Skip to main content

མི་ཚང་མ་ལ་ཨ་མ་ཡོད།

Page 1

མི་ཚང་མ་ལ་

ཨ་མ་ཡོད།

རྩོམ་པ་པོ། སེ་ལི་ཧཱས།

བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།

ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།


མངལ་སྐྱེས་དང་། སྒོ་ང་ལས་སྐྱེས་པའི་སེམས་ཅན་ཚང་མར་ཨ་མ་རེ་ཡོད།

དེ་ཡང་གཤོག་པ་མེད་པ་དང་། སྤུ་མེད་པ། ཡང་ན་གཉིས་ཀ་མེད་རུང་གང་ ལྟར་ཨ་མ་མེད་པ་གཅིག་ཀྱང་མེད།

བྱ་ཚང་ནང་དུ་ཡོད་པའི་བྱིའུ་ལ་ཨ་མ་ཡོད།


རྫིང་བུ་ནང་གི་ངང་ཕྲུག་ལ་ཨ་མ་ཡོད།


ཞིང་ཁའི་ནང་གི་ནགས་བྱི་ལ་ཨ་མ་ཡོད།


ལྷས་རའི་ནང་གི་རེའུ་ལ་ཨ་མ་ཡོད།


སྒོ་རའི་ནང་གི་རུས་སྦལ་ལ་ཨ་མ་ཡོད།


ལྷས་རའི་ནང་གི་རྟེའུ་ལ་ཨ་མ་ཡོད།


ག་པར་བལྟས་ཀྱང་ཨ་མ་ཡོད། ཞིམ་ཕྲུག་ལ་ཞི་མི་ཨ་མ་ཡོད།


ཁྱི་ཕྲུག་ལ་ཁྱི་ཨ་མ་ཡོད།


ལུ་གུ་ལ་ལུག་ཨ་མ་ཡོད།


བྱ་ཕྲུག་ལ་བྱ་མོ་ཨ་མ་ཡོད།


བེའུ་ལ་བ་ཕྱུགས་ཨ་མ་ཡོད།


དོམ་ཕྲུག་ལ་དོམ་ཨ་མ་ཡོད།


ཨ་མ་ཁ་ཤས་གླང་ཆེན་ལྟར་ཆེན་པོ་ཡོད།


མཚོ་ཕག་ཨ་མ་ལྟར་ཆེན་པོ་ཡོད།


བསེ་རུ་ཨ་མ་ལྟར་ཆེན་པོ་ཡོད།


ཡང་ཨ་མ་ཁ་ཤས་ཤྭ་ཁྲ་སྐེ་རིང་ལྟར་རིང་པོ་ཡོད།


ཡང་ཁ་ཤས་ཉ་ལྟར་ཆུང་ཆུང་ཡོད།


སྦལ་པ་བཞིན་དུ་ཆུང་ཆུང་ཡོད།


འབུ་སྡོམ་བཞིན་དུ་ཆུང་ཆུང་ཡོད།


ཨ་མ་ཁ་ཤས་ལ་སེང་གེ་ལྟར་མཇུག་མ་ཡོད།


སྤྲེའུ་བཞིན་དུ་མཇུག་མ་ཡོད།


ཉ་ཆེན་ཝེལ་བཞིན་དུ་མཇུག་མ་ཡོད།


ཡང་ཨ་མ་ཁ་ཤས་ལ་མཚོ་གླང་བཞིན་དུ་ཁ་སྤུ་ཡོད།


བྱ་ཁྱེའུ་ལ་ཡང་ཁ་སྤུ་ཡོད།


སྦྲུལ་གྱིས་ཤུད་འགྲོས་བྱེད་པ་བཞིན།

རྩངས་པ་ཁ་རལ་གྱི་ཨ་མའང་གོག་འགྲོ་བྱེད་ཀྱི་ཡོད།


གཟིག་བཞིན་དུ་འགའ་ཤས་ལ་ཐིག་ལེ་ཡོད།


ཡང་ཁ་ཤས་ལ་ཨ་མ་ཁྲ་ཐིག་བཞིན་དུ་ནག་ཐིག་ཡོད།


མི་ལ་ཆ་བཞག་ན། སྐྱེས་པའི་ཨ་མ་དང་། མ་ཡར། གསོ་བའི་ཨ་མ། མ་ཚབ་སོགས་འདྲ་མིན་ཡོད།


ཨ་མའི་ཨ་མ་ལ་རྨོ་རྨོ་ཟེར། རྨོ་རྨོའི་ཨ་མ་ལ་ཡང་མེས་མོ་ཟེར། འོན་ཀྱང་ཁོ་ཚོ་ཚང་མ་ཨ་མ་ཡིན།


སྐྱེ་འགྲོ་ཚང་མར་སོ་སོའི་ཁྱད་ཆོས་མི་འདྲ་བ་རེ་ཡོད་པས།

ཕྲུ་གུ་གསོ་

སྐྱོང་བྱ་རྒྱུ་གཙོ་བོ་ཨ་མས་བྱེད་ཀྱི་ཡོད། མཚམས་རེར་ལས་ཀ་དེ་བསྒྲུབ་

སླ་ཞིང་། མཚམས་རེར་དགོད་བྲོ་པོ་ཞིག་ཡོད། ཨ་མས་རང་གི་ཕྲུ་གུར་ཟ་ སྟངས་དང་། སྡོད་སྟངས། གཙང་སྦྲ་བྱེད་སྟངས་སློབ་ཀྱི་ཡོད།


ད་དུང་རང་ཉིད་སྲུང་སྐྱོབ་བྱེད་སྟངས་དང་། གཞན་དང་བསྟུན་བཤིབས་ཇི་ ལྟར་བྱེད་དགོས་མིན་སློབ་ཀྱི་ཡོད། ལྡན་པའི་སྒོ་ནས་བྱེད་ཀྱི་ཡོད།

དེ་དག་ཚང་མ་ཨ་མས་བརྩེ་སེམས་

ང་ ཁྱེད་ལ་ དགའ། ཨ་མས་དེའི་ལན་དུ་ཕྲུ་གུས་ཁ་ལ་ཉན་པོ་དང་། སློབ་སྦྱོང་ཡག་པོ་བྱེད་པའི་ རེ་བ་བྱེད་ཀྱི་ཡོད། དེས་ན་ཕྲུ་གུ་ཚོས་རང་གི་ཨ་མའི་ཆེད་དུ་གང་བྱེད་ཐུབ་

བམ་ཞེ་ན། ཁྱེད་ཚོས། ཨ་མ་ལགས་ཐུགས་རྗེ་ཆེ། ང་ཁྱེད་ལ་དགའ། ཞེས་ ཟེར་དགོས། །


སྒྲུང་རྫོགས་སོང་།

འོན་ཀྱང་ཨ་མར་ཐུགས་རྗེ་ཆེ་ཞུ་རྒྱུ་རྫོགས་མེད།


མོས་ལོ་ངོ་སུམ་ཅུ་ལྷག་རིང་སྤྲོ་སྣང་དོད་ཅིང་འཆར་ཡན་ཅན་གྱི་འབྲི་རྩོམ་ དང་སྒྱུ་རྩལ་ལྡན་པའི་བརྩམས་ཆོས་མང་པོ་སྤེལ་ཡོད། མོས་བརྩམས་པའི་

བྱིས་སྒྲུང་ཇི་འདྲ་ཞིག་ཡིན་རུང་འཆར་ཡན་ལྡན་པ་དང་། རི་མོ། གྱང་སྦྱར། རྫ་བཟོའི་ལག་རྩལ། ཕྲུ་གུའི་སྐེ་གདན། དངུལ་ཁུག གྱོན་ཆས། གསར་ཤོག་ སོགས་གསར་གཏོད་བྱས་ཡོད་ལ། དེ་ནང་གི་རི་མོ་རྣམས་གསོན་ཉམས་


ལྡན། མོས་བྱིས་སྒྲུང་རྩོམ་དགོས་དོན་ནི་ཕྲུ་གུ་ཚོའི་མི་ཚེ་དོན་སྙིང་ལྡན་པ་

ཡོང་ཐབས་སུ་དམིགས་པ་དང་། བྱིས་སྒྲུང་བརྒྱུད་ཕྲུ་གུ་ལ་བསླབ་བྱ་བཟང་ པོ་ཞིག་རག་པའི་རེ་བ་བྱེད་ཀྱི་ཡོད། སེ་ལི་ཧཱས་ནི་ལྷོ་ཕྱོགས་ཁེ་ལི་ཧྥོ་ནི་

ཡ་མཐོ་སློབ་ཏུ་མཐར་སོན་པ་དང་། འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་ཆོག་ ཐམ་ཡོད་པའི་སྒྱུ་རྩལ་ཁང་ ༢༦ བཙུགས་ཡོད།


Turn static files into dynamic content formats.

Create a flipbook
མི་ཚང་མ་ལ་ཨ་མ་ཡོད། by Sherig Books - Issuu