་མིའི་འཚོ་བའི་ཁྲོད་དུ་མཐོང་ཐུབ་པའི་ཚོན་མདོག་དམར་པོ་དང་། ལྗང་ཁུ། སྔོན་པོ། སེར་པོ་བཅས་རིགས་

བཞི་བེད་སྤྱོད་བྱས་ནས་དབྱངས་དང་གསལ་བྱེད། མགོ་ཅན་དང་འདོགས་ཅན་བཅས་ཀྱི་ཡིག་འབྲུ་རྣམས་ལ་སྒྲ་གདངས་མཐོ་འབྲིང་དམའ་གསུམ་གྱི་ཁྱད་པར་དབྱེ་འབྱེད་བྱས་ཡོད་ཅིང་། དེ་

ཡང་ཐོག་མར་དབྱངས་བཞི་ངོ་སྤྲོད་བྱེད་སྐབས་ཚོན་མདོག་དམར་པོ་བེད་སྤྱོད་བྱས་ནས་དབྱངས་བཞིའི་སྒྲ་གདངས་རྣམས་སྒྲ་མཐོ་བའམ་སྒྲ་དྲག་པ་ཞིག་ཡིན་པ་མཚོན་ཐབས་བྱས། དེ་ནས་ རིམ་བཞིན་གསལ་བྱེད་སུམ་ཅུའི་སྒྲ་གདངས་ལ་དབྱེ་འབྱེད་བྱེད་རྒྱུ་འགོ་བཙུགས་ཡོད།

སྲོལ་རྒྱུན་ལ་གསལ་བྱེད་སུམ་ཅུ་ངོ་སྤྲོད་བྱེད་པའི་སྐབས་སུ་གསལ་བྱེད་ཀྱི་ཡིག་འབྲུ་སོ་སོའ་ི གཤིས་རྒྱུད་དང་བསྟུན་ཏེ་སྒྲ་གདངས་ལ་རིགས་ཀྱི་སྡེ་ཚན་ལྔ་སྟེ། ཕོ་དང་མོ།

དང་ཤིན་ཏུ་མོ། མོ་གཤམ་བཅས་དབྱེ་སྲོལ་ཡོད་པ་དང་། སྐབས་འགར་ཕོ་དང་། མ་ནིང་། མོ་བཅས་སྡེ་ཚན་གསུམ་གྱི་དབྱེ་སྲོལ་ཞིག་ཀྱང་ཡོད་པ་རེད། ཡིན་ན་ཡང་།

མ་ནིང་

དེང་སྐབས་ཕྱིའི་

ཡུལ་གྲུ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་སྐབས་གསལ་བྱེད་སུམ་ཅུར་ཕོ་དང་། མོ། མ་ནིང་ལྟ་བུའི་ཐ་སྙད་བེད་སྤྱོད་བྱས་ཏེ་སྒྲ་གདངས་ཀྱི་ཁྱད་པར་མ་ཕྱེ་བར་དེའི་ཚབ་ཏུ་སྒྲ་གདངས་མཐོ་བ་


IV

དང་། འབྲིང་བ། དམའ་བ་བཅས་ཀྱི་མིང་བཏགས་ནས་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན། ལ་དབྱེ་བ་གསལ་པོ་ཕྱེ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད།

sa/ དང་ “ས་”/sá/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར།

ཕྱི་རྒྱལ་གྱི་སློབ་ཕྲུག་ཚོས་བོད་ཡིག་ནང་གི་གསལ་བྱེད་འགའ་རེའི་སྒྲ་གདངས་

དཔེར་ན། གསལ་བྱེད་ “ཞ་”/sha/ དང་ “ཤ་” /shá/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར། གསལ་བྱེད་ “ཟ་”/

དེ་བཞིན་གསལ་བྱེད་ “འ་”/a/ དང་“ཨ་”/á/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར་སོགས་ཡོད།

གོང་གི་དཀའ་ངལ་

དེ་དག་གཅིག་མཚུངས་ཀྱིས་ཕྱི་རྒྱལ་ཡུལ་གྲུའི་ནང་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོའི་ཐོག་ཏུ་ཡང་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན། ཕྲན་གྱིས་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་

མོའ་ི ནང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྐབས། དེ་སྔའི་སྲོལ་རྒྱུན་གྱི་སྡེ་ཚན་དབྱེ་སྲོལ་དེར་བསྒྱུར་བཅོས་ཕྲན་བུ་ཞིག་བཏང་ཡོད་པ་སྟེ། “མོ་” ཡི་སྡེ་ཚན་གྱི་ཁོངས་སུ་ཡོད་པའི་གསལ་

བྱེད་ “ཤ་”དང་“ས་”གཉིས་ལོགས་སུ་བཏོན་ནས་“ཕོ་”ཡི་སྡེ་ཚན་གྱི་ནང་དུ་གསར་དུ་བསྣན་པས། གསལ་བྱེད་དེ་གཉིས་ཀྱི་སྒྲ་གདངས་དེ་གསལ་བྱེད་“ཞ་”དང་ “ཟ་” གཉིས་ཀྱི་སྒྲ་གདངས་ ལས་སྒྲ་མཐོ་བ་ཞིག་ཡོད་པ་གསལ་པོར་འདོན་ཐུབ་པ་དང་།

དེ་ནས་“མོའམ་མོ་གཤམ་”གྱི་སྡེ་ཚན་ནང་ནས་གསལ་བྱེད་“ཧ་”ལོགས་སུ་བཏོན་ཏེ་“མ་ནིང་”གི་ཁོངས་སུ་བསྣན།

དེ་བཞིན་

གསལ་བྱེད་“འ་”དང་“ཨ་”གཉིས་དབར་གྱི་སྒྲ་གདངས་ལ་ཁྱད་པར་ཡོད་པ་དེ་གསལ་པོར་ཐོན་པའི་ཆེད་དུ་གསལ་བྱེད་“ཨ་” ནི་“ཕོ་”ཡི་སྡེ་ཚན་གྱི་ཁོངས་སུ་བསྣན་ཏེ་གསལ་བྱེད་“འ་”ལས་ སྒྲ་གདངས་མཐོ་བ་ཡོད་པ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། ཕྲན་ནས་གོང་གི་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའ་ི སློབ་ཁྲིད་བྱ་ཐབས་དེར་གཞིར་བཟུང་ནས་སློབ་དེབ་འདིའི་ནང་གི་གསལ་བྱེད་

སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་པར་ངོ་སྤྲོད་བྱེད་དུས། ཚོན་མདོག་དམར་པོ་དང་། ལྗང་ཁུ། སྔོན་པོ། སེར་པོ་བཅས་རིགས་བཞི་བེད་སྤྱོད་བྱས་ནས་གསལ་བྱེད་སོ་སོའ་ི སྒྲ་གདངས་མཚོན་ ཐབས་བྱས་ཡོད་པ་སྟེ། ཚོན་མདོག་དམར་པོས་སྒྲ་གདངས་མཐོ་བའི་གསལ་བྱེད་རྣམས་མཚོན་ཐབས་བྱས་པ་དང་། ཚོན་མདོག་ལྗང་ཁུས་སྒྲ་གདངས་འབྲིང་བའི་གསལ་བྱེད་རྣམས་མཚོན་

ཞིང་། གསལ་བྱེད་དེ་ཚོའི་སྒྲ་གདངས་འདོན་སྐབས་ངེས་པར་དུ་ཁའི་ནང་གི་དབུགས་ཁའི་ཕྱི་རུ་འདོན་དགོས་ཡོད། དེ་ནས་སྒྲ་གདངས་དམའ་བའི་གསལ་བྱེད་རྣམས་གཙོ་བོ་ཚོན་མདོག་

སྔོན་པོས་མཚོན་ཐབས་བྱས་ཡོད་ཀྱང་། གསལ་བྱེད་དེ་ཚོའི་ཁོངས་ནས་གསལ་བྱེད་ “ང་” “ཉ་” “ན་” “མ་”བཅས་བཞི་ལ་སྣ་སྒྲ་ལྡན་པའི་དབང་གིས་དམིགས་སུ་བཀར་ནས་ཚོན་མདོག་ སེར་པོ་བེད་སྤྱོད་བྱས་ཏེ་མཚོན་ཐབས་བྱས་ཡོད། ཚོན་མདོག་བཞི་པོ་དེས་གསལ་བྱེད་སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་པར་རྣམས་ངོ་སྤྲོད་གསལ་པོ་ཞིག་བྱེད་ཐུབ་པ་མ་ཟད། མགོ་ཅན་གསུམ་

དང་། འདོགས་ཅན་བཞི་ལྡན་པའི་བོད་ཡིག་གི་ཡིག་འབྲུ་དེ་ཚོར་སྒྲ་གདངས་མཐོ་བ་དང་། འབྲིང་བ། དམའ་བ་བཅས་ཀྱི་ཁྱད་པར་ཡོད་པ་དེ་ཡང་གསལ་པོའ་ི ངང་ནས་ངོ་སྤྲོད་བྱེད་ཐུབ་ཀྱི་ ཡོད་པས་དོན་གཉེར་ཅན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ། ཞེས་རྩོམ་སྒྲིག་པས་ཟླ་ཚེས་བཟང་པོར་ཕུལ་བ་དགེའ།ོ །


V

དཀར་ཆག་

རྩོམ་སྒྲིག་པའི་གཏམ་........................................................................................................................................................................ III

འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་སྨོན་ལམ་........................................................................................................................................1 དར་ལྕོག་བརྒྱུད་ནས་ཚོན་མདོག་ངོ་སྤྲོད་.........................................................................................................................................................4 གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་གདངས་མཚོན་སྟངས་...................................................................................................................................6

གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་མདོག་མཚོན་སྟངས་....................................................................................................................................... 7

གསལ་བྱེད་ཀ་སྡེ་................................................................................................................................................................................8

ཁ་སྐད་སྦྱོང་བརྡར་.................................................................................................................................................................14 གྲངས་ཀ་.......................................................................................................................................................................15

གསལ་བྱེད་ཅ་སྡེ་.............................................................................................................................................................................. 16

ཁ་སྐད་སྦྱོང་བརྡར་.................................................................................................................................................................22

གསལ་བྱེད་ཏ་སྡེ་............................................................................................................................................................................... 23


VI

ཟས་མཆོད་འབུ​ུལ་སྟངས་.............................................................................................................................................................29

གསལ་བྱེད་པ་སྡེ་............................................................................................................................................................................... 30

ཁ་སྐད་སྦྱོང་བརྡར་.................................................................................................................................................................36

གསལ་བྱེད་ཙ་སྡེ་.............................................................................................................................................................................. 37

ལུས་ཀྱི་ཆ་ཤས་ངོ་སྤྲོ​ོད་..............................................................................................................................................................43

གསལ་བྱེད་ཞ་སྡེ་.............................................................................................................................................................................. 44

ཁ་སྐད་སྦྱོང་བརྡར་.................................................................................................................................................................50

གསལ་བྱེད་ར་སྡེ་............................................................................................................................................................................... 51

ཁ་སྐད་སྦྱོང་བརྡར་.................................................................................................................................................................57

གསལ་བྱེད་ཧ་སྡེ་.............................................................................................................................................................................. 58

ཁ་སྐད་སྦྱོང་བརྡར་.................................................................................................................................................................62 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་..............................................................................................................................................64

དབྱངས་བཞི་..................................................................................................................................................................................... 66


VII

ཁ་སྐད་སྦྱོང་བརྡར་.................................................................................................................................................................73

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཀ་-ཅ་) ...............................................................................................................74

ཁ་སྐད་སྦྱོང་བརྡར་.................................................................................................................................................................86

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཏ་-པ་) .................................................................................................................87

ཁ་སྐད་སྦྱོང་བརྡར་............................................................................................................................................................... 100

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཙ་-ཞ་) .............................................................................................................. 101

ཁ་སྐད་སྦྱོང་བརྡར་............................................................................................................................................................... 111

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ར་-ཧ་) .............................................................................................................. 112

ཁ་སྐད་སྦྱོང་བརྡར་............................................................................................................................................................... 122 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 123

ལོག་པ་དང་མཐུག་པོའི་ཡི་གེ་............................................................................................................................................................. 125

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 126

ཡ་བཏགས་བདུན་ ........................................................................................................................................................................ 127


VIII

ར་བཏགས་བཅུ་གཉིས་

................................................................................................................................................................ 129

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 132

ལ་བཏགས་ཅན་དྲུག་........................................................................................................................................................................ 133

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 135

ཝ་བཏགས་བཅུ་གཉིས་

............................................................................................................................................................... 136

ཁ་སྐད་སྦྱོང་བརྡར་............................................................................................................................................................... 149 འདོགས་ཅན་བཞི་ཡི​ི​ི་སྣང་གསལ་སྒྲ་མདོག་མཚོན་སྟངས་.................................................................................................................................... 151 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 152

འདོགས་ཅན་བཞི་ལ་དབྱངས་སྦྱོར་ཚུལ་..................................................................................................................................................... 153

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་............................................................................................................................................ 163 བོད་ཨི​ིན་ཐ་སྙད་ཤན་སྦྱར་

Tibetan-English Glossary.........................................................................................................................164


1

འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་སྨོན་ལམ་ བླ་མ་དང་མགོན་པོ​ོ་རྗེ​ེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་

ཨོཾ་ཨ་ར་པ་ཙ་ན་དྷཱི༔

དྷཱི​ི༔ དྷཱི​ི༔ དྷཱི​ི༔ དྷཱི​ི༔ དྷཱི​ི༔ དྷཱི​ི༔ དྷཱི​ི༔

...

བརྩེ་ལྡན་ཁྱོད་ཀྱི​ི་མཁྱེ​ེན་རབ་འོ​ོད་ཟེ​ེར་གྱི​ིས་

བདག་བློའི​ི​ི་གཏི​ི​ི་མུག་མུན་པ་རབ་བསལ་ནས་

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི་ བློ་གྲོ​ོས་སྤོ​ོབས་པའི​ི་སྣང་བ་སྩལ་ཏུ་གསོལ་

1


2

ཞོགས་པ་བདེ་ལེ​ེགས་

ཉིན་གུང་བདེ་ལེགས་

དགོང་དྲོ​ོ་བདེ​ེ་ལེ​ེ​ེགས་

གཟིམ་འཇགས་གནང་

2


3

བཀྲ་ཤིས་ལགས་

ཞོགས་པ་བདེ་ལེ​ེགས་

པ་ལགས་

ཉིན་གུང་བདེ་ལེ​ེགས་

རྒན་ལགས་

ཨ་མ་ལགས་

སློབ་གྲོ​ོགས་ཚོ་

སྔ་དྲོ་བདེ་ལེ​ེགས་

དགོང་དྲོ​ོ་བདེ​ེ་ལེ​ེགས་

གཟིམ་འཇགས་གནང་

3


དར་ལྕོག་བརྒྱུད་ནས་ཚོན་མདོག་ངོ་སྤྲོད་

4

གནམ་སྔོན་པོ​ོ་

ནམ་མཁའ་

མེ་དམར་པོ་

མེ་

སྤྲིན་པ་དཀར་པོ་ ཆུ་ལྗང་ཁུ​ུ་ ས་སེར་པོ​ོ་

རླུང་

ཆུ་ ས་

4


5

ཚོན་མདོ​ོག་ངོ​ོ་སྤྲོ​ོད་

དཀར་པོ་

ནག་པོ་

ཐལ་མདོག་

ལྗང་ཁུ་

སྔོ​ོན་པོ​ོ་

སེ​ེར་པོ​ོ་

དམར་པོ་

མུ​ུ་མེན་

རྒྱ་སྨུ​ུག་

ཟི​ིང་སྐྱ་

ལི​ི་ཝང་ 5


6

གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་གདངས་མཚོན་སྟངས་

• ཚོན་མདོ​ོག་དམར་པོས་སྒྲ་གདངས་མཐོ་བའམ་སྒྲ་དྲག་པ་མཚོན་

• ཚོན་མདོ​ོག་ལྗང་ཁུས་སྒྲ་གདངས་འབྲིང་བ་དང་དབུགས་ཕྱི་རུ་འདོ​ོན་དགོ​ོས་པ་མཚོན་ • ཚོན་མདོ​ོག་སྔོ​ོན་པོ​ོས་སྒྲ་གདངས་དམའ་བའམ་སྒྲ་ཞན་པ་མཚོན་

• ཚོན་མདོ​ོག་སེ​ེར་པོ​ོ​ོས་སྒྲ་གདངས་དམའ་བ་དང་སྣ་སྒྲ་འདོན་དགོས་པ་མཚོན་

6


7

གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་མདོག་མཚོན་སྟངས་

ཀ་ཁ་ག་ང་

པ་ཕ་བ་མ་ ར་ལ་ཤ་ས་

ཅ་ཆ་ཇ་ཉ་

ཙ་ཚ་ཛ་ཝ་ ཧ་ཨ་

ཏ་ཐ་ད་ན་

ཞ་ཟ་འ་ཡ་ 7


གསལ་བྱེད་ཀ་སྡེ་

8

ཀ་

ཁ་

ག་

ང་

ཀ་

ཁ་

ག་

ང་

8


9

ཀ་ར་

ཀ་ར་བཟས་ན་མངར་མོ་ཡོ​ོད་པ་རེ​ེད་

ཀ་ ཀ

9


10

ཁ་

འདི་ཁ་རེ​ེད་

ཁ་ ཁ།

10


11

ག་རེ་

འདི་ག་རེ​ེ་རེ​ེ​ེད་

ག་ ག

11


12

ང་

ང་བོད་པ་ཡི​ིན་

ང་ ང་།

12


13

སྒྲ་གདངས་ངོས་འཛི​ིན་བྱོ​ོ​ོས་

ང་

ཁ་

ག་

ཀ་ 13


14

ཁ་སྐད་སྦྱོང་བརྡར་

ཀ༽ སློ​ོབ་ཕྲུ​ུག་ཚོ་ སྐུ​ུ་ཁམས་བཟང་

ཁ༽ རྒན་ལགས་ སྐུ​ུ་ཁམས་བཟང་

ཀ༽ ཁྱེ​ེད་རང་གི​ི་མི​ི​ིང་ལ་ག་རེ་ཟེ​ེར་གྱི​ི་ཡོ​ོ​ོད་

ཁ༽ ངའི​ི་མི​ི​ིང་ལ་དབང་མོ་ཟེ​ེར་གྱི​ི་ཡོ​ོ​ོད་

ཀ༽ དབང་མོ་ལགས་ ཁྱེད་རང་ལོ​ོ་ག་ཚོད་ཡི​ི​ིན་

ཁ༽ ང་ལོ​ོ་བརྒྱད་ཡིན་

14


15

གྲངས་ཀ་

༡༠

༡༡

༡༢

༡༣

༡༤

༡༥

༡༦

༡༧

༡༨

༡༩

༢༠

1

6

11

16

2

7

12

17

3

8

13

18

4

9

14

19

5

10

15

20

15


གསལ་བྱེད་ཅ་སྡེ་

16

ཅ་

ཆ་

ཇ་

ཉ་

ཅ་

ཆ་

ཇ་

ཉ་

16


17

ཅ་ག་

ཁོང་ཚོ​ོས་ཅ་ག་བྱེད་ཀྱི​ི​ི་འདུ​ུག་

ཅ་ ཅ།

17


18

ཆ་ག་པ་

འདི་འབུ​ུ་ཆ་ག་པ་རེད་

ཆ་

ཆ།

18


19

ཇ་

ང་ཇ་ལ་དགའ་པོ་ཡོ​ོད་

ཇ་ ཇ།

19


20

ཉ་

ཆུའི་ནང་དུ​ུ་ཉ་འདུ​ུག་

ཉ་ ཉ།

20


21

སྒྲ་གདངས་ངོས་འཛི​ིན་བྱོ​ོས་

ཇ་

ཅ་

ཆ་ ཉ་

21


22

ཁ་སྐད་སྦྱོང་བརྡར་

ཀ༽ ཚོ​ོང་དཔོ​ོ​ོན་ལགས་ སྐུ་ཁམས་བཟང་

ཁ༽ སྐུ​ུ་ཁམས་བཟང་ བུ་ ཁྱོད་ལ་ག་རེ་དགོ​ོས་

ཀ༽ ང་ལ་ཤེལ་ཀ་ར་དང་ ཁ་ཟས་དགོས་

ཁ༽ ལགས་སོ་ ཏོ​ོག་ཙམ་སྒུ​ུགས་ཨང་ 22


གསལ་བྱེད་ཏ་སྡེ་

23

ཏ་

ཐ་

ད་

ན་

ཏ་

ཐ་

ད་

ན་

23


24

ཏ་ལ་

འདི་ཤི​ི​ིང་ཏ་ལ་རེ​ེད་

ཏ་ ཏ།

24


25

ཐ་མ་

ཁོ་ཐ་མ་རེད་

ཐ་ ཐ།

25


26

ད་ར་

ངས་ད་ར་འཐུང་གི​ི་ཡོ​ོ​ོད་

ད་ ད།

26


27

ན་

བུ​ུ་མོ་འདི​ི​ི་ན་འདུག་

ན་ ན།

27


28

སྒྲ་གདངས་ངོས་འཛི​ིན་བྱོ​ོ​ོས་

ཏ་

ཐ་

ད་

ན་ 28


29

ཟས་མཆོད་འབུལ་སྟངས་

སྟོན་པ་བླ་མེད་སངས་རྒྱས་རིན་པོ​ོ་ཆེ​ེ་

སྐྱོབ་པ་བླ་མེད་དམ་ཆོས་རི​ིན་པོ​ོ་ཆེ​ེ་

འདྲེན་པ་བླ་མེད་དགེ​ེ་འདུན་རི​ིན་པོ​ོ་ཆེ​ེ་

སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་

29


30

པ་

ཕ་

པ་

ཕ་

གསལ་བྱེད་པ་སྡེ་

བ་

མ་

བ་

མ་

30


31

པ་ཕ་

འདི་པ་ཕ་རེ​ེད་

པ་ པ།

31


32

ཕ་མ་

ང་ཕ་མ་ལ་དགའ་པོ་ཡོ​ོད་

ཕ་ ཕ།

32


33

བ་ར་

བ་ཕྱུགས་བ་ར་ཡི་ནང་དུ་འདུ​ུག་

བ་

བ།

33


34

མ་མ་

འདི་མ་མ་རེད་

མ་ མ།

34


35

སྒྲ་གདངས་ངོས་འཛི​ིན་བྱོ​ོ​ོས་

པ་ བ་

མ་

ཕ་ 35


36

ཁ་སྐད་སྦྱོང་བརྡར་

ཀ༽ ཨ་མ་ལགས་ ཞོགས་པ་བདེ་ལེ​ེགས་

ཁ༽ ཞོ​ོགས་པ་བདེ་ལེ​ེགས་ བུ​ུ་ ཞོགས་ཇ་ག་རེ་དགོ​ོས་

ཀ༽ འོ​ོ་མ་དང་བག་ལེབ་དགོ​ོས་ ཨ་མ་ལགས་ ག་རེ་མཆོ​ོད་ཀྱི​ི​ི་ཡི​ི​ིན་ ཁ༽ ངས་བག་ལེབ་མཉམ་དུ་སྒོ་ང་ཟ་ཡི​ི་ཡི​ི​ིན་

ཀ༽ པ་ལགས་དང་ཨ་ཅག་ལགས་གཉིས་ཀྱི​ི​ིས་ག་རེ​ེ་མཆོ​ོད་ཀྱི​ི​ི་རེ​ེ​ེད་ ཁ༽ ཁོ​ོང་གཉི​ིས་ཀྱི​ི​ིས་བག་ལེབ་དང་སྒོ​ོ་ང་མཆོ​ོད་ཀྱི​ི​ི་རེ​ེ​ེད་

36


37

ཙ་

ཚ་

ཙ་

ཚ་

གསལ་བྱེད་ཙ་སྡེ་

ཛ་

ཝ་

ཛ་

ཝ་

37


38

ཙ་ར་ར་

ཆུ་ཙ་ར་ར་འཐོན་གྱི​ི་འདུག་

ཙ་ ཙ།

38


39

ཚ་ལུ་མ་

ཚ་ལུ་མ་ཡི​ི་མདོ​ོག་ལི​ི་ཝང་རེ​ེད་

ཚ་

ཚ།

39


40

ཛ་རེ​ེ་ཛོ​ོ​ོ་རེ​ེ​ེ་

སྣོད་ཆས་ཛ་རེ​ེ་ཛོ​ོ​ོ་རེ​ེ​ེར་བཞག་འདུག་

ཛ་ ཛ།

40


41

ཝ་མོ་

འདི་ལ་ཝ་མོ​ོ་ཟེ​ེར་གྱི​ི་ཡོ​ོ​ོད་

ཝ་ ཝ།

41


42

སྒྲ་གདངས་ངོས་འཛི​ིན་བྱོ​ོ​ོས་

ཛ་

ཙ་

ཚ་ ཝ་

42


43

ལུས་ཀྱི་ཆ་ཤས་ངོ་སྤྲོད་ མིག་སྤུ་

ཐོད་པ་

ཁ་

སྣ་

རྣ་ཅོག་

མིག་

ལག་པ་ བརླ་

རྐང་པ་

གྲོད་ཁོ​ོག་

ཕྲག་པ་

བྲང་ཁོག་

དཔུང་པ་

ལྟེ་བ་

པུས་མོ་

མགོ་

སྐེ་

སོ་ ལྕེ་

མཆུ་ཏོ་ མ་ལེ་

སྐྲ་

སྒལ་པ་

གྲུ་མོ་

རྐེད་པ་ མཛུབ་མོ་ སེན་མོ​ོ་

རྐུབ་ རྟི​ིང་ཀ་

ཉྭ་རིལ་

43


44

ཞ་

ཟ་

ཞ་

ཟ་

གསལ་བྱེད་ཞ་སྡེ་

འ་

ཡ་

འ་

ཡ་

44


45

ཞ་ར་

ཁྱི་འདི​ི​ི་ཞ་ར་ཞི​ིག་རེ​ེད་

ཞ་ ཞ

45


46

ཟ་མ་

ཁོང་ཚོས་ཟ་མ་ཟ་ཡི་འདུག་

ཟ་ ཟ།

46


47

འ་ཡོ་

ཁྱི་ཆུ​ུང་ཆུ​ུང་ལ་འ་ཡོ་ལབ་ཀྱི​ི་རེ​ེ​ེད་

འ་ འ།

47


48

ཡ་

འདི་ན་ལྷམ་གོག་ཡ་གཉིས་འདུག་

ཡ་ ཡ།

48


49

སྒྲ་གདངས་ངོས་འཛི​ིན་བྱོ​ོས་

ཞ་ ཡ་

འ་

ཟ་ 49


50

ཁ་སྐད་སྦྱོང་བརྡར་

ཀ༽

སྤོ་བོ​ོ་ལགས་ འདིར་བཞུགས་རོགས་གནང་

ཁ༽ ཐུ​ུགས་རྗེ་ཆེ​ེ་

ཀ༽ གལ་བྱེད་ཀྱི​ི​ི་མ་རེ​ེད་

ཁ༽ བུ​ུ་ག་པར་ཕེབས་ཀྱི​ི་ཡོ​ོ​ོད་

ཀ༽ ང་སློབ་གྲྭ་ལ་འགྲོ་ཡི​ི་ཡོ​ོ​ོད་

ཁ༽ ཡག་པོ་འདུག་ སློབ་སྦྱོ​ོང་ཡག་པོ​ོ་བྱོ​ོ​ོས་

ཀ༽ ལགས་སོ་

50


གསལ་བྱེད་ར་སྡེ་

51

ར་

ལ་

ཤ་

ས་

ར་

ལ་

ཤ་

ས་

51


52

ར་

འདི་ལ་ར་ཞི​ིག་འདུ​ུག་

ར་ ར།

52


53

ལ་

ལ་འདི་མཐོ​ོ་པོ​ོ་འདུག་

ལ་ ལ།

53


54

ཤ་མོ་

རྩྭ་ཐང་ལ་ཤ་མོ་མང་པོ་སྐྱེ​ེས་འདུག་

ཤ ཤ

54


55

ས་

འདི་ལ་ས་མང་པོ་སྤུངས་འདུ​ུག་

ས་ ས།

55


56

སྒྲ་གདངས་ངོས་འཛིན་བྱོ​ོས་

ས་

ར་

ཤ་

ལ་ 56


57

ཁ་སྐད་སྦྱོང་བརྡར་

ཀ༽ བསྟན་འཛིན་ལགས་ ཁྱེད་རང་གི​ི་པ་ལགས་དང་ ཨ་མ་ལགས་ཀྱི་མཚན་ལ་ག་རེ​ེ་ཞུ་ཡི​ི་ཡོ​ོད་ ཁ༽ རྒན་ལགས་ ངའི་པ་ལགས་ཀྱི་མཚན་ལ་དོན་གྲུ​ུབ་དང་ ཨ་མ་ལགས་ཀྱི་ མཚན་ལ་སྒྲོལ་མ་ཞུ​ུ་ཡི​ི་ཡོ​ོ​ོད་ ཀ༽ ཁོ​ོང་གཉི​ིས་ཀྱི​ི​ིས་ཕྱག་ལས་ག་རེ་གནང་གི་ཡོ​ོ​ོད་

ཁ༽ ངའི​ི་ཨ་མ་ལགས་དགེ་རྒན་དང་ པ་ལགས་ཚོང་པ་རེ​ེད་

57


གསལ་བྱེད་ཧ་སྡེ་

58

ཧ་

ཨ་

ཧ་

ཨ་

58


59

ཧ་ཧ་

ཁོང་ཧ་ཧ་ཞེས་གད་མོ་ཤོ​ོར་སོ​ོང་

ཧ་ ཧ།

59


60

ཨ་མ་

ཁོང་བུ​ུའི​ི་ཨ་མ་རེད་

ཨ་ ཨ།

60


61

སྒྲ་གདངས་ངོས་འཛི​ིན་བྱོ​ོ​ོས་

ཨ་

ཧ་ 61


62

ཁ་སྐད་སྦྱོང་བརྡར་

ཀ༽ བོ​ོད་ཡི​ི​ིག་ལ་གསལ་བྱེད་ག་ཚོ​ོད་ཡོ​ོ​ོད་

ཁ༽ བོ​ོད་ཡི​ི​ིག་ལ་གསལ་བྱེད་སུ​ུམ་ཅུ​ུ་ཡོད་

ཀ༽ གསལ་བྱེད་སུམ་ཅུ་ག་རེ​ེ་ག་རེ​ེ་རེ​ེད་

ཁ༽ ཀ་ཁ་ག་ང་ ཅ་ཆ་ཇ་ཉ་ ཏ་ཐ་ད་ན་

པ་ཕ་བ་མ་ ཙ་ཚ་ཛ་ཝ་ ཞ་ཟ་འ་ཡ་ ར་ལ་ཤ་ས་ ཧ་ཨ་བཅས་རེད་

62


63

གསལ་བྱེད་དབར་གྱི་སྒྲ་གདངས་ཁྱད་པར་

ཅ་

ཙ་

ཆ་

ཚ་

ཟ་

ས་

འ་

ཨ་

ཇ་

ཛ་

ཞ་

ཤ་

63


64

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ཀ་ཁ་

ཁ་ཚ་

ཅ་ག་

ཇ་མ་

ན་ཚ་

མ་མ་

ཚ་བ་

ཞ་ར་

ཉ་པ་

ཏ་ལ་

ཐ་མ་

ད་ར་

64


65

ཟ་མ་

ཡ་མ་

ལ་ལ་

ཞ་ལ་

ཧ་ཧ་

ཨ་ཕ་

ཤ་ཚ་

ཨ་མ་

ས་ཆ་

ཆ་ག་པ་

ད་ཆ་

ག་ས་ག་ལ་

65


དབྱངས་བཞི་

66

ཨི་

ཨི།

ཨ + ི = ཨི་

66


67

ཨུ་ ཨ+

ཨུ།

=

ཨུ་

67


68

ཨེ་

ཨེ།

ཨ + ེ = ཨེ་

68


69

ཨོ་

ཨོ།

ཨ + ོ = ཨོ་

69


70

ཨི་

ཨུ་

ཨེ་

ཨོ་

ཨི་

ཨུ་

ཨེ་

ཨོ་

70


71

དབྱངས་ཀྱི་མཚོ​ོན་རྟགས་

གི་གུ​ུ་

ཞབས་ཀྱུ་

གི་གུ་བླ་མའི་ཕྱག་མཛུབ་འདྲ་

ཞབས་ཀྱུ་སྒོ་ང་ཕྱེ​ེད་གཤགས་འདྲ་

71


72

འགྲེང་བུ​ུ་

ན་རོ་

འགྲེང་བུ​ུ་ལྕགས་ཀྱུ​ུ་བཀུ​ུགས་པ་འདྲ་

ན་རོ་རྒོ​ོད་ཀྱི​ི​ི་གཤོ​ོ​ོག་པ་འདྲ་

72


73

ཁ་སྐད་སྦྱོང་བརྡར་

ཀ༽ བོ​ོད་ཡི​ི​ིག་ལ་དབྱངས་ག་ཚོད་ཡོ​ོ​ོད་ ཁ༽ བོ​ོད་ཡི​ི​ིག་ལ་དབྱངས་བཞི་ཡོ​ོ​ོད་ ཀ༽ དབྱངས་བཞི་ག་རེ​ེ་ག་རེ​ེ་རེ​ེ​ེད་ ཁ༽

ཨི་ཨུ་ཨེ་ཨོ​ོ་བཅས་བཞི་རེ​ེ​ེད་ 73


74

ཀི་ ཀི་

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཀ་-ཅ་)

ཁུ་

གེ་

ངོ་

ཁུ་

གེ་

ངོ་

74


75

ཀི་

ཁི་

གི་ ངི་

ཀུ་

ཁུ་

གུ་ ངུ་

ཀེ་

ཁེ་

གེ་ ངེ་

ཀོ་

ཁོ་

གོ་ ངོ་

75


76

ཀུ་ཤུ​ུ་

ང་ཀུ་ཤུ​ུ་ལ་དགའ་པོ་ཡོ​ོད་

ཀུ་ ཀུ།

76


77

འདི་ཚོ​ོ་ཤི​ི​ིང་ཏོ​ོ​ོག་གི​ི་ཁུ​ུ་བ་རེ​ེད་

ཁུ་བ་

ཁུ་ ཁུ།

77


78

གི་གུ་

འདི་གི​ི​ི་གུ​ུ་རེ​ེད་

གི་ གུ།

78


79

ངུ་

ངུ་།

ཕྲུ་གུ​ུ་འདི་ངུ་ཡི​ི​ི་འདུ​ུག་

79


80

ཅི་

ཆུ་

ཇེ་

ཉོ་

ཅི་

ཆུ་

ཇེ་

ཉོ་

80


81

ཅི་

ཅུ་

ཇི་

ཇུ་

ཆི་

ཉི་

ཆུ་

ཉུ་

ཅེ་ ཆེ་

ཇེ་

ཉེ་

ཅོ་ ཆོ་

ཇོ་

ཉོ་

81


82

ཅུ་ལི་

འདི་ཤི​ི​ིང་ཏོ​ོ​ོག་ཅུ​ུ་ལི​ི་རེ​ེ​ེད་

ཅུ་ ཅུ།

82


83

ཆུ་

ངས་ཆུ་བཏུ​ུང་གི་ཡི​ི​ིན་

ཆུ་ ཆུ།

83


84

འདི་ལྷ་སའི​ི་ཇོ​ོ​ོ་བོ​ོ​ོ་རི​ི​ིན་པོ​ོ​ོ་ཆེ​ེ་རེ​ེ​ེད་

ཇོ་བོ​ོ་

ཇོ་ ཇོ།

84


85

ཉི་མ་

གནམ་ལ་ཉི་མ་ཤར་འདུག་

ཉི་ ཉི།

85


86

ཁ་སྐད་སྦྱོང་བརྡར་

ཀ༽ དཔལ་ལྡན་ལགས་ ཁོང་ས་ཆ་གང་ནས་རེད་ ཁ༽ ཁོ​ོང་ནི​ི​ིའུ་ཡོ​ོ​ོག་ནས་རེད་

ཀ༽ ཁོང་གི​ི་མི​ི​ིང་ལ་ག་རེ་ཟེ​ེར་

ཁ༽ ཁོ​ོང་གི​ི​ི་མི​ི​ིང་ལ་བསྟན་འཛིན་ཟེ​ེར་ མོ་རང་ཝ་ཤི​ིང་ཊོ​ོ​ོན་ནས་རེད་ མིང་ལ་ལྷ་མོ་མཚོ​ོ་ཟེ​ེ​ེར་

86


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཏ་-པ་)

87

ཏི་

ཐུ་

དེ་

ནོ་

ཏི་

ཐུ་

དེ་

ནོ་

87


88

ཏི་

ཐི་

དི་

ནི་

ཏུ་

ཐུ་

དུ་

ནུ་

ཏེ་

ཐེ་

དེ་

ནེ་

ཏོ་

ཐོ་

དོ་

ནོ་

88


89

ཏེ་ལོ​ོ་

འདི་སྲོ​ོ​ོག་ཆགས་ཏེ་ལོ​ོ་རེ​ེ​ེད་

ཏེ་ ཏེ།

89


90

ཐོ་བ་

འདི་ཐོ​ོ​ོ་བ་རེ​ེད་

ཐོ་ ཐོ།

90


91

དུ་བ་

ས་ཆ་འདི་ནས་དུ་བ་ནག་པོ​ོ་འཐོ​ོན་གྱི​ི་འདུག་

དུ་ དུ།

91


92

ནེ་ཙོ​ོ་

ནེ་ཙོ​ོ་སྙི​ི​ིང་རྗེ​ེ​ེ་མོ​ོ​ོ་འདུ​ུག་

ནེ་ ནེ།

92


93

སྐད་སྦྱོང་བརྡར་

ཏེ་ལོ​ོ​ོ་ ས་ཆ་འདི་ལ་

ཐོ་བ་ དུ་བ་

ནེ་ཙོ​ོ་

བཞི་

མང་པོ་

ཉུང་ཉུང་

གཅིག་

ཡོད་

འདུག་

93


94

པི་

ཕུ་

བེ་

མོ་

པི་

ཕུ་

བེ་

མོ་

94


95

པི་

ཕི་

བི་

མི་

པུ་

ཕུ་

བུ་

མུ་

པེ་

ཕེ་

བེ་

མེ་

པོ་

ཕོ་

བོ་

མོ་

95


96

པོ་ཏ་ལ་

འདི་ཕོ​ོ​ོ་བྲང་པོ​ོ་ཏ་ལ་རེད་

པོ་ པོ།

96


97

ཕོ་བ་

ངའི་ཕོ​ོ​ོ་བ་ན་ཡི​ི་འདུག་

ཕོ་ ཕོ།

ཨ་ར་ར་ར་...

97


98

བུ་མོ་

འདི་ལ་བུ​ུ་མོ​ོ་གཉི​ིས་འདུ​ུག་

བུ་ བུ།

98


99

མེ་

འདི་ལ་མེ​ེ་འབར་གྱི​ི་འདུག་

མེ་ མེ།

99


100

ཁ་སྐད་སྦྱོང་བརྡར་

ཀ༽ ནམ་རྒྱུན་ཞལ་ལག་མ་མཆོད་གོ​ོ​ོང་ལ་ག་རེ་གནང་དགོས་ཀྱི​ི་རེ​ེ​ེད་

ཁ༽ ཞལ་ལག་མ་མཆོད་གོ​ོ​ོང་ལ་མཆོད་པ་འབུ​ུལ་དགོས་ཀྱི​ི་རེ​ེ​ེད་ ཀ༽ དེའི​ི​ི་རྗེ​ེ​ེས་ལ་ག་རེ​ེ་གསུང་དགོ​ོས་ཀྱི​ི་རེ​ེ​ེད་

ཁ༽ ཞལ་ལག་མཉེས་པོ​ོ་གནང་རོ​ོགས་ཞུ​ུ་དགོ​ོས་ཀྱི​ི་རེ​ེ​ེད་ 100


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ཙ་-ཞ་)

101

ཙི་

ཚུ་

ཛེ་

ཝོ་

ཙི་

ཚུ་

ཛེ་

ཝོ་

101


102

ཙི་

ཙུ་

ཙེ་

ཛི་

ཛུ་

ཛེ་

ཚི་ ཝི་

ཚུ་ ཝུ་

ཚེ་ ཝེ་

ཙོ་

ཚོ་

ཛོ་ ཝོ་

102


103

ཙི་ཙི​ི​ི་

འདི་ལ་ཙི​ི་ཙི​ི​ི་གཉི​ི​ིས་འདུག་

ཙི་ ཙི།

103


104

ཚི་གུ་

ཁམ་བུའི་ཚི​ི​ི་གུ​ུ་མཁྲེགས་པོ​ོ་འདུ​ུག་

ཚི་

ཚི།

104


105

ཞི་

ཟུ་

འེ་

ཡོ་

ཞི་

ཟུ་

འེ་

ཡོ་

105


106

ཞི་

ཟི་

འི་

ཡི་

ཞུ་

ཟུ་

འུ་

ཡུ་

ཞེ་

ཟེ་

འེ་

ཡེ་

ཞོ་

ཟོ་

འོ་

ཡོ་

106


107

ཞི་མི​ི​ི་

ཞི་མི​ི​ིའི​ི​ི་སྤུ​ུ་འཇམ་པོ་ཡོ​ོད་པ་རེ​ེད་

ཞི་ ཞི།

107


108

ཟོ་བ་

ཟོ་བའི​ི​ི་ནང་དུ་ཆུ​ུ་འདུ​ུག་

ཟོ་ ཟོ།

108


109

འོ་མ་

ཞི་མི​ི​ི་འོ​ོ​ོ་མ་འཐུ​ུང་རྒྱུ​ུར་དགའ་པོ་ཡོ​ོད་པ་རེ​ེད་

འོ་ འོ།

109


110

ཡི་གེ​ེ་

འདིའི​ི​ི་ནང་ཡི​ི་གེ​ེ་འདྲ་མི​ི་འདྲ་འདུག་

ཡི་ ཡི།

110


ཀ༽ བསྟན་འཛིན་ལགས་ ཁྱེད་རང་ལ་སྤུན་མཆེད་ག་ཚོད་ཡོ​ོ​ོད་

ཁ༽ རྒན་ལགས་ ང་ལ་ཅོ་ཅོ​ོ་གཅི​ི​ིག་དང་ ཨ་ཅག་གཉིས་ཡོ​ོ​ོད་

ཀ༽ ཁྱེ​ེད་རང་ལ་གཅུ​ུང་པོ་དང་གཅུ​ུང་མོ་མེ​ེད་དམ་ ཁ༽ ང་ལ་གཅུ​ུང་པོ་དང་གཅུ​ུང་མོ་མེ​ེད་

ཀ༽ ཁྱེ​ེད་རང་ལ་སྤོ་བོ​ོ་དང་རྨོ​ོ་མོ​ོ་ཡོ​ོད་དམ་

ཁ༽ ལགས་ཡོད་ ངའི​ི་སྤོ​ོ་བོ​ོ་དང་རྨོ​ོ་མོ​ོ་བོ​ོད་ལ་ཡོ​ོད་

ཀ༽ ཁྱེ​ེད་རང་གི​ི་པ་ལགས་དང་ཨ་མ་ལགས་ག་པར་ཡོད་

ཁ༽ ངའི​ི་པ་ལགས་དང་ཨ་མ་ལགས་ནིའུ་ཡོ​ོག་ལ་ཡོ​ོད་

སྤོ་བོ།

རྨོ་མོ།

པ་ལགས ཅོ་ཅོ།

གས།

ཨ་མ་ལ

ཨ་ཅག

གཅུང་པ

ོ། ང་རང་།

་མོ།

གཅུང

ང་རང་གི་ནང་མི།

111

ཁ་སྐད་སྦྱོང་བརྡར་

111


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ་ (ར་-ས་)

112

རི་

ལུ་

ཤེ་

སོ་

རི་

ལུ་

ཤེ་

སོ་

112


113

རི་

རུ་

རེ་

རོ་

ཤི་

ཤུ་

ཤེ་

ཤོ་

ལི་ སི་

ལུ་ སུ་

ལེ་ སེ་

ལོ་ སོ་

113


114

རི་བོ​ོ​ོ་

བོད་ལ་རི​ི་བོ​ོ​ོ་མང་པོ​ོ་ཡོ​ོད་པ་རེ​ེད་

རི་ རི།

114


115

འདི་ཚོ​ོ་ཤི​ི​ིང་ཏོ​ོ​ོག་ལི​ི་རེ​ེ​ེད་

ལི་

ལི་

ལི།

115


116

ཤོ་

འདི་ལ་ཤོ​ོ་ཟེ​ེར་གྱི​ི་རེ​ེ​ེད་

ཤོ་ ཤོ།

116


117

སོ་

ཁ་ཡི་ནང་ལ་སོ​ོ་ཡོ​ོད་པ་རེ​ེད་

སོ་ སོ།

117


118

ཧི་

ཨུ་

ཧེ་

ཨོ་

ཧི་

ཨུ་

ཧེ་

ཨོ་

118


119

ཧི་

ཧུ་

ཧེ་

ཧོ་

ཨི་

ཨུ་

ཨེ་

ཨོ་

119


120

ཧི་མ་ལ་ཡ་

འཛམ་གླིང་གི​ི​ི་རི​ི​ི་བོ​ོ​ོ་མཐོ​ོ་ཤོ​ོས་ནི​ི་ཧི​ི​ི་མ་ལ་ཡ་རེད་

ཧི་ ཧི།

120


121

ཨི་ཁུང་

ཤིང་སྡོ​ོ​ོང་འདི​ི​ི་ལ་ཨི​ི་ཁུ​ུང་ཆེན་པོ​ོ་ཞི​ི​ིག་འདུག་

ཨི་ ཨི།

121


122

ཁ་སྐད་སྦྱོང་བརྡར་

ཀ༽

སློ​ོབ་ཕྲུ​ུག་ཚོ་ ཁྱེ​ེད་རང་ཚོའི​ི​ི་ཕ་མ་བོ​ོད་པ་རེ​ེད་དམ་

ཁ༽ ངའི​ི་པ་ལགས་བོད་པ་རེད་ ཨ་མ་ལགས་བོད་པ་མ་རེད་ ཁོང་གི​ི་ཕ་མ་གཉིས་ཀ་བོ​ོད་པ་རེ​ེད་

མོ་རང་གི​ི་ཨ་མ་ལགས་བོད་པ་རེད་ པ་ལགས་བོད་པ་མ་རེད་

122


123

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ཁོ་

ཉོ་

མི་

ཞོ་

གོ་

བུ་

ལི་

ཤོ་

ངུ་

མེ་

སོ་

ཆུ་

རི་

ལོ་ 123


124

ཀོ་བ་

ཁེ་པོ​ོ་

དེ་ཕོ​ོ་

དེ་ཚོ​ོ་

ཕོ་མོ​ོ་

ང་ཚོ་

ཞེ་ས་

རི་མོ​ོ་

མ་ཧེ་

ལུ་གུ​ུ་

ཟོ་ར་

རེ་བ་

ཡུ་བ་

ལོ་མ་

ད་ལོ་

ཉི་ཤུ་

124


125

ལོ​ོག་པའི​ི་ཡི​ི​ི་གེ​ེ​ེ་ལྔ་

ལོག་པ་དང་མཐུག་པོའི་ཡི་གེ་

ཊ་

ཋ་

གྷ་

ཛྷ་

མཐུ​ུག་པོའི​ི​ི་ཡི​ི​ི་གེ​ེ​ེ་ལྔ་

ཌ་

ཎ་ དྷ་

ཥ་ ཌྷ་

བྷ་

125


126

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

མ་ཎི་

གྷོ་ཥ་

བྷོ་ཊ་ ཌྷརྨ་

ཌ་མ་རུ་ ཌྷ་ས་

126


127

ཡ་བཏགས་བདུན་

ཀྱ་ ཁྱ་ གྱ་ པྱ་ ཕྱ་ བྱ་ མྱ་ ཀྱ་ ཁྱ་ གྱ་

པྱ་ ཕྱ་ བྱ་ མྱ་

127


128

སྒྲ་གདངས་ཀྱི་ཁྱད་པར་

ཁྱ་

ཀྱ་ པྱ་

ཕྱ་

གྱ་

བྱ་ 128


129

ཀྲ་

ར་བཏགས་བཅུ་གཉིས་

ཀྲ་ ཁྲ་ གྲ་ ཏྲ་ ཁྲ་

གྲ་

ཏྲ་

ཐྲ་

དྲ་

ཐྲ་

དྲ་

129


130

པྲ་ ཕྲ་

བྲ་ མྲ་

སྲ་

པྲ་

བྲ་

སྲ་ ཧྲ་

ཕྲ་

མྲ་

ཧྲ་ 130


131

སྒྲ་གདངས་ཀྱི་ཁྱད་པར་

ཀྲ་

ཕྲ་

བྲ་

ཏྲ་

ཐྲ་

མྲ་

པྲ་

གྲ་ སྲ་

ཁྲ་

དྲ་

ཧྲ་

131


132

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ན་ཀྲ་

དྲ་བ་

ཨ་མྲ་

ས་ཁྲ་

པྲ་མོ་

སྲ་བ་

གྲ་མ་

ཕྲ་མོ་

ཁྲ་ཁྲ་

པ་ཏྲ་

བྲ་བོ་ 132


133

ལ་བཏགས་ཅན་དྲུག་

ཀླ་ གླ་ བླ་ ཟླ་ ཀླ་

གླ་ བླ་

རླ་ སླ་

ཟླ་ རླ་

སླ་

133


134

སྒྲ་གདངས་ཀྱི་ཁྱད་པར་

ཀླ་

གླ་

བླ་

ཟླ་

རླ་

སླ་ 134


135

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ཀླ་ཀློ་

གླ་ཆ་

བླ་མ་

སླ་པོ་

བླ་བྲེ་

སླ་ང་

ཀླུ་

གླུ་

ཟླ་བ་

ཟླ་བོ་

གློ་བ་

སློ་མ་ 135


136

ཝ་བཏགས་བཅུ་གཉིས་

ཀྭ་

ཁྭ་

གྭ་

ཀྭ་

ཁྭ་

གྭ་

ཉྭ་

དྭ་

ཚྭ་

ཉྭ་

དྭ་

ཚྭ་

136


137

ཞྭ་

ཟྭ་

རྭ་

ལྭ་

ཤྭ་

ཧྭ་

ཞྭ་

ཟྭ་

རྭ་

ལྭ་

ཤྭ་

ཧྭ་

137


138

བྱ་དེ་

བྱ་དེ་ཡི​ི​ིས་བྱ་སྐད་བརྒྱབ་

བྱ་ བྱ།

138


139

པ་ཏྲ་

ཏྲ་

ཏྲ།

རི་མོ​ོ​ོ་འདི​ི​ི་ལ་པ་ཏྲ་ཟེར་གྱི​ི་རེ​ེ​ེད་

139


140

ས་ཁྲ་

འདི་འཛམ་གླིང་གི​ི​ི་ས་ཁྲ་རེ​ེད་

ཁྲ་ ཁྲ།

140


141

ཨ་མྲ་

ཤིང་ཏོ​ོ​ོག་ཨ་མྲ་འདི་སེ​ེ​ེར་པོ​ོ་རེ​ེ​ེད་

མྲ་ མྲ།

141


142

གླ་བ་

རི་དྭགས་གླ་བ་ཡི་མཆེ​ེ་བ་རྣོ​ོན་པོ​ོ་ཡོ​ོད་པ་རེ​ེད་

གླ་ གླ།

142


143

བླ་མ་

བླ་མས་བཀའ་ཆོས་གསུ​ུངས་

བླ་ བླ།

143


144

ཟླ་བ་

མཚན་མོ་གནམ་ལ་ཟླ་བ་ཤར་གྱི་ཡོ​ོ​ོད་པ་རེ​ེད་

ཟླ་ ཟླ།

144


145

ཚྭ་

འདི་ཚྭ་རེ​ེད་

ཚྭ་ ཚྭ།

145


146

ཞྭ་མོ་

ཞྭ་མོ་འདྲ་མི་འདྲ་མང་པོ་འདུག་

ཞྭ་ ཞྭ།

146


147

རྭ་ཅོ་

འདི་ཚོ​ོ་གཡག་གི་རྭ་ཅོ​ོ་རེ​ེད་

རྭ་ རྭ།

147


148

ཤྭ་བ་

སྲོག་ཆགས་འདི་ཤྭ་བ་རེ​ེད་

ཤྭ་ ཤྭ།

148


149

ཁ་སྐད་སྦྱོང་བརྡར་

ཀ༽ ཁྱེད་རང་སྲོ​ོག་ཆགས་ལ་དགའ་པོ་ཡོ​ོད་དམ་ ཁ༽ ང་སྲོ​ོག་ཆགས་ལ་དགའ་པོ་ཡོ​ོད་

ཀ༽ ཁྱེ​ེད་རང་སྲོ​ོག་ཆགས་ག་རེ་ལ་དགའ་པོ་ཡོ​ོད་

ཁ༽ ང་སྲོ​ོག་ཆགས་འབྲོང་དང་ དོམ་ཁྲ་ ཞི་མི​ི​ི་ལ་དགའ་པོ་ཡོ​ོད་ མོ་རང་ཁྱི​ི་ཕྲུ​ུག་དང་ ཙི་ཙི​ི​ི་ལ་དགའ་པོ་ཡོ​ོད་པ་རེ​ེད་

149


150

མིང་གཞི​ི་དང་འདོ​ོགས་ཅན་ངོ་སྤྲོ​ོད་

མིང་གཞི​ི་

འདོགས་ཅན་

150


151

འདོགས་ཅན་བཞི་ཡི་སྣང་གསལ་སྒྲ་མདོག་མཚོན་སྟངས་

ཡ་བཏགས་ ར་བཏགས་ ལ་བཏགས་ ཝ་བཏགས་

ཀྱ་ ཁྱ་ གྱ་ པྱ་ ཕྱ་ བྱ་ མྱ་

ཀྲ་ ཁྲ་ གྲ་ ཏྲ་ ཐྲ་ དྲ་ པྲ་ ཕྲ་ བྲ་ མྲ་ སྲ་ ཧྲ་ ཀླ་ གླ་ བླ་

ཟླ་

རླ་

སླ་

ཀྭ་ ཁྭ་ གྭ་ ཉྭ་ དྭ་ ཚྭ་ ཞྭ་ ཟྭ་ རྭ་ ལྭ་ ཤྭ་ ཧྭ་

151


152

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ཀྭ་ཡེ་

ཚྭ་ཆུ་

ལྭ་བ་

ཁྭ་ཏ་

ཞྭ་མོ་

ཤྭ་བ་

གྭ་པ་

ཟྭ་པོ་

ཉྭ་

རྭ་ཅོ་ 152


153

ཀྱི་

གྱི་

ཕྱི་

མྱི་

ཀྱུ་

གྱུ་

ཕྱུ་

མྱུ་

ཀྱེ་

གྱེ་

ཕྱེ་

མྱེ་

འདོགས་ཅན་བཞི་ལ་དབྱངས་སྦྱོར་ཚུལ་

ཀྱོ་

ཁྱི་

ཕྱོ་

བྱི་

གྱོ་

མྱོ་

པྱི་

ཁྱུ་

ཁྱེ་

ཁྱོ་

བྱུ་

བྱེ་

བྱོ་

པྱུ་

པྱེ་

པྱོ་

153


154

ཀྲི་

ཀྲུ་

ཀྲེ་

ཀྲོ་

ཁྲི་

པྲི་

པྲུ་

པྲེ་

པྲོ་ བྲོ་

ཏྲི་

གྲི་ བྲི་

ཏྲུ་

གྲུ་ བྲུ་

ཏྲེ་

གྲེ་ བྲེ་

ཏྲོ་

གྲོ་

ཁྲུ་

ཁྲེ་

ཁྲོ་

ཕྲི་

ཕྲུ་

ཕྲེ་

ཕྲོ་

མྲི་

མྲུ་

མྲེ་

མྲོ་

ཐྲི་ དྲི་

ཐྲུ་ དྲུ་

ཐྲེ་ དྲེ་

ཐྲོ་ དྲོ་

154


155

སྲི་

སྲུ་

སྲེ་

སྲོ་

ཧྲི་

ཧྲུ་

ཧྲེ་

ཧྲོ་

ཀླི་

ཀླུ་

ཀླེ་

ཀློ་

གླི་

གླུ་

གླེ་

གློ་

སླི་

སླུ་

སླེ་

སློ་

ཟླི་

ཟླུ་

ཟླེ་

ཟློ་

བླི་

བླུ་

བླེ་

བློ་

རླི་

རླུ་

རླེ་

རློ་

155


156

ཁྱི་

ཁྱི་འདི​ི​ི་སྙི​ི​ིང་རྗེ​ེ་པོ​ོ​ོ་འདུག་

ཁྱི་ ཁྱི།

156


157

ཀྲོ་མ་ཀྲུ་

ཀྲོ་མ་ཀྲུ​ུའི​ི་ཁ་དོ​ོག་དམར་པོ་རེ​ེད་

ཀྲོ་ ཀྲོ།

157


158

སློ་མ་

སློ་མ་འདི​ི་སྨྱུག་མས་བཟོ​ོས་པ་རེ​ེད་

སློ་ སློ།

158


159

གྲོ་

གྲོ་ཞི​ིབ་བརྫི​ིས་ནས་བག་ལེ​ེབ་བཟོ​ོས་

གྲོ་ གྲོ།

159


160

ཕྱུ་པ་

ཕྱུ་པ་འདིའི​ི​ི་ཁ་དོ​ོག་ཟི​ིང་སྐྱ་རེ​ེད་

ཕྱུ་ ཕྱུ།

160


161

ཕྲུ་གུ​ུ་

འདིར་ཕྲུ་གུ​ུ་གཉིས་འདུག་

ཕྲུ་ ཕྲུ།

161


162

ཕྱེ་མར་

ལོ་གསར་ལ་ཕྱེ​ེ་མར་སྒྲི​ིག་གི​ི་ཡོ​ོ​ོད་པ་རེ​ེད་

ཕྱེ་ ཕྱེ།

162


163

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར་

ཕྲུ་གུ​ུ་

ཕྱུ་པ་

ཕྱི་དྲོ​ོ​ོ་

གྲུ་ཁ་

དྲི་མ་

དྲོ་པོ​ོ་

བྲོ་བ་

མྱུ་གུ​ུ་

ཕྱེ་མ་

སྲུ་མོ་

བྱུ་རུ་

སློ་མ་

བྱེ་མ་

གློ་བ་

གྲོ་མ་

བྱི་བ་

163


164

བོད་ཨིན་ཐ་སྙད་ཤན་སྦྱར་

ཀ་ར་

ག་རེ་

ཅ་ག་ ཇ་

ཏ་ལ་ ད་ར་

པ་ཕ་ བ་ར་

Tibetan-English Glossary

sugar

what

care

tea

palm tree

buttermilk

father

cowshed

ཁ་ ང་

ཆ་ག་པ་ ཉ་

ཐ་མ། ན་

ཕ་མ་ མ་མ་

mouth

I

grasshopper fish last

sick

parent

nanny

164


165

ཙ་ར་ར་

ཛ་རེ་ཛོ​ོ་རེ​ེ​ེ་ ཞ་ར་ འ་ཡོ་ ར་

ཤ་མོ་

ཧ་ཧ་ ཀུ་ཤུ་

ཆུ​ུ་)

(

falling (water)

messy

blind

puppy

goat

mushroom

laugh (ha ha)

apple

ཚ་ལུ་མ་ ཝ་མོ་ ཟ་མ་ ཡ་

ལ་ ས་

ཨ་མ་ ཁུ་བ་

orange

fox

food

single

mountain pass

soil, earth

mother

juice, soup

165


166

གི་གུ་ ཅུ་ལི་ ཇོ་བོ​ོ་

ཏེ་ལོ​ོ་ དུ་བ་

པོ་ཏ་ལ་ བུ་མོ་

ཙི་ཙི​ི​ི་

first vowel sign plum

Lord

skunk

smoke

The Potala Palace

girl

mouse

ངུ་

ཆུ་

ཉི་མ་ ཐོ་བ་

ནེ་ཙོ​ོ་ ཕོ་བ་ མེ་

ཚི་གུ་

to cry

water

sun

hammer

parrot

stomach fire nut

166


167

ཞི་མི​ི​ི་ འོ་མ་ རི་

ཤོ་

ཧི་མ་ལ་ཡ་ བྱ་དེ་

ས་ཁྲ་

གླ་བ་

cat

milk

mountain

dice

Himalaya

chicken

map

musk deer

ཟོ་བ་

ཡི་གེ​ེ་ ལི་ སོ་

ཨི་ཁུང་ པ་ཏྲ་

ཨ་མྲ་ བླ་མ་

bucket

letter

pear

teeth, tooth

hole

padra

mango

spiritual master, lama

167


168

ཟླ་བ་

ཞྭ་མོ་ ཤྭ་བ་

ཀྲོ་མ་ཀྲུ་ གྲོ་ཞི​ིབ་ ཕྲུ་གུ་

moon

hat

deer

tomato flour kid

ཚྭ་

རྭ་ཅོ་ ཁྱི་

སློ་མ་

ཕྱུ་པ་

ཕྱེ་མར་

salt

horn

dog

winnowing basket

tibetan robe

chemar

168


Tibetan Textbook for Tibetan Weekend Schools in North America

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་

སྔོན་འགྲོའི་སློབ་དེབ་

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས་


Turn static files into dynamic content formats.

Create a flipbook
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ། དབུ་མེད། by Sherig Books - Issuu