Skip to main content

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བཞི་པའི་བོད་ཡིག་སློབ་དེབ།

Page 1

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་ སློབ་དེབ།

Tibetan Textbook for Tibetan Weekend Schools in North America

འཛིན་རིམ་བཞི་པ།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།


བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ།

ཚེ་རིང་བསམ་གྲུབ།

རྨང་གཞི་རྩོམ་སྒྲིག

ཀརྨ་དངོས་གྲུབ། བྱམས་པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར།

བསྐྱར་ཞིབ་རྩོམ་སྒྲིག་པ།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

དེབ་གཟུགས་དང་

བསྟན་འཛིན་རྡོ་རྗེ། སྐལ་བཟང་ཚེ་རིང་། སྐལ་བཟང་རྒྱ་མཚོ།

རྒྱབ་ཤ་ཇུས་འགོད་པ།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

ཞུ་དག

ན་ག་སངས་རྒྱས་བསྟན་དར། བློ་བཟང་ལེགས་སྒྲུབ།

འབྲེལ་མཐུད་པ།

བསྐྱར་ཞིབ་ཚོགས་ཆུང་།

བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།

ཚེ་རིང་བསམ་གྲུབ།

(ཤེས་ལྷན་འགན་འཛིན།)

བསོད་ནམས་བཟང་པོ།

(རྩོམ་སྒྱུར་ཚན་པའི་འགན་འཛིན།)

ཨཙཱརྱ་ཀརྨ་སྨོན་ལམ། ཌོག་ཊར་མཆོག

དགེ་འདུན་དོན་ཡོད།

བོད་དགེ་བསམ་གྲུབ།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

(ཤེས་རིག་རྩོམ་སྒྲིག་འགན་འཛིན་ཟུར་པ།)

(བོད་ཀྱི་དཔེ་མཛོད་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།) (བོད་ཡིག་ཚན་པའི་འགན་འཛིན།)

(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།) (སློབ་དེབ་རྩོམ་སྒྲིག་པ།)

དཀར་གཞུང་བཀྲ་ཤིས་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།)


ཤེས་རིག་ལས་ཁུངས་། DEPARTMENT OF EDUCATION Central Tibetan Administration

Cable:

SHERIG

Phone:

+91-1892-222572/222721

Fax:

+91-1892-223481

Email:

Education@tibet.net

Web:

www.tcewf.org www.sherig.org/tb

ཆེད་བརྗོད།

༄༅། །བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་གངས་ ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།

དེས་ན་རང་གི་སྐད་ཡིག་རྒྱུན་འཛིན་དང་

གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་ཡིན་པ་ སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་བརྒྱུད་ ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་བཅུ་ཕྲག་

གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་ ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ད་ཕན་རྒྱ་བལ་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་ལ།

དེ་

ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་བསྐྱར་ ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་

འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་

བར་འབད་བརྩོན་བྱེད་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་

དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐུ་ཚབ་ཀྱི་ཚོགས་ འདུའི་གྲོས་ཆོད་དགོངས་དོན་ལ་གཞིགས་ཏེ།

འདི་ནས་སྔར་ཡོད་ལས་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་

ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་ནུབ་ཕྱོགས་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་ཆེད་བསླབ་གཞི་བཟོ་ I


འགོད་མ་དགོས་པར་ཁོངས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ ཕྱག་རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་

སྟེ། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་

ལགས་དང་ལས་རོགས་རྣམས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་བྱས་པ་ དང་། ཕྱི་ལོ་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་

ཀྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་སྟེ། སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་

ཡོང་སླད། ཕྱི་ལོ་ ༢༠༡༦ སློབ་དུས་རིང་བྱང་ཨ་རིའི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནང་ཚོད་

ལྟའི་ཐོག་བེད་སྤྱོད་ལག་བསྟར་གནང་ནས་ཕུལ་འབྱོར་བྱུང་བའི་དགོངས་འཆར་ཁག་དང་། གཞན་ཡང་ལྷག་ བསམ་ཅན་སྒེར་ཁག་གིས་ཡིག་ཐོག་གནང་བའི་དགོངས་འཆར་ཁག་ལ་གཞི་བཅོལ་བ་དང་། དཔེ་སྟོན་སློབ་ གྲྭ་དང་བོད་ཁྱིམ་གྱི་ཉམས་མྱོང་ཅན་གྱི་སྔོན་འགྲོའི་སློབ་དགེ་དང་།

གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་

གདན་ཞུས་ཀྱིས་བསྐྱར་ཞིབ་གནང་ཕྱོགས་གོ་བསྡུར་ཞུས་པ་དང་འབྲེལ།

མཐའ་མའི་བཅོས་སྒྲིག་ཞུས་པར་

ཤེས་རིག་ལས་ཁུངས་ཀྱི་ཆེད་འཛུགས་གནང་བའི་བསྐྱར་ཞིབ་ཚོགས་ཆུང་དང་། སློབ་དེབ་རྩོམ་སྒྲིག་པ་སྣང་

གསལ་བསྟན་འཛིན་ནོར་བུ་བཅས་ཀྱིས་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས ༡༢ དང་ ༡༣ བཅས་ཉིན་གཉིས་རིང་གི་ཨ་རིའི་པོརཊ་ལེནཌ་ཚོགས་འདུ་དྲུག་པའི་ཐོག་སྔོན་

འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཕྱི་ལོ་ ༢༠༡༧ སློབ་དུས་ནས་ལག་བསྟར་གནང་རྒྱུ་དང་ ། བསྐྱར་ཞིབ་གནང་ཕྱོགས་ལོ་ལྔ་རེའི་མཚམས་དང་དགོས་གལ་གཟིགས་ཚེ་ལོ་གསུམ་རེའི་མཚམས་གནང་ འཐུས་གཏན་འཁེལ་ཡོད་པ་བཞིན།

སློབ་དེབ་འདི་དག་ལག་བསྟར་བརྒྱུད་རིམ་ནང་བརྗོད་བྱ་རྗོད་བྱེད་དང་།

སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ ནས་དགོངས་འཆར་ཡིག་ཐོག་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེ་ཞུ་རྒྱུ་བཅས། ཤེས་རིག་ལས་ ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན།

II


བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་།

1228 17th Street NW Washington, DC 20036 Tel: 212.213.5010 Email: ordc@Cbet.net Web: www.Cbetoffice.org

THE OFFICE OF TIBET

སྔོན་གླེང་།

༄༅། །བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་སྐབས།

ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་སྤར་མཐིལ་གང་གི་མི་འབོར་རྣམས་ད་ཆ་སུམ་ཁྲི་ལྷག་ ཏུ་གྱུར་ཡོད། འོན་ཀྱང་བྱང་ཨ་མི་རི་ཀའི་ནང་གནས་བཞུགས་བོད་མི་རྣམས་ལ་ཕྱི་དངོས་ པོའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཡོད་རུང་།

སྤྱི་ཚོགས་ཀྱི་གནས་སྟངས་

འོག་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་རིགས་ཉམས་པའི་ཉེན་ཚབས་ཀྱང་དེ་བས་ཆེ་ བ་ཡོད།

དེར་བརྟེན་འདི་ག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ས་གནས་བོད་རིགས་སྤྱི་

མཐུན་ཚོགས་པས་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་

རྒྱུན་འཛིན་ཐུབ་སླད་ལས་གཞི་དུ་མ་སྤེལ་དང་སྤེལ་མུས་ལ་བརྟེན། ད་ཆ་བོད་མིའི་འདུས་

སྡོད་ཁག་གི་ནང་བོད་ཡིག་གཟའ་མཇུག་སློབ་གྲྭ་མང་པོ་འགོ་འཛུགས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་སློབ་གྲྭ་གྲངས་༢༢ ནང་དང་བླངས་བོད་དགེ་ ༡༤༦ ཡོད་པ་དང་། ཁྱོན་སློབ་

ཕྲུག་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་སློབ་ཞུགས་ཀྱིས་གཟའ་མཇུག་ཏུ་འཆར་ཅན་སློབ་གྲྭ་ ཚོགས་བཞིན་ཡོད། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད། རིག་གཞུང་འཁྲབ་སྟོན་ དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་སློབ་འཁྲིད་གནང་ བཞིན་ཡོད་ནའང་།

ས་ཁུལ་སོ་སོའི་དགེ་སློབ་ཀྱི་གནས་བབ་ལ་གཞིགས་ཏེ་སློབ་འཁྲིད་

བྱེད་པ་ལས་སྤྱི་ཡོངས་ཀྱིས་ཚད་འཛིན་བྱེད་སའི་ཆ་སྙོམས་བསླབ་གཞི་མེད་སྟབས། ཚང་ III


མས་ཛ་དྲག་དགོས་གལ་གཟིགས་ཏེ་ཨ་རིའི་ནང་འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་ཚོའི་ གནས་ཚད་ལ་དཔག་པའི་བསླབ་གཞི་ཞིག་གཏན་འབེབས་དགོས་པ་ལྟར།

འདི་ག་ལས་

ཁུངས་དང་། ས་གནས་བོད་དགེ། འཐུས་མི། རྩོམ་སྒྲིག་པ་རྣམ་པ་བཅས་ཀྱི་ཚོགས་ཆུང་

ཟུར་བཙུགས་ཀྱིས་གནས་ཚད་རིམ་པ་གསུམ་དུ་དབྱེ་སྟེ། སྡེ་ཚན་དང་པོའི་ནང་སྔོན་འགྲོ་ ནས་འཛིན་རིམ་གཉིས་པ་དང་། སྡེ་ཚན་གཉིས་པའི་ནང་འཛིན་རིམ་གསུམ་པ་ནས་ལྔ་པ་ བར།

སྡེ་ཚན་གསུམ་པའི་ནང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བཅས་ཀྱི་སློབ་དེབ་

རྩོམ་སྒྲིག་གིས་ཟིན་བྲིས་གནང་ཐུབ་པ་བྱུང་ཡོད།

སྡེ་ཚན་གཉིས་པའི་སློབ་དེབ་འདི་ནི་

རྩོམ་སྒྲིག་པ་ཀརྨ་དངོས་གྲུབ་ལགས་དང་། བྱམས་པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར་

ལགས། བསྟན་འཛིན་རྡོ་རྗེ་ལགས། སྐལ་བཟང་ཚེ་རིང་ལགས། སྐལ་བཟང་རྒྱ་མཚོ་

ལགས་བཅས་ཀྱི་ཚོགས་ཆུང་ནས་རྨང་གཞི་རྩོམ་སྒྲིག་གནང་བ་ཞིག་ཡིན་པ་དང་། དཔལ་ ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་རྩོམ་སྒྲིག་པ་དང་ཚོགས་ཆུང་ ཟུར་བཙུགས་ཀྱིས་བསྐྱར་ཞིབ་དང་། བཅོས་སྒྲིག དེབ་གཟུགས་ཇུས་འགོད་སོགས་གནང་ ཡོད་པས་གོང་གསལ་སྤྱི་སྒེར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་

པད་རྡོ་རྗེའི་ངོ་བོར་བརྟན་པའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་།

དཔལ་ལྡན་བོད་

མིའི་སྒྲིག་འཛུགས་ངོས་ནས་ཀྱང་དུས་རྟག་ཏུ་མཐུན་འགྱུར་སྦྱོར་སྤྲོད་མཛད་པར་ཐུགས་རྗེ་ བླ་མེད་དུ་ཆེ་ཞུ་རྒྱུ་བཅས། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས། ཕྱི་ལོ་༢༠༡༧ ཟླ་ ༩ ཚེས་༡༥ ལ།

IV


ཨང་།

༡།

༢།

སློབ་ཚན།

དཀར་ཆག

ཤོག་གྲངས།

བོད་ཀྱི་རྒྱལ་ས་ལྷ་ས།.......................................................................༢ གཟའ་མཇུག་གི་འཆར་གཞི།............................................................ ༧

༣། རྒྱུན་སྤྱོད་བྱ་ཚིག་གི་ཞེ་ས།.............................................................༡༣

༤། ཞེ་ས་དང་འབྲེལ་བའི་སྐད་ཆ།.......................................................... ༡༦ ༥།

ཚིག་ཕྲད། ཞིང་སོགས།.................................................................༢༡

༧།

ལ་དོན།....................................................................................... ༢༧

༦། ༨།

༩།

སྐྱབས་འགྲོ།.............................................................................. ༢༤ རི་བོང་དང་རུས་སྦལ་གྱི་སྒྲུང་།........................................................༣༢ དགེ་བ་དང་མི་དགེ་བ།.................................................................. ༣༦

༡༠། ཚིག་ཕྲད། ནས་དང་ལས།............................................................ ༣༩

༡༡། བོང་བུ་དང་། ཕ་བུ།......................................................................༤༢ ༡༢། ཨ་མ་དང་བུ་མོའི་གླེང་མོལ།...........................................................༤༧

༡༣། ཚིག་ཕྲད། གམ་སོགས།.............................................................. ༥༣ ༡༤། བརྡ་དག་སྦྱོང་བརྡར།.....................................................................༥༧ ༡༥། བརྡ་དག་སྦྱོང་བརྡར།.................................................................... ༦༣ 1


སློབ་ ཚན། ༡

གལ་ཆེའི་མིང་ཚིག

• གྲོང་ཁྱེར་ལྷ་ས། • ཕོ་བྲང་པོ་ཏ་ལ།

• གཙུག་ལག་ཁང་། • ནོར་བུ་གླིང་ག • ཡུལ་ལྗོངས།

• གནམ་གཤིས།

2

བོད་ཀྱི་རྒྱལ་ས་ལྷ་ས།

ང་ཚོའི་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ས་ནི། ལོ་ངོ་ཆིག་སྟོང་སུམ་བརྒྱ་ ལྷག་གི་ལོ་རྒྱུས་ཡོད་པའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེའི་དབུས་སུ་ ཕོ་བྲང་པོ་ཏ་ལ་དང་།

ར་ས་འཕྲུལ་སྣང་གཙུག་ལག་ཁང་གཉིས་ཀྱིས་

གཙོས་པའི་ལྷ་ཁང་མང་པོ་ཡོད། ཕོ་བྲང་པོ་ཏ་ལ་ནི། བོད་ཀྱི་རྒྱལ་པོ་

སྲོང་བཙན་སྒམ་པོ་ནས་བཟུང་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་ཡིན་པ་མ་ ཟད། ᨊགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཀྱང་


ཡིན། རྟེན་གྱི་གཙོ་བོ་འཕགས་པ་སྤྱན་རས་ གཟིགས་ལོ་ཀེ་ཤྭ་ར་དང་།

སྐུ་གདུང་ལྷ་

ཁང་། ཆོས་རྒྱལ་སྒྲུབ་ཕུག་སོགས་ལྷ་ཁང་

གླུ་གཞས།

མང་པོ་ཡོད་པ་དང་། བོད་རྒྱལ་ཁབ་ཀྱི་ལས་

ཁུངས་ཆེ ་ ཁག་ཚུགས་ཡུལ་བཅས་ཡི ན །

ལྷ་སའི ་ མདུན་དུ་དྭངས་ཤི ང ་བསི ལ ་བའི ་

སྐྱིད་ཆུ་ཤར་ནས་ནུབ་ཏུ་དལ་གྱིས་རྒྱུགས་ པ་དང་།

ལྷོ་ཕྱོགས་དང་བྱང་ཕྱོགས་སུ་

མཐོ་ཞིང་བརྗིད་ཆགས་པའི་རི་བོས་བསྐོར་

ལྷ་ས་ནོར་བུའི་གླིང་ལ། །

ནོར་བུ་མི་འདུག་མ་གསུངས། ། ཇོ་ཤཱཀ་ཡིད་བཞིན་ནོར་བུ། ། ནོར་བུ་མིན་ན་གང་རེད། །

གནམ་ལ་འཁོར་ལོ་རྩིབས་བརྒྱད། ། ས་ལ་པད་མ་འདབ་བརྒྱད། །

བར་སྣང་བཀྲ་ཤིས་རྟགས་བརྒྱད། ། དགའ་སྐྱིད་འཛོམས་པའི་ཞིང་ས། ། རང་གི་རྒྱལ་ཁབ་དོན་ཆེན། །

མ་བརྗེད་ཡིད་ལ་བཅངས་ནས། ། གནའ་དེང་ཤེས་བྱ་ཡོན་ཏན། །

རྟག་ཏུ་སྦྱང་བརྩོན་བྱེད་དགོས། །

3


ཡོད།

ཉེ་འཁོར་དུ་༸རྒྱལ་དབང་སྐུ་ཕྲེང་

རིམ་བྱོན་གྱི་དབྱར་ཁའི་བཞུགས་གནས་ ནོར་བུ་གླིང་ག་དང་། ཆོས་ཀྱི་སློབ་གཉེར་ བྱ་ཡུལ་གདན་ས་འབྲས་སྤུངས།

སེ་ར།

གཤིས་བསིལ་དྲོད་སྙོམ་ཞིང་།

སུ་ཡིན་

དགའ་ལྡན། སྨན་རྩིས་ཁང་། དེ་མིན་སྒེར་

གྱི་སློབ་གྲྭ་ཁག་ཀྱང་ཡོད། ལྷ་སར་གནམ་

ཡང་སེམས་ལ་ཞི་བདེའི་སྣང་བ་སྟེར་བས།

བོ ད ་ཡུལ་སྟོད་སྨད་བར་གསུམ་དང་། རྒྱལ་ཁབ་ཕྱི་ནང་གི་མཆོད་མཇལ་བ་དང་ ཡུལ་སྐོར་བའི་མི་ཚོགས་ཧ་ཅང་ཆེའོ། །

4


སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས།

རྒྱལ་ཁབ། རྒྱལ་ས། སྦྱང་བརྩོན། གྲོང་ཁྱེར། ཕོ་བྲང་། བཞུགས་གནས།

གཉིས་པ། འདེམས་སྐོང་བྱོས།

༡། ལྷ་སའི་གཙུག་ལག་ཁང་ དུ་བཞེངས་ཡོད། རིའི་སྒང་ / ཐང་གི་དཀྱིལ་ ༢། སྨན་རྩིས་ཁང་ལ་ སློབ་གཉེར་བྱ་རྒྱུ་ཡོད། ཆོས་ཀྱི་ / སྨན་གྱི་

༣། སེ་འབྲས་གཉིས་སུ་ སློབ་གཉེར་བྱ་རྒྱུ་ཡོད། སྨན་གྱི་ / ཆོས་ཀྱི་ ༤། གྲོང་ཁྱེར་ལྷ་སའི་མདུན་དུ་

བཞུར་བཞིན་ཡོད།

ཡར་ཀླུང་གཙང་པོ་ / སྐྱིད་ཆུ་

5


གསུམ་པ། སློབ་ཚན་ལས་ལྡོག་ཕྱོགས་ཚོལ།

མཐའ།

ཕལ་བ།

ཆུང་ངུ་།

མགྱོགས་པོ།

གྲང་།

གཞུང་།

རྙོག་མ། ཤར།

ཉུང་ཉུང་།

རྒྱབ།

དམའ། རྒྱང་རིང་།

བཞི་པ། དྲི་བར་ལན་འདེབས་དགོས།

༡། ཕོ་བྲང་པོ་ཏ་ལ་ནི་སུའི་བཞུགས་གནས་ཡིན་ནམ།

༢། གྲོང་ཁྱེར་ལྷ་སའི་ཉེ་འཁོར་དུ་སློབ་གཉེར་བྱ་ཡུལ་གང་དང་གང་ཡོད་དམ། ༣། ང་ཚོ་བོད་རྒྱལ་ཁབ་ཀྱི་རྒྱལ་ས་གང་དུ་ཡོད་དམ།

༤། མཆོད་མཇལ་བ་དང་ཡུལ་སྐོར་བ་ལྷ་སར་ཕེབས་དགོས་དོན་གང་ཡིན་ནམ། 6


སློབ་ ཚན། ༢ • གཟའ་ཟླ་བ།

གཟའ་མཇུག་གི་འཆར་གཞི། མིང་ཚིག་དང་བརྗོད་ཚིག་འགའ།

གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་

སངས། གཟའ་སྤེན་པ། གཟའ་ཉི་མ།

• འཆར་གཞི། ནམ་རྒྱུན། མཚམས་མཚམས། གུང་སེང་།

• ལུས་རྩལ་རྩེ་བར་འགྲོ། ལྟད་མོ་ལྟ་བ། གྲོགས་མོའི་མཉམ་དུ། འགྲོ་ཡི་ཡིན་ ནམ།

• འཆར་གཞི་ག་རེ་ཡོད། དགོངས་དག ང་ལ་དུས་ཚོད་མེད། ཡོང་གི་ཡིན། • ནང་སྦྱོང་མང་པོ་བྱེད་ཀྱི་ཡོད། འགྲིག་གི་རེད། ཏོག་ཙམ་ན་བྱུང་། • དགོན་པ་མཇལ་བར་འགྲོ། ག་རེ་བྱས་ནས།

• བསྡད་བསྡད་པ་ཡིན། སློབ་གྲྭ་གུང་སེང་རེད། མང་གཙོའི་དུས་ཆེན། • ངས་བརྗེད་འདུག མཛད་སྒོ། འཁེལ་འདུག བཞུགས་ཨང་། • ང་འགྲོ་དགོས་ཀྱི་ཡོད།

7


གླེང་མོལ།

བདེ་སྒྲོལ། ཚེ་རིང་ལགས། གཟའ་འཁོར་འདིའི་ནང་འཆར་གཞི་ག་རེ་ཡོད། ཚེ་རིང་།

ལགས། བདེ་སྒྲོལ་ལགས། སང་ཉིན་གཟའ་པ་སངས་རེད། བྱས་ཙང་། སང་ཉིན་ང་ གུང་སེང་ཡིན། གཟའ་པ་སངས་ལ་ཁྱེད་རང་འཛིན་གྲྭ་ལ་འགྲོ་ཡི་ཡོད་དམ།

བདེ་སྒྲོལ། གཟའ་པ་སངས་ལ་ང་འཛིན་གྲྭར་འགྲོ་ཡི་མེད། ཡིན་ནའང་། ནང་སྦྱོང་མང་པོ་ཡོད། ཚེ་རིང་།

ཁྱེད་རང་ནམ་རྒྱུན་གཟའ་མཇུག་ལ་ག་རེ་བྱེད་ཀྱི་ཡོད།

ནམ་རྒྱུན་གཟའ་མཇུག་ལ་ང་པ་ལགས་དང་ཨ་མ་ལགས་ཀྱི་འཁྲིས་ལ་འགྲོ་ཡི་ཡོད། ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད།

བདེ་སྒྲོལ། གཟའ་མཇུག་ཏུ། མཚམས་རེར་ང་གྲོགས་མོའི་མཉམ་དུ་ལྟད་མོ་ལྟ་བར་འགྲོ་ཡི་ཡོད། 8

ཚེ་རིང་།

གཟའ་ཉི་མར་ཁྱེད་རང་ལ་འཆར་གཞི་ག་རེ་ཡོད། ང་དང་མཉམ་དུ་དགོན་པ་ལ་འགྲོ་


ཡི་ཡིན་ནམ།

བདེ་སྒྲོལ། དགོངས་དག གཟའ་ཉི་མ་འདིར་ང་ལ་དུས་ཚོད་མེད། ཡིན་ན་ཡང་། རྗེས་མའི་གཟའ་ཉི་མ་ ལ་ཡོང་གི་ཡིན།

ཚེ་རིང་།

འགྲིག་གི་རེད། འོ་ན་རྗེས་མའི་གཟའ་ཉི་མ་ལ་ངེད་གཉིས་དགོན་པ་མཇལ་བར་འགྲོ།

ཚེ་རིང་།

གཟའ་མཇུག་སྔོན་མ་ལ་ང་ཏོག་ཙམ་ན་བྱུང་། བྱས་ཙང་ནང་ལ་བསྡད་པ་ཡིན།

ཚེ་རིང་།

གཟའ་ཟླ་བ་ལ་འཛིན་གྲྭ་ཡོད་མ་རེད། གཟའ་ཟླ་བ་ལ་སློབ་གྲྭ་གུང་སེང་རེད།

ཚེ་རིང་།

གཟའ་ཟླ་བ་ལ་མང་གཙོའི་དུས་ཆེན་འཁེལ་གྱི་འདུག བྱས་ཙང་སློབ་གྲྭ་གུང་སེང་རེད།

ཚེ་རིང་།

བྱས་ན་མང་གཙོའི་དུས་ཆེན་གྱི་མཛད་སྒོ་ལ་མཇལ་ཡོང་། བཞུགས་ཨང་། ང་འགྲོ་དགོས་

བདེ་སྒྲོལ། ཏག་ཏག་རེད། གཟའ་མཇུག་སྔོན་མ་ལ་ཁྱེད་རང་ག་པར་ཕེབས་པ་ཡིན། བདེ་སྒྲོལ། གཟའ་ཟླ་བ་ལ་འཛིན་གྲྭར་ཡོང་གི་ཡིན་ནམ།

བདེ་སྒྲོལ། ཨ་ལས། གཟའ་ཟླ་བ་ལ་ག་རེ་བྱས་ནས་སློབ་གྲྭ་གུང་སེང་རེད།

བདེ་སྒྲོལ། འོ་རེད། རྦད་དེ་བརྗེད་འདུག ཏག་ཏག་རེད། ཕྱི་ཟླ་དགུ་པའི་ཚེས་གཉིས་རེད། ཀྱི་ཡོད།

བདེ་སྒྲོལ། ལགས་སོ། །ག་ལེར་ཕེབས། རྗེས་ལ་མཇལ་ཡོང་།

9


སྦྱོང་ཚན། དང་པོ། གོང་གི་གླེང་མོལ་ལྟར་འགྲིག་རྟགས་དང་ནོར་རྟགས་རྒྱོབ། •

གཟའ་པ་སངས་ཉིན་བདེ་སྒྲོལ་དང་ཚེ་རིང་གཉིས་ཀ་འཛིན་གྲྭ་ལ་འགྲོ་ཡི་ཡོད་

བདེ་སྒྲོལ་རྟག་པར་གཟའ་མཇུག་ལ་དགོན་པ་མཇལ་བར་འགྲོ་ཡི་ཡོད་རེད།

• • • •

རེད།

གཟའ་མཇུག་སྔོན་མ་ལ་ཚེ་རིང་ཏོག་ཙམ་ན་ནས་ནང་ལ་བསྡད་པ་རེད། ནམ་རྒྱུན་གཟའ་མཇུག་ལ་བདེ་སྒྲོལ་ཕ་མ་ཐུག་པར་འགྲོ་ཡི་ཡོད་རེད།

གཟའ་ཉི་མ་འདི་ལ་ཚེ་རིང་དང་བདེ་སྒྲོལ་གཉིས་དགོན་པ་ལ་མཆོད་མཇལ་དུ་ འགྲོ་མཁན་རེད།

གཟའ་ཟླ་བ་མང་གཙོའི་དུས་ཆེན་འཁེལ་ཡོད་པས་སློབ་གྲྭ་གུང་སེང་རེད།

གཉིས་པ། གཤམ་གྱི་ཚིག་སྒྲུབ་རྣམས་རང་མོས་ཀྱིས་ཆ་ཚང་བ་བཟོས། • སང་ཉིན་གཟའ་པ་སངས་རེད། བྱས་ཙང་། ་་་་་་

10


• གཟའ་པ་སངས་ལ་ང་ཡང་་་་་་་ • ནམ་རྒྱུན་གཟའ་མཇུག་ལ་་་་་་་

• པ་ལགས་དང་ཨ་མ་ལགས་ཀྱི་འཁྲིས་ལ་ནང་སྦྱོང་་་་་་་ • ཁ་སང་ལུས་རྩལ་རྩེ་་་་་་་་་

• གཟའ་མཇུག་ལ་མཚམས་མཚམས་་་་་་་་་ • གཟའ་ཉི་མར་དགོན་པ་ལ་་་་་་་་

• ང་སང་ཉིན་བྲེལ་བ་མེད། བྱས་ཙང་། ་་་་་་་་་་་་

གསུམ་པ། གཤམ་གྱི་དྲི་བར་ལན་ཐོབས།

༡། ནམ་རྒྱུན་གཟའ་པ་སངས་ལ་ཚེ་རིང་གིས་ག་རེ་བྱེད་ཀྱི་ཡོད་རེད། ༢། ད་ལོ་གཟའ་ག་རེ་ལ་མང་གཙོའི་དུས་ཆེན་འཁེལ་འདུག

༣། གཟའ་ཟླ་བ་ལ་ག་རེ་བྱས་ནས་སློབ་གྲྭ་གུང་སེང་བཏང་བ་རེད།

༤། ནམ་རྒྱུན་གཟའ་མཇུག་ལ་ཚེ་རིང་སུའི་འཁྲིས་ལ་འགྲོ་ཡི་ཡོད་པ་རེད། ༥། བདེ་སྒྲོལ་གྱིས་གཟའ་མཇུག་ལ་ག་རེ་བྱེད་ཀྱི་ཡོད་རེད།

༦། ཚེ་རིང་གིས་ག་རེ་བྱས་ནས་གཟའ་པ་སངས་ལ་ནང་དུ་བསྡད་པ་རེད།

11


བཞི་པ། ཚིག་རྣམས་བེད་སྤྱོད་ཀྱིས་གཟའ་མཇུག་སྐོར་གླེང་མོལ་བྱོས། • གཟའ་འཁོར་འདི་ལ། གཟའ་འཁོར་སྔོན་མ་ལ། གཟའ་འཁོར་རྗེས་མ། གཟའ་ ལྷག་པ། གཟའ་མཇུག འཆར་གཞི། ནམ་རྒྱུན།

• བྱས་ཙང་། མཚམས་མཚམས། མཉམ་དུ། འཁེལ་འདུག • ཡིན་ནའང་། གུང་སེང་། གཟའ་ཉི་མ་ལ། དགོན་པ་ལ།

• འགྲོ་ཡི་ཡིན་ནམ། འཆར་གཞི་ག་རེ་ཡོད། ང་ལ་དུས་ཚོད་མེད། ག་རེ་བྱས་ནས། • དགོངས་དག ཡོང་གི་ཡིན། ནང་སྦྱོང་མང་པོ་བྱེད་ཀྱི་ཡོད། ངེད་གཉིས།

• འགྲིག་གི་རེད། དགོན་པ་མཇལ་བར་འགྲོ། ཏོག་ཙམ་ན་བྱུང་། མཛད་སྒོ་ལ།

• བསྡད་བསྡད་པ་ཡིན། ང་འགྲོ་དགོས་ཀྱི་ཡོད། སློབ་གྲྭ་གུང་སེང་རེད། ནང་ལ། ལྔ་པ། ཁྱེད་ཀྱིས་གཟའ་མཇུག་རྗེས་མའི་སྐོར་ལ་གླེང་མོལ་ཞིག་བྲིས།

12


སློབ་ ཚན། ༣

རྒྱུན་སྤྱོད་བྱ་ཚིག་གི་ཞེ་ས།

དཔེ་ཆ་ཀློག

ཕྱག་དཔེ་ལྗགས་ཀློག་གནང་།

སྐྱེལ་མ་བྱས།

ཕེབས་སྐྱེལ་ཞུས།

སྐྱེས་པ།

འཁྲུངས་= བལྟམས།

ཡི་གེ་བྲིས།

མནའ་བསྐྱལ། འགྲོ།

དགའ།

གད་མོ་བགད། ཤེས་པ། གྱོན་པ། ངུ་བ།

ཤི་བ།

བསད་པ།

ཕྱག་བྲིས་གནང་།

དབུ་མནའ་བཞེས།

ཕེབས་= ཆིབས་སྒྱུར་གནང་། མཉེས་=དགྱེས། བཞད་མོ་བཞད། མཁྱེན་པ།

མནབས་པ།

བཤུམས་པ།

གྲོངས་པ། སྐུ་གཤེགས་པ། བཀྲོངས་པ།

13


བརྗེད་པ།

བསྙེལ་བ།

ཉན་པ།

གསན་པ།

བཤད་པ།

ཉལ་བ།

འཐུང་བ།

བསྡད་པ།

ན་བ།

སྦྱོང་ཚན།

དང་པོ། གཤམ་གསལ་ཕལ་ཚིག་རྣམས་ཞེ་སར་སྒྱུར། སྐྱེལ་

ཤི་བ་

གྱོན་

བརྗེད་

དགའ་

14

བགད་

གསུང་བ།

གཟིམས་པ། བཞེས་པ།

བཞུགས་པ། སྙུང་བ།


གཉིས་པ། གཤམ་གསལ་ཞེ་ཚིག་རྣམས་ཕལ་ཚིག་ལ་སྒྱུར། ལྗགས་ཀློག་གནང་ བལྟམས་

བཞད་མོ་བཞད་ བསྙེལ་

ཕེབས་སྐྱེལ་ཞུས་

བཤུམས་

གསུང་བ་ སྙུང་

གསུམ་པ། དཔེ་བསྟན་པ་བཞིན་ཞེ་ཚིག་རྣམས་བེད་སྤྱོད་གཏོང་སྟངས་སྦྱོངས།

(རིན་པོ་ཆེས་ལྗགས་ཀློག་གནང་སོང་= རིན་པོ་ཆེས་ལྗགས་ཀློག་བསྐྱོན། )

འབུལ་ལམ་ཞུས་ / ཕེབས་སྐྱེལ་ཞུས་ / དབུ་མནའ་བཞེས་ / མཉེས་ / བཞད་ མོ་བཞད་ / མཁྱེན་ / བཞེས་ / བཤུམས་ / བསྙེལ་ / གསན་ / གཟིམས་ / བཞུགས་

བཞི་པ། ཁྱོད་ཀྱིས་བྱ་ཚིག་གི་ཞེ་ས་གང་ཤེས་པ་རྣམས་བྲིས།

15


སློབ་ ཚན། ༤

དགེ་ཕྲུག

རྒན་ལགས་སྐུ་ཁམས་བཟང་།

དགེ་ཕྲུག

གུང་སེང་སྐྱིད་པོ་བྱུང་། འབྱོར་ཐོ་བསྐྱོན་རོགས་གནང་།

དགེ་ཕྲུག

ལགས། ལམ་དུ་དཀའ་ངལ་མ་བྱུང་། ང་ཚོ་སློབ་ཕྲུག་ཚང་མས།

དགེ་རྒན། དགེ་རྒན།

དགེ་རྒན། དགེ་ཕྲུག 16

ཞེ་ས་དང་འབྲེལ་བའི་སྐད་ཆ།

བུ་བློ་བཟང་། གུང་སེང་སྐྱིད་པོ་བྱུང་ངམ།

འགྲིག་གི་རེད། འབྱོར་ཐོ་བཀོད་ཆོག ལམ་དུ་དཀའ་ངལ་མ་བྱུང་ངམ། རྒན་ལགས་ཀྱིས་བཀའ་སློབ་གནང་བ་བཞིན། གཅིག་ཕན་གཅིག་ གྲོགས་བྱས་པ་ཡིན།

འགྲིགས་ཤག བྱེད་སྟངས་དེ་ཡ་རབས་རེད་ལ། གཞན་ཕན་ཡང་རེད།

ངའི་སྤུན་མཆེད་དགེ་བཤེས་ལགས་མཇལ་བྱུང་ངམ།

ལགས། མཇལ་བྱུང་། ཁོང་ནི། སྐུ་གཟུགས་ཆེན་པོ། དབུ་སྐྲ་དཀར་ པོ་ཐར་ཐོར་ཡོད་པ། དབུ་པད་ཆེན་པོ། སྤྱན་དཀྱུས་རིང་པོ། སྙན་


མཆོག་ལྷུག་ལྷུག ཤངས་མཐོན་པོ། ཚེམས་རེ་གཉིས་བུད་པ། ཞལ་ར་

ཅན། སྤྱན་གྱི་ཀྲི་ག་དོད་པོ། མགུལ་གྱི་ཨོལ་མདུད་འབུར་འབུར་ཆེན་པོ་ མངོན་པ། ཐུགས་གཤིས་བཟང་མདོག་ཁ་པོ། ན་བཟའི་ཚོས་གཞི་སྣུམ་ ལ་སྐུ་རགས་བཅིངས་བཟོ་དོད་པོ། ཞབས་ཕྱགས་བསིལ་ལྷམ་བཞེས་ དགེ་རྒན། དགེ་ཕྲུག

ཤིང་། ཕྱག་ཕྲེང་སེར་པོ་བསྣམས་པ་ཞིག་འདུག

བྱས་ན་ཁྱོད་ཀྱིས་ཁོང་ལ་བཀའ་མོལ་ཞུས་པ་ཡིན་ནམ།

ངས་ཁོང་ལ་གུས་ཞབས་ཀྱིས་འཚམས་འདྲི་ཞུས་པར། ཁོང་གིས་ང་ལ་

གཟིགས་ཏེ། ཁྱེད་རང་སུ་ཡིན་ནམ། ཞེས་བཀའ་འདྲི་གནང་བྱུང་། ངས་ ང་རང་ངོ་སྤྲོད་ཞུས་ཏེ། རྒན་ལགས་ཀྱི་ཕྱག་བྲིས་དང་། ཕྱག་དངུལ་

དགེ་རྒན། དགེ་ཕྲུག

རྣམས་ཀྱང་ཕུལ་བ་ཡིན།

འོ་་་ འགྲིག་འདུག དེ་ནས་དགེ་བཤེས་ལགས་ཀྱིས་ག་རེ་གསུངས་ བྱུང་

ངམ།

དགེ་བཤེས་ལགས་ནས། རྒན་ལགས་ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་ མིན་བཀའ་འདྲི་གནང་བྱུང་། ངས་རྒན་ལགས་ཁྱེད་རང་སྐུ་གཟུགས་ གསལ་ཐང་རེད་འདུག ཅེས་ཞུས་པ་ཡིན།

17


སྦྱོང་ཚན། དང་པོ། ཡང་ཡང་བཀླགས་ནས་ཕན་ཚུན་སྡུར། སྤྲོ་པོ།

སྐྱིད་པོ།

དཀའ་ངལ།

དཀའ་སྡུག

སྐུ་གཟུགས།

གཟུགས་པོ།

དབུ་པད།

དཔྲལ་བ།

བཀའ་སློབ།

གུས་ཞབས།

བསླབ་བྱ།

བརྩི་བཀུར།

དགེ་བཤེས། གཟབ་གཟབ།

དགེ་རྒན།

ཐུགས་སྣང་།

གཉིས་པ། གཤམ་གྱི་ཕལ་སྐད་དང་ཞེ་སའི་ཚིག་བསྒྲིགས་ཏེ་བྲིས། སེམས་སྐྱོ་ནས་ངུས།

ཐུགས་མཉེས།

མགོ་ན།

མཉེས་པོ་གནང་།

སེམས་ཀྱིས་ཤེས། སེམས་དགའ། 18

ལག་ཏུ་འཁྱེར།

སྐུ་ལ་མནབས།

རྒན་ལགས་ཀྱི་ཕྱག་བྲིས། ཞལ་གྱིས་མཆོད།


ཁ་ཡིས་བཟའ། ཕྱག་ཏུ་བསྣམས། དགེ་རྒན་གྱི་ཡི་གེ།

དབུ་སྙུང་།

རྣ་བས་ཉན།

ཐུགས་ཀྱིས་མཁྱེན།

མིག་གིས་བལྟས། ཁ་ནས་བཤད། ལུས་ལ་གྱོན།

ཞལ་ནས་གསུངས།

ཐུགས་སྐྱོ་ནས་བཤུམས། ཞབས་ཐང་དུ་ཕེབས།

ལག་པས་ལེན། སྙན་གྱིས་གསན།

རྐང་ཐང་དུ་ཕྱིན། ཕྱག་གིས་བཞེས།

དགའ་པོ་བྱེད། སྤྱན་གྱིས་གཟིགས། གསུམ་པ། གཤམ་གྱི་བརྗོད་པ་ཐུང་ངུ་རྣམས་ཞེ་སར་སྒྱུར། ༡།

༢།

ཁོའི་ལག་ཏུ་དེབ་མཐུག་པོ་ཞིག་འཁྱེར་འདུག ཨ་ཁུས་ཕྲེང་བ་ཞིག་སྤྲད་བྱུང་།

༣། སྟོད་ཐུང་གསར་པ་ཞིག་ཉོས་འདུག ༤། ༥།

བློ་བཟང་སེམས་སྐྱོ་ནས་ངུས་སོང་།

དགེ་རྒན་གྱིས་ཉལ་ཁང་ལ་ལྟ་ཙམ་བྱས་སོང་།

19


བཞི་པ། སྒྲ་གདངས་འདྲ་ལ་དོན་མི་འདྲ་བ་རྣམས་ལ་ཚིག་གྲོགས་རེ་སྦྱོར། ལགས། ལག

སོགས། སོག

ལྔ་པ། བྱེད་སྒོ།

ཆབ། ཆབས། ཐབ། ཐབས།

ཁམས། ཁམ། རྣམས། རྣམ།

ཚོགས་ཆུང་ཆ་བགོས་ཀྱིས་ནང་མིའམ། དགེ་རྒན། སློབ་གྲོགས་སོགས་གང་རུང་ དབར་ཞེ་སའི་ལམ་ནས་གླེང་མོལ་བྱས་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱོས།

20


སློབ་ ཚན། ༥

ཚིག་ཕྲད། ཞིང་སོགས།

རྗེས་འཇུག་ང་ན་མ་འ་ར་ལ་དྲུག་དང་། མཐའ་མེད་བཅས་ལ་ཚིག་ཕྲད་ དཔེར་ན།

ཞིང་། ཞེས། ཞིག་སྦྱོར་དགོས །

སློབ་ཕྲུག་ཚོས་གཞས་བཏང་ཞིང་བྲོ་འཁྲབ་པ་རེད། ཁོ་གཉིས་སེམས་པ་མཐུན་ཞིང་འཆམ་པོ་ཡོད།

དགེ་རྒན་གྱིས་ང་ལ་སེམས་མ་ཕམ་ཞེས་གསུངས་བྱུང་།

ཨ་མ་ལགས་ཀྱིས་ཁྱོད་ཆུང་དུས་རྩེད་མོ་ལ་དགའ་ཞེས་གསུང་གི་འདུག ངས་སྦྲུལ་ཞིག་མཐོང་བྱུང་། ཁོང་གིས་ཁྲོམ་ནས་མར་ཞིག་ཉོས་སོང་། མཚོ་མོས་ནམ་མཁའ་ལ་བྱ་ཞིག་འཕུར་བ་མཐོང་། ལྟ་བུ་དང་།

རྗེས་འཇུག་ག་ད་བ་གསུམ་དང་། ད་དྲག་གམ་ཡང་འཇུག་ད་བཅས་ལ་ཚིག་ཕྲད་ཅིང་། ཅེས། ཅིག་སྦྱོར་དགོས། དཔེར་ན།

ཚན་རིག་པས་དངོས་རྫས་ལ་བརྟག་ཅིང་ཚོད་ལྟ་བྱས། 21


རི་བོ་ཧི་མཱ་ལ་ཡ་བརྗིད་ཅིང་མཐོ་ལ་ཧ་ཅང་མཛེས། ཕ་མས་གུང་སེང་དུ་ཤོག་ཅེས་ཁ་པར་འབྱོར་བྱུང་།

ཁོང་གི་འབྲི་དེབ་ནང་བོད་རྒྱལ་ཁབ་ཅེས་པའི་ཡི་གེ་བྲིས་འདུག ཤིང་ནགས་ནང་སྟག་ཅིག་འདུག ལྟ་བུ་དང་།

རྗེས་འཇུག་སའི་རྗེས་སུ་ཚིག་ཕྲད་ཤིང་། ཤིག་སྦྱོར་དགོས། དཔེར་ན།

ང་ཚོའི་སློབ་གྲྭའི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོ ང་བ་ཡོད།

གནམ་གཤིས་སྐྱིད་པའི་དུས་ཤིག་ལ་ང་ཚོས་གླིང་ག་བཏང་བ་ཡིན།

སྦྱོང་ཚན།

22

ཁོང་གིས་སྒྲུང་དེབ་ཅིག་ཉོས་ཤིང་ཡང་ཡང་བཀླགས། འཛིན་གྲོགས་ཤིག་གི་སྨྱུ་གུ་བརླགས་ནས་མ་རྙེད།


དང་པོ། ཚིག་ཕྲད་མ་ནོར་བར་འདེམས་སྐོང་གྱིས། ཞིང་། ཅིང་། ཤིང་།

སྒྲུང་སྙན་

རིང་།

རི་བོ་བརྗིད་ མི་

དགེ་བཤེས་

མཐོ།

ཞིག ཅིག་ ཤིག

གིས་དགེ་རྒན་ལ་ཞུས། ལྟད་མོ་ འདུག

ཁྱེད་རང་སུ་ཡིན་ རེད་

འཇིགས་

ཞེས། ཅེས།

ཟེར།

ཚིག་ཕྲད་

དྲིས། ཁོང་བོད་པ་རེད་

སྐྲག

མཐོང་།

ནོར་འདུག

བཤད། དཔའ་པོ་

གཉིས་པ། ཚིག་ཕྲད་ནོར་བཅོས་བྱོས། དྭངས་ཞིང་གསལ་བའི་མཚོ།

སྟག་ལ་འཇིགས་ཅིང་སྐྲག་ནས་ཨ་མ་བོས།

ཁོང་བོད་པར་དགའ་ཅེས་བཤད། སྤུས་ཀ་བཟང་ཅིང་རིན་གོང་ཆེ།

ང་ཚོ་ཡ་རབས་སྤྱོད་བཟང་གི་མི་རིགས་ཞིག་ཡིན། མི་སྙིང་སྟོབས་ཅན་ཅིག་རེད།

23


སློབ་ ཚན། ༦

སྐྱབས་འགྲོ།

སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་

བཅས་ནི་སྐྱབས་གནས་དཀོན་མཆོག་གསུམ་ཡིན། དེ་ཡང་དགེ་སྡིག་གི་བླང་དོར་

སྟོན་པ་པོ་སངས་རྒྱས་དང་། དེས་བསྟན་པའི་དགེ་བ་ཉམས་སུ་ལེན་པ་དང་སྡིག་པ་

སྤོང་བའི་ལམ་ནི་ཆོས། སྡིག་པ་སྤོང་ཞིང་དགེ་བ་བསྒྲུབ་པར་རོགས་པ་བྱེད་མཁན་ནི་ དགེ་འདུན་ཡིན། 24

སྐྱབས་སུ་འགྲོ་སྟངས་ལའང་གསུམ་ཡོད། དེ་དག་ནི་ལུས་ཀྱི་སྐྱབས་སུ་འགྲོ་


སྟངས་དང་། ངག་གི་སྐྱབས་སུ་འགྲོ་སྟངས། ཡིད་ཀྱི་སྐྱབས་སུ་འགྲོ་སྟངས་གསུམ་ ཡོད།

ལུས་ཀྱིས་ཕྱག་འཚལ་བ་ནི་ལུས་ཀྱི་སྐྱབས་སུ་འགྲོ་སྟངས་དང་། ངག་ནས་

སྐྱབས་འགྲོ་འདོན་པ་ནི་ངག་གི་སྐྱབས་སུ་འགྲོ་སྟངས། སངས་རྒྱས་ཀྱི་སྐུ་འདྲ་དང་།

ཕྱག་དཔེ། དགེ་འདུན་རྣམས་སྐྱབས་གནས་དངོས་ཡིན་བསམ་པའི་ཐོག་ནས་དད་པ་ བརྟན་པོ་བྱེད་པ་དེ་ཡིད་ཀྱི་སྐྱབས་སུ་འགྲོ་སྟངས་ཡིན་པས། གཙོ་བོ་ཡིད་ཀྱི་སྐྱབས་ སུ་འགྲོ་སྟངས་གལ་ཆེ་ཤོས་ཡིན།

མདོར་ན། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་

བསམས་ནས་འཇིགས་ཤིང་སྐྲག་པའི་བློ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་

མཆོག་གསུམ་ལ་ཡོད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོས། སྙིང་ཐག་པ་ནས་རེ་བ་

བྱེད་པའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། དེ་ནི་ནང་པ་སངས་ རྒྱས་པའི་བསྟན་པའི་འཇུག་སྒོ་ཡིན།

དཔེར་ན། ཕྲུ་གུ་ལོ་ལྔ་དྲུག་ཙམ་སོན་པ་ཞིག ཁྱི་གཏུམ་པོ་ཞིག་གིས་འདེད་པའི་

སྐབས། ཕྲུ་གུ་དེ་ཁྱི་དེ་ལ་ཤིན་ཏུ་འཇིགས་ཤིང་སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་ ཕ་མ་ལ་ཡོད་པའི་ཡིད་ཆེས་བརྟན་པོས། རེ་བ་ཤུགས་ཆེན་པོ་བྱེད་པ་དང་འདྲ་བ་ཡིན་ ནོ། །

25


སྦྱོང་ཚན། དང་པོ། གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས།

༡། སྐྱབས་གནས་དཀོན་མཆོག་གསུམ་གང་དང་གང་ཡིན་ནམ། ༢། ལུས་ཀྱིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ། ༣། ངག་གིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ།

༤། ཡིད་ཀྱིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ།

གཉིས་པ། མཐུན་སྦྱོར་གྱིས། གཡོན།

སྐྱབས་སྟོན་པ་པོ་ནི་

དཀོན་མཆོག་གསུམ་ཡིན།

སྐྱབས་སྒྲུབ་པའི་གྲོགས་ནི་

ཆོས་དཀོན་མཆོག་ཡིན།

སྐྱབས་དངོས་ནི་

ནང་པའི་འཇུག་སྒོ་ནི་ སྐྱབས་གནས་ནི་ 26

གཡས།

སྐྱབས་འགྲོ་ཡིན།

སངས་རྒྱས་དཀོན་མཆོག་ཡིན། དགེ་འདུན་དཀོན་མཆོག་ཡིན།


སློབ་ ཚན། ༧

ལ་དོན།

ཚིག་ཕྲད། སུ་ར་རུ་དུ་ན་ལ་ཏུ་བཅས་བདུན་ནི་ལ་དོན་གྱི་ཕྲད་ཡིན། སྦྱོར་ཚུལ་ནི། ས་སུ་ག་བ་ད་དྲག་ཏུ། ། ང་ད་ན་མ་ར་ལ་དུ། །

འ་དང་མཐའ་མེད་ར་དང་རུ། ། རྗེས་འཇུག

ཕྲད།

ག་བ། ད་དྲག་གམ། ཡང་འཇུག་ད།

ཏུ

ས།

ང་ད་ན་མ་ར་ལ།

འ་དང་མཐའ་མེད་དམ། རྗེས་འཇུག་མེད་པ།

སུ དུ

ར་དང་རུ

27


རྗེས་འཇུག

ས ག བ

ད་དྲག

ཕྲད།

སུ ཏུ

དུ

ལ འ

28

མཐའ་མེད

དཔེར་བརྗོད།

ཁོ་ནུབ་ཕྱོགས་སུ་༷ཕྱིན། ང་རྗེས་སུ་༷ལུས་སོང་།

རྒན་ལགས་ཀྱིས་སྤྱན་ཤེལ་ཕྱག་ཏུ་༷བསྣམས། ཨ་མ་ལགས་རྩམ་པ་འཐག་ཏུ་༷ཕྱིན་སོང་།

སྒྲོལ་མས་ཐབ་ཏུ་༷མེ་སྤར་། བོད་རྒྱལ་ཁབ་ཏུ་༷ལོག རྒྱ་མཚོའི་ཕ་རོལད་ཏུ་༷བསྐྱོད། ཤིནད་ཏུ་༷ལེགས།

ངའི་རྔན་པ་ནང་དུ་༷ཡོད། ཁྱི་ཕྲུག་ལ་ལག་པ་འཆང་དུ་ ༷བཅུག ངའི་སྤུན་མཆེད་བོད་དུ་༷ཡོད། བོད་སྐད་ཐོག་སྒྲུང་བཤད་དུ་ ༷བཅུག སློབ་གྲྭའི་རྒྱལ་སྒོའི་མདུན་དུ་༷མོ་ཊ་འདུག ལྷ་དབང་དགེ་རྒན་དུ་༷བསྐོས། ལྡུམ་རའི་ནང་འཆམ་འཆམ་དུ་༷ཁྲིད། སྲང་ལམ་དུ་༷ཚོང་ཁང་མང་པོ་འདུག

ཨ་ཕ་སྣུམ་འཁོར་དུ་༷བསྡད། ཨ་མས་བྱ་འཕུར་དུ་༷བཅུག ར་དང་ རུ

ར་དང་ རུ

སྤོ་བོ་ཕ་ཡུལ་དུ་༷ལོག བླ་མ་ལ་མཇལ་དར་འབུལ་དུ་༷ཕྱིན།

གནམ་གྲུ་ཞིག་ནམ་མཁར་༷འཕུར། གནམ་གྲུ་ཞིག་ནམ་ མཁའ་རུ༷་འཕུར། ང་ཚོ་སློབ་གྲྭར་༷འགྲོ། ང་ཚོ་སློབ་གྲྭ་རུ་༷འགྲོ། ལྷ་སར་༷འགྲོ་ཡི་ཡིན། ལྷ་ས་རུ་༷འགྲོ་ཡི་ཡིན།


ན་ལ་གཉིས་ནི་རྗེས་འཇུག་ལ་ལྟོས་མི་དགོས་པར་གང་འོས་སྦྱར་ན་འགྲིག་པ་ནི། རྗེས་འཇུག

ཕྲད།

སྨན་ཁང་ནང་ན་༷ནད་པ་མང་།

སྨན་ཁང་ནང་ལ་༷ནད་པ་མང་།

བོད་ན་༷རྒྱ་མི་མང་། བོད་ལ་༷རྒྱ་མི་མང་།

མ འ

ངའི་སྡོད་ཤག་ན་༷རྩེད་ཆས་ཡོད།

ངའི་སྡོད་ཤག་ལ་༷རྩེད་ཆས་ཡོད།

དཔེར་བརྗོད།

གཡོན་ན་༷ཡོད། གཡོན་ལ་༷བསྡད། ན་ལ

ཐབ་ན་༷མེ་འབར། ཐབ་ལ་མེ་༷བཏང་།

ལམ་ན་༷ཐལ་རྡུལ་མང་། ལམ་ལ་༷ཐལ་རྡུལ་མང་། ནམ་མཁའ་ན་༷བྱེའུ་འཕུར།

ནམ་མཁའ་ལ་༷བྱེའུ་འཕུར། གྲོང་ཁྱེར་ན་༷ཁང་པ་མང་།

གྲོང་ཁྱེར་ལ་༷ཁང་པ་མང་།

ཕ་ཡུལ་ན་༷གནས། ཕ་ཡུལ་ལ་༷གནས། གཡས་ན་༷མེ་ཏོག་ཡོད།

གཡས་ལ་༷མེ་ཏོག་ཡོད།

29


སྦྱོང་ཚན། དང་པོ། ལ་དོན་གྱི་ཕྲད་སྦྱོར་ཚུལ་ངག་སྐྱོར་ཐོངས།

གཉིས་པ། ལ་དོན་གྱི་ཕྲད་གང་འོས་བར་སྟོང་དུ་སྐོངས། སྣོད་

བླུགས།

རྒྱབ་

ལངས།

ཁ་

སོ་མང་།

བདེ་བ

བསྡད།

ཤིནད་ མཁའ་

ཆུའི་ཕ་རོལད་ རྩྭ་ཐང་

ལུས་རྩལ་ཐང་

འཕུར། བཏང་།

ནོར་ལུག་ཡོད།

གཡས་

ཆུ་མཐའ་

ཕྲག་

ཟློས་གར་འཁྲབ་

གྲོང་ཚོའི་ཕ་རོལད་

སྣུམ་འཁོར་

བསྡད་ནས་འཆམ་འཆམ་

སློབ་གྲྭ་

ཉལ།

འཛིན་གྲྭ་རྗེས་

རྩམ་པ་ཉོ་

སློབ་སྦྱོང་བྱེད་ 30

བཟང་།

བསྡད།

ཁུག་མ་འཁུར།

བཅུག

སོང་།

བཏང་།

ལུས།

ཕྱིན།


གསུམ་པ། དྲི་བར་ལན་བྲིས།

༡། ལ་དོན་གྱི་ཕྲད་གང་དག་ཡིན་ནམ། ༢། ལ་དོན་གྱི་ཕྲད་སྦྱོར་ཚུལ་བྲིས།

༣། ལ་དོན་གྱི་ཕྲད་ར་དང་རུ་འཇུག་སའི་རྗེས་འཇུག་ངོས་ཟུངས།

བཞི་པ། ཕྲད་ནོར་བཅོས་བྱོས།

སློབ་གྲྭ་དུ་༵སློབ་ཕྲུག་མང་།

ཟ་ཁང་ཏུ་༵ཁ་ལག་ཡོད།

ཤིང་གཅོད་ཏུ་༵ཕྱིན།

རྒན་ལགས་ཏུ་༵ཕུལ།

རྒྱུག་ཤར་འགྲན་ཏུ་༵སོང་།

ཤིནད་དུ་༵དགའ།

སེམས་པ་དགའ་རུ་༵བཅུག བླ་མ་མཇལ་རུ་༵ཕྱིན།

བློ་ཕམ་ཏུ་༵བཅུག

བོད་ཏུ་༵གཡག་མང་པོ་ཡོད། བཞུགས་གྲལ་སུ་༵འཁོད།

ས་མཐའ་དུ་༵འཁྱམས།

ལས་ཤག་སུ་༵བསྡད།

དཔེ་ཁུག་རྒྱབ་དུ་༵ཁུར།

ཇེ་མཐོ་སུ་༵ཕྱིན།

རྒྱ་གར་ཏུ་༵འབྲས་མང་།

ཁྲོམ་རུ་༵ཕྱིན།

མཆོད་པ་འབུལ་རུ་༵བཅུག

31 31


སློབ་ ཚན། ༨

རི་བོང་དང་རུས་སྦལ་གྱི་སྒྲུང་།

གནའ་སྔ་མོ་ཞིག་ལ། སྤང་དང་། མེ་ཏོག ཤིང་སྣ་ འདྲ་མིན་ཡོད་པའི་ཡུལ་ལྗོངས་ཤིག་ཏུ།

རི་བོང་

ཞིག་དང་རུས་སྦལ་ཞིག་སྡོད་ཀྱི་ཡོད།

ཉིན་ཞིག

རུས་སྦལ་དང་རི ་ བོ ང ་གཉི ས ་གྲོ ས ་བསྡུར་བྱས་ ནས། ཁོ་གཉིས་སང་ཉིན་རི་རྩེ་བར་དུ་རྒྱུག་རྩལ་ འགྲན་བསྡུར་བྱ་རྒྱུའི་ཁ་ཆད་བྱས་པ་རེད།

རི ་ བོ ང ་ནི ་ རླུང་ལྟར་རྒྱུག་འགྲོ ་ མཁན་ཞི ག ་

ཡིན་པ་དང་།

རུས་སྦལ་ནི་དལ་པོ་དང་ལྷོད་

སོང་ཙང་།

རི་བོང་གི་བསམ་པར་ཁོ་རུས་སྦལ་

ལྷོད་ངང་འགྲོ་མཁན་ཞིག་ཡིན་པ་རེད།

དེ་འདྲ་

ཞི ག ་གི ས ་ངའི ་ རྗེ ས ་ཟི ན ་ཐབས་གཏན་ནས་ཡོ ད ་ པ་མ་རེད་བསམས་ནས་ལམ་ཕྱེད་བར་མགྱོགས་ པོར་རྒྱུགས་ནས། 32

ཕྱི་མིག་ཅིག་ལྟ་དུས་རུས་

སྦལ་མཐོང་སར་མེད་པས།

ཁོ་ལྷོད་ལྷོད་བྱས་ 32


ནས་ངལ་གསོ་བརྒྱབ་སྟེ། གཉིད་ཤོར་བ་རེད། ཡིན་ནའང་།

རུས་སྦལ་ངལ་གསོ་ཙམ་ཡང་

མ་བརྒྱབ་པར་མུ་མཐུད་ནས་ཕྱིན་པས། རྩེར་སྔོན་ལ་སླེབས་པ་རེད།

རི་

རི་བོང་གློ་བུར་

དུ་གཉིད་སད་ནས་རླུང་ལྟར་རྒྱུགས་ཀྱང་རུས་ སྦལ་གྱི་རྗེས་མ་ཟིན་པ་རེད། རུས་སྦལ་ ལ་རྒྱལ་ཁ་ཐོབ་པ་དང་།

རི་བོང་རྗེས་

སུ་ལུས་པས་ངོ ་ ཚ་ཁ་སྐྱེངས་ངང་སྡོ ད ་ དགོས་བྱུང་བ་རེད།

33

33


སྦྱོང་ཚན། དང་པོ། དྲི་བར་ལན་འབྲི་སྐབས་གཤམ་གྱི་ཚིག་རྣམས་བེད་སྤྱོད་གྱིས།

༡། རི་བོང་གི་གཤིས་ཀ་གང་འདྲ་ཡོད་པ་རེད། ལན།

(རླུང་ལྟར་རྒྱུག་འགྲོ་མཁན་ / སྤོབས་པ་ཅན་)

༢། རུས་སྦལ་གྱི་གཤིས་ཀ་གང་འདྲ་ཡོད་པ་རེད། ལན།

(དལ་པོ་དང་ལྷོད་ལྷོད་ངང་འགྲོ་མཁན་ཞིག་ / བརྩོན་འགྲུས་ཅན་)

༣། རི་བོང་ག་རེ་བྱས་ནས་ངོ་ཚ་དང་ཁ་སྐྱེངས་པོ་བྱུང་བ་རེད།

(རྒྱུག་རྩལ་ཤོར / རྗེས་སུ་ལུས་)

(མུ་མཐུད་ / ངལ་གསོ་ཏོག་ཙམ་ཡང་)

ལན།

༤། རུས་སྦལ་ལ་ག་རེ་བྱས་ནས་རྒྱལ་ཁ་ཐོབ་པ་རེད། ལན།

༥། སྒྲུང་འདིའི་བརྗོད་བྱའི་ནང་དོན་གཙོ་བོ་ག་རེ་རེད། 34

ལན།

(བརྩོན་འགྲུས་དགོས་པ། / ང་རྒྱལ་དགོས་པ། )


གཉིས་པ། བར་སྟོང་སྐོངས།

༡། རི་བོང་དང་རུས་སྦལ་རྒྱུག་རྩལ་བསྡུར་ནས་རི་བོང་ ༢། རུས་སྦལ་

(ཐོབ་པ་ / ཤོར་བ་)

ཅན་ཞིག་རེད།

རེད།

(ལེ་ལོ / བརྩོན་འགྲུས་)

༣། རི་བོང་ལས་རུས་སྦལ་

ཡོད་རེད།

༥། རུས་སྦལ་དེ་རི་རྩེར་

སླེབས་པ་རེད། (སྔོན་ལ་ / རྗེས་ལ་)

༤། རི་བོང་རྗེས་སུ་ལུས་པས་

(མགྱོགས་པ་ / དལ་བ་)

བྱུང་བ་རེད། (སྐྱིད་པོ་ / ཁ་སྐྱེངས་པོ་)

གསུམ་པ། ལྡོག་ཕྱོགས་གང་ཡིན་ལ་ཐིག་འཐེན། གཡོན།

གཡས།

རྒྱལ།

ལེ་ལོ།

དལ་པོ།

བརྩོན་འགྲུས། སྔོན། འགྲོ།

རྗེས།

བསྡད།

མགྱོགས་པོ། ཕམ།

35


སློབ་ ཚན། ༩

དགེ་བ་དང་མི་དགེ་བ།

འབྲས་བུ་བདེ་བ་འབྱུང་བའི་ལས་ལ་དགེ་བ་དང་། འབྲས་བུ་སྡུག་བསྔལ་འབྱུང་བའི་

ལས་ལ་མི་དགེ་བ་ཟེར། དེ་འདྲའི་དགེ་བ་དང་མི་དགེ་བ་ལ་མཐའ་ཡས་པ་ཡོད་ཀྱང་ མདོར་བསྡུས་ན། མི་དགེ་བ་བཅུ་དང་། དགེ་བ་བཅུའི་ནང་འདུས་པ་ཡིན། དེ་དག་ འབྱུང་བའི་སྒོ་ནི་ལུས་ངག་ཡིད་གསུམ་ཡིན།

ལུས་ཀྱི་དགེ་བའི་ལས་གསུམ་ནི།

༡༽ མི་དང་། དུད་འགྲོ། འབུ་སྲིན་ཚུན་ཆད་ཀྱི་སྲོག་གཅོད་སྤོང་བ།

༢༽ གཞན་གྱི་དངོས་ཆས་ཁབ་སྐུད་ཙམ་ཡང་འཕྲོག་པ་དང་རྐུ་བ་སོགས་སྤོང་བ། ༣༽ རང་གི་བཟའ་ཟླ་མ་ཡིན་པ་དང་། གཞན་ཡང་དགོན་པ་དང་མཆོད་རྟེན་ སོགས་ཀྱི་དྲུང་དུ་འཁྲིག་སྤྱོད་སྤོང་བ།

ངག་གི་དགེ་བའི་ལས་བཞི་ནི། 36

༡༽

གཞན་ལ་མགོ་བསྐོར་བའི་རྫུན་སྨྲ་བ་སྤོང་བ།


༢།

མི་ཕན་ཚུན་དབར་དཀྲུགས་པའི་ཕྲ་མ་སྤོང་བ།

༣།

གཞན་གྱི་སེམས་ལ་ཕོག་པའི་ཚིག་རྩུབ་སྤོང་བ།

༤།

དགོས་མེད་ཀྱི་གཏམ་འཆལ་སྣ་ཚོགས་བརྗོད་པའི་ངག་འཁྱལ་སྤོང་བ།

ཡིད་ཀྱི་དགེ་བའི་ལས་གསུམ་ནི། ༡།

གཞན་གྱི་རྒྱུ་ནོར་རང་ལ་ཐོབ་ན་སྙམ་པའི་བརྣབ་སེམས་སྤོང་བ།

༣།

དཀོན་མཆོག་དང་། ལས་རྒྱུ་འབྲས། ཚེ་སྔ་ཕྱི་སོགས་མེད་པར་འཛིན་པའི་

༢།

གཞན་སྡུག་བསྔལ་ལ་སྦྱོར་འདོད་ཀྱི་གནོད་སེམས་སྤོང་བ། ལོག་ལྟ་སྤོང་བ།

བླང་བྱ་དགེ་བའི་ལས་བཅུ་ནི། གཏན་དུ་བདེ་བ་འབྱུང་བའི་རྒྱུ་ཡིན་པས། དེ་དག་ ནམ་ཞག་རྒྱུན་དུ་སེམས་ལ་བཅངས་ནས་ཉམས་ལེན་གང་ཐུབ་བྱེད་དགོས།

སྦྱོང་ཚན། དང་པོ། དྲི་བར་ལན་རྒྱོབ། ༡།

ལུས་ཀྱི་དགེ་བ་གསུམ་གང་དང་གང་རེད།

37


༢།

ལུས་ཀྱི་མི་དགེ་བ་གསུམ་གང་དང་གང་རེད།

༤།

ངག་གི་མི་དགེ་བ་བཞི་གང་དང་གང་རེད།

༣། ༥།

༦།

ངག་གི་དགེ་བ་བཞི་གང་དང་གང་རེད།

ཡིད་ཀྱི་དགེ་བ་གསུམ་གང་དང་གང་རེད།

ཡིད་ཀྱི་མི་དགེ་བ་གསུམ་གང་དང་གང་རེད།

གཉིས་པ། མཐུན་སྦྱོར་གྱིས། གཡོན།

ཚིག་རྩུབ་སྨྲ་བ་ ལོག་ལྟ་སྐྱེ་བ་ སྲོག་གཅོད་སྤོང་བ་ རྫུན་སྤོང་བ་ མ་བྱིན་ལེན་པ་ གནོད་སེམས་སྤོང་བ་

གསུམ་པ། བྱེད་སྒོ།

38

གཡས།

ལུས་ཀྱི་དགེ་བ་ཡིན། ངག་གི་མི་དགེ་བ་ཡིན། ཡིད་ཀྱི་མི་དགེ་བ་ཡིན། ངག་གི་དགེ་བ་ཡིན། ཡིད་ཀྱི་དགེ་བ་ཡིན། ལུས་ཀྱི་མི་དགེ་བ་ཡིན།

སློབ་མ་རྣམས་ཚོགས་ཆུང་ལ་བགོས་ནས་སྒོ་གསུམ་གྱི་དགེ་མི་དགེ་ཡི་དཔེ་མཚོན་ ལྔ་རེ་བཤད་དུ་ཆུག


སློབ་ ཚན། ༡༠

ཚིག་ཕྲད། ནས་དང་ལས།

དཔེར་ན།

གཅིག་ནས་བཅུ་བར། བཅུ་ནས་བརྒྱ་བར། རྒྱ་གར་ནས་ཨ་རི་བར། ནིའུ་

ཡོག་ནས་ནིའུ་འཇར་སེ་བར། ཆུ་ཚོད་དང་པོ་ནས་གཉིས་པ་བར། དེ་རིང་ནས་ སང་ཉིན་བར། མགོ་ནས་རྐང་པ་བར། རི་རྩེ་ནས་རི་གཤམ་བར།

ཁ་ལག་ནང་ནས་བོད་ཟས་ཞིམ་ཤོས་ཡིན། མི་བརྒྱ་ཡི་ནང་ནས་འདེམས།

བ་ཕྱུགས་ནས་འོ་མ་བཞོ། མ་ནས་བུ་སྐྱེས། ས་ནས་རྩྭ་སྐྱེས། བོད་ནས་ཡོང་ བ་ཡིན། གནམ་གྲུ་ནས་བབས། ཐོག་ཁ་ནས་ཟགས། ལག་པ་ནས་བླངས། སྤྲིན་པ་ནས་ཆར་པ་བབས།

ཁ་ལག་བཟས་ནས་སློབ་གྲྭར་འགྲོ། སློབ་གྲྭར་ཕྱིན་ནས་བོད་ཡིག་སྦྱངས། རྩེད་ མོ་རྩེས་ནས་སྐྱིད་པོ་བྱུང་། ངལ་གསོ་བརྒྱབ་ནས་གཉིད་ཤོར། བོད་གཞས་ བཏང་ནས་ཞབས་བྲོ་འཁྲབ།

ཁ་ལག་བཟས་ནས་གྲོད་ཁོག་རྒྱགས། མེ་ཏོག་བཏབ་ནས་སྐྱེས། བོད་ཡིག་

39


དཔེར་ན།

བ་ཕྱུགས་ལས་འོ་མ་བཞོ། མ་ལས་བུ་སྐྱེས། རྒྱ་མཚོ་ལས་མུ་ཏིག་བྱུང་། ལག་པ་ལས་བླངས་པ་ཡིན། སྤྲིན་པ་ལས་ཆར་པ་བབས།

བོད་ནང་བོད་མི་ལས་རྒྱ་མི་མང་བ་ཡོད། ཆུ་ལས་འོ་མ་ཞིམ། ཨིན་སྐད་ལས་

བོད་སྐད་རྩ་ཆེ། ལུས་ཀྱི་བདེ་བ་ལས་སེམས་ཀྱི་བདེ་བ་གལ་ཆེ། བོང་བུ་ལས་ རྟ་མགྱོགས། གནམ་གྲུ་ལས་མེ་ཤུགས་འཕུར་མདའ་མགྱོགས། རྒྱ་སྒོར་ལས་ ཨ་སྒོར་འཛའ་ཐང་ཆེ།

40


སྦྱོང་ཚན། དང་པོ། ནས་ལས་གཉིས་གང་འོས་བར་སྟོང་སྐོངས།

རྒྱ་གར་་་་་་་་་་་་་་་་་་་་་་་་་་ཨ་རི་བར།

ས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩྭ་སྐྱེས། ཆུ་ཚོད་དང་པོ་་་་་་་་་་གཉིས་པ་བར། དེ་རིང་་་་་་་་་་་་་་་་་་་་་་་སང་ཉིན་བར། རི་རྩེ་་་་་་་་་་་་་་་་་་་་་་་་རི་གཤམ་བར། ངལ་གསོ་བརྒྱབ་་་་་་་་་་་གཉིད་ཤོར། ཨིན་སྐད་་་་་་་་་་་་་་་་་་བོད་སྐད་རྩ་ཆེ།

བོད་མི་་་་་་་་་རྒྱ་མི་མང་བ་ཡོད།

སྐད་བརྒྱབ་་་་་་་་་མིད་པ་འགགས། གནམ་གྲུ་་་་་་་་་་་་་་་་་་་་་་་་་་བབས། རྒྱ་སྒོར་་་་་་་ཨ་སྒོར་འཛའ་ཐང་ཆེ། མི་བརྒྱ་ཡི་ནང་་་་་་་་་་་་་་འདེམས།

མ་་་་་་་་་་་་་་་་་་་་་་་་་་་་་་་་་་བུ་སྐྱེས།

ཆུ་་་་་་་་་་་་་་་་་་་་་་་་་་་་་་་འོ་མ་ཞིམ།

གཉིས་པ། ནས་ལས་གཉིས་ལ་རང་ངོས་ནས་དཔེར་བརྗོད་ལྔ་རེ་བྲིས།

41


སློབ་ ཚན། ༡༡

བོང་བུ་དང་། ཕ་བུ།

སྔོན་མ་ས་ཆ་ཞིག་ལ་ཕ་བུ་གཉིས་ཡོད་ཅིང་། ཉིན་ཞིག ཁོང་གཉིས་བོང་བུ་ཞིག་ལ་

བཞོན་ནས་ལྷ་སར་གནས་མཇལ་དུ་ཕྱིན། ལམ་བར་དུ་ཡུར་མ་ཡུར་བཞིན་པའི་ཞིང་པ་ཁ་

ཤས་ཀྱིས་མཐོང་ནས། ཁོ་ཚོས། ཨ་ཙི། འདི་འདྲའི་སྙིང་རྗེ་མེད་པ་ལ་ཨང་། བོང་བུ་ དེར་ཕ་བུ་གཉིས་ཀ་བཞོན་འདུག ཅེས་བཤད།

ཕ་བུ་གཉིས་ཀྱིས་དེ་བདེན་པར་བསམས་ནས། ཕ་བོང་བུར་བཞོན། བུ་ཡིས་བོང་

བུ་ཁྲིད་དེ་ཕྱིན་པ་རེད། 42


གང་འཚམ་སོང་རྗེས།

ལུག་

འཚོ་བཞིན་པའི་རྫི་བོ་ཁག་ཅིག་གིས་ མཐོང་བས། ཁོ་ཚོས། དེ་འདྲའི་ཕ་

ཞིག་འདུག ཁོ་རང་བོང་བུར་བཞོན་

ནས་བུ་རྐང་ཐང་ལ་འགྲོ ་ རུ་བཅུག་ འདུག ཅེས་བཤད་པས།

ཕ་རྒན་

ངོ་ཚ་ཐག་ཆོད་དེ།

བུ་བོང་བུར་བསྐྱོན་

ནས། རང་ཉིད་རྐང་ཐང་ལ་ཕྱིན། ཅུང་ཙམ་སོང་བ་ན།

ངལ་གསོ་

བཞི ན ་པའི ་ ཁ་ལོ ་ བ་ཁག་ཅི ག ་གི ས ་ མཐོང་བས། དེ་འདྲའི་ཕ་བུ་མགོ་མཇུག་

མེད་པ་ཞིག་འདུག བུ་བོང་བུར་བཞོན་

ནས་ཕ་རྒན་རྐང་ཐང་ལ་འགྲོ་རུ་བཅུག་ འདུག་ཅེས་བཤད་པས།

བུ་ངོ་ཚ་ཐག་

ཆོད་དེ་ཁོང་གཉིས་ཀ་བོང་བུར་མ་བཞོན་ པར་སྟོང་པར་ཁྲིད་དེ་ཕྱིན།

ཡང་རྩེ ད ་མོ ་ རྩེ ་ བཞི ན ་པའི ་ སློ བ ་

ཕྲུག་ཁག་ཅིག་གིས་མཐོང་བས།

43


དེ་འདྲའི་ཕ་བུ་གླེན་པ་གཉིས་འདུག བོང་བུ་ལ་ཁོང་གཉིས་སུ་ཡང་མ་བཞོན་པར་སྟོང་པར་ ཁྲིད་ནས་ཅི་ཞིག་བྱེད་རྩིས་ཡོད་དམ་ཞེས་བཤད།

མཐའ་མར།

ཕ་བུ་གཉིས་འུ་ཐུག་སྟེ།

བོང་བུར་ཕ་བཞོན་ནའང་མི་འགྲིག

བུ་

བཞོན་ནའང་མི་འགྲིག གཉིས་ཀ་བཞོན་ནའང་མི་འགྲིག བོང་བུ་སྟོང་པར་ཁྲིད་ནའང་མི་ འགྲིག་པར་བསམས་ཏེ་བོང་བུ་ཡར་བཀྱགས་ནས་ཕྱིན་པ་རེད།

44


སྦྱོང་ཚན། དང་པོ། འགྲིག་རྟགས་དང་། ནོར་རྟགས་རྒྱོབ།

ཕ་བུ་གཉིས་ཀ་བྱམས་དང་སྙིང་རྗེ་མེད་པ་ཞིག་རེད།

ཕ་བུ་གཉིས་ཀ་བོང་བུར་བཞོན་པ་རེད།

• • •

ཕ་རྒན་དེ་མི་གླེན་པ་ཞིག་རེད། བུ་དེ་སྤྱང་པོ་ཞིག་རེད། བོང་བུ་དེ་ཤུགས་ཆེན་པོ་ཞིག་རེད།

གཉིས་པ། ཚོགས་ཆུང་བགོས་ཏེ་བགྲོ་གླེང་གི་བྱེད་སྒོ་སྤེལ་དགོས། •

ཕ་བུ་གཉིས་ཀ་བོང་བུར་མ་བཞོན་ན་ཏག་ཏག་རེད།

བོང་བུར་ཕ་བཞོན་ན་ཏག་ཏག་རེད།

• • •

བུ་བོང་བུར་བཞོན་ན་ཏག་ཏག་རེད།

ཕ་བུ་གཉིས་ཀ་བོང་བུར་བཞོན་ན་ཏག་ཏག་རེད། བོང་བུ་ཡར་བཀྱགས་ཏེ་ཕྱིན་ན་ཏག་ཏག་རེད།

45


གསུམ་པ། གཏམ་དཔེ་བཀླགས་ཏེ་བདེན་པ་ཡིན་མིན་འགྲེལ་བརྗོད་གྱིས། ཀ གྲོས་མི་ལ་དྲིས།

ཐག་རང་གིས་ཆོད།

ག གཏམ་མི་ཁ་བརྒྱུད་ན་ཇེ་མང་།

ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན།

ཁ། མི་བཟང་གིས་དཔོན་ངན་ལ་གཤེ།

མི་ངན་གྱིས་དཔོན་བཟང་ལ་གཤེ།

ང་། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།

རང་ཉིད་བལྟ་ན་མེ་ལོང་དགོས།

ཆ། མི་མང་གི་ཁ་དུག་ཡིན།

མི་མང་གི་ལག་གསེར་ཡིན།

ཅ། རང་མགོ་ཆུ་འདྲེན་དང་།

བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན།

བཞི་པ། སློབ་ཚན་ནས་བྱ་ཚིག་དང་མིང་ཚིག་ལྔ་རེ་ཟུར་འདོན་བྱས་ཏེ་གོ་བར་གྱིས།

46


སློབ་ ཚན། ༡༢

ཨ་མ་དང་བུ་མོའི་གླེང་མོལ།

སྔོན་འགྲོའི་སྦྱོང་བརྡར། •

ཡར་ལོངས། འགྲོ་རན་འདུག ཟིན་འདུག

ན་ནས། བྱས་ན། ད་དུང་བཟས་མེད།

• • • • •

མ་ཟད། ཆམ་པ། མ་གཞི་ནས།

ཏོག་ཙམ་སྒུགས་ཨང་། གྲོད་ཁོག་སྟོང་པ།

འགྲིག་གི་རེད་དམ། ཟ་དགོས་ཀྱི་རེད། ཏོག་ཙམ་དྲག་འདུག

དྲག་ཏུ་ཕྱིན་འདུག་གམ། ཡག་པོ་དྲག་མི་འདུག བཟས་ནས་ཉལ་ན། ལྷོད་ལྷོད་བྱས་ནས་ཉོལ། ག་ཚོད་ཕྱིན་སོང་།

47


གླེང་མོལ།

ཨ་མ། བུ་མོ་ཡར་ལོངས། སློབ་གྲྭ་ལ་འགྲོ་རན་འདུག ཆུ་ཚོད་བརྒྱད་པ་ཟིན་འདུག

བུ་མོ། ཨ་མ་ལགས། ང་ཏོག་ཙམ་ན་ཡི་འདུག དེ་རིང་ང་སློབ་གྲྭ་ལ་འགྲོ་ཡི་མིན། ཨ་མ། ཨ་ཁ། ཁྱེད་རང་ག་རེ་ན་ཡི་འདུག ཡང་བསྐྱར་ཕོ་བ་ན་ཡི་འདུག་གམ། བུ་མོ། ཨ་མ་ལགས། ངའི་ཕོ་བ་ན་ཡི་མི་འདུག མགོ་ཏོག་ཙམ་ན་ཡི་འདུག

ཨ་མ། མ་གཞི་ཁྱེད་རང་ག་དུས་ནས་ན་སོང་། ཁྱེད་རང་ན་ནས་ག་ཚོད་ཕྱིན་སོང་། བུ་མོ། ང་ཁ་སང་དགོང་དྲོ་ནས་ན་བྱུང་། ད་དུང་ཡག་པོ་དྲག་མི་འདུག

ཨ་མ། ཁྱེད་རང་གིས་ཟུག་བཅག་སྨན་བཟས་པ་ཡིན་ནམ། ཁྱེད་རང་ལ་ཟུག་བཅག་ སྨན་ཡོད་དམ།

བུ་མོ། ངས་ཟུག་བཅག་སྨན་བཟས་མེད། ཨ་མ་ལགས་ལ་ཟུག་བཅག་སྨན་ཡོད་དམ། ཨ་མ། ཡོད། ཏོག་ཙམ་སྒུགས་ཨང་། ངས་ཟུག་བཅག་སྨན་འཁྱེར་ཡོང་། སྨན་འདི་ ནས་རིལ་བུ་གཉིས་ཟོ།

བུ་མོ། ཨ་མ་ལགས། ཐུགས་རྗེ་ཆེ། སྨན་འདི་གྲོད་ཁོག་སྟོང་པ་ལ་བཟས་ན་འགྲིག་ གི་རེད་དམ།

ཨ་མ། གྲོད་ཁོག་སྟོང་པ་ལ་བཟས་ན་འགྲིག་གི་མ་རེད། ཁ་ལག་ཏོག་ཙམ་བཟས་ནས་ 48

སྨན་དེ་བཟའ་དགོས་ཀྱི་རེད།


བུ་མོ། ལགས་སོ། །བྱས་ན། ངས་འོ་མ་ཏོག་ཙམ་འཐུངས་ནས་སྨན་འདི་བཟའ་ཡི་ཡིན། ཨ་མ། བུ་མོ། མགོ་ཏོག་ཙམ་དྲག་ཏུ་ཕྱིན་འདུག་གམ།

བུ་མོ། དྲག་ཏུ་ཕྱིན་འདུག ཡིན་ནའང་། གཟུགས་པོ་ཞེ་དྲག་བདེ་པོ་རང་མི་འདུག

ཨ་མ། བྱས་ན། ཡང་བསྐྱར་སྨན་འདི་ནས་རིལ་བུ་གཉིས་བཟས་ནས་ཉལ་ན་ཡག་པོ་ ཡོད་རེད།

49


བུ་མོ། ལགས་སོ། །ཨ་མ་ལགས། བྱས་ན་ང་ཏོག་ཙམ་ཉལ་གྱི་ཡིན། ཨ་མ། ཏག་ཏག་རེད། འོ་ན་ལྷོད་ལྷོད་བྱས་ནས་ཉོལ་ཨང་།

སྦྱོང་ཚན། དང་པོ། གོང་གི་གླེང་མོལ་གཞིར་བཞག་ནས་འགྲིག་ནོར་རྟགས་རྒྱོབ།

༡།

༢།

ཨ་མ་ལགས་ཀྱིས་བུ་མོ་ལ་ཁྱོན་བསྡོམས་ཟུག་བཅག་སྨན་རིལ་བུ་བཞི་སྤྲད་པ་རེད། བུ་མོས་ཟུག་བཅག་སྨན་རིལ་བུ་གཉིས་བཟས་ནས་སློབ་གྲྭ་ལ་ཕྱིན་པ་རེད།

༣། ཨ་མས་བུ་མོ་ལ་ཟུག་བཅག་སྨན་གྲོད་ཁོག་སྟོང་པ་ལ་བཟས་ན་འགྲིག་གི་མ་ རེད་གསུངས།

༤། བུ་མོས་ཨ་མ་ལགས་ལ་ཆམ་པའི་སྨན་ཡོད་མེད་སྐད་ཆ་དྲིས་པ་རེད། ༥།

༦། 50

ཨ་མ་ལགས་ཀྱིས་བུ་མོ་ལ་ཡར་ལོངས། སློབ་གྲྭ་ལ་འགྲོ་རན་འདུག་གསུངས་

པ་རེད།

བུ་མོས་ཨ་མ་ལགས་ལ་ངའི་ཕོ་བ་ཡག་པོ་དྲག་འདུག་ལབ་པ་རེད།


༧།

བུ་མོ་དང་ཨ་མ་གཉིས་སྨན་ཁང་ལ་ཕེབས་པ་རེད།

གཉིས་པ། གཤམ་གྱི་ཚིག་སྒྲུབ་རྣམས་ཆ་ཚང་བ་བཟོས།

• བུ་མོས་ཁོང་གི་ཨ་མ་ལགས་ལ། ང་དེ་རིང་སློབ་གྲྭ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་། • ཨ་མ་ལགས་ཀྱིས་བུ་མོ་ལ་ཟུག་བཅག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

• ཨ་མ་ལགས་ཀྱི་བུ་མོ་ལ། ཡར་ལོངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། • བུ་མོས་ཁ་ལག་བཟས་ནས་ཟུག་བཅག་རིལ་བུ་གཉིས་་་་་་་་་་་་་་་་་་་་་་་་་་་་་་་།

• བུ་མོས་ཁྱོན་བསྡོམས་ཟུག་བཅག་སྨན་རིལ་བུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

• བུ་མོའི་རྐང་པ་ན་ཡི་ཡོད་མ་རེད། མགོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། • བུ་མོ་འཛིན་གྲྭ་ལ་མ་ཕྱིན་པར་ནང་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

• ཨ་མ་ལགས་ཀྱིས་བུ་མོ་ལ་ཁ་ལག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། • བུ་མོས་འོ་མ་ཏོག་ཙམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

• དེ་རིང་ན་ཟུག་ཏོག་ཙམ་ཆུང་དུ་ཕྱིན་འདུག ཡིན་ནའང་། གཟུགས་པོ་་་་་་་་་་་་་་་་་། གསུམ་པ། གླེང་མོལ་གཞིར་བཞག་ནས་དྲི་བར་ངག་ཐོག་ནས་ལན་རྒྱོབ། ༡། བུ་མོ་སློབ་གྲྭ་ལ་ག་རེ་བྱས་ནས་མ་ཕྱིན་པ་རེད།

51


༢། ཨ་མ་ལགས་ཀྱིས་བུ་མོ་ལ་སྐད་ཆ་ག་རེ་དྲིས་པ་རེད།

༣། ཨ་མ་ལགས་ཀྱིས་བུ་མོ་ལ་ཟུག་བཅག་རིལ་བུ་ག་ཚོད་ཟོ་གསུངས་པ་རེད། ༤། བུ་མོས་ཟུག་བཅག་རིལ་བུ་གཉིས་བཟས་ནས་ག་རེ་བྱས་པ་རེད། ༥། ཟུག་བཅག་སྨན་བཟས་ནས་བུ་མོའི་ན་ཚ་དྲག་པ་རེད་དམ།

༦། བུ་མོས་ཟུག་བཅག་སྨན་གྲོད་ཁོག་སྟོང་པ་ལ་བཟས་པ་རེད་དམ། ༧། ཨ་མ་ལགས་ཀྱིས་བུ་མོ་ལ་སྨན་ག་རེ་བྱས་ནས་སྤྲད་པ་རེད།

༨། བུ་མོས་ཨ་མ་ལགས་ལ་འོ་མ་ཏོག་ཙམ་འཐུངས་ནས་ག་རེ་བྱེད་ཀྱི་ཡིན་ལབ་ པ་རེད།

ཚིག་ཕྲད།

གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ།

52

སྦྱོར་ཚུལ་ནི།


སློབ་ ཚན། ༡༣

ཚིག་ཕྲད། གམ་སོགས།

རྗེས་འཇུག་སོ་སོའི་མཇུག་ཏུ་རྗེས་འཇུག་དེ་དང་མཐུན་པའི་ཕྲད་སྦྱོར་བ་དང་།

ད་དྲག་གི་མཐར་ཏམ་དང་། མཐའ་མེད་རྗེས་སུ་འམ་སྦྱོར་དགོས། རྗེས་འཇུག

ཕྲད

དཔེར་བརྗོད།

གམ

རྒན་ལགས་ཡག་པོ་འདུག་གམ། འདུག་གམ་མི་འདུག

དམ

ཁྱོད་ལ་བོད་ཡིག་སློབ་དེབ་ཡོད་དམ། ཡོད་དམ་མེད།

ངམ

ནམ

བམ

ཁྱེད་རང་ལ་རྔན་པ་སྤྲད་བྱུང་ངམ། བྱུང་ངམ་མ་བྱུང་། ཁྱེད་རང་བོད་པ་ཡིན་ནམ། ཡིན་ནམ་མིན།

ང་ཚོ་བོད་ལ་འགྲོ་ཐུབ་བམ། ཐུབ་བམ་མི་ཐུབ། 53


མམ

མོག་མོག་དེ་ཞིམ་མམ། ཞིམ་མམ་མི་ཞིམ།

རམ

རྡོ་ལ་མེ་འབར་རམ། འབར་རམ་མི་འབར།

ལམ

སམ

མཐའ་མེད

འམ

ད་དྲག

སྦྱོང་ཚན།

54

འམ

ཏམ

ཁྱོད་ཁོ་ལ་དགའ་འམ། དགའ་འམ་མི་དགའ།

རིན་པོ་ཆེ་ལ་མཇལ་དར་འབུལ་ལམ། འབུལ་ལམ་མི་འབུལ།

ཁྱེད་ཀྱིས་ཕ་ཡུལ་གང་ཡིན་ཤེས་སམ། ཤེས་སམ་མི་ཤེས། རྒྱ་མཚོའི་ཕ་རོལ་ཏུ་ཕྱིནད་ཏམ། ཕྱིནད་ཏམ་མ་ཕྱིན། ང་ཚོ་སློབ་གྲྭར་འགྲོའམ། འགྲོའམ་མི་འགྲོ།

དང་པོ། བར་སྟོང་དུ་ཕྲད་སྐོངས།


གཡག་་་་་་་་་་་་་་་་་་་་་་འབྲི།

མཐའ་་་་་་་་་་་་་་་་་་་་་དབུས།

འཕྲོད་་་་་་་་་་་་་་་་མི་འཕྲོད།

དལ་་་་་་་་་་་་་་་་་་་་་་བྲེལ།

བཟང་་་་་་་་་་་་་་་་་་་་་་་ངན། ཉན་་་་་་་་་་་་་་་་་་་་་མི་ཉན།

ཚབ་་་་་་་་་་་་་་་་་་་་སྐྱིན་པ།

འགྲམ་་་་་་་་་་་་་་་ཐག་རིང་།

ཤར་་་་་་་་་་་་་་་་་་་་་་ནུབ། ཉེས་་་་་་་་་་་་་་་་་་་་་་ཡག ལྷ་་་་་་་་་་་་་་་་་་་་་་འདྲེ།

བསྟནད་་་་་་་་་་་མ་བསྟནད།

གཉིས་པ། གཤམ་གྱི་ཚིག་ཕྲད་ནོར་བཅོས་བྱོས། • ཁོང་སྤྱོད་ལམ་ཡག་ཏམ།

• སང་གམ་གནངས་གང་རུང་ལ་ཡོང་ན་འགྲིག • ཡོད་བམ་མེད་ཐག་གཅོད་མ་བྱེད།

• དཀོན་མཆོག་ནི་མགོན་རམ་སྐྱབས་ཡིན། • རྒྱལ་ཁབ་ལམ་སྤྱི་པར་ཤ་ཞེན་དགོས། • འཇམ་ནམ་རྩུབ་གང་ལྟར་དགྲ་རེད། • དགའ་ངམ་སྡུག་དབྱེ་བ་མ་བྱེད།

55


• ཤར་མམ་ནུབ་གང་རུང་ལ་ལྟོས། • ཕ་ཡུལ་ལམ་རང་ཡུལ་མ་བརྗེད། • སློབ་སྦྱོང་བྱས་ཏམ་མ་བྱས།

56


སློབ་ ཚན། ༡༤

བརྡ་དག་སྦྱོང་བརྡར།

ཀ་ར་ཀུ་ཤུའི་ཞལ་ཟས་དང་། ཀ་བ་ཀོ་བ་ཀ་རྐྱང་ཡིན།

སྐོར་བ་བསྐོར་དང་སྐོར་མཛོད་དང་། ས་མཐའ་སྐོར་བ་ས་སྐོར་ཡིན། རྒྱལ་བའི་སྐུ་ནི་ས་སྐུ་ལ།

རྐུན་མ་དག་ནི་ར་རྐུན་ཡིན།

ཀུ་ཅོ་བྱེད་པ་ཀུ་རྐྱང་ལ།

། །

ལྐུགས་པ་དག་ནི་ལ་ལྐུགས་ཡིན། བཀྲ་ཤིས་དག་ནི་བ་བཀྲ་ལ།

མགོ་བོའི་སྐྲ་ནི་ས་སྐྲ་ཡིན།

དུས་ལ་སྔ་བ་ས་སྔ་ལ།

། །

ཐུགས་ལ་མངའ་བ་མ་མངའ་ཡིན།

། 57


སྦྱོང་ཚན། དང་པོ། གཤམ་གསལ་རྟགས་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས།

༡།

ཉིན་ལྟར་ཞོགས་པ་མངའ་པོ་ལངས།

༢།

ཡོན་ཏན་ཐམས་ཅད་ཐུགས་ལ་སྔའོ། །

༣། ལྷམ་འདི་སྐོ་བས་བཟོས།

༤། ལྷ་སར་གནས་དཀོར་ལ་འགྲོ། ༥།

པ་ལགས་ཀུ་གཟུགས་བདེ་པོ་ཡིན་ནམ།

གཉིས་པ། གཤམ་གསལ་བར་སྟོང་ཁག་ཏུ་འདེམས་སྐོང་བྱོས། བྱེ་མ་་་་་་་་་་་་་་་་་་་་་ར་མངར་མོ་རེད། ཤིང་ཏོག་་་་་་་་་་་་་་་་་་་་་ཤུའི་སྡོང་པོ།

ཀུ་/རྐུ་

རྒྱལ་བའི་་་་་་་་་་་་་་་་གཟུགས་མཇལ།

སྐུ་/རྐུ་

ཁང་པའི་་་་་་་་་་་་་་་་་་་་་་་་་་བའི་རི་མོ།

58

སྐ་/ཀ་ ཀ་/རྐ་


ཅ་ལག་་་་་་་་་་་་་་་་་་་མར་ཤོར་ཡོང་།

ཀུན་/རྐུན་

གསུམ་པ། གཤམ་གསལ་མིང་ཚིག་རྣམས་སུ་ཚིག་སྒྲུབ་བཟོ་རྒྱུ།

དཔེར་ན། སྐོར། སྐྲ།

བཀྲ།

ལྷ་ཁང་ལ་སྐོར་བ་བསྐོར།

ལྟ་བུ་བྲིས།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

ལྐུགས་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཀུ་ཅོ།

བསྐོར།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

བརྡུང་བའི་རྔ་ནི་ར་རྔ་ལ།

གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན།

གོང་མས་མངགས་པ་མ་མངགས་ལ།

སྔགས་འདྲེན་སྔགས་པ་ས་སྔགས་ཡིན།

། 59


གོང་མའི་དྲུང་ནི་ད་དྲུང་ལ།

སྤྱང་གྲུང་འཛོམས་པ་ག་གྲུང་ཡིན།

དྲུང་དུ་མཇལ་བ་མ་མཇལ་ལ།

བུ་ལོན་འཇལ་བ་འ་འཇལ་ཡིན།

འབྲུ་ཡི་གྲོ་ནི་ག་གྲོ་ལ།

མེ་དང་ཉི་མ་ད་དྲོ་ཡིན།

ཤིང་གི་འཁན་པ་འ་འཁན་ལ།

། །

མཁན་པོ་མཁར་རྫོང་མས་འཕུལ་ཡིན།

སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས། ༡།

འཁན།

༣།

དྲོ།

༢། ༤། 60

༥།

མཁན།

འཇལ།

མཇལ།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།


གཉིས་པ། སྒྲ་གདངས་བསྡུར་ནས་མི་མཐུན་པ་རྣམས་རེའུ་མིག་སྟོང་པའི་ནང་བྲིས། ང་། ངག དྲུང་།

ལྔ། མངགས། སྒྲུང་།

འཇལ། དྲོ། འཁན།

རྔ། བསྔགས། གྲུང་།

གཞལ། གྲོ། འགན།

དུས་ལ་འདའ་བ་འ་འདའ་ལ།

མཇལ། འགྲོ། མཁན།

ལུང་པའི་མདའ་དང་འཕེན་པའི་མདའ། མ་མདའ་ཡིན་པ་ཤེས་པར་བྱ།

གནམ་གྱི་ཟླ་བ་ཟླ་བོ་དང་།

ཟློག་པ་ཟླུམ་པོ་ཟློ་བ་བཅས།

ཟློས་པ་ལ་སོགས་ཟ་ལ་འདོགས།

གངྒཱའི་ཀླུང་དང་ཆུ་ཀླུང་སོགས།

ཀ་ཀླུང་ཡིན་པ་ཤེས་པར་བྱ།

། 61


ས་བདག་ཀླུ་ནི་ཀ་ཀླུ་ལ། ། ལེན་པའི་གླུ་ནི་ག་གླུ་ཡིན། ། ངན་པས་བསླུ་བ་ས་བསླུ་ལ། ། བ་ཡིས་འཕུལ་བ་ཤེས་པར་བྱ། །

སྦྱོང་ཚན།

གཤམ་གསལ་མིང་དང་ཚིག་སྒྲུབ་རྣམས་དཔོད་བྲིས་གཏོང་དགོས།

༡།

འདའ།

སློབ་སྦྱོང་གིས་དུས་འདའ།

༣།

མདའ།

མདའ་བརྒྱབས་ནས་རི་དྭགས་བསད།

༢།

༤།

ཟླ་བ།

༥།

ཟླ་བོ།

༧།

ཟླུམ་པོ།

༦། ༨། 62

མདའ།

༩།

ཟློག་པ། ཟློ་བ།

ཟློས་པ།

ལུང་པའི་མདའ་ལ་ཕྱིན། གནམ་ལ་ཟླ་བ་ཤར། ཁོང་མོའི་ཟླ་བོ་རེད།

ལག་པས་ཟློག་པ་བརྒྱབ།

བཅོ་ལྔའི་ཟླ་བ་ཟླུམ་པོ་རེད། གཞན་ལ་ཟློ་བའི་གཏམ། ཟློས་པའི་གར་འཁྲབ།


༡༠།

ཀླུང་།

ཡར་ཀླུང་གཙང་པོ་རིང་པོ་ཡོད།

ཀླུ།

ཀླུ་གཏོར་བཏང་།

༡༡།

ཆུ་ཀླུང་།

༡༣།

གླུ།

༡༢།

༡༤། ༡༥།

བློན་པོ།

བསླུ་བ།

ཆུ་ཀླུང་རྣམས་རྒྱ་མཚོར་འབབ། གླུ་གཞས་ལ་དབྱིངས་ཞུགས། རྒྱལ་པོའི་བློན་པོ་རེད།

བསླུ་བ་མེད་པའི་དཀོན་མཆོག་གསུམ།

63


སློབ་ ཚན། ༡༥

བརྡ་དག་སྦྱོང་བརྡར།

འབྱུང་བའི་རླུང་ནི་ར་རླུང་ལ། ། ཡི་གེ་ཀློག་པ་ཀ་ཀློག་ཡིན། ། གོན་པའི་སློག་པ་ས་སློག་ལ། ། ལུས་ཀྱི་གློ་བ་ག་གློ་ཡིན། །

བློན་པོ་བློ་གྲོས་བློ་ལྡན་རྣམས། ། བ་ལ་ལ་འདོགས་ཤེས་པར་བྱ། ། གླེགས་བམ་གླེགས་ཤིང་གླེགས་ཐག་དང་། ། གླིང་བུ་གླེན་པ་གློག་དམར་དང་། །

གླ་བ་གླང་མ་གླེང་གཞི་སོགས། ། ག་ལ་ལ་འདོགས་ཤེས་པར་བྱ། ། ཡིད་དགའ་བ་ནི་ད་དགའ་ལ། ། དགོན་པ་དག་ཀྱང་ད་དགོན་ཡིན། 64


སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས། ༡།

གླེང་།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

༣།

གླེན།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

༥།

གློག

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

༢།

༤།

གླིང་།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

གླེགས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

གཉིས་པ། གཤམ་གསལ་བར་སྟོང་ནང་འདེམས་སྐོང་གྱིས། ༡།

ན་ཚ་སྡུག་ཤོས་་་་་་་་་་་་་་་་་་་་་་་ནད་རེད།

༣།

ང་རྒྱལ་པོའི་་་་་་་་་་་་་་་་་་་་་་་་་་་་་་་པོ་ཡིན།

རློན་/བློན་

༢།

༤། ༥།

ཁོང་མི་་་་་་་་་་་་་་་་་་་་་གྲོས་ཅན་ཞིག་རེད།

བློ་/སློ་

འབྲུག་སྒྲ་གྲགས་དུས་་་་་་་་་་་་་་་་་་འཁྱུག རི་དྭགས་་་་་་་་་་་་་་་་་་་་་་་་་་་་བ་མཆོངས།

བློ་/གློ་ སློག་/གློག་ གླ་/བླ་

65


གསུམ་པ། གཤམ་གྱི་སྒྲ་གདངས་ཁྱད་པར་འདོན་ཤེས་པ་གྱིས། ལུང་།

རླུང་།

ལྷུང་།

ལང་།

གླང་།

ལྷང་།

གོན།

དགོན།

ལོག ག

གློག དགའ།

ལྷོག

འགའ།

མགོན།

དུད་འགྲོའི་སྒ་དང་ལུས་ཀྱི་སྒལ། ། ས་སྒལ་ཡིན་པ་ཤེས་པར་བྱ། ། རྒོད་མ་རྒད་མོ་ར་རྒན་ལ། ། ཆུ་ལ་བརྒལ་བ་ར་བརྒལ་ཡིན། ། གནན་པ་བྱེད་པ་ག་གནན་ལ། ། མང་དུ་བསྣན་པ་ས་བསྣན་ཡིན། ། ལུག་པའི་སྣོད་དང་སྣོད་བཅུད་རྣམས། ། ས་སྣོད་ཡིན་པ་ཤེས་པར་བྱ། །

66


ནམ་མཁའི་གཟའ་ནི་ག་གཟའ་ལ། ། ཁ་རུ་བཟའ་བ་བ་བཟའ་ཡིན། ། གོང་མས་གནང་བ་ག་གནང་ལ། ། མངོན་སུམ་སྣང་བ་ས་སྣང་ཡིན།

སྦྱོང་ཚན། དང་པོ། གཤམ་གྱི་སྒྲ་གདངས་མི་འདྲ་བ་རྣམས་འདོན་ཤེས་པར་གྱིས། འགའ།

སྒ།

འགལ།

གལ།

བརྒལ།

བསྣན།

སྣོད། འགོད།

བཟའ།

འགན།

སྣང་།

ནན། ནོད། གོད། ཟ།

གན།

ནང་།

གནན།

གནོད། རྒོད།

གཟའ། རྒན།

གནང་། 67


གཉིས་པ། གཤམ་གསལ་བརྗོད་པ་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས། ༡།

རྟ་ལ་དགའ་བརྒྱབས་ནས་བཞོན།

༣།

རྟ་དགོད་མར་རྟེའུ་སྐྱེས།

༢།

༤། ༥།

༦།

༧། ༨།

༩།

༡༠། ༡༡།

༡༢།

68

རྟའི་བརྒལ་པར་རྨ་བཟོས། མི་དགེན་པའི་ཁ་ལ་ཉོན།

ཆུ་བགལ་ནས་ཕ་རོལ་ཏུ་སོང་། རྐང་པའི་འོག་ཏུ་བསྣན།

གཉིས་ལ་གསུམ་གནན་ན་ལྔ། འབྲུ་བླུགས་སའི་གནོད།

བཟའ་ཉི་མར་གུང་སེང་རེད།

བོད་མི་ཚང་མས་སྤགས་གཟའ། མཐོང་གནང་མཛེས་པོ་འདུག ཕ་མས་བྱམས་སྐྱོང་སྣང་།


གསུམ་པ། གཤམ་གསལ་བར་སྟོང་ནང་འདེམས་སྐོང་གྱིས།

༡།

བོད་རང་བཙན་ཐོབ་ན་་་་་་་་་་་་་་་་པ་ཡིན།

༣།

ཁོང་དགོན་པའི་་་་་་་་་་་་་་་་པ་རེད།

༢།

༤། ༥།

༦།

༧། ༨།

༩།

ལུས་ལ་་་་་་་་་་་་་་་་འབུར་སྐྱེས།

སྙམ་/མཉམ་

ཉེར་/གཉེར་

རླུང་ལངས་ནས་སྣ་་་་་་་་་་་་་་་་་སོང་།

སྲིན་བལ་གྱི་་་་་་་་་་་་་་་་ལ་ཉལ།

ན་ཚ་ཁ་ཤས་་་་་་་་་་་་་་་་ནད་རེད།

ཁོང་གྲོགས་པོ་་་་་་་་་་་་་་་་པོ་ཡོད། ཞྭ་མོ་་་་་་་་་་་་་་་་ལ་གྱོན།

ལྟད་མོ་་་་་་་་་་་་་་་་བར་ཕྱིན།

༡༠། འགྲུལ་པས་་་་་་་་་་་་་་་་ལ་བཞོན།

༡༡། བླ་མས་སློབ་མར་ཆོས་་་་་་་་་་་་་་་་།

གཉན་/སྙན་

སྙེར་/མཉེར་ སྟན་/ཏན་

གཏན་/བརྟན་ འགོས་/བགོས་ གོ་/མགོ་

གཏའ་/བལྟ་ རྟ་/སྟ་

བསྟན་/རྟེན་

69


ལེགས་བཤད་ལྗོན་དབང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་

བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་ བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་

འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང༌།

།ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ ། །གཞན་རྣམས་མིང་མཐའི་རྗེས་མཐུན་ སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་

དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་

དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི།

།ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་ མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་

འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་

སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་ བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་ 70

སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། ། རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་


ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་ པའི་སྒྲ༑ ༑དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་ དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་ སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའ།ོ །ན་

རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ།

།མ་ནི་ངེས་མེད་སྐབས་དང་སྦྱར། །མ་མི་མིན་མེད་དགག་སྒྲ་སྟེ ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་ བར་གྱི་གསལ་བྱེད་ལའང༌། །ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་ མ་གཏོགས། །ཤིང་ཤིག་ཤེ་འོ ་ཤེ་ན་འཐོབ། །འོ ན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་

གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་ མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། ། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། ། དོན་ཚན་ཆེན་མོ་

རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་ དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་ བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །།

71


Turn static files into dynamic content formats.

Create a flipbook
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བཞི་པའི་བོད་ཡིག་སློབ་དེབ། by Sherig Books - Issuu