ཕྱི་ལོ་ ༢༠༡༩ ལོར་གཏན་འབེབས་བྱུང་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་ཞུས།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།
འཛིན་རིམ་གསུམ་པ། (ཚོད་ལྟ།)
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་གཏན་འབེབས་ཞུས།
ཕྱི་ལོ་ ༢༠༡༧ ལོར་རྩོམ་སྒྲིག་དང་གཏན་འབེབས་ཞུས་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ སློབ་གྲྭའི་བོད་ཡིག་སློབ་དེབ་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུས།
རྩོམ་སྒྲིག་འགན་འཁུར་བ། རྩོམ་སྒྲིག་པ།
བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)
དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ། རི་མོ་བ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ།
བློ་བཟང་ཤེས་རབ། པདྨ་ཡང་འཕེལ།
གཏན་འབེབས་ཚོགས་ཆུང་གི་ཚོགས་མི།
དངོས་གྲུབ་བསྟན་པ།
ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན།
མིང་ཆུང་།
དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ། ཆོས་ཉིད་སྒྲོལ་མ།
བྱམས་པ་དཔལ་མོ།
བློ་བཟང་འཕྲིན་ལས། བཀྲ་ཤིས་མཚོ་མོ།
ཤེས་ལྷན་སློབ་དེབ་ཚན་པའི་འགན་འཁུར་བ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ། ཤེས་རིག་བྱིས་སྒྲུང་རྩོམ་སྒྲིག་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་དགེ།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ།
ཨེ་མི་ལེ་ཡ། (Emilya)
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་ལམ་སྟོན་པ།
ཉི་མ་བུ་ཁྲིད།
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ།
ཨོ་ཤོད་ཚེ་རིང་གཡང་འཛོམས། ནང་བསྟན་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན།
©བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།
དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། Special Acknowledgement
Funded by DANIDA through CICED
Phone: Email: Web:
DEPARTMENT OF EDUCATION Central Tibetan Administration
༄༅།
+91-1892-222572/222721 education@tibet.net www.sherig.org
GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA
ཆེད་བརྗོད།
།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་
གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།
དེས་ན་རང་གི་སྐད་ཡིག་རྒྱུན་
འཛིན་དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་
ཡིན་པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་ བརྒྱུད་ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་ཉི་
ཤུའི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ་རྒྱ་བལ་གྱི་སློབ་གྲྭ་ཁག་གི་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་
ལ༑ དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་སོགས་ ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།
ཉེ་བའི་ལོ་བཅུ་ཕྲག་འགའི་ནང་བོད་མི་ཕོན་ཆེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་གནང་དང་
གནང་བཞིན་པ་མ་ཟད། གཞུང་།
ཁོར་ཡུག་དང་མི་རབས་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་། རིག་
གོམས་གཤིས་བཅས་མུ་མཐུད་རྒྱུན་འཛིན་བྱེད་པར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།
དཀའ་ངལ་དེ་དག་ལ་གདོང་ལེན་ཆེད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་།
བོད་རིགས་སྤྱི་མཐུན་
ཚོགས་པ། བོད་རིགས་ཚོགས་པ། གཞན་བོད་མི་སྒེར་བཅས་ནས་གཟའ་མཇུག་ཏུ་བོད་ཀྱི་སྐད་ཡིག་དང་རིག་
གཞུང་གི་སློབ་གྲྭ་དང་འཛིན་གྲྭ་བསྒྲུབས་པ་དང་། བོད་ཡིག་སྦྱོང་བའི་ཀློག་དེབ་དང་བྱིས་སྒྲུང་། དྲྭ་ཚིགས་དང་ དྲྭ་རྒྱའི་ལམ་ནས་བོད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན་འདྲ་མིན་གོ་སྒྲིག་ཞུ་བཞིན་པ་ལ་ཡི་རང་ དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་
ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་ གཞུང་།
ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་ཆེད་དགོངས་ཚུལ་སྡུད་ལེན་ཞུ་
འབྲས། ས་གནས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ཕྱག་རོགས།
སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ། ཨ་རིའི་
བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་གནང་བའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་
པ་བར་གྱི་སློབ་དེབ་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ཀྱིས་ བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་། སུད་སི་ཡི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་
གིས་རྒྱ་གར་ནང་གི་སློབ་དེབ་སློབ་ཁྲིད་གནང་རྒྱུ་ཐག་གཅོད་བྱུང་བ་ལྟར།
སློབ་ཁྲིད་བརྙན་འཕྲིན་བཟོ་
རྒྱུའི་མཚོན་པའི་ཕྱག་རོགས་ཞུས་། དེ་བཞིན་བེལ་ཇི་ཡམ་དང་ཨོ་གླིང་གིས་ཀྱང་རྒྱ་གར་ནང་གི་སློབ་དེབ་
རྣམས་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུ་རྒྱུ་བྱས་པ་ལྟར་པར་རྩ་རྣམས་མཁོ་སྒྲུབ་ཞུ་རྒྱུའི་མཚོན་མཐུན་འགྱུར་
གང་ཐུབ་ཞུས། ཕྱི་ལོ་
༢༠༡༨
ལོར་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་
གཞུང་སློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟེ།
བོད་ཀྱི་སྐད་ཡིག་དང་
རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག བསླབ་གཞིའི་རྩ་འཛིན་ བཟོ་འགོད་ཐད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར།
སྐད་ཡིག་
གཞན་གྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟེ་<<བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱི་རགས་ཟིན་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱིས་གོ་སྒྲིག་འོག་
ནིའུ་ཡོག་ཏུ་བསྐོངས་ཚོགས་གནང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་
ཚོགས་ཆེན་དང་པོའི་སྟེང་སྤྱི་མོས་གཏན་འབེབས་གནང་།
སྤྱིར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་
དང་འཚམ་པའི་སློབ་དེབ་རྩོམ་སྒྲིག་བྱེད་ཆོག་ཀྱང་། ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་ སྟབས། ཕྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་སྔོན་འགྲོ་ནས་སློབ་དེབ་རྣམས་རྩོམ་ སྒྲིག་འགོ་འཛུགས་ཞུས།
ཐེངས་འདིར་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་པར་སྐྲུན་ཞུས་
ཏེ༑ ཚོད་ལྟའི་ཚུལ་དུ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་ན། སློབ་དེབ་འདི་དག་ལག་བསྟར་གྱི་བརྒྱུད་ རིམ་ནང་བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་
དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་ རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༧ ཉིན།
ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ༓ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་ རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་ བསམ་སྤྱོད་ཀྱི་རང་དབང་དང༌།
འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་
བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར།
རང་གི་འབད་རྩོལ་གྱིས་བསྒྲུབས་
པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་
ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་ སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།
༓ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ ནུས་པའི་“གཞན་ཕན།”
༓ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་ བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།”
༓ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་
དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་ ”བཅས་བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།
(ཀ)
ཁྲིད་གཞིའི་ལམ་སྟོན། • སབ ློ ་ཚན་སབ ློ ་ཁྲིད་སྐབས་སབ ློ ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་ བོར་མི་འཛིན་པའི་རྒྱུན་སལ ྲོ ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་སྤྱོད་མི་རུང་།
• སློབ་དེབ་འདི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་ སྒྲུབ་ཐབས་ཀྱི་སབ ློ ་དེབ་ཡིན་པ་ཙམ་ལས། འཛིན་རིམ་ཁག་གི་བོད་ཡིག་སབ ློ ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་
གནས་དང་། སབ ློ ་མ། ཁོར་ཡུག ཆ་རྐྱེན་སོགས་མི་འདྲ་བའི་གནས་སྟངས་འོག་སློབ་དེབ་ཀྱི་ནང་དོན་དང་། གོ་རིམ།
ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་
འཛིན་ཐུབ་པ་བྱེད་དགོས། འོན་ཀྱང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས།
• སབ ློ ་ཁྲིད་དང་སབ ློ ་སྦང ྱོ ་གི་དམིགས་ཡུལ་ནི་སབ ློ ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་བསླབས་པ་ཙམ་མ་ཡིན་
པར། སབ ློ ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། རྒྱུན་མཐུད་རྟོག་ཞིབ་ཀྱིས་སློབ་མའི་སྐད་
ཡིག་གི་གནས་ཚད་ལ་གདེང་འཇོག་བྱེད་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་ བརྟེན། སབ ློ ་དེབ་འདི་ཉིད་བེད་སྤྱད་ནས་སབ ློ ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་གཏོང་དགོས།
• ཚིག་གི་གཅོད་མཚམས་མ་ཉམས་པར་བྱིས་སྒྲུང་ཐུང་ངུ་རིགས་ཀློག་ཐུབ་པ་དང་། སྦྱངས་ཟིན་པའི་མིང་ཚིག་དང་། བྱ་ ཚིག རྒྱུན་སྤད ྱོ ་ཀྱི་ཐ་སྙད་ཁག་སྐད་ཆའི་ནང་བེད་སྤྱོད་ཐུབ་པ་བྱེད་དགོས།
• སློབ་དེབ་འདིའི་ནང་ཡི་གེ་གཅོད་མཚམས་དང་། བྱ་ཚིག་ངེས་ཕྱིར་ཚིག་ཕྲད་ཀྱི་ཡི་གེ་རྣམས་ལྗང་ཁུ་དང་། བྱ་ཚིག་
དམར་པོ། རྒྱན་ཚིག་རྣམས་སན ྔོ ་པོ་བཟོས་ཡོད་པས། དགེ་རྒན་གྱིས་བྱེད་ཐབས་འདྲ་མིན་སྤྱད་དེ་སློབ་ཕྲུག་གི་ཀློག་ འབྱོངས་པོ་ཡོང་བ་དང་། ནང་དོན་གང་འཚམ་གོ་ཐུབ་པར་རམ་འདེགས་བྱེད་དགོས། སྦར ྱོ ་ཀག ློ ་དང་བསྡུས་ཀག ློ ་ལས་ སྦར ྱོ ་ཀག ློ ་ལ་ཤུགས་རྒྱག་རྒྱུ་གལ་ཆེ།
• འཛིན་རིམ་འདིར་མཆོད་ཆས་ངོ་སྤད ྲོ ་དང་། སམ ྒོ ་རྒྱག་སྟངས་སྐོར་གྱི་ཆོས་རིག་དང་། དར་ལྕོག་དང་། ཁ་བཏགས། བོད་
ཀྱི་ཞིང་འབྲོག་སྐོར་ངོ་སྤད ྲོ ་ཀྱི་སྤྱིར་བཏང་ཤེས་བྱ། ནོ་སྦེལ་བསྟོད་དབྱངས་ཀྱིས་མཚོན་པའི་བོད་ཀྱི་གནའ་དེང་གི་གླུ་ གཞས་དང་། གླིང་བུ་འབུད་པའི་ཟློས་གར་གྱི་སྐོར་སློབ་དགོས། ་
• མདོར་ན། བསླབ་གཞིའི་རྩ་འཛིན་ཡང་ཡང་བཀླགས་ཏེ། ཉན་རྩལ་དང་། ཀློག་རྩལ། བཤད་རྩལ། འབྲི་རྩལ་བཅས་སློབ་ ཕྲུག་གི་ལོ་ཚད་དང་བསྟུན་ནས་སྦྱོང་བརྡར་སྤྲོད་རྒྱུ་དང་། སབ ློ ་དེབ་ཀྱི་མཇུག་ཏུ་སྤྲད་པའི་དྲྭ་ཚིགས་ལས་སབ ློ ་ཁྲིད་ཀྱི་
རྒྱུ་ཆ་མཁོ་སྒྲུབ་ཀྱིས་སློབ་ཕྲུག་ཉོབ་སྣང་མེད་པར་སྤྲོ་སྣང་འཕེལ་བར་རྩེད་མོ་དང་། བྱེད་སྒོ་གཙོ་བོ་བྱས་ཏེ་ཁྲིད་སྟོན་
བྱེད་རྒྱུ་གལ་ཆེ།
(ཁ)
དཀར་ཆག
1 ལྡོག་ཚིག་ངོ་སྤྲོད། ......................................................................................................................... 5 ཕྱོགས་བཞི་ངོས་འཛིན།.................................................................................................................. 9 མཇུག་སྡུད་ཐ་སྙད་ངོ་སྤྲོད།........................................................................................................... 11 ཞིང་པ།....................................................................................................................................... 17 སྐད་ཆ་སྦྱོང་བརྡར།................................................................................................................................... 19 ཤིང་ཏོག་གི་མིང་ངོ་སྤྲོད།............................................................................................................. 20 གཟའ་མཇུག........................................................................................................................................... 24 རྒྱུན་སྤྱོད་བྱ་ཚིག........................................................................................................................ 26 སྐད་ཆ་སྦྱོང་བརྡར།.................................................................................................................................. 30 ནམ་དུས་བཞི།........................................................................................................................... 32 ནམ་དུས་བཞིའི་གནམ་གཤིས།................................................................................................................. 33 ནམ་དུས་བཞིའི་གླུ་གཞས།....................................................................................................................... 34 འབྲོག་པ།................................................................................................................................... 36 ཚལ་རིགས་ཀྱི་མིང་ངོ་སྤྲོད།......................................................................................................... 38 སྐད་ཆ་སྦྱོང་བརྡར།................................................................................................................................... 41 ཕལ་སྐད་དང་ཞེ་ས།.................................................................................................................... 43 ཞེ་སའི་གཞས།......................................................................................................................................... 45 ཕོ་རོག་གིས་ཆུ་འཐུང་བ།............................................................................................................. 48 སྲོག་ཆགས་ཀྱི་མིང་ངོ་སྤྲོད།......................................................................................................... 53 གཅན་གཟན་ཁང་ལ་ཕྱིན་པ།................................................................................................................... 57 དར་ལྕོག................................................................................................................................... 59 སྦལ་པས་གནམ་མཐོང་བ།........................................................................................................... 62 གྲངས་ཡིག་ངོ་སྤྲོད།.........................................................................................................................
(ག)
67 དབྱིབས་ཀྱི་མིང་ངོ་སྤྲོད།.............................................................................................................. 69 མཆོད་ཆས་ངོ་སྤྲོད།..................................................................................................................... 72 རུས་སྦལ་གནམ་ལ་འཕུར་བ།...................................................................................................... 75 ཁ་བཏགས།................................................................................................................................ 79 ལས་རིགས་ངོ་སྤྲོད།..................................................................................................................... 82 ཚལ་རིགས་ཀྱི་མིང་ངོ་སྤྲོད།......................................................................................................... 88 གཟའ་ཉི་མའི་ཉིན།.................................................................................................................................. 92 ཁྲུང་ཁྲུང་སྤུན་གསུམ།.................................................................................................................. 97 སྒོམ།......................................................................................................................................... 101 ནོ་སྦེལ་བསྟོད་དབྱངས། ........................................................................................................................ 104 བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary.................................... 109 རེས་གཟའ་བདུན།......................................................................................................................
(ང)
སློབ་གྲྭ།
ང་ཚོའི་སློོབ་གྲྭ།
འདི་ནི་ང་ཚོའི་སློོབ་གྲྭ་རེད།
ང་ཚོའི་སློབ་གྲྭ་ཧ་ཅང་མཛེས། (ཅ)
འཛིན་ཁང་།
ང་ཚོའི་འཛིན་ཁང་།
འདི་ནི་ང་ཚོའི་འཛིན་ཁང་རེད།
ང་ཚོའི་འཛིན་ཁང་ཆེན་པོ་དང་གཙང་མ་ཡོད། (ཆ)
དགེ་རྒན།
སླའོ། །ཨི་ ཨུ་ ཨེ་ ཨོ།
ཀ་ཁ་ག་ང་།
ཅ་ཆ་ཇ་ཉ།
ཙ་ཚ་ཛ་ཝ།
ཞ་ཟ་འ་ཡ།
ཏ་ཐ་ད་ན།
པ་ཕ་བ་མ།
ར་ལ་ཤ་ས།
ཧ་ཨ།
ང་ཚོའི་དགེ་རྒན།
ཁོང་ནི་ང་ཚོའི་དགེ་རྒན་རེད།
ང་ཚོའི་དགེ་རྒན་ནི་གཤིས་ཀ་འཇམ་པོ་ཡོད། (ཇ)
འཛིན་གྲོགས།
ངའི་འཛིན་གྲོགས།
ཁོང་ཚོ་ནི་ངའི་འཛིན་གྲོགས་རེད།
ང་ཚོས་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། (ཉ)
སློབ་གྲོགས།
ང་ཚོའི་སློབ་གྲྭའི་ནང་དུ།
སློབ་གྲོགས་མང་པོ་ཡོད།
ང་ཚོ་ཚང་མ་འཆམ་པོ་ཡོད།
(ཏ)
འཛིན་གྲྭ། ་་
ཏིང་ཏིང་་་་་་
འཛིན་གྲྭ་འཚོགས།
སློབ་ཕྲུག་ཚང་མ་འཛིན་ཁང་ནང་དུ་འཛུལ།
སློབ་ཕྲུག་ཚོས་རྒན་ལགས་ལ་བསྒུགས་ནས་བསྡད། (ཐ)
གྲངས་ཡིག་ངོ་སྤྲོད།
གཅིག
གཉིས།
ལྔ།
དྲུག
གསུམ།
བཞི།
བདུན།
བརྒྱད།
བཅུ་གཅིག
བཅུ་གཉིས།
བཅོ་ལྔ།
བཅུ་དྲུག
དགུ།
བཅུ།
བཅུ་གསུམ།
བཅུ་བཞི།
1
སློབ་ ཚན། ༡
བཅུ་བདུན།
བཅོ་བརྒྱད།
ཉི་ཤུ་རྩ་གཅིག
སུམ་ཅུ་སོ་གཉིས།
དྲུག་ཅུ་རེ་ལྔ།
བདུན་ཅུ་དོན་དྲུག
བཅུ་དགུ།
ཉི་ཤུ།
བཞི་བཅུ་ཞེ་གསུམ།
ལྔ་བཅུ་ང་བཞི།
བརྒྱད་ཅུ་གྱ་བདུན།
དགུ་བཅུ་གོ་བརྒྱད།
བརྒྱ་ཐམ་པ།
རྩ་སོ་ཞེ་དང་ང་རེ་དོན། །
གྱ་གོ་བརྒྱ་ནི་ཤེས་པར་བྱ། ། 2
ཀ དྲ་མིག་ནང་གོ་རིམ་ལྟར་གྲངས་ཡིག་སྐོངས། ཉི་ཤུ་རྩ་
གཅིག
གཉིས།
གསུམ།
བཞི།
ལྔ།
དྲུག
བདུན།
བརྒྱད།
སུམ་ཅུ་སོ་
བཞི་བཅུ་ཞེ་ ལྔ་བཅུ་ང་
དྲུག་ཅུ་རེ་
བདུན་ཅུ་དོན་ བརྒྱད་ཅུ་གྱ་
དགུ་བཅུ་གོ་
ཁ། གྲངས་ཡིག་རྣམས་ཨང་ཀིའི་སྟེང་བྲིས། བདུན་ཅུ་དོན་དྲུག དྲུག་ཅུ་རེ་གསུམ།
བཞི་བཅུ་ཞེ་བདུན། ཉི་ཤུ་རྩ་བརྒྱད།
3
བཅོ་ལྔ།
དགུ་བཅུ།
དགུ།
ཨ་བཅུ་ཆ་བཅུ།
ཨ་གཅིག་ཆ་གཅིག བསེ་རུ་རྭ་གཅིག
ཨ་གཉིས་ཆ་གཉིས། ར་མ་ནུ་གཉིས།
ཨ་གསུམ་ཆ་གསུམ། སྒྱེད་པུ་མགོ་གསུམ། ཨ་བཞི་ཆ་བཞི། མཛོ་མོ་ནུ་བཞི།
ཨ་ལྔ་ཆ་ལྔ། མཛུ་གུ་སྤུན་ལྔ།
ཨ་དྲུག་ཆ་དྲུག མ་ཎི་ཡིག་དྲུག
ཨ་བདུན་ཆ་བདུན། སྐར་མ་སྨེ་བདུན།
ཨ་བརྒྱད་ཆ་བརྒྱད། ཤྭ་བ་རྭ་བརྒྱད།
ཨ་དགུ་ཆ་དགུ། སྲིན་པོ་མགོ་དགུ། ཨ་བཅུ་ཆ་བཅུ། ཁྱི་མོ་ནུ་བཅུ།
4
ལྡོག་ཚིག་ངོ་སྤྲོད།
རྒྱགས་པ།
སྐམ་པོ།
རིང་པོ།
ཐུང་ཐུང་།
ཆེན་པོ།
ཆུང་ཆུང་།
མངར་མོ།
སྐྱུར་མོ།
ལྗིད་པོ།
ཡང་པོ།
མང་པོ།
ཉུང་ཉུང་།
སྐྱིད་པོ།
སྡུག་པོ།
མགྱོགས་པོ།
དལ་པོ།
5
སློབ་ ཚན། ༢
ཚ་པོ།
གྲང་མོ།
སླ་པོ།
ཀ
ཁག་པོ། སྦྱོང་ཚན།
གཤམ་གསལ་བརྗོད་པའི་ནང་གི་ལྡོག་ཚིག་རྣམས་ལ་རྟགས་
རྒྱོབ།
༡། ཕག་པ་རྒྱགས་པ། ཙི་ཙི་སྐམ་པོ།
༢། ལས་ཀ་མང་པོ་བྱས་ན་བཟང་། ཁ་ཉུང་ཉུང་བྱས་ན་ལེགས།
༣། སྐེ་རིང་པོ། གཟུགས་པོ་ཐུང་ཐུང་། ༤། མགོ་ཆེན་པོ། མིག་ཆུང་ཆུང་།
༥། སྐྱིད་པོའི་འཛུམ་བསྟན། སྡུག་པོའི་སྐད་ཤོར།
༦། རྟ་མགྱོགས་པོ་ཐང་ལ་བརྒྱུགས། མི་དལ་པོ་རྗེས་ལ་ལུས།
6
༧། ཀ་ར་བཟས་ན་མངར་མོ་ཡོད། ད་ར་བཏུངས་ན་སྐྱུར་མོ་ཡོད། ༨། ཚ་པོ་མ་ཤེས་ན། གྲང་མོ་མི་ཚོར།
༩། གཏམ་བཤད་པར་སླ་ཡང་། དོན་བསྒྲུབ་པར་ཁག
ཁ། ལྡོག་ཚིག་གང་འོས་ཁ་སྐོངས། ༡། རྡོ་
། བལ་
༢། སྐེ་
། གཟུགས་
༣། མེ་
ཡི་ནང་ལ་ཆུ་
(ཡང་པོ་
ལྗིད་པོ་
(ཐུང་ཐུང་
ལ་ཚོན་
།
མར་
ལངས།
། སྣ་
རིང་པོ་
ཆེན་པོ་
ཡར་)
བླུགས། རས་
བྱུགས།
བསྡད། ། ཁ་
ཆུང་ཆུང་)
ཡི་སྟེང་
(གྲང་མོ་ / ཚ་པོ་ / དཀར་པོ་ / ནག་པོ་)
༤། རི་
གནམ་ལ་ཟུག ཐང་
འཁྱིལ། (དམའ་པོ་ / མཐོན་པོ་)
7
།
གཤོངས་ལ་ཆུ་
༥། བྱ་བ་
སྒྲུབས། གཏམ་
(ཉུང་ཉུང་
༦། སྦྲང་རྩིའི་བྲོ་བ་ ཡོད།
(སྐྱུར་མོ་
༧། གད་མོ་དགོད་དུས་
མང་པོ་)
ཤོད།
ཡོད། ལིམ་བུའི་བྲོ་བ
མངར་མོ་)
ཡོད་པ་རྟོགས།
ཡོད་པ་ཤེས། མིག་ཆུ་བཞུར་དུས་ (སྡུག་པོ་
ག ཡང་ཡང་ཀློགས།
ཤིང་སྡོང་རིང་པོ་ཞིག་གི་སྟེང་དུ།
སྐྱིད་པོ་)
མི་སྐམ་པོ་ཞིག་འཛེགས་
ཏེ། ཧམ་པ་ཆེན་པོས་ཤིང་ཏོག་མང་པོ་བཏོགས། ཤིང་སྡོང་ནས་མར་
བབས་ཏེ། ཤིང་ཏོག་རྐང་གཅིག་ཟ་སྐབས། ཤིང་ཏོག་དེ་ནི་མངར་མོ་ མ་ཡིན་པར་སྐྱུར་མོ་ཡིན་པས། མགོ་འདར་སིག་སིག་བྱེད་དགོས་པ་
བྱུང་། ཁོ་ཐང་ཆད་པ་དང་ཉི་མ་ཧ་ཅང་ཚ་བས་ཤིང་སྡོང་གི་གྲིབ་བསིལ་
འོག་གཉིད་ཤོར། རྨི་ལམ་སྐྱིད་པོ་ཞིག་རྨི་བཞིན་ཡོད་སྐབས། གློ་བུར་ དུ་འབྲུག་སྒྲ་དྲག་པོ་ཞིག་གྲགས་ཏེ་གཉིད་ལས་བསླངས་སོ།།
8
ཕྱོགས་བཞི་ངོས་འཛིན།
ཞོགས་པའི་ཉི་མར་ཁ་ཕྱོགས་དུས། ། མདུན་ནི་ཤར་དང་རྒྱབ་ནི་ནུབ། །
གཡས་ནི་ལྷོ་དང་གཡོན་ནི་བྱང་། །
ཤར་ལྷོ་ནུབ་བྱང་ཁ་ཕྱོགས་གསལ། ། 9
སློབ་ ཚན། ༣
སྦྱོང་ཚན།
ཀ བར་སྟོང་སྐོངས།
དགོང་དྲོའི་ཉི་མར་ཁ་གཏད་ན།
རེད། རྒྱབ་ནི་
མདུན་ནི་
གཡས་ནི་
རེད། གཡོན་ནི་
ཁ། འབྲི་ཀློག་བྱེད་དགོས། སློབ་གྲྭ་
ང་ཚོའི་ ཁྱིམ་ཚང་ གྲོང་ཁྱེར་གྱི་
ཁོང་ཚོའི་ ཕ་ཡུལ་
རྒྱལ་ཁབ་
འཛམ་གླིང་གི་
10
ཤར་ཕྱོགས་
བྱང་ཕྱོགས་
ལྷོ་ཕྱོགས་
ནུབ་ཕྱོགས་
རེད།
རེད།
ན་
ཡོད།
འདུག
མཇུག་སྡུད་ཐ་སྙད་ངོ་སྤྲོད།
ཡིན་དང་མིན་བེད་སྤྱོད་བྱེད་སྟངས།
ང་བོད་པ་ཡིན། ཕྱི་རྒྱལ་བ་མིན།
ང་སློབ་ཕྲུག་ཡིན། དགེ་རྒན་མིན། རེད་དང་མ་རེད་བེད་སྤྱོད་བྱེད་སྟངས།
ཁྱེད་རང་དགེ་རྒན་མ་རེད། སློབ་ཕྲུག་རེད། ཁྱེད་རང་བོད་པ་རེད།
ཨ་རི་བ་མ་རེད།
ཁོང་རྒྱ་མི་རེད།
བོད་པ་མ་རེད།
ཁོང་སྒྱུ་རྩལ་བ་རེད།
ཉེན་རྟོག་པ་མ་རེད། 11
སློབ་ ཚན། ༤
ཡོད་དང་མེད་བེད་སྤྱོད་བྱེད་སྟངས།
ང་ལ་དེབ་མང་པོ་ཡོད། སྨྱུ་གུ་གཅིག་ལས་མེད།
ང་དཔེ་མཛོད་ཁང་ལ་ཡོད། འཛིན་ཁང་ནང་ལ་མེད། ཡོད་པ་རེད་དང་། ཡོད་པ་མ་རེད་བེད་སྤྱོད་བྱེད་སྟངས།
བོད་ལ་གཡག་མང་པོ་ཡོད་རེད། རྨ་བྱ་ཡོད་མ་རེད།
ཁོང་ལ་ལས་ཀ་མང་པོ་ཡོད་རེད། དུས་ཚོད་ཡོད་མ་རེད།
12
འདུག་དང་མི་འདུག་བེད་སྤྱོད་བྱེད་སྟངས།
ཁྱེད་རང་ལ་སྨྱུག་སྒམ་འདུག སྨྱུ་གུ་མི་འདུག ཁོང་དཔེ་མཛོད་ཁང་ལ་འདུག འཛིན་ཁང་ནང་ལ་མི་འདུག
སྦྱོང་བརྡར།
གཤམ་གྱི་བར་སྟོང་ཁ་སྐོངས།
དཔེར་ན། ང་བསྟན་འཛིན་མིན། ང་བཀྲ་ཤིས་ཡིན། ང་བོད་པ་
ཁོང་བུ་མོ་
རྒྱ་མི་
བུ་
13
(ཡིན། / མིན།)
(རེད། / མ་རེད།)
ང་འཛིན་ཁང་ལ་
ཉལ་ཁང་ལ་
ཁྱེད་རང་ལ་དེབ་
སྨྱུ་གུ་
(ཡོད། / མེད།)
(འདུག / མི་འདུག)
དྲི་ཚིག་ཡིན་ནམ་དང་། ཡོད་དམ་བེད་སྤྱོད་བྱེད་སྟངས།
ཁྱེད་རང་ཡེ་ཤེས་ལགས་ཡིན་ནམ། ཁྱེད་རང་བོད་ནས་ཡིན་ནམ། ཁྱེད་རང་ལ་དེབ་ཡོད་དམ།
ཁྱེད་རང་འཛིན་ཁང་ལ་ཡོད་དམ།
14
དྲི་ཚིག་རེད་དམ་དང་། འདུག་གམ་བེད་སྤྱོད་བྱེད་སྟངས།
ཁོང་སྒྲོལ་མ་ལགས་རེད་དམ། ཁོང་རྒྱ་གར་ནས་རེད་དམ།
ཁོང་སློབ་གྲྭ་ལ་འདུག་གམ། ང་ལ་སྡོད་ས་འདུག་གམ།
སྦྱོང་བརྡར།
གཤམ་གསལ་མཇུག་སྡུད་ཐ་སྙད་བདམས་ཏེ་སྐོངས།
ཡིན་ནམ། མིན། ཡིན། རེད་དམ། མ་རེད། རེད། ཡོད་དམ། མེད། ཡོད། འདུག་གམ། མི་འདུག འདུག
༡། ཁྱེད་རང་རྒྱ་མི་ ང་རྒྱ་མི་
ང་བོད་པ་
15
༢། ཁྱེད་རང་རྒྱ་གར་ལ་ ང་རྒྱ་གར་ལ་
ང་བོད་ལ་
༣། ཁོང་སྐལ་བཟང་ལགས་ ཁོང་སྐལ་བཟང་ལགས་
ཁོང་འཕྲིན་ལས་ལགས་
༤། ཁོང་ལ་འབྲི་དེབ་ ཁོང་ལ་འབྲི་དེབ་
ཁོང་ལ་སྨྱུ་གུ་ཞིག་
༥། ང་ལ་སྡོད་ས་
ཁྱེད་ལ་སྡོད་ས་
ཡིན་ནའང་གདན་
16
སློབ་ ཚན། ༥
ཞིང་པ།
བོད་དུ་གནའ་སྔ་མོ་ནས་འབྲོག་པ་དང་། ཞིང་པ། ས་མ་འབྲོག་
བཅས་ས་བབ་ཀྱི་གནས་སྟངས་ལ་བལྟོས་ཏེ་གཞིས་ཆགས་ནས་འཚོ་
བ་སྐྱེལ་གྱི་ཡོད།
ཞིང་པ་རྣམས་ཀྱིས་ཞིང་ས་ལ་གྲོ་དང་། ནས། སྲན་མ། པད་ཁ།
ཟར་མ་བཅས་རྨོ་འདེབས་བྱེད་ཀྱི་ཡོད།
གྲོ།
ནས།
17
སྲན་མ།
པད་ཁ།
ཟར་མ།
བོད་དུ་ཞིང་པ་རྣམས་ཀྱིས་མཛོ་དང་། གཡག་གིས་རྨོ་འདེབས་
བྱེད་ཀྱི་ཡོད་པ་དང་།
དེང་སང་ས་ཁུལ་ཕལ་ཆེ་བར་འཕྲུལ་ཆས་ལ་
བརྟེན་ནས་རྨོ་འདེབས་བྱེད་ཀྱི་ཡོད།
18
སྐད་ཆ་སྦྱོང་བརྡར།
སྒྲོལ་མ། དོན་གྲུབ་ལགས། སྐུ་ཁམས་བཟང་།
དོན་གྲུབ། སྐུ་ཁམས་བཟང་། སྒྲོལ་མ་ལགས།
སྒྲོལ་མ། དོན་གྲུབ་ལགས། ཁྱེད་རང་སྐྱེ་ས་ག་པ་རེད། དོན་གྲུབ། ང་སྐྱེ་ས་བོད་ལ་རེད།
སྒྲོལ་མ། ཁྱེད་རང་བོད་ལ་ཞིང་པ་དང་། འབྲོག་པ། ས་མ་འབྲོག་ག་རེ་རེད། དོན་གྲུབ། ས་མ་འབྲོག་རེད། གཙོ་བོ་ཞིང་ལས་རེད། སྒྲོལ་མ། ཞིང་ཁ་ལ་ག་རེ་འདེབས་ཀྱི་ཡོད་རེད།
དོན་གྲུབ། ཞིང་ཁ་ལ་གཙོ་བོ་གྲོ་དང་། སྲན་མ། ནས། སྣུམ་གྱི་ཆེད་དུ་པད་
ཁ་དང་ཟར་མ། ཚལ་གྱི་ཆེད་དུ་ཞོག་ཁོག་དང་། ལ་ཕུག པད་ཚལ་ སོགས་འདེབས་ཀྱི་ཡོད་རེད།
སྒྲོལ་མ། ཨ་ལེ། ང་ནི་བཙན་བྱོལ་ལ་སྐྱེས་པ་སོང་ཙང་། བོད་ནང་གི་ཞིང་པའི་ གནས་སྟངས་གང་ཡང་ཤེས་ཀྱི་མེད། འགྲེལ་བཤད་གནང་བར་ཐུགས་ རྗེ་ཆེ། སུན་པོ་བཟོས་སོང་།
དོན་གྲུབ། གང་ཡང་གནང་གི་མ་རེད།
19
སློབ་ ཚན། ༦
ཤིང་ཏོག་གི་མིང་ངོ་སྤྲོད།
སེའུ།
ལིམ་བུ།
ཀུ་ཤུ།
ཁམ་བུ། 20
དམར་ལུམ།
མཐིང་ལུམ།
ཐང་འབྲས།
ཆུ་ག་གོན།
ལི།
རྒུན་འབྲུམ།
21
ཨ་མྲ།
ངང་ལག
ཚ་ལུ་མ།
འབྲི་ཏ་ས་འཛིན།
ཀ མཐུན་སྦྱོར་གྱིས།
མཐིང་ལུམ།
ཨ་མྲ། 22
དམར་ལུམ།
སེའུ།
ཆུ་ག་གོན།
ཁ། ཤིང་ཏོག་གི་མིང་བསྐངས་ཏེ་འབྲི་ཀློག་གྱིས།
ལི།
གུས་པ་
ཡོད་དམ།
གུས་མོ་
ཡོད།
ལ་དགའ་པོ་
ཁོང་
མེད།
ང་
འདུག་གམ།
སྒྲོལ་མ་
འདུག
ཁྱེད་
མི་འདུག
23
གཟའ་མཇུག ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༣ གཟའ་ཉི་མ། གནམ་ངོ་ཧ་ཅང་དྭངས།
ངའི་ཕ་མ་དང་།
གཅུང་མོ་ང་ཚོ་ཤིང་ཏོག་ལྡུམ་ར་ལ་སྤྲོ་
འཆམ་དུ་ཕྱིན་པ་ཡིན། ལྡུམ་ར་དེ་ལ་ཤིང་ཏོག་ཨ་མྲ་དང་། ཀུ་ཤུ། ཚ་ལུ་མ། རྒུན་འབྲུམ། ལི། ཁམ་བུ་བཅས་འདུག
འཛིན་བྱང་ཉོས་རྗེས་རྒྱལ་སྒོ་ནས་ཡར་འཛུལ་ཏེ། རང་ཉིད་ གང་ལ་དགའ་བའི་ཤིང་ཏོག་ཟ་ཆོག་ན་ཡང་། ཁྱིམ་དུ་ཁྱེར་ ན་རིན་འབབ་སྤྲོད་དགོས།
ང་ནི་ཀུ་ཤུ་ལ་དགའ་པོ་ཡོད་པ་དང་། ཨ་མ་ལགས་ནི་ཚ་ལུ་
24
མ་ལ་དགའ་པོ་ཡོད། གཅུང་མོ་ནི་འབྲི་ཏ་ས་འཛིན་ དང་། པ་ལགས་ནི་ཁམ་བུ་ལ་དགའ་པོ་ ཡོད་པས།
ང་ཚོས་སོ་སོ་དགའ་བའི་
ཤིང་ཏོག་བཟས་པ་མ་ཟད།
བཏོགས་ནས་རིན་འབབ་སྤྲད་དེ་རང་
ཁྱིམ་དུ་ཡང་ཁྱེར་ཕྱིན་པ་ཡིན། ཉིན་དེར་
བྱེད་སྒོ།
སྐྱིད་པོ་ཞེ་དྲག་བྱུང་།
གལ་སྲིད་ཁྱེད་རང་ཤིང་ཏོག་ལྡུམ་ར་ལ་ཕྱིན་ན་ཇི་ ལྟར་བྱེད་དམ། བསམ་ཚུལ་ཤོད།
25
སློབ་ ཚན། ༧
རྒྱུན་སྤྱོད་བྱ་ཚིག
གཉིད་ཁུག
ཁ་པར་གཏོང་།
གད་མོ་བགད།
ཆུ་འཐུང་།
26
དེབ་ཀློག
ཤིང་ཏོག་ཟ།
གནམ་ལ་མཆོང་།
གཞས་ཉན།
27
ཐང་ལ་རྒྱུག
ངུ་།
རྩེད་མོ་རྩེ། རིག་པ་གཞོན་པའི་དུས་སུ་སློབ། ། བ་ནི་དགུན་གྱི་དུས་སུ་གསོ། །
ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། །
དེ་གསུམ་འབྲས་བུ་སྨིན་པའི་རྒྱུ། །
28
སྦྱོང་ཚན།
སློབ་ཚན་བཀླགས་ཏེ་བར་སྟོང་ནང་བྱ་ཚིག་སྐོངས། "" ངས་ཆུ་
"" ཁོང་གཉིད་
གི་ཡོད།
འདུག
"" ཨ་མ་ལགས་ཀྱིས་པ་ལགས་ལ་ཁ་པར་ "" ངས་གཞས་
"" སྤྲེའུ་ཡིས་ཤིང་ཏོག་
བཞིན་འདུག
བཞིན་བསྡད་པ་ཡིན། བཞིན་གནམ་ལ་
"" ཁོ་མོས་སྒྲུང་དེབ་
བཞིན་གད་མོ་
"" ཚེ་རིང་ཐང་ལ་
བཞིན་རྩེད་མོ་
"" བུ་མོ་ཆུང་ཆུང་དེ་ལ་རྩེད་རོགས་མེད་པས་ བཞིན་འདུག
29
།
།
ཚེ་རིང་།
སྐད་ཆ་སྦྱོང་བརྡར།
སྒྲོལ་མ་ལགས། ཁྱེད་རང་ཚོ་གཟའ་མཇུག་ལ་
ག་པར་ཕྱིན་པ་ཡིན།
སྒྲོལ་མ། ཚེ་རིང་ལགས། ང་ཚོ་རྩེད་མོ་རྩེ་བར་ཕྱིན་པ་ཡིན།
ཚེ་རིང་།
རྩེད་མོ་ག་རེ་བརྩེས་པ་ཡིན།
སྒྲོལ་མ། ང་ཚོས་གཞས་ཉན་པ་དང་། སྒོར་བྲོ་འཁྲབ། ཡར་ མར་བརྒྱུགས་ནས་གནམ་ལ་མཆོངས། གད་མོ་བགད་པ་ སོགས་བྱས་ཏེ་སྐྱིད་པོ་ཞེ་དྲག་བྱུང་། ཚེ་རིང་།
ཨ་ལས། ཁྱེད་ཚོ་སྐྱིད་པོ་ཞེ་དྲག་བྱུང་འདུག
སྒྲོལ་མ། ཚེ་རིང་ལགས། ཁྱེད་རང་གིས་གཟའ་མཇུག་ལ་ག་ རེ་བྱས་པ་ཡིན།
ཚེ་རིང་། ང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ལ་
30
ཕྱིན་པ་ཡིན། དེ་ལ་དེབ་བཀླགས་པ་དང་། བོད་གཞས་སྦྱངས་ པ་ཡིན།
སྒྲོལ་མ། ཨ་ལས་་་ རིག་གཞུང་སློབ་གྲྭ་གཟའ་མཇུག་རྟག་ པར་ཡོད་རེད་དམ།
ཚེ་རིང་། ཡོད་རེད། སློབ་ཕྲུག་ཀྱང་མང་པོ་འདུག སྒྲོལ་མ། བྱས་ན། ང་ཡང་རྗེས་ལ་ རིག་གཞུང་སློབ་གྲྭ་ལ་ཡོང་གི་ཡིན།
ཚེ་རིང་། ཏག་ཏག་རེད། ང་ཚོ་མཉམ་ དུ་འགྲོ།
ངག་ལ་མ་བྱང་བར་དུ་སློབ་ཕྲུག་ཕན་ཚུན་ དབར་ཡང་ཡང་ཤོད་དུ་འཇུག་དགོས།
31
སློབ་ ཚན། ༨
ནམ་དུས་བཞི།
དགུན་ཁ། དཔྱིད་ཀ དབྱར་ཁ། སྟོན་ཀ དགུན་ཁ་གངས་འབབ་ཀྱི་རེད།
དཔྱིད་ཀ་མེ་ཏོག་བཞད་ཀྱི་རེད། དབྱར་ཁ་ཆར་པ་འབབ་ཀྱི་རེད།
སྟོན་ཀ་ལོ་ཏོག་སྨིན་གྱི་རེད། 32
ནམ་དུས་བཞིའི་གནམ་གཤིས།
ཉི་མ་ཚ་པོ་ཤར།
གངས་བབས།
གློག་དམར་འཁྱུགས།
ཆར་པ་བབས།
སྤྲིན་པ་འཁྲིགས།
ལྷགས་པ་བརྒྱབ།
33
སྨུག་པ་འཐིབས།
ལོ་མ་ས་ལ་ཟགས།
མེ་ཏོག་བཞད།
ཞིང་འདེབས།
ནམ་དུས་བཞིའི་གླུ་གཞས། དགུན་ཁ། དཔྱིད་ཀ དབྱར་ཁ། སྟོན་ཀ ནམ་དུས་བཞི། ནམ་དུས་བཞི།
དགུན་ཁ་གངས་འབབ། ང་ཚོ་གངས་རྩེད་རྩེ། སྐྱིད་ཤོས་རེད། སྐྱིད་ཤོས་རེད། ...
34
དཔྱིད་ཀ་མེ་ཏོག་ཤར། མེ་ཏོག་སྤང་ལ་ཤར། སྐྱིད་ཤོས་རེད། སྐྱིད་ཤོས་རེད། ...
དབྱར་ཁ་ཉི་མ་ཤར། ཉི་མ་ཚ་པོ་ཤར།
ཆུའི་ནང་ལ་འཛུལ། ཆུའི་ནང་ལ་འཛུལ། ... སྟོན་ཀ་ལོ་མ་འབབ། ལོ་མ་ས་ལ་འབབ། སྐྱོ་ཤོས་རེད། སྐྱོ་ཤོས་རེད། ...
དྲ་ཐག་ https://youtu.be/-CWbYbCRG48 འདི་ནས་གླུ་གཞས་འགུལ་བརྙན་ལ་གསན་ཐུབ།
སྦྱོང་ཚན།
གཤམ་གསལ་དྲི་བར་ལན་རྒྱོབ།
༡། ནམ་དུས་བཞི་ག་རེ་ག་རེ་རེད།
༢། གནམ་གཤིས་ཀྱི་འགྱུར་ལྡོག་མི་འདྲ་བ་ཁག་ཁ་ཤས་ཤོད།
༣། ཁྱེད་རང་གི་ནམ་དུས་སྐྱིད་ཤོས་དེ་གང་ཡིན། དེ་ཡི་རྒྱུ་མཚན།
35
སློབ་ ཚན། ༩
འབྲོག་པ། དང་།
བོད་དུ་འབྲོག་པ་འཚོ་སྡོད་བྱེད་པའི་ས་ཁུལ་རྒྱ་ཆེན་པོ་ཡོད་པ་ འབྲོག་པ་རྣམས་ཀྱིས་ཕྱུགས་རིགས་འཚོ་སྐྱོང་ལ་བརྟེན་ནས་
འཚོ་བ་སྐྱེལ་བཞིན་ཡོད།
གནའ་སྔ་མོ་ནས་འབྲོག་པ་རྣམས་དབྱར་དགུན་མེད་པར་སྦྲ་གུར་
ནང་སྡོད་ཀྱི་ཡོད་ཀྱང་། དེང་སྐབས་དགུན་ཁའི་སྡོད་གནས་སུ་ཁང་པ་
བརྒྱབ་ཡོད། དབྱར་ཁ་ས་བབ་མཐོ་སར་གནས་སྤོ་བ་དང་། དགུན་ཁ་ས་
བབ་དམའ་སར་གནས་སྤོས་ཏེ་ནོར་ལུག་འཚོ་སྐྱོང་བྱེད་ཀྱི་ཡོད།
སྒོ་ཕྱུགས་ནི་འབྲི་དང་གཡག མཛོ་དང་མཛོ་མོ། རྟ་དང་རྒོད་མ།
36
ར་ལུག་བཅས་འཚོ་སྐྱོང་བྱེད།
ཐོན་རྫས་ནི་བལ་དང་། མར། ཕྱུ་ར། པགས་པ། ཀོ་བ་བཅས་ཡོད།
རྟ།
རྒོད་མ།
མར་དང་ཕྱུ་ར། གཡག
འབྲི།
37
ལུག་དང་མ་མོ།
ར་དང་ར་མ།
སློབ་ ཚན། ༡༠
ཚལ་རིགས་ཀྱི་མིང་ངོ་སྤྲོད།
ལོ་འཁོར་པད་ཚལ།
བྲུམ་ཤ
སྒོག་པ།
སྒ་སྨུག 38
ལ་ཕུག
གུང་ལ་ཕུག
ཙོང་ལྗང་།
ཙོང་།
ཞོག་ཁོག
ཞོག་ཁོག་མངར་མོ།
39
སྦྱོང་ཚན།
ཀ སློབ་ཚན་ནས་ཚལ་རྗེན་པ་ཟ་ཆོག་པ་རྣམས་ཀྱི་མིང་བྲིས།
ཁ། གཤམ་གྱི་ཚལ་དག་ལ་ཚོན་ཐོངས།
40
སྐད་ཆ་སྦྱོང་བརྡར། ཚེ་རིང་། སྒྲོལ་མ་ལགས། ཉིན་གུང་བདེ་ལེགས།
སྒྲོལ་མ། ཉིན་གུང་བདེ་ལེགས། ཚེ་རིང་ལགས། ག་པར་ཕེབས་པ་ ཡིན།
ཚེ་རིང་། ནང་ལ་ཁ་ལག་བཟའ་རུ་ཕྱིན་པ་ཡིན།
སྒྲོལ་མ། ཞལ་ལག་ག་རེ་མཆོད་པ་ཡིན།
ཚེ་རིང་། ཨ་མ་ལགས་ཀྱིས་སྒོག་པ་དང་། སྒ་སྨུག ཙོང་། ཊོ་མ་ཊོ་ བཅས་བརྔོས་པ་དང་། ལ་ཕུག་དང་གུང་ལ་ཕུག
སྲན་མ་
བཅས་བླུགས་ནས་ཤ་མེད་ཐུག་པ་བཟོས་འདུག དེ་བཟས་པ་ ཡིན། ཁྱེད་རང་ག་པར་ཕེབས་པ་ཡིན།
སྒྲོལ་མ། ང་ཡང་ནང་ལ་ཁ་ལག་བཟའ་བར་ཕྱིན་པ་ཡིན།
པ་
ལགས་ཀྱིས་འབྲས་དང་མཉམ་དུ། ཞོག་ཁོག་དང་པད་ཚལ་
41
བརྔོས་མ། ཊོ་མ་ཊོ་དང་སྒོ་ངའི་ཁུ་བ། བྲུམ་ཤའི་ཚལ་བཅས་ བཟོས་འདུག
ཚེ་རིང་། ཞལ་ལག་མཉེས་པོ་བྱུང་ཡོད་ཤག སྒྲོལ་མ། དཔེ་ཞིམ་པོ་བྱུང་།
42
ཕལ་སྐད་དང་ཞེ་ས།
ལག་པ།
ཕྱག
རྐང་པ།
ཞབས།
མགོ།
ངའི་
དབུ།
སྣ་ཁུག
ཁོང་གི་
རྣ་ཅོག མིག
ཤངས།
སྙན་ཅོག སྤྱན།
ཁ།
ལྕེ།
སློབ་ ཚན། ༡༡
ཞལ། 43
ལྗགས།
ཡང་ཡང་ཀློག་པ་དང་། ཕན་ཚུན་སྐད་ཆ་ཤོད་དུ་འཇུག་དགོས། ཡུལ།
(ཞེ་ས་སྐྱོན་ཡུལ་གསལ་པོ་གསུངས་དགོས།)
ཕལ་སྐད།
ཡུལ།
ལག་པ་ན་བྱུང་།
མགོ་ལ་ཞྭ་མོ་གོན། རྐང་པ་བཀྲུས། ངའི་
སྣ་ཕྱིས་བརྗེད། རྣ་བར་བཤད།
མིག་གིས་མཐོང་།
བླ་མའི་
ཞེ་ས།
ཕྱག་སྙུང་བ་རེད།
དབུ་ལ་དབུ་ཞྭ་མནབས། ཞབས་བསིལ།
དགེ་རྒན་གྱི་ ཤངས་ཕྱིས་བསྙེལ།
ཨ་མ་ལགས་ཀྱི་ སྙན་དུ་གསོལ།
སྤྱན་གྱིས་གཟིགས། ཞལ་ནས་གསུངས།
ཁ་ནས་བཤད།
ལྗགས་ཀྱིས་ལྗགས་བྲོ་
ལྕེ་ཡིས་བྲོ་བ་མྱངས།
གཟིགས།
44
ཞེ་སའི་གཞས།
མགོ་ལ་ག་རེ་ཞུ་ཡི་ཡོད་རེད། དབུ། དབུ། ཞུ་ཡི་ཡོད་རེད།
མིག་ལ་ག་རེ་ཞུ་ཡི་ཡོད་རེད། སྤྱན། སྤྱན། ཞུ་ཡི་ཡོད་རེད།
རྗེས་མར་ག་རེ་གནང་ཚེ། བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་། ཞེ་སའི་ཐོག་ནས་གནང་དང་། ང་ཚོའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དང་། ཨེ་་་། སློབ་ཕྲུག་ཚོ།
བཀའ་མོལ་ཡག་པོ་གནང་དང་།
སློབ་ཕྲུག་ཚོ། བཀའ་མོལ་ཡག་པོ་གནང་དང་།
45
སྣ་ཁུག་ལ་ག་རེ་ཞུ་ཡི་ཡོད་རེད། ཤངས། ཤངས། ཞུ་ཡི་ཡོད་རེད། ཁ་ལ་ག་རེ་ཞུ་ཡི་ཡོད་རེད།
ཞལ། ཞལ། ཞུ་ཡི་ཡོད་རེད།
རྗེས་མར་ག་རེ་གནང་ཚེ། བཀའ་མོལ་དེ་འདྲ་གནང་དང་།
བཀའ་མོལ་ཡག་པོ་གནང་དང་། ཞེ་སའི་ཐོག་ནས་གནང་དང་། ང་ཚོའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དང་། ཨེ་་་། སློབ་ཕྲུག་ཚོ།
བཀའ་མོལ་ཡག་པོ་གནང་དང་།
སློབ་ཕྲུག་ཚོ། བཀའ་མོལ་ཡག་པོ་གནང་དང་། ... གཞས་ཡུ་ཊུབ་དྲ་ཐག་འདི་ནས་གསན་ཐུབ། https://youtu.be/XqzwQBD1sVo
46
སྦྱོང་ཚན།
ཀ གཤམ་གྱི་ཕལ་སྐད་དང་ཞེ་སའི་མིང་ཚིག་རྣམས་དབྱེ་བ་ཕྱེས། ལྕེ།
རྣ་བ།
སྣ། ལྗགས།
སྙན། སྐྲ།
དབུ།
རྐང་པ།
ཕལ་སྐད།
ཞབས།
ཚེམས།
ཤངས། ཕྱག
ཞེ་ས།
ཁ བྱེད་སྒོ།
སབ ློ ་ཕྲུག་ཕན་ཚུན་ཞེ་སའི་ཐོག་བཀའ་མོལ་གནང་དུ་འཇུག་ དགོས།
https://bodyiglobjong.com ཡི་རྩོམ་འབྲིའི་རྒྱུན་ཤེས་ནང་ཕལ་སྐད་དང་ཞེ་སའི་གཏམ་གླེང་ཡོད་པ་ལས་སྦྱོང་བརྡར་སྤྲོད་དགོས།
47
སློབ་ ཚན། ༡༢
ཕོ་རོག་གིས་ཆུ་འཐུང་བ།
ཚིག་གསར།
ཕོ་རོག ཁ་སྐོམ། མར་བབས། ཤེལ་དམ། ཕྱེད་ཀ རྡོ་ཧྲུག
བསམ་བློ། འཁྲིས། ག་ལེ་ག་ལེར། ལམ་སང་། ཐབས་ཤེས། ལས་སླ་པོ། ཁེངས། མཐོ་རུ་མཐོ་རུ།
ཉིན་ཞིག ཕོ་རོག་ཅིག་ཁ་སྐོམ་ནས་ས་ཆ་ག་ས་ག་ལ་ཆུ་འཚོལ་
བར་ཕྱིན་པ་རེད། དེ་ནས་ཕོ་རོག་དེ་ས་ཆ་ཞིག་ལ་མར་བབས་ནས་ལྟ་ དུས། ཤེལ་དམ་ཞིག་གི་ནང་དུ་ཆུ་ཡོད་པ་མཐོང་། ཡིན་ན་ཡང་། ཤེལ་
དམ་དེ འི ་ ནང་དུ་ཆུ་ཕྱེ ད ་ཀ་ ཙམ་ལས་མེད་པ་རེད། ཤེལ་
དམ་དེ འི ་ ཁ་ཆུང་ཆུང་དང་།
48
སྐེ་རིང་པོ་ཡོད་ཙང་། ཕོ་རོག་གིས་ཤེལ་
དམ་ནང་གི ་ ཆུ་འཐུང་ཐུབ་ཀྱི ་ ཡོ ད ་པ་མ་
རེད། བྱས་ཙང་། ཕོ་རོག་གིས་ཤེལ་དམ་
ནང་གི་ཆུ་དེ་ཇི་ལྟར་འཐུང་ཐུབ་མིན་ལ་བསམ་བློ་བཏང་བ་རེད།
ཕོ་རོག་གིས་བསམ་བློ་གཏོང་སྐབས། ཤེལ་དམ་དེའི་འཁྲིས་ལ་
རྡོ་ཧྲུག་མང་པོ་ཡོད་པ་མཐོང་། ལམ་སང་། ཕོ་རོག་དེས་ཐབས་ཤེས་
ཡག་པོ་ཞིག་བསམ་བློ་ལ་འཁོར་བ་རེད།
49
ཕོ་རོག་གི་མཆུ་ཏོས་ཤེལ་དམ་དེའི་ནང་ལ་རྡོ་ཧྲུག་ཆུང་ཆུང་
གཅིག་བླུགས།
རྡོ་ཧྲུག་གཉིས་བླུགས། རྡོ་ཧྲུག་གསུམ་བླུགས། དེ་
ལྟར་རིམ་བཞིན་ཤེལ་དམ་ནང་དུ་རྡོ་ཧྲུག་མང་པོ་བླུགས་པ་དང་། དེ་ག་ལེ་ག་ལེར་མཐོ་རུ་མཐོ་རུ་ཕྱིན་པ་རེད། མཐའ་མ་དེར།
ཆུ་
ཆུ་ཤེལ་དམ་གྱི་ཁ་ལ་ཡར་ཁེངས་ཏེ་ཕོ་རོག་
གིས་ལས་སླ་པོའི་ངང་ནས་ཆུ་འཐུང་ཐུབ་པ་བྱུང་བ་རེད།
50
སྦྱོང་ཚན།
དང་པོ། སློབ་ཚན་བཀླགས་ནས་མིང་ཚིག་འདེམས་སྐོང་བྱོས། ༡། ཤེལ་དམ་དེ་ཁ་ རེད།
༢། ཕོ་རོག་གི་
དང་། སྐེ་
(རིང་པོ་ / ཆུང་ཆུང་)
ཡིས་ཤེལ་དམ་ནང་དུ་
པ་རེད། (རྡོ་ཧྲུག་ / མཆུ་ཏོ་)
༣། ཕོ་རོག་དེ་ལ་
བླུགས་
ཡག་པོ་ཞིག་
ལ་འཁོར་བ་
ཕྱིན་པས་
གིས་ཆུ་འཐུང་
རེད། (བསམ་བློ་ / ཐབས་ཤེས་)
༤། ཆུ་དེ་ག་ལེ་ག་ལེར་
ཞིག་ཡོད་པ་
ཐུབ་པ་བྱུང་བ་རེད། (ཕོ་རོག་ / མཐོ་རུ་མཐོ་རུ་)
༥། ཕོ་རོག་ཅིག་
ནས་ས་ཆ་
ཕྱིན། (ག་ས་ག་ལ་ / ཁ་སྐོམ་)
51
ཆུ་འཚོལ་བར་
གཉིས་པ། འདེམས་སྐོང་བྱོས། ༡) ང་ཁ་
པས་ཆུ་
(སྐོམ་
(བབས / འཕུར་)
(མཐོང་ / ཤེས་)
བཙལ་)
༢) བྱིའུ་ཞིག་
ཡོང་སྟེ་ས་ལ་
།
བ་དང་སུ་ཡིན་པ་
༣) ངས་ཁོང་
༤) ཇ་ཕོར་པ་གང་
(བླུགས་ / བསྡད)
༥) སྦག་སྦག་
བ་ཡིན།
(ཕྱིན / བཏང་)
བྱུང་།
ཏེ་རྐུབ་བཀྱག་སྒང་ལ་ ནས་ཁྲོམ་ལ་
།
གསུམ་པ། བྱེད་སྒོ།
སློབ་ཕྲུག་རེ་རེ་ལ་སློབ་ཚན་གྱི་སྒྲུང་ཡང་ཡང་ཤོད་དུ་འཇུག་
པ་དང་།
ཕ་མའི་འཁྲིས་ནས་སྒྲུང་ཉན་ཏེ་འཛིན་གྲྭའི་ནང་
ཤོད་དུ་འཇུག་དགོས།
52
།
སྲོག་ཆགས་ཀྱི་མིང་ངོ་སྤྲོད།
འདམ་སེང་།
ཤྭ་ཁྲ་སྐེ་རིང་།
སྟག
53
རྐྱང་ཁྲ།
སློབ་ ཚན། ༡༣
རྨ་བྱ།
ཁྲུང་ཁྲུང་སྐེ་ནག
བསེ་རུ།
མཚོ་ཕག
དོམ་དཀར།
གསའ།
54
རྔ་མོང་།
དོམ་ཁྲ།
མཚོ་བྱ་པེང་གུན།
བྱ་རྔ་མོང་།
55
སྦྱོང་ཚན།
དང་པོ། གོང་གི་སྲོག་ཆགས་མིང་དབྱེ་བ་ཕྱེས་ཏེ་བྲིས། ཤ་གཟན།
རྩྭ་གཟན།
གཤོག་པ་ཅན།
གཉིས་པ། བྱེད་སྒོ།
སློབ་ཕྲུག་རེ་རེ་ལ་རང་ཉིད་དགའ་བའི་སྲོག་ཆགས་ཀྱི་མིང་ཤོད་དུ་ འཇུག་པ་དང་།
དགའ་དགོས་པའི་རྒྱུ་མཚན་དྲིས་ཏེ་སྐད་ཆ་ཤོད་
པའི་ཐབས་ཤེས་བྱེད་དགོས།
56
གཅན་གཟན་ཁང་ལ་ཕྱིན་པ།
རེད།
རེས་གཟའ་ཟླ་བ་ཉིན། མང་གཙོ་དུས་ཆེན་ཡིན་པས་གུང་སེང་ ང་དང་གཅུང་པོ། ཕ་མ་གཉིས་བཅས་གཅན་གཟན་ཁང་ལ་ལྟད་
མོ་ལྟ་རུ་ཕྱིན་པ་ཡིན། གཅན་གཟན་ཁང་དུ་སེང་གེ་དང་། སྟག གཟིག སྤྱང་ཀི་སོགས་གཅན་གཟན་དང་།
རི་བོང་དང་། རྔ་མོང་། བསེ་རུ་
སོགས་རི་དྭགས། རྨ་བྱ་དང་། ཁྲུང་ཁྲུང་སྐེ་ནག བྱ་རྔ་མོང་། ནེ་ཙོ། བྱ་ གླག་སོགས་བྱ་རིགས་འདྲ་མིན་འདུག
རི ་ དྭགས་ཀྱི ་ ནང་ནས་སྐེ་རི ང ་ཤོ ས ་ནི ་ ཤྭ་ཁྲ་སྐེ་རི ང ་དང་།
གཟུགས་སྟོབས་ཆེ་ཤོས་ནི་གླང་ཆེན་རེད་འདུག
རྒྱུགས་ན་མགྱོགས་
ཤོས་ནི་རྐྱང་ཁྲ་རེད་ཟེར། གཅན་གཟན་གྱི་ནང་ནས་སྟོབས་ཆེ་ཤོས་ནི་ ནགས་ཀྱི་རྒྱལ་པོ་སེང་གེ་དང་།
བདེ་ཅག་འཁྱུག་ཤོས་ནི་གཟིག་རེད།
གཟིག་ནི་ཤིང་སྡོང་གི་རྩེ་ལ་འཛེགས་ཐུབ།
བྱ་རི ག ས་ཀྱི ་ ནང་ནས་འཕུར་རྩལ་ཆེ ་ ཤོ ས ་ནི ་ ཁྲུང་ཁྲུང་དང་།
རྒྱུགས་ན་མགྱོགས་ཤོས་ནི་བྱ་རྔ་མོང་ཡིན་པ་དང་། མཚོ་བྱ་པེང་གུན་
ནི་ཕྲུ་གུ་ཆུང་ཆུང་ཞིག་དང་འདྲ་པོ་འདུག་པས། ངོ་མཚར་ཆེ་བའི་ལྟད་
57
མོ་མང་པོ་མཐོང་བྱུང་།
ན་ནིང་ལྟད་མོ་ལྟ་རུ་འགྲོ་མ་ཐུབ་ཀྱང་།
ད་ལོ་གུང་སེང་དང་
སྟབས་འཁེལ་བས་འགྲོ་ཐུབ་པ་བྱུང་། དེའི་ནང་དུ་རྩེད་མོ་རྩེ་ས་མང་པོ་
འདུག་པས། རྗེས་སུ་ཡང་འགྲོ་ཐུབ་པའི་རེ་བ་འཆང་བཞིན་ནང་ལ་ལོག
སློབ་ཕྲུག་སོ་སོ་གཅན་གཟན་ཁང་ལ་ཕྱིན་པའི་མཐོང་ཐོས་ཤོད་དུ་འཇུག་དགོས།
58
དར་ལྕོག
སློབ་ ཚན། ༡༤
དར་ལྕོག་ནི་དར་གོས་གྲུ་བཞི་མ་ཚོན་མདོག་མི་འདྲ་བ་
སྣ་ཁ་ལྔ་ཅན་བསྒྲིགས་པ་དང་། དར་གོས་གྲུ་བཞི་ཡི་ཟུར་བཞི་ལ་ སྟག་དང་། སེང་གེ ཁྱུང་། འབྲུག་བཅས་ཡོད་པ་དང་། དཀྱིལ་དུ་
རྟ་མཆོག་གི་སྒལ་པར་ནོར་བུ་འཁུར་བ་ཞིག མཐའ་འཁོར་དུ་རྒྱལ་ མཚན་རྩེ་མོའི་དཔུང་རྒྱན་དང་། གཟུངས་སྔགས་བཅས་དཔར་ཡོད།
59
ཡང་ཁ་ཤས་ལ་དཀྱིལ་དུ་སྟོན་
པ་དང་། སྒྲོལ་མ། སློབ་དཔོན་པདྨ་
འབྱུང་གནས་སོགས་ཀྱི་སྐུ་དང་། དེའི་ མཐའ་རུ་གཟུངས་སྔགས་དང་། སངས་ རྒྱས་ཀྱི་གསུང་དཔར་བ་ཞིག་ཡིན། དར་གོས་ཚོན་མདོག་ལྔ་ནི།
སྔོན་པོ་
ཁམས་ཀྱི་འབྱུང་བ་ལྔ་སྟེ།
སྔོན་པོས་
དང་། དཀར་པོ། དམར་པོ། ལྗང་ཁུ། སེར་པོ་བཅས་ཡིན། དེ་ཡང་རང་བྱུང་ ནམ་མཁའ་དང་།
དཀར་པོས་རླུང་།
དམར་པོས་མེ། ལྗང་ཁུས་ཆུ། སེར་པོས་ ས་བཅས་མཚོན་པར་བསྒྲིགས་ཡོད།
དེ་བཞིན་ཁག་ཅིག་གིས་རང་ཉིད་ཀྱི་
60
དར་ལྕོག
ཁམས་གང་ཡིན་གྱི་ཚོས་གཞི་རྐྱང་པའི་སྟེང་དཔར་བའང་ཡོད།
འཛུགས་ཡུལ་ནི་རི་མཐོ་ས་དང་། ལ་ཁ། ཁང་སྟེང་སོགས་སུ་
ཤིང་སྡོང་དང་། དར་ཐག དར་ཤིང་བཅས་ཀྱི་སྟེང་ཚེས་བཟང་
དུས་བཟང་ལ་སྒྲེང་འཛུགས་བྱེད་པ་ལས། འཆར་བའི་དུས་སུ་མི་འཛུགས་པ་ཡིན།
ས་བདག་ཁྲ་བོ་
དར་ལྕོག་བཙུགས་པའི་ཕན་ཡོན་ནི། རྐྱེན་ངན་བར་ཆད་ཐམས་ ཅད་ཞི་བ་དང་། ཚེ་བསོད་རླུང་རྟ་རྒྱས་པར་བྱེད་པ་ཡིན།
61
སློབ་ ཚན། ༡༥
སྦལ་པས་གནམ་མཐོང་བ།
ཚིག་གསར།
ཁྲོན་པ། སྦལ་པ། བྱིའུ། གནམ། རྒྱ་ཆེན་པོ།
སྔོན་མ་ཁྲོན་པ་ཞིག་གི་ནང་ལ་སྦལ་པ་ཞིག་ཡོད་པ་རེད།
ཉིན་ཞིག བྱིའུ་ཞིག་
འཕུར་ཡོང་ནས་ཁྲོན་པ་དེའི་ ཁ་ལ་བབས།
སྦལ་པས།
“ཁྱེ ད ་རང་ས་ཆ་གང་ནས་ ཡོང་བ་ཡིན།” ཞེས་དྲིས་པ་
རེད། བྱིའུ་དེས། “ང་གནམ་ལ་རྒྱུན་རིང་པོ་ཞེ་དྲག་འཕུར་ནས་ཡོང་བ་
ཡིན། ཁ་སྐོམ་ཙང་འདིར་ཆུ་འཐུང་བར་ཡོང་བ་ཡིན།” ཞེས་ལན་བཏབ་ པ་རེད།
སྦལ་པས་བྱིའུ་ལ། “བརྩེ་བའི་གྲོགས་པོ་ལགས།
62
ཁྱེད་རང་
གིས་འུད་ཤོབ་
དེ་འདྲ་མ་ཤོད།
གནམ་རྒྱ་ཆེན་ པོ་དེ་འདྲ་ག་
པ ར ་ ཡོ ད ་ པ ་ ཆེ་ཆུང་དེ་ངའི་ཁྲོན་པའི་ཁ་ཙམ་ལས་ཡོད་པ་མ་རེད།” རེད།
རེད།
ཧ་ཧ།
གནམ་གྱི་རྒྱ་ ཅེས་བཤད་པ་
བྱིའུ་ཡིས་སྦལ་པ་ལ། “ཁྱེད་རང་གིས་ལྐུགས་པའི་སྐད་ཆ་དེ་
འདྲ་མ་ཤོད། གནམ་ནི་ཧ་ཅང་རྒྱ་ཆེན་པོ་ཡོད་པ་རེད། ང་ཚོས་གནམ་
གྱི་མཐའ་མཐོང་ཐུབ་ཀྱི་མ་རེད།” ཅེས་ལན་བཏབ། སྦལ་པས་གད་མོ་ དགོད་ཀྱིན་དགོད་ཀྱིན་བྱིའུ་ལ།
“ངས་ནམ་རྒྱུན་ཁྲོན་པའི་ནང་ནས་
གནམ་ལ་ལྟ་ཡི་ཡོད། བྱས་ཙང་། ངས་ཁྱོན་ནས་ནོར་སྲིད་ཀྱི་མ་རེད།”
ཅེས་བཤད། སྦལ་པའི་སྐད་ཆ་དེ་ལ་བྱིའུ་གད་མོ་ཤོར་ནས། “བརྩེ་བའི་
63
གྲོགས་པོ་ལགས།
གལ་སྲིད་
ཁྱེད་རང་ངའི་སྐད་ཆ་ལ་ཡིད་མ་
ཆེས་ན།
ཁྱེད་རང་ཁྲོན་པའི་
ཁ་ལ་ཡར་ཐོན་ནས་ལྟོས་དང་། གཞི་ནས་ཧ་གོ་ཡི་རེད།” ཅེས་ བཤད།
སྦལ་པ་ཁྲོན་པའི་ཁར་ཡར་མཆོངས་ནས་གནམ་མཐོང་དུས།
ཧང་སང་ནས་བྱིའུ་ལ། “དངོས་གནས་རྒྱ་ཆེན་པོ་འདུག” ཅེས་བཤད་
ནས་ངོ་ཚ་ཁ་སྐྱེངས་བྱུང་བ་རེད།
64
སྦྱོང་ཚན། དང་པོ། སློབ་ཚན་བཀླགས་ཏེ་འགྲིག་ནོར་རྟགས་རྒྱོབ། ༡། སྔོན་ཁྲོན་པ་ཞིག་གི་ནང་དུ་བྱིའུ་ཞིག་ཡོད་པ་རེད།
༢། སྦལ་པ་དེ་གནམ་ལ་རྒྱུན་རིང་པོ་འཕུར་ནས་ཡོང་བ་རེད།
༣། བྱིའུ་དེ་ཁ་སྐོམ་ཙང་ཆུ་འཐུང་དུ་ཡོང་བ་རེད།
༤། སྦལ་པས། “བྱིའུ་ལགས། གནམ་རྒྱ་ཆེན་པོ་ཡོད་པ་རེད།” ཅེས་ བཤད་པ་རེད།
༥། སྦལ་པས་བྱིའུ་ལ།
“གནམ་གྱི་རྒྱ་ཆེ་ཆུང་དེ་ངའི་ཁྲོན་པའི་ཁ་ཙམ་
ལས་ཡོད་པ་མ་རེད།” ཅེས་འུད་ཤོབ་བཤད་པ་རེད།
༦། བྱིའུ་ཡིས། “གནམ་དངོས་གནས་རྒྱ་ཆེན་པོ་འདུག” ཅེས་བཤད་པ་ རེད།
༧། སྦལ་པ་དེ་ཁྲོན་པའི་ཁར་ཡར་མཆོངས་ཏེ་གནམ་མཐོང་དུས་ངོ་ཚ་ཁ་ སྐྱེངས་བྱུང་བ་རེད།
65
གཉིས་པ། འདེམས་སྐོང་བྱོས། ༡། ཁྲོན་པའི་ཁར་ཡར་ དུས།
༢། བྱིའུ་ཞིག་
ནས་གནམ་ལ་
ནམ་མཁའ་རྒྱ་ཆེན་པོ་ཡོད་པ་
(ལྟ། མཐོང་། མཆོངས།)
ཡོང་ནས་ཁྲོན་པའི་ཁར་
ལྟ་སྐབས། ཁྲོན་པའི་ནང་དུ་སྦལ་པ་ཞིག་ མཐོང་།
(བསྡད། འཕུར། བབས།)
66
བ་རེད། ཏེ་
ཡོད་པ་
སློབ་ ཚན། ༡༦
རེས་གཟའ་བདུན། གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར།
གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ།
སྤྱི་གཙུག་ཉི་མ། དཔྲལ་ཀོ་ཟླ་བ། མིག་མིག་དམར། རྣ་ཅོག་ལྷག་
པ། སྣ་བུག་ཕུར་བུ། ཁ་པ་སངས། མ་ནེ་སྤེན་པ། སྤྱི་གཙུག་ཉི་མ།
དཔྲལ་ཀོ་ཟླ་བ།
མིག་མིག་དམར།
རྣ་ཅོག་ལྷག་པ།
སྣ་བུག་ཕུར་བུ།
ཁ་པ་སངས།
མ་ནེ་སྤེན་པ།
67
བདུན་ཕྲག་གཅིག་ལ་གཟའ་ག་ཚོད་ཡོད་རེད། བདུན་ཕྲག་གཅིག་ལ་གཟའ་ག་ཚོད་ཡོད་རེད། བདུན་ཕྲག་གཅིག་ལ་གཟའ་ག་ཚོད་ཡོད་རེད། བདུན་ཕྲག་གཅིག་ལ་གཟའ་བདུན་ཡོད་རེད། བདུན་ཕྲག་གཅིག་ལ་གཟའ་བདུན་ཡོད་རེད། དེ་རྣམས་ངས་ཁྱེད་རང་ཚོ་ལ་རེ་རེ་ཞུ་ཆོག
ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། གཞས་ཀྱི་དྲ་ཐག https://youtu.be/qV4kQfEureU
68
དབྱིབས་ཀྱི་མིང་ངོ་སྤྲོད།
གྲུ་བཞི་ཁ་གང་མ།
ཟུར་གསུམ་མ།
སྒོར་སྒོར།
གྲུ་བཞི་ནར་མོ།
དབྱིབས་མཐའ་དྲུག་མ།
འཇོང་དབྱིབས།
69
སློབ་ ཚན། ༡༧
སྦྱོང་ཚན།
ཀ གཤམ་གསལ་དབྱིབས་ལ་ཚོན་ཐོངས།
དམར་པོ།
ལྗང་ཁུ།
སེར་པོ།
སྔོན་པོ།
རྒྱ་སྨུག
མུ་མེན།
70
ཁ། གཤམ་གྱི་ཚིག་སྒྲུབ་བཀླགས་ཏེ། དབྱིབས་དེ་ལྟ་བུའི་དངོས་པོ་ གཅིག་གི་མིང་ཤོད།
༡། ཉི་མ་ནི་སྒོར་སྒོར་རེད།
༢། ལྕགས་སྒམ་དེ་ནི་གྲུ་བཞི་ནར་མོ་རེད།
༣། གཏོར་མའི་དབྱིབས་ནི་ཟུར་གསུམ་མ་རེད། ༤། ཨོར་འཐོམ་པོ་ལོ་ནི་འཇོང་དབྱིབས་རེད།
༥། མིག་མངས་རྩེད་གཞོང་ནི་གྲུ་བཞི་ཁ་གང་མ་རེད།
71
སློབ་ ཚན། ༡༨
མཆོད་ཆས་ངོ་སྤྲོད།
མཆོད་ཁང་།
སྟོན་པ། (སྐུ།)
པོ་ཏི། (གསུང་།)
72
མཆོད་རྟེན། (ཐུགས།)
ཐང་ག
རྡོ་རྗེ་དང་དྲིལ་བུ།
བུམ་པ། ཏིང་།
ཌ་མ་རུ། མཆོད་མེ། མཎྜལ།
73
མ་ཎི་ལག་སྐོར།
བྱེད་སྒོ།
༡། ཁྱེ ད ་ཀྱི ་ ནང་གི ་ མཆོ ད ་ཁང་དུ་སློ བ ་ཚན་ནང་ཡོ ད ་པའི ་ མཆོད་ཆས་འདི་དག་ལས་གང་དང་གང་ཡོད་པ་ཐོ་འགོད་ བྱེད་དགོས།
༢། གོང་གི་མཆོད་ཁང་ནང་དུ་དེའི་གཤམ་གྱི་སྐུ་དང་མཆོད་ཆས་ གང་དག་ཡོད་པ་འཚོལ་དགོས།
༣། མཆོད་ཆས་རྣམས་ཀྱི་དབྱིབས་གང་ཡིན་པ་གྲོས་སྡུར་གྱིས།
74
རུས་སྦལ་གནམ་ལ་འཕུར་བ།
སློབ་ ཚན། ༡༩
ཚིག་གསར།
དུས་ཡུན་རིང་པོ། ཆར་པ། སྣེ་མོ། གཤོག་པ། སོ་བརྒྱབ། གཙང་པོ། སྲོག་ཆགས། ཡལ་ག མཉམ་དུ། རྫིང་བུ།
སྔོན་མ་ས་ཆ་ཞིག་ལ། དུས་
ཡུན་རི ང ་པོ ར ་ཆར་པ་མ་བབས་ པས།
ས་ཆ་དེའི་གཡས་གཡོན་
གྱི་གཙང་པོ་དང་། རྫིང་བུའི་ནང་གི་
ཆུ་ཚང་མ་བསྐམས་པ་རེད། རྫིང་བུ་ཆུང་ཆུང་ཞིག་གི་འཁྲིས་ལ་རུས་ སྦལ་གཅིག་དང་། ངང་པ་གཉིས་འཚོ་བ་སྐྱེལ་བཞིན་སྡོད་ཀྱི་ཡོད། ཉིན་ཞིག
ངང་པ་
གཉི ས ་ཀྱི ས ་རུས་སྦལ་ལ།
“ངེད་གཉིས་མུ་མཐུད་ནས་
75
ས་ཆ་འདི་ལ་འཚོ་བ་སྐྱེལ་ཐུབ་པ་མི་འདུག བྱས་ཙང་། ངེད་གཉིས་ས་
ཆ་གཞན་ཞིག་ལ་སྤོ་ཡི་ཡིན།” ཞེས་བཤད།
རུས་སྦལ་གྱིས་ལམ་སང་ངང་པ་དེ་གཉིས་ལ།
“གྲོགས་པོ་
ལགས། ང་ཚོ་གསུམ་གྲོགས་པོ་ཡག་པོ་ཡིན་ཙང་། ཁྱེད་རང་གཉིས་ ཀྱིས་ང་གཅིག་པུ་ས་ཆ་འདི་ལ་མ་བཞག་པར། ཡིན་གཅིག་མིན་གཅིག་ མཉམ་དུ་འཁྲིད་རོགས།” ཞེས་བཤད།
ངང་པ་གཉིས་ཀྱིས་རུས་སྦལ་དེ་ལ།
པ་ཡོད་ཙང་།
“ངེད་གཉིས་ལ་གཤོག་
གནམ་ལ་འཕུར་ཐུབ་ཀྱི་རེད། ཁྱེད་རང་ལ་གཤོག་པ་
མེད་པས། ངེད་གཉིས་ཀྱིས་གང་འདྲ་བྱས་ནས་མཉམ་དུ་འཁྲིད་ཐུབ་ཀྱི་ རེད།” ཅེས་སྐད་ཆ་དྲིས། རུས་སྦལ་གྱིས་ངང་པ་དེ་གཉིས་ལ། “གྲོགས་
པོ་གཉིས། སེམས་ཁྲལ་མ་བྱེད། ང་ལ་ཐབས་ཤེས་ཡག་པོ་ཞིག་ཡོད།” ཅེས་བཤད།
དེ་ནས་རུས་སྦལ་
དེས། ཤིང་གི་ཡལ་
76
ག་ཐུང་ཐུང་ཞིག་ཁྱེར་ཏེ་ངང་པ་གཉིས་ལ། “སྔོན་ལ་ཁྱེད་གཉིས་ཀྱིས་ ཡལ་ག་འདིའི་སྣེ་མོ་རེ་རེ་ནས་དམ་པོར་འཇུ་རོགས།” ཞེས་བཤད།
རུས་སྦལ་གྱིས་མུ་མཐུད་ནས། “ངས་ཡལ་ག་འདིའི་དཀྱིལ་ལ་
སོ་དམ་པོར་བཏབ་རྗེས། ཁྱེད་གཉིས་གནམ་ལ་འཕུར་ན། ང་ཡང་ཁྱེད་
གཉིས་དང་མཉམ་དུ་གནམ་ལ་འཕུར་ཐུབ་ཀྱི་རེད།” ཅེས་བཤད།
མཐའ་མར། རུས་སྦལ་དེ་ངང་པ་གཉིས་དང་མཉམ་དུ་གནམ་ལ་
འཕུར་ནས་ས་ཆ་གཞན་ཞིག་ལ་སྤོས་པ་རེད།
77
སྦྱོང་ཚན།
ཀ སློབ་ཚན་བཀླགས་ཏེ་བར་སྟོང་སྐོངས། ༡། ངེད་གཉིས་མུ་མཐུད་ནས་
འདི་ལ་
ཐུབ་པ་མི་འདུག བྱས་ཙང་། ངེད་གཉིས་ས་ཆ་
ཡི་ཡིན།
༢། ཁྱེད་གཉིས་ཀྱིས་
འདི་ལ་མ་
༣། གྲོགས་པོ་གཉིས།
མ་བྱེད། ང་ལ་
གཅིག་མིན་གཅིག་མཉམ་དུ་
ཞིག་ཡོད།
༤། ངས་
ཁྱེད་གཉིས་
འདིའི་དཀྱིལ་ལ་
རོགས།
སྐྱེལ་
ཞིག་ལ་སྤོ་
པར། ཡིན་ ཡག་པོ་ བཏབ་རྗེས།
ལ་འཕུར་ན། ང་ཡང་ཁྱེད་གཉིས་དང་
གནམ་ལ་འཕུར་ཐུབ་ཀྱི་རེད།
ཁ སློབ་ཚན་ཡང་ཡང་ཀློག་པ་དང་སྒྲུང་ཤོད་དུ་འཇུག་དགོས།
78
ཁ་བཏགས།
སློབ་ ཚན། ༢༠
ཁ་བཏགས་ནི་དར་སྐུད་ཀྱིས་བཏགས་པའི་གོས་དར་ཁ་ཚར་
ཅན་དང་། སྲིད་ན་རིང་བ་ཞིག་ཡིན།
ཁ་བཏགས་ལ་ཁ་དོག་མི་འདྲ་བ་མཐོང་རྒྱུ་ཡོད་ཀྱང་། དཀར་པོ་
ནི་སེམས་པ་དཀར་པོ་མཚོན་པས། ནམ་རྒྱུན་ང་ཚོས་མང་ཤོས་བེད་
སྤྱོད་གཏོང་གི་ཡོད།
ཁ་བཏགས་སྟེང་སྤྲིན་རིས་དང་། བཀྲ་ཤིས་རྟགས་བརྒྱད། བཀྲ་
ཤིས་པའི་ཚིགས་བཅད་སོགས་བཀོད་པ་ཡོད། ཁ་བཏགས་ནི་སྐུ་རྟེན་གྱི་མདུན་དང་།
བླ་མ་དང་དཔོན་པོར་
མཇལ་ཁ་ཞུ་སྐབས། འཚམས་འདྲི། སྐྱེས་སྐར། གཟེངས་བསྟོད།
མགྲོན་པོ་བསུ་སྐྱེལ། གཉེན་སྟོན་སོགས་ལ་བཀྲ་ཤིས་པའི་མཚོན་དོན་ དུ་འབུལ་བ་ཡིན།
79
ཁ་བཏགས་འབུལ་སྐབས། ཉིས་ལྟེབ་བྱས་པའི་ལྟེབ་ཁུག་རང་
ཕྱོགས་དང་། ལྟེབ་ཁ་འབུལ་ཡུལ་ཕྱོགས་ལ་བསྟན་ཏེ། ཁ་བཏགས་ ལག་ཟུང་གིས་མཐོ་སར་འདེགས་དགོས།
ཁ་བཏགས་འབུལ་སྐབས་རང་
ལས་ཡོན་ཏན་དང་། གོ་གནས། བཀའ་
དྲིན་ཆེ ་ བ་རྣམས་ལ་གུས་བཀུར་མཚོ ན ་
ཆེད་ཕྱག་དང་མདུན་ཅོག་སྟེང་འབུལ་དགོས་པ་
དང་། རང་དང་མཉམ་པ་རྣམས་ལ་ཕན་ཚུན་གྱི་ཕྱག་ཏུ་འབུལ་དགོས།
80
རང་གི་དགེ་ཕྲུག་དང་མི་དཀྱུས་མ་ལ་ཁ་བཏགས་སྐེ་ལ་གཡོགས་ན་ ཚུལ་དང་མཐུན་པ་ཡིན།
བྱེད་སྒོ།
༡། ཁྱེད་ཀྱིས་ཁ་བཏགས་གང་ལ་བེད་སྤྱོད་བྱས་མྱོང་ངམ། ༢།
ཁྱེད་ཀྱིས་བླ་མ་དང་དཔོན་པོ་ཕན་ཚུན་ཁ་བཏགས་འབུལ་རེས་བྱེད་
པའི་པར་འཚོལ་སྒྲུབ་གྱིས།
༣། ཁྱེད་ཀྱི་ཕ་མས་ཁ་བཏགས་གང་དང་གང་ལ་བེད་སྤྱོད་བྱེད་ཀྱི་ཡོད་པ་ དོ་སྣང་བྱུང་ངམ།
81
སློབ་ ཚན། ༢༡
ལས་རིགས་ངོ་སྤྲོད།
སྒྱུ་རྩལ་བ།
ཞིང་པ།
དགེ་རྒན།
རྩོམ་པ་པོ། སྒྱུ་མ་མཁན། 82
སྨན་པ།
ཚན་རིག་པ།
ཚོང་པ།
དམག་མི།
མ་བྱན།
སྦྲག་པ།
83
ཉེན་རྟོག་པ།
ཁ་ལོ་བ།
འབྲོག་པ།
གཞས་པ།
ཚེམ་བཟོ་བ།
ཤིང་བཟོ་བ།
84
སྦྱོང་ཚན།
དང་པོ། དཔེ་བསྟན་པ་ལྟར་བར་སྟོང་བསྐངས་ཏེ་ཡང་ཡང་ཀློགས། ཁྱེད་མ་འོངས་པར་ཅི་ཞིག་བྱེད་རྒྱུ་ཡིན་ནམ།
དཔེར་ན། ང་མ་འོངས་པར་ སྒྱུ་རྩལ་བ་ ཞིག་བྱས་ཏེ། འཇིག་རྟེན་གྱི་ མཛེས་སྡུག་ཡོད་ཚད་རི་མོའི་ལམ་ནས་སྟོན་རྒྱུ་ཡིན།
༡། ང་མ་འོངས་པར་
ཞིག་བྱས་ཏེ། སྤྱི་ཚོགས་བདེ་འཇགས་
༢། ང་མ་འོངས་པར་
ཞིག་བྱས་ཏེ། བྱིས་པ་རྣམས་ལ་ཡི་གེ་
༣ ང་མ་འོངས་པར་
ཞིག་བྱས་ཏེ། འབྲུ་རིགས་སྣ་ལྔ་ཐོན་
༤། ང་མ་འོངས་པར་
ཞིག་བྱས་ཏེ། རྩོམ་ཡིག་གི་ལམ་ནས་
༥། ང་མ་འོངས་པར་
ཞིག་བྱས་ཏེ། མི་རྣམས་མིག་འཁྲུལ་
སྲུང་སྐྱོབ་བྱེད་རྒྱུ་ཡིན། སློབ་རྒྱུ་ཡིན།
སྐྱེད་བྱེད་རྒྱུ་ཡིན།
སྤྱི་ཚོགས་ཀྱི་དོན་དངོས་རྗོད་རྒྱུ་ཡིན།
85
བའི་ལྟད་མོ་མང་པོ་སྟོན་རྒྱུ་ཡིན།
༦། ང་མ་འོངས་པར་
ཞིག་བྱས་ཏེ། སེམས་ཅན་ནད་པ་
༧། ང་མ་འོངས་པར་
ཞིག་བྱས་ཏེ། ཚན་རིག་ལ་བརྟེན་ནས་
༨། ང་མ་འོངས་པར་
ཞིག་བྱས་ཏེ། སྤྱི་ཚོགས་ཀྱི་དཔལ་
༩། ང་མ་འོངས་པར་
ཞིག་བྱས་ཏེ། རྒྱལ་ཁབ་སྲུང་སྐྱོབ་
༡༠། ང་མ་འོངས་པར་
ཞིག་བྱས་ཏེ། མིའི་བདེ་ཐང་ལ་ཕན་
༡༡། ང་མ་འོངས་པར་
ཞིག་བྱས་ཏེ།
༡༢། ང་མ་འོངས་པར་
ཞིག་བྱས་ཏེ། འགྲུལ་བཞུད་སྟབས་
རྣམས་ནད་ལས་ཐར་བར་བྱེད་རྒྱུ་ཡིན།
མིའི་རིགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན།
འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན། བྱེད་རྒྱུ་ཡིན།
པའི་ཞལ་ལག་སྣ་མང་བཟོ་རྒྱུ་ཡིན།
མིའི་བརྩེ་སེམས་
མཚོན་པའི་ལེགས་སྐྱེས་དང་འཕྲིན་ཡིག་སྐྱེལ་རྒྱུ་ཡིན། བདེ་སྐྲུན་རྒྱུ་ཡིན།
86
༡༣། ང་མ་འོངས་པར་
ཞིག་བྱས་ཏེ། རྟ་ནོར་ལུག་གསུམ་
༡༤། ང་མ་འོངས་པར་
ཞིག་བྱས་ཏེ། མིའི་སེམས་ཁམས་ལ་
༡༥། ང་མ་འོངས་པར་
ཞིག་བྱས་ཏེ། ལུས་ལ་བདེ་ཞིང་མིག་
༡༦། ང་མ་འོངས་པར་
ཞིག་བྱས་ཏེ། དགོས་མཁོ་ཆེ་བའི་
འཚོ་སྐྱོང་བྱེད་རྒྱུ་ཡིན།
ཞི་བདེ་སྐྲུན་པའི་གླུ་གཞས་སྣ་ཚོགས་ལེན་རྒྱུ་ཡིན། ལ་མཛེས་པའི་གྱོན་ཆས་འདྲ་མིན་འཚེམ་རྒྱུ་ཡིན། ཤིང་གི་ཡོ་ཆས་སྣ་མང་བཟོ་རྒྱུ་ཡིན།
བྱེད་སྒོ།
སློབ་ཕྲུག་གསུམ་རེ་སྡེ་ཚན་དུ་བགོས་ཏེ།
སོ་སོའི་མ་འོངས་
པའི་ལས་རིགས་སྐོར་ལ་བོད་སྐད་ནང་གླེང་མོལ་བྱེད་དུ་འཇུག་དགོས།
87
སློབ་ ཚན། ༢༢
ཚལ་རིགས་ཀྱི་མིང་ངོ་སྤྲོད།
མེ་ཏོག་པད་ཚལ།
མེ་ཏོག་ལྗང་ཚལ།
ཁི་ར།
ཤ་མོ། པད་ཚལ། 88
བསོད་ནམས་དཔལ་འཛོམས།
སྲན་མ།
ཊོ་མ་ཊོ།
དོ་ལུམ་མ།
པ་ལག
ཆིན་ཚལ།
89
སི་པན།
སོ་ལོ་སྔོན་པོ།
གུང་ལ་ཕུག
མཛུབ་ཚལ།
ལོ་འཁོར་པད་ཚལ།
ཉུང་མ།
90
སྦྱོང་ཚན།
དང་པོ། འབྲི་ཀློག་བྱེད་དགོས།
ཆིན་ཚལ་
ཚན་རིག་པ་ གཞས་པ་ ཤིང་བཟོ་པ་ ཁ་ལོ་བ་ ཉེན་རྟོག་པ་
བརྔོས། བཀྲུས།
ཡིས་
གཏུབས། བསྲེགས། བཙོས། བཟོས། ཉོས། བཟས།
སྨན་པ་ དམག་མི་ འབྲོག་པ་
དཔེར་ན། ཚན་རིག་པ་ཡིས་ཆིན་ཚལ་བརྔོས།
91
ཚིག་གསར།
གཟའ་ཉི་མའི་ཉིན།
ཚལ་ཁྲོམ། གཟའ་ཉི་མ། འཚང་ཁ། དུས་ཚིགས།
རྗེན་པ། བཙོས་པ། རྔོ་བ། འཕྲོད་བསྟེན། འཁྲུག་ཆ་དོད་པོ། རེས་གཟའ་ཉི་མའི་ཉིན།
ཨ་མ་དབྱངས་འཛོམས་བཟའ་ཟླ་
གཉིས་ཀྱིས་བུ་མོ་བསམ་སྐྱིད་དང་། བུ་རྣམ་རྒྱལ་གཉིས་ཁྲིད་དེ་ཚལ་ ཁྲོམ་དུ་ཕྱིན།
ཚལ་ཁྲོམ་དེ་ནི་རྒྱ་ཆེ་ཞིང་། འཚང་ཁ་ཤིག་ཤིག་གིས་མི་ཚོས་
92
ཚལ་དང་ཤིང་ཏོག་ཉོ་ཡི་ཡོད་
པས། འཁྲུག་ཆ་ཧ་ཅང་དོད་པོ་ ཡོད།
བུ ་ མོ ་ བ ས མ ་ སྐྱི ད ་ ཀྱི ས ་
ཨ་མའི་ལག་པར་འཇུས་ཏེ། ཨ་མ་ལགས། སྔོ་ཚལ་རྣམས་ངོ་སྤྲོད་ གནོངས་དང་། ཞེས་ཞུས།
ཨ་མ་ལགས་ཀྱིས།
འདི་སྔོ་ཚལ་པ་ལག་
དང་། དེ་པད་ཚལ་ཆེ་བ་རེད།
ཕ་གི་མེ་ཏོག་པད་ཚལ་རེད།
ལྗང་ཚལ་རེད། ཅེས་གསུངས།
འདི་མེ་ཏོག་
བུ་རྣམ་རྒྱལ་གྱིས། ཨ་མ་ལགས། ལ་ཕུག་འདྲ་བ་ཞིག་ཡོད་པ་
དེ་ཚོ་ག་རེ་རེད། ཅེས་དྲིས།
ཨ་མ་དབྱངས་འཛོམས་ཀྱིས། མདོག་ལྗང་ཁུ་དེ་ཁི་
93
ར་དང་། མདོག་དམར་སེར་དེ་གུང་
ལ་ཕུག་རེད། མདོག་མུ་མེན་ཅན་
དེ་དོ་ལུམ་མ་རེད།
བུ་མོ་བསམ་སྐྱིད་ཀྱིས། ཨ་མ་ལགས། གང་བུ་
ལྗང་ཁུ་དེ་ག་རེ་རེད། ཅེས་དྲིས་པར། དེ་སྲན་མ་རེད། ཅེས་ལན་བཏབ་མ་ཐག
བུ་རྣམ་རྒྱལ་གྱིས། ཨ་མ་
ལགས། དེས་ན། ཚལ་འདི་ཡང་སྲན་མ་རེད་དམ། ཞེས་དྲིས།
ཨ་མ་ལགས་ཀྱིས། དེ་སྲན་མ་མ་རེད། མཛུབ་ཚལ་ རེད། ཅེས་ལན་བཏབ།
བུ་མོ་བསམ་སྐྱིད་ཀྱིས། ཨ་མ་ལགས། ཚལ་རིལ་རིལ་རྡོག་
རྡོག་དེ་ཚོ་ག་རེ་རེད། ཅེས་དྲིས། ཨ་མ་ལགས་ཀྱིས།
94
མདོག་སེར་པོ་དེ་ཞོག་ཁོག་
དང་། མདོག་དམར་པོ་དེ་ཊོ་མ་
ཊོ་རེད། ཁ་དམར་པོ་དང་གཤམ་དཀར་པོ་ཅན་དེ་ཉུང་མ་རེད། ཅེས་ངོ་
སྤྲོད་བྱས།
ཕ་དགྲ་འདུལ་གྱིས།
སྤྱིར་ནམ་དུས་སོ་
སོ་ལ་ཚལ་མི་འདྲ་བ་མི་འདྲ་བ་ཡོད་རེད། ཚལ་ཡང་ཁ་ཅིག་རྗེན་པ་བཟས་ན་འགྲིག་
པ་དང་། ཁ་ཤས་རྔོ་བ་དང་བཙོས་ནས་ཟ་
དགོས། ནམ་རྒྱུན་ཟས་སུ་སྔོ་ཚལ་ཤུགས་ཆེ་བ་བསྟེན་ན། གཟུགས་ པོའི་འཕྲོད་བསྟེན་ལ་ཡག་པོ་ཡོང་གི་རེད། ཅེས་བཤད་པ་དང་།
95
ཨ་མ་དབྱངས་འཛོམས་ཀྱིས། ད་ང་ཚོས་ཚལ་ཉོས་ཚར་སོང་། ནང་
ལ་ལོག་ནས་སྔོ་ཚལ་གྱི་ཁ་ལག་ཞིམ་པོ་ཞིག་བཟོས་ཆོག ཅེས་ཟེར་ ནས་ནང་མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ནང་ལ་ལོག
སྦྱོང་ཚན།
དང་པོ། ཁྱེད་རང་གི་ཚལ་དགའ་ཤོས་ཀྱི་མིང་དང་རི་མོ་བྲིས།
གཉིས་པ། ཕ་མ་དང་ཕྲུ་གུ་མཉམ་རུབ་ཀྱིས་ཚལ་ཉོ་བ་དང་། ཟས་གཡོས་ སྦྱོར་གྱི་བྱེད་སྒོ་སྤེལ་དགོས།
96
ཁྲུང་ཁྲུང་སྤུན་གསུམ། ཚིག་གསར།
ཁྲུང་ཁྲུང་། སྤུན།
རྒྱགས་ཚད། ལྷག་མ།
བཟུང་།
སེམས་ལ་བཞག
ཤིང་སྡོང་། སྦས། རྟགས། འཇུས།
སློབ་ ཚན། ༢༣
སྤྲིན་པ།
བསམས། རྙེད།
སྔོན་མ་ས་ཆ་ཞིག་ལ་ཁྲུང་ཁྲུང་སྤུན་གསུམ་ཡོད། ཁོ་ཚོ་ཉིན་ལྟར་རྫིང་བུ་
ཞིག་གི་འཁྲིས་སུ། ཁ་ལག་འཚོལ་བར་འགྲོ་ཡི་ཡོད།
ཉིན་གུང་ཞིག་ལ། ཁྲུང་ཁྲུང་གསུམ་པོས་རྫིང་བུའི་ནང་ནས་ཉ་
མང་པོ་བཟུང་ནས་བཟས་པ་རེད།
ནའང་། ད་དུང་ཉ་ཤ་མང་པོ་ལྷག་
པ་རེད། དེར་བརྟེན། ཁོ་ཚོས་ཉ་ ཤ་ལྷག་མ་དེ་ཚོ་སའི་འོག་ཏུ་སྦས་
97
ཁོ་ཚོས་ཉ་ཤ་རྒྱགས་ཚད་བཟས་
ནས་སང་ཉིན་མུ་མཐུད་བཟའ་བར་ཡོང་དགོས་བསམས། ཁྲུང་ཁྲུང་རྒན་པ་དེས་གནམ་ལ་བལྟས་ཏེ།
ཉི་མ་རྟགས་སུ་
བཟུང་ནས། ཉ་ཤ་ལྷག་མ་དེ་ཉི་མའི་འོག་གི་ས་ཆ་ཞིག་ལ་སྦས།
ཁྲུང་ཁྲུང་འབྲིང་བ་དེས་གནམ་ལ་བལྟས་ཏེ། སྤྲིན་པ་རྟགས་སུ་
བཟུང་ནས། ཉ་ཤ་ལྷག་མ་དེ་སྤྲིན་པའི་འོ ག་གི་ས་ཆ་ཞིག་ལ་སྦས།
ཁྲུང་ཁྲུང་ཆུང་བ་དེས་རྫིང་བུ་དེའ་ི འཁྲིས་ལ་སྐྱེས་པའི་ཤིང་སྡོང་ཞིག་
ལ་བལྟས་ཏེ། ཤིང་སྡོང་དེ་རྟགས་སུ་བཟུང་ནས། ཉ་ཤ་ལྷག་མ་དེ་ཤིང་སྡོང་
དེའ་ི འོག་ཏུ་སྦས། དེའ་ི རྗེས་ལ་ཁོ་ཚོ་གསུམ་ཁྱིམ་ལ་ལོག་པ་རེད།
ཕྱི་ཉིན། ཁྲུང་ཁྲུང་སྤུན་གསུམ་ཡང་བསྐྱར་རྫིང་བུ་དེའི་འཁྲིས་
སུ་ཉ་ཤ་ལྷག་མ་བཟའ་བར་ཡོང་། ཁྲུང་ཁྲུང་རྒན་པས་ ཉ་ཤ་ལྷག་མ་དེ ་ ཉི ་ མའི ་ འོ ག་ལ་སྦས་ཡོ ད ་བསམས་ ནས། ཉི་མ་ལ་ཁ་ཕྱོགས་ཏེ་འཕུར་ནས་ཕྱིན།
ཁྲུང་ཁྲུང་འབྲི ང ་བས་ཉ་ཤ་ལྷག་མ་དེ ་ སྤྲི ན ་པའི ་
98
འོག་ལ་སྦས་ཡོད་བསམས་ནས། སྤྲིན་པར་ཁ་ཕྱོགས་
ཏེ་འཕུར་ནས་ཕྱིན།
ཁྲུང་ཁྲུང་ཆུང་བས་རྫིང་བུའི་
འཁྲིས་ཀྱི་ཤིང་སྡོང་ཡོད་ས་དེར་འཕུར་ནས། ཉ་ཤ་ལྷག་མ་དེ་འཚོལ་
བར་ཕྱིན་པ་རེད། ཡིན་ན་ཡང་། ཁྲུང་ཁྲུང་རྒན་པ་དང་
འབྲིང་བ་གཉིས་ཀྱིས་ཉ་ཤ་ལྷག་མ་དེ་ཚོ་ཁྱོན་ནས་མ་
རྙེད་ཙང་། དཀའ་ལས་ཁག་ནས་ཁྱིམ་ལ་ལོག་པ་རེད།
ཁྲུང་ཁྲུང་ཆུང་བས་ཉ་ཤ་ལྷག་མ་དེ ་ ཤི ང ་སྡོ ང ་དེ འི ་ འོ ག་ནས་
ལམ་སང་རྙེད་དེ་བཟས་པ་རེད།
99
སྦྱོང་ཚན།
དང་པོ། འགྲིག་ནོར་རྟགས་རྒྱོབ།
༡། སྔོན་མ་ས་ཆ་ཞིག་ལ་ཁྲུང་ཁྲུང་སྤུན་གསུམ་ཡོད།
༢། ཁྲུང་ཁྲུང་གསུམ་པོས་རྫིང་བུའི་ནང་ནས་ཉ་འཇུས་ཏེ་བཟས་པ་དང་། ཉ་ཤ་ལྷག་མ་རྣམས་སྦས་པ་རེད།
༣། ཁྲུང་ཁྲུང་རྒན་པས་གནམ་གྱི་སྤྲིན་པ་རྟགས་སུ་བཟུང་།
༤། ཁྲུང་ཁྲུང་འབྲིང་བས་ཉ་ཤ་དེ་ཤིང་སྡོང་ཞིག་གི་འོ ག་ཏུ་སྦས།
༥། ཁྲུང་ཁྲུང་ཆུང་བས་ཉ་ཤ་དེ་ཉི་མའི་འོ ག་གི་ས་ཆ་ཞིག་ལ་སྦས།
༦། ཁྲུང་ཁྲུང་ཆུང་བས་ཉ་ཤ་ལྷག་མ་དེ་རྙེད་དེ་བཟས་པ་རེད།
གཉིས་པ། བྱེད་སྒོ། དགོས།
སློ བ ་གྲོགས་རེ ་ རེ ་ བྱས་ནས་སྒྲུང་ཀློ ག ་པ་དང་ཤོ ད ་དུ་འཇུག་
100
སྒོམ།
སློབ་ ཚན། ༢༤
དེང་སང་སྤྱི་ཚོགས་ནི་ཁྲ་ཁྲ་ཟིང་ཟིང་ཡིན་པས་མི་ཕལ་མོ་ཆེ་
སེམས་པ་ལྷོད་ལ་འབབ་མ་ཐུབ་པའི་དཀའ་ངལ་ཞིག་རང་བཞིན་གྱིས་ ཆགས་ཀྱི་ཡོད།
དེ་བས་སེམས་ལ་ཞི་བདེ་ཡོང་ཆེད་ཆུང་དུས་ནས་
སེམས་ཁམས་ཞི་བདེ་ལ་གནས་པའི་བག་ཆགས་འཇོག་པར་སྒོམ་གྱི་ ཉམས་ལེན་ལ་འབད་རྒྱུ་གལ་ཆེ། སྤྱིར་སྒོམ་ཞེས་པ་ནི།
སེམས་དགེ་བའི་དམིགས་པ་ལ་ཡང་
པ་དང་སྙིང་རྗེ་བསྒོམ་ཞེས་པ་ནི།
ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་
ནས་ཡང་དུ་གཏོད་པའི་དམིགས་རྣམ་སྐྱོང་བ་ལ་ཟེར། དཔེར་ན། དད་ དགོས་པ་བཞིན་ནོ། །
101
སྡོད་སྟངས།
སྒོམ་རྒྱག་སྐབས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པ་སྟེ།
༡. རྐང་པ་རྡོ་རྗེ་དཀྱིལ་ཀྲུང་ངམ་ཕྱེད་དཀྱིལ་ཀྲུང་ཡང་རུང་། ༢. ལག་
པ་གཉིས་མཉམ་བཞག ༣. སྒལ་ཚིགས་དྲང་པོར་བསྲང་། ༤. ལྕེ་ཡ་ རྐན་དུ་སྦྱར། ༥. མཆུ་སོ་མ་རེག་ཙམ་གྱི་བར་ནས་དབུགས་ཀྱི་རྒྱུ་བ་ དལ་མོར་གཏོང་། ༦. སྐེ་ཅུང་ཟད་ནང་
དུ་འགུག ༧. མིག་ སྣ ་ རྩེ ར ་ ཕ བ ་ པ ་ བཅས་སོ། །
102
དབུགས་འབྱུང་རྔུབ་ཀྱི་སྒོམ།
སྒོམ་ཐོག་མར་སྐྱོན་མཁན་རྣམས་ལ། དབུགས་འབྱུང་རྔུབ་ཀྱི་
གྲངས་ཀ་བགྲངས་ན། སྒོ་ལྔའི་ཤེས་པའི་རྣམ་རྟོག་ག་ས་ག་ལ་འཕྲོ་བ་ དེ་སྡུད་པ་ལ་ཕན་ཐོགས་ཆེན་པོ་ཡོད།
སྒོམ་ཚུལ་ནི། དམིགས་བྱའི་ལྷ་ལ་བསམ་བློ་བཏང་བ་མ་ཡིན་
པར། དབུགས་འབྱུང་རྔུབ་ཀྱི་ཁུག་པ་ལ་བསམ་བློ་བཏང་སྟེ་གྲངས་ཀ་ བགྲང་དགོས།
དབུགས་མར་ཕྱུང་བ་དང་ཡར་རྔུབ་པ་ལ་ཁུག་པ་རེ་བརྩིས་ཏེ།
ཐེངས་ལྔ་བཅུ་དང་བརྒྱ་བར་བྱེད་དགོས། དུས་རྒྱུན་དུ་སྒོམ་བརྒྱབ་སྟེ།
སེམས་རྩེ་གཅིག་ཏུ་གནས་ཐུབ་པ་
བྱུང་ན། རླུང་རོ་དགུ་ཕྲུགས་དང་། ཏིང་ངེ་འཛིན་སོགས་དམིགས་ རྣམ་སྐྱོང་སྟངས་ལ་འབད་དགོས།
103
ནོ་སྦེལ་བསྟོད་དབྱངས།
འཛམ་གླིང་ཞི་བདེའི་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་སོང་། ། དགའ་བ་ལ་དང་དགའ་བ། ། སྐྱིད་དོ་ལ་དང་སྐྱིད་དོ། །
དགའ་བ་ལ་དང་དགའ་བ། ། སྐྱིད་དོ་ལ་དང་སྐྱིད་དོ། །
འཛམ་གླིང་ཞི་བདེའི་གཟེངས་རྟགས། །
104
༸གོང་ས་མཆོག་ལ་ཕུལ་སོང་། ། འཛམ་གླིང་ཡང་རྩེའི་སྟེང་གི། །
གངས་ལྗོངས་ཆོས་ལྡན་རྒྱལ་ཁབ། ། རླབས་ཆེན་ཆོས་སྲིད་དབུ་འཁྲིད། །
༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ། ། ཐུགས་རྒྱུད་བྱམས་དང་སྙིང་རྗེས། ། འགྲོ་ཀུན་བདེ་ལ་བཀོད་སོང་། །
ནོ་སྦེལ་ཞི་བདེའི་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་སོང་། ། དགའ་བ་ལ་དང་དགའ་བ། ། སྐྱིད་དོ་ལ་དང་སྐྱིད་ལ་དོ། །
འཛམ་གླིང་ཞི་བདེའི་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་སོང་། ། སྤྱི་ལོ་གྱ་དགུའི་ལོ་ལ། །
ནོ་སྦེལ་ཞི་བདེའི་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་བ། །
105
ཞི་བདེའི་རྒྱལ་ཁ་ལོས་ཡིན། །
གཞིས་བྱེས་བོད་མིའི་དབུ་འཁྲིད། ། ནང་པ་ཡོངས་ཀྱི་མགོན་སྐྱབས། །
འཛམ་གླིང་ཞི་བདེའི་དེད་དཔོན། །
༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ། ། དགའ་བ་ལ་དང་དགའ་བ། ། སྐྱིད་དོ་ལ་དང་སྐྱིད་ལ་དོ། །
ནོ་སྦེལ་ཞི་བདེའི་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་སོང་། །
བོད་མི་རྒན་གཞོན་བྱིས་གསུམ། ། བདེ་སྐྱིད་སྣང་བས་ཁྱབ་ནས། །
དགའ་བའི་བསྟོད་དབྱངས་ཕུལ་ཡོད། ། སྐྱིད་པའི་བྲོ་གར་འཁྲབ་ཡོད། །
སངས་རྒྱས་བསྟན་པ་དར་སོང་། ། འཛམ་གླིང་ཞི་བདེས་ཁྱབ་སོང་། །
རང་དབང་མང་གཙོའི་དཔལ་ལ། ། ཅི་དགར་སྤྱོད་ལ་ཆས་འགྲོ། །
106
དགའ་བ་ལ་དང་དགའ་བ། ། སྐྱིད་དོ་ལ་དང་སྐྱིད་དོ། །
འཛམ་གླིང་ཞི་བདེའི་གཟེངས་རྟགས། ། ྋགོང་ས་མཆོག་ལ་ཕུལ་སོང་། །
གཞས་དྲྭ་ཐག་ https://www.youtube.com/watch?v=1V1SEKDsGYA འདི་ནས་གསན་ཐུབ།
བོད་གཞས་སྣ་ཚོགས་བསླབས་ཏེ་བོད་ཡིག་ཡར་རྒྱས་གཏོང་བའི་ཐབས་ལའང་འབད་དགོས།
107
གཞོགས་འདེགས་ཀློག་དེབ།
ཟུར་བཀོད།
བྱིས་པའི་ཀློག་སྦྱོང་བདེ་ལམ། དེབ་ཕྲེང་ ༣༢-༣༥ བྱིས་པའི་ཀློག་དེབ། དེབ་ཕྲེང་ ༡༥-༡༨
གཤམ་གྱི་དྲྭ་ཚིགས་ཁག་ལ་དོ་སྣང་གྱིས།
བོད་ཡིག་སློབ་སྦྱོང་དྲྭ་ཚིགས། https://bodyiglobjong.com/
ཤེས་རིག་ཡུ་ཊུབ་དྲྭ་བརྙན། https://youtube.com/@sherigCTA ཨཡེ་སུའུ་དྲྭ་ཚིགས། https://issuu.com/doewebmaster ཤེས་རིག་སྒྲ་མཛོད། https://soundcloud.com/sherigs ཐ་སྙད་འཚོལ་བཤེར། https://tibterminology.net/
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲྭ་ཚིགས། http://www.secularethics.net/ གོང་གསལ་དྲྭ་ཚིགས་ཁག་ནས་ཀློག་དེབ་དང་། བྱིས་པའི་སྒྲུང་དེབ། འགུལ་བརྙན། བྱིས་པའི་གླུ་
གཞས་འགུལ་བརྙན། སབ ློ ་ཁྲིད་བརྙན་འཕྲིན། སུམ་རྟགས་སོགས་ཁྲིད་པའི་སྒྲ་བཅས་ལ་ལྟ་ཀློག་ ཉན་གསུམ་བྱེད་ཐུབ།
108
བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary གཅིག
གསུམ། ལྔ།
བདུན། དགུ།
ཉི་ཤུ།
བཞི་བཅུ། དྲུག་ཅུ།
བརྒྱད་ཅུ།
བརྒྱ་ཐམ་པ། སྐམ་པོ། རིང་པོ།
ཡང་པོ།
ཆེན་པོ།
གཉིས
one
བཞི།
three
དྲུག
five
བརྒྱད།
seven
བཅུ།
nine
སུམ་ཅུ།
twenty
ལྔ་བཅུ།
forty
བདུན་ཅུ།
sixty
དགུ་བཅུ།
eighty
སྟོང་།
hundred
རྒྱགས་པ།
thin
ཐུང་ཐུང་།
long, tall
ལྗིད་པོ།
light big
109
ཆུང་ཆུང་།
two four six eight ten thirty fifty seventy ninety thousand fat short heavy small
མང་པོ།
མངར་མོ། སྐྱིད་པོ།
མགྱོགས་པོ། ཚ་པོ།
ལས་སླ་པོ། མདུན།
ཤར་ཕྱོགས། ལྷོ་ཕྱོགས། གཡས། དཀྱིལ།
དཔེ་མཛོད་ཁང་། སྨྱུ་གུ།
ཡར་མར། སེའུ།
ཀུ་ཤུ།
དམར་ལུམ། ཐང་འབྲས།
ཉུང་ཉུང་།
many
སྐྱུར་མོ།
sweet
སྡུག་པོ།
happy
དལ་པོ།
fast
གྲང་མོ།
hot
ཁག་པོ།
easy
རྒྱབ།
front
ནུབ་ཕྱོགས།
east
བྱང་ཕྱོགས།
south
གཡོན།
right
ཕྱོགས་བཞི།
center
འཛིན་ཁང་།
library
སྨྱུག་སྒམ།
pen
ལས་ཀ
up & down
ལེ་མོན།
cherry
ཁམ་བུ།
apple
མཐིང་ལུམ།
raspberry pineapple
110
ཆུ་ག་གོན།
a few / a little sour unpleasant slow cold difficult behind west north left the four directions class pen box job lemon peach blue berry watermelon
ལི།
ཨ་མྲ།
ཚ་ལུ་མ། ལྡུམ་ར།
སྒོ་ཆེན།
ཁ་པར་གཏོང་བ། ཆུ་འཐུང་བ།
ཤིང་ཏོག་ཟ་བ། གཞས་ཉན་པ།
ཐང་ལ་རྒྱུག་པ། ག་པ།
དཔྱིད་ཀ སྟོན་ཁ།
མེ་ཏོག་བཞད། ལོ་ཏོག་སྨིན། ཉི་མ་ཤར།
སྤྲིན་པ་འཐིབས།
ལོ་འཁོར་པད་ཚལ།
རྒུན་འབྲུམ།
pear
ངང་ལག
mango
འབྲི་ཏ་ས་འཛིན།
orange
སྤྲོ་འཆམ།
garden
གཉིད་ཁུག
gate
གད་མོ་བགད།
to call
དེབ་ཀློག་པ།
drink
གནམ་ལ་མཆོང་བ།
eat
ངུ་བ།
listen
རྩེད་མོ་རྩེ་བ།
runn
ག་རེ།
where
དབྱར་ཁ།
spring
དགུན་ཁ།
autum
ཆར་པ་འབབ།
blossom
གངས་བབས།
ripe
གློག་དམར་འཁྱུག
rise
ལྷགས་པ་བརྒྱབ།
cloudy cabbage
111
བྲུམ་ཤ།
grape banana strawberry roaming sleep laugh read jump cry play what summer winter rain snow lightening blow pumkin
སྒོག་པ། ལ་ཕུག ཙོང་།
ཞོག་ཁོག་མངར་མོ། ཕོ་རོག
མར་བབས། ཕྱེད་ཀ
བསམ་བློ། ག་ལེར། ཁེངས།
ཤྭ་ཁྲ་སྐེ་རིང་། སྟག
རྨ་བྱ།
བསེ་རུ།
དོམ་དཀར། རྔ་མོང་།
མཚོ་བྱ་པེང་གུན།
གཅན་གཟན་ཁང་།
སྒ་སྨུག
garlic
གུང་ལ་ཕུག
radish
ཞོག་ཁོག
onion
ཞལ་ལག
sweet potato
ཁ་སྐོམ།
crow
ཤེལ་དམ།
get down half thinking, thought
རྡོ་ཧྲུག འཁྲིས།
ལམ་སང་།
slowly
ཐབས་ཤེས།
full
མཐོ་རུ་མཐོ་རུ།
giraffe
འདམ་སེང་།
tiger
རྐྱང་ཁྲ།
peacock
ཁྲུང་ཁྲུང་སྐེ་ནག
rhinoceros
ཆུ་རྟ།
polar bear
གསའ་གཟིག
camel
གླང་ཆེན།
penguin zoo
112
བྱ་རྔ་མོང་།
ginger carrot potato food thirst glass bottle pebble, rubble near immediately method, idea raise lion zebra crane hippopotamus snow leopard elephant ostrich
དར་ལྕོག དར་ཐག
གཟུངས་སྔགས།
སློབ་དཔོན་པདྨ་ འབྱུང་གནས། རྐྱེན་ངན། ཁྲོན་པ། བྱིའུ།
རྒྱ་ཆེན་པོ།
ཟུར་གསུམ་མ། སྒོར་སྒོར།
འཇོང་དབྱིབས། སྣེ་མོ།
གཙང་པོ། ཡལ་ག རྫིང་བུ།
སྐྱེལ་བསུ།
མཚོན་དོན།
གཅུང་པོ།
flag
དར་ཤིང་།
rope mantra
Padmasambhava
bad circumstances
ཉག་ག
སྒྲོལ་མ། སྟོན་པ།
བར་ཆད།
well
སྦལ་པ།
bird
གནམ།
wide
གྲུ་བཞི་ཁ་གང་མ།
triangle
གྲུ་བཞི་ནར་མོ།
circle
དབྱིབས་མཐའ་དྲུག་མ།
oval shape
དུས་ཡུན་རིང་པོ།
tip
གཤོག་པ།
river
pond
སྲོག་ཆགས།
welcoming or see off exemplicatory meaning
ཁ་བཏགས།
branch
113
མཉམ་དུ།
གཟེངས་བསྟོད།
younger brother flagstaff notch
tara
buddha obstacle frog sky square rectangular hexagon long period wing animal together
khatak encouraged
ཞིང་པ།
རྩོམ་པ་པོ། སྨན་པ། ཚོང་པ། མ་བྱན།
ཉེན་རྟོག་པ། འབྲོག་པ།
ཚེམ་བུ་བ།
མེ་ཏོག་པད་ཚལ། དོ་ལུམ་མ། ཆིན་ཚལ། སོ་ལོ།
མཛུབ་ཚལ། རྟགས།
དངོས་གནས། འུད་ཤོབ།
ཡིད་ཆེས། སོ་བརྒྱབ།
གཉེན་སྟོན།
farmer
སྒྱུ་རྩལ་བ།
writer
དགེ་རྒན།
doctor
སྒྱུ་མ་མཁན།
merchant
ཚན་རིག་པ།
cook
དམག་མི།
police
སྦྲག་པ།
nomad
ཁ་ལོ་བ།
tailor
གཞས་པ།
cauliflower
ཤིང་བཟོ་བ།
brinjal
མེ་ཏོག་ལྗང་ཚལ།
celery
པ་ལག
capsicum
སི་པན།
lady finger
ཉུང་མ།
sign
རྒྱགས་ཚད།
truely, really
རྙེད།
bragging
སྦས།
belief, trust bite
114
ཡར་མཆོངས།
marriage ceremony artist teacher magician scientist army post man dirver singer carpenter broccoli spinach chilli turnip stomach full find bury jump up
སྤྲིན་པ།
ཧང་སང་།
ནོར་འཁྲུལ། སྤུན།
སྙན་ཅོག ཞབས། སྤྱན།
ཤངས།
ཤིང་སྡོང་།
cloud
སེམས་ལ་བཞག
surprise
ནམ་རྒྱུན།
mistake
ལྷག་མ།
sibling
ལྗགས།
ear (H)
དབུ།
foot (H)
ཕྱག
eye (H)
ཞལ།
nose (H)
115
tree keep in mind usually remaining tongue (H) head (H) hand (H) mouth (H)