Skip to main content

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ་སྨད་ཆ། དབུ་ཅན།

Page 1

ཕྱི་ལོ་ ༢༠༡༩ ལོར་གཏན་འབེབས་བྱུང་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་ཞུས།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།

སྔོན་འགྲོ། (སྨད་ཆ།) (ཚོད་ལྟ།)

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་གཏན་འབེབས་ཞུས།

I


ཕྱི་ལོ་ ༢༠༡༧ ལོར་རྩོམ་སྒྲིག་དང་གཏན་འབེབས་ཞུས་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ གྲྭའི་བོད་ཡིག་སློབ་དེབ་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུས།

རྩོམ་སྒྲིག་འགན་འཁུར་བ། རྩོམ་སྒྲིག་པ།

བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)

དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།

དགེ་འདུན་དོན་ཡོད། བསྟན་འཛིན་དཔལ།

གཏན་འབེབས་ཚོགས་ཆུང་གི་ཚོགས་མི། དངོས་གྲུབ་བསྟན་པ།

ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན།

མིང་ཆུང་།

དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ།

དགེ་འདུན་དོན་ཡོད། བསྟན་འཛིན་དཔལ། ཆོས་ཉིད་སྒྲོལ་མ།

བྱམས་པ་དཔལ་མོ།

བློ་བཟང་འཕྲིན་ལས། བཀྲ་ཤིས་མཚོ་མོ།

ཤེས་ལྷན་སློབ་དེབ་ཚན་པའི་འགན་འཁུར་བ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ། ཤེས་རིག་བྱིས་སྒྲུང་རྩོམ་སྒྲིག་པ།

དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་དགེ།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ།

ཨེ་མིལ་ཡ། (Emilya)

ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་ལམ་སྟོན་པ།

ཉི་མ་བུ་ཁྲིད།

ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ།

ཨོ་ཤོད་ཚེ་རིང་གཡང་འཛོམས། ནང་བསྟན་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན།

©བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།

དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། Special Acknowledgement

Funded by DANIDA through CICED.


Phone: Email: Web:

DEPARTMENT OF EDUCATION Central Tibetan Administration

+91-1892-222572/222721 education@tibet.net www.sherig.org

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA

ཆེད་བརྗོད།

༄༅།

།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་

གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།

དེས་ན་རང་གི་སྐད་ཡིག་རྒྱུན་

འཛིན་དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་

ཡིན་པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་ བརྒྱུད་ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་ཉི་

ཤུའི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ་རྒྱ་བལ་གྱི་སློབ་གྲྭ་ཁག་གི་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་

ལ༑ དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་སོགས་ ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།

ཉེ ་ བའི ་ ལོ ་ བཅུ་ཕྲག་འགའི ་ ནང་བོ ད ་མི ་ ཕོ ན ་ཆེ ་ ནུབ་ཕྱོ ག ས་ཡུལ་གྲུ་ཁག་ཏུ་གནས་སྤོ ་ གནང་དང་

གནང་བཞིན་པ་མ་ཟད། གཞུང་།

ཁོར་ཡུག་དང་མི་རབས་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་། རིག་

གོམས་གཤིས་བཅས་མུ་མཐུད་རྒྱུན་འཛིན་བྱེད་པར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།

དཀའ་ངལ་དེ་དག་ལ་གདོང་ལེན་ཆེད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་།

བོད་རིགས་སྤྱི་མཐུན་

ཚོགས་པ། བོད་རིགས་ཚོགས་པ། གཞན་བོད་མི་སྒེར་བཅས་ནས་གཟའ་མཇུག་ཏུ་བོད་ཀྱི་སྐད་ཡིག་དང་རིག་

གཞུང་གི་སློབ་གྲྭ་དང་འཛིན་གྲྭ་བསྒྲུབ་པ་དང་། བོད་ཡིག་སྦྱོང་བའི་ཀློག་དེབ་དང་བྱིས་སྒྲུང་། དྲྭ་ཚིགས་དང་

དྲྭ་རྒྱའི་ལམ་ནས་བོད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན་འདྲ་མིན་བཀོད་སྒྲིག་ཞུ་བཞིན་པ་ལ་ཡི་

རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་

ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། གཞུང་།

རིག་

ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་ཆེད་དགོངས་ཚུལ་སྡུད་ལེན་ཞུ་


འབྲས། ས་གནས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ཕྱག་རོགས།

སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ། ཨ་རིའི་

བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་གནང་བའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་

པ་བར་གྱི་སློབ་དེབ་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ཀྱིས་ བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་།

སུད་སི་ཡི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་

གིས་རྒྱ་གར་ནང་གི་སློབ་དེབ་སློབ་ཁྲིད་གནང་རྒྱུ་ཐག་གཅོད་བྱུང་བ་ལྟར། སློབ་ཁྲིད་བརྙན་འཕྲིན་བཟོ་རྒྱུའི་

མཚོན་པའི་ཕྱག་རོགས་ཞུས་། དེ་བཞིན་བེལ་ཇི་ཡམ་དང་ཨོ་གླིང་གིས་ཀྱང་རྒྱ་གར་ནང་གི་སློབ་དེབ་རྣམས་ གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུ་རྒྱུ་བྱས་པ་ལྟར་པར་རྩ་རྣམས་མཁོ་སྒྲུབ་ཞུ་རྒྱུའི་མཚོན་མཐུན་འགྱུར་གང་ཐུབ་ ཞུས།

ཕྱི་ལོ་ ༢༠༡༨ ལོར་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་

སློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟེ།

བོད་ཀྱི་སྐད་ཡིག་དང་རིག་

གཞུང་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག བསླབ་གཞིའི་རྩ་འཛིན་བཟོ་ འགོད་ཐད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར། སྐད་ཡིག་གཞན་

གྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟེ་<<བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བསླབ་

གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱི་རགས་ཟིན་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱིས་གོ་སྒྲིག་འོག་ནིའུ་ཡོག་ཏུ་

བསྐོངས་ཚོགས་གནང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ དང་པོའི་སྟེང་སྤྱི་མོས་གཏན་འབེབས་གནང་།

སྤྱིར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་དང་

འཚམ་པའི་སློབ་དེབ་རྩོམ་སྒྲིག་བྱེད་ཆོག་ཀྱང་།

ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་

སྟབས། ཕྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་སྔོན་འགྲོ་ནས་སློབ་དེབ་རྣམས་རྩོམ་ སྒྲིག་འགོ་འཛུགས་ཞུས།

ཐེངས་འདིར་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་པར་སྐྲུན་ཞུས་

ཏེ༑ ཚོད་ལྟའི་ཚུལ་དུ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་ན། སློབ་དེབ་འདི་དག་ལག་བསྟར་གྱི་བརྒྱུད་ རིམ་ནང་བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་

དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་ རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༧ ཉིན།


ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ))

སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་

སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་ སྤྱོད་ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་

གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་

ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་

ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་

)) )) ))

བཅས་“རང་དབང་”དང༌།

རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་ པའི་“གཞན་ཕན།”

འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་

ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་ པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།”

འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་

ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་”བཅས་

བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།


ཁྲིད་གཞིའི་ལམ་སྟོན།

• སབ ློ ་ཚན་སབ ློ ་ཁྲིད་སྐབས་སབ ློ ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་ བོར་མི་འཛིན་པའི་རྒྱུན་སྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་སྤྱོད་མི་རུང་།

• སློབ་དེབ་འདི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་ སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། འཛིན་རིམ་ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་

གནས་དང་། སབ ློ ་མ། ཁོར་ཡུག ཆ་རྐྱེན་སོགས་མི་འདྲ་བའི་གནས་སྟངས་འོག་སབ ློ ་དེབ་ཀྱི་ནང་དོན་དང་། གོ་རིམ།

ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་

འཛིན་ཐུབ་པ་བྱེད་དགོས། འོན་ཀྱང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས།

• སབ ློ ་ཁྲིད་དང་སབ ློ ་སྦང ྱོ ་གི་དམིགས་ཡུལ་ནི་སབ ློ ་ཚན་བྱེ་བྲག་པ་དང་། སབ ློ ་དེབ་བྱེ་བྲག་པ་བསླབས་པ་ཙམ་མ་ཡིན་

པར། སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། རྒྱུན་མཐུད་རྟོག་ཞིབ་ཀྱིས་སློབ་མའི་ སྐད་ཡིག་གི་གནས་ཚད་ལ་གདེང་འཇོག་བྱེད་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་

བརྟེན། སབ ློ ་དེབ་འདི་ཉིད་བེད་སྤྱད་ནས་སབ ློ ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་གཏོང་དགོས།

• འདོགས་ཅན་རྣམས་སྒྲ་དག་པོར་ཀག ློ ་ཐུབ་པ་དང་། འདོགས་ཅན་ལ་དབྱངས་སྦྱར་ཏེ་སྒྲ་དག་པོར་ཀློག་ཐུབ་པ་བྱེད་ དགོས་པ་དང་། བོད་སྐད་ཐོག་འཚམས་འདྲི་ཞུ་བ་དང་། རང་ཉིད་ཀྱི་གནས་ཚུལ་སྐོར་ལ་ལན་འདེབས་སྟབས་བདེ་ བྱེད་ཐུབ་པར་བྱེད་དགོས།

• སློབ་ཚན་ཁྲིད་སྐབས་འདོགས་ཅན་གྱི་མིང་དང་འབྲེལ་བའི་ཚིག་གྲུབ་དང་། ལུས་ཀྱི་ཆ་ཤས་དང་། ཤིང་ཏོག་སོགས་ ངོ་སྤྲོད། སྐད་ཆ་སྦང ྱོ ་བརྡར་རྣམས་དགེ་རྒན་གྱིས་རྩེད་མོའམ་བྱེད་སྒོའི་ལམ་ནས་ཁ་སློབ་གནང་དགོས། གང་ཡིན་ ཞེ་ན། སློབ་ཕྲུག་གིས་ཡི་གེ་ཆ་ཚང་སྦྱོར་ཀློག་བྱེད་མི་ཐུབ་པས་ཡིན།

• འཛིན་རིམ་འདིར་ཟས་མཆོད་འབུལ་སྟངས། བསྐུམས་ཕྱག་འཚལ་སྟངས་ཀྱི་ཆོས་རིག་དང་། བོད་ཡིག་དབྱངས་ གསལ་གྱི་གླུ་གཞས་སོགས་སློབ་ཕྲུག་གི་ལོ་ཚོད་དང་འཚམ་པའི་གླུ་གཞས་སློབ་དགོས།

• མདོར་ན། བསླབ་གཞིའི་རྩ་འཛིན་ཡང་ཡང་བཀླགས་ཏེ། ཉན་རྩལ་དང་། ཀློག་རྩལ། བཤད་རྩལ། འབྲི་རྩལ་བཅས་ སབ ློ ་ཕྲུག་གི་ལོ་ཚད་དང་བསྟུན་ནས་སྦང ྱོ ་བརྡར་སྤད ྲོ ་རྒྱུ་དང་། སབ ློ ་དེབ་ཀྱི་མཇུག་ཏུ་སྤྲད་པའི་དྲྭ་ཚིགས་ལས་སློབ་

ཁྲིད་ཀྱི་རྒྱུ་ཆ་མཁོ་སྒྲུབ་ཀྱིས་སབ ློ ་ཕྲུག་ཉོབ་སྣང་མེད་པར་སྤ་ྲོ སྣང་འཕེལ་བར་རྩེད་མོ་དང་། བྱེད་ས་ྒོ གཙོ་བོ་བྱས་ཏེ་

ཁྲིད་སྟོན་བྱེད་རྒྱུ་གལ་ཆེ།


དཀར་ཆག ཚོན་མདོག་ངོ་སྤྲོད།............................................................................................... 1 ཡ་བཏགས་བདུན།

.......................................................................................... 3

ཡིག་གཟུགས་འབྲི་སྦྱོང་།.................................................................................................... 4 མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།................................................................................. 8 སྐད་ཆ་སྦྱོང་བརྡར།.......................................................................................................... 12

གྲངས་ཀ............................................................................................................ 13

ཤིང་ཏོག་གི་མིང་སྐད་ཆ་དང་སྦྱར་ནས་ཁ་སློབ་གྱིས།............................................. 14 ར་བཏགས་བཅུ་བཞི།

.................................................................................... 16

ཡིག་གཟུགས་འབྲི་སྦྱོང་།.................................................................................................. 18 ར་བཏགས་ལ་དབྱངས་སྦྱར་ཏེ་ཀློག་སྟངས་སྦྱོངས།................................................................ 22 མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།............................................................................... 24

ཚལ་གྱི་མིང་།...................................................................................................... 30 སྐད་ཆ་སྦྱོང་བརྡར།.......................................................................................................... 32

ལ་བཏགས་དྲུག................................................................................................. 33

ཡིག་གཟུགས་འབྲི་སྦྱོང་།.................................................................................................. 34 ལ་བཏགས་ལ་དབྱངས་སྦྱར་ཏེ་ཀློག་སྟངས་སྦྱོངས།............................................................... 36 མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།............................................................................... 37 ཕྱག་འཚལ་སྟངས་སྦྱོང་བརྡར། (བསྐུམས་ཕྱག).................................................................... 41 སྐད་ཆ་སྦྱོང་བརྡར།.........................................................................................................................42

གྲངས་ཀ............................................................................................................ 43 ག


ཝ་བཏགས་བཅུ་གཉིས།....................................................................................... 44 མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།............................................................................... 49

གྲངས་ཀ............................................................................................................ 55 སྐད་ཆ་སྦྱོང་བརྡར།.......................................................................................................... 56

རྩེད་ཆས་ཀྱི་མིང་།............................................................................................... 57 མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།............................................................................... 59

སྒོ་ཕྱུགས་ཀྱི་མིང་།............................................................................................... 64 སྐད་ཆ་སྦྱོང་བརྡར།.......................................................................................................... 66

ཟུར་བཀོད།......................................................................................................... 72

བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary......................................... 73


འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་སྨོན་ལམ།

གཞོན་ནུའི་སྐུ་ལུས་འཆང་བ་པོ། །

ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །

འཇིག་རྟེན་གསུམ་གྱི་མུན་སེལ་བ། །

འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཨོཾ་ཨ་ར་པ་ཙ་ན་དྷཱི༔

དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔

...

བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །

བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། ། བློ་གྲོས་སྤོབས་པའི་སྣང་བ་སྩལ་ཏུ་གསོལ། ། ཅ


དབྱངས་གསལ་གྱི་སྐྱེ་གནས། དབྱངས་ཀྱི་སྐྱེ་གནས།

མགྲིན་པ་དང་སྤྱི་བོའི་ཆ་ནས་བཀུག་པ།

མགྲིན་པ་དང་སྤྱི་བོའི་ཆ་ནས་གྱེན་དུ་བསྒྲེང་བ།

མགྲིན་པ་དང་ལྕེའི་རྩ་བ། སོ་དང་རྐན་ལྕེ་རྩེ་དང་ཉེ་བ།

མགྲིན་པ་དང་མཆུ་གྱེན་དུ་བསྒྲེང་བ།

སྤྱི་བོ་དང་ལྕེའི་རྩེ་མོ་རྐན་དང་ཅུང་འཕྲད་པ།

ར།

ཞ།

མགྲིན་པ་དང་ལྕེ་ཉེ་བ།

མགྲིན་པ་དང་ལྕེའི་རྩ་བ། སྣ།

ང་།

ན།

ཨོ།

མཆུ་སྦྱོར་ལ་ཉེ་བ་དང་མགྲིན་པ།

མཆུ་སྦྱར་ཞིང་བཙུམ་པ།

ཙ། ཚ། ཛ། ཟ།

ཨུ།

ཅ། ཆ། ཇ། པ། ཕ། བ། ཝ།

ཏ། ཐ། ད། ལ།

ཡ།

སོ་དང་ལྕེའི་རྩེ་མོ། སྣ།

ཨེ།

ཀ ཁ། ག ཧ། ཨ། རྐན་དང་ལྕེའི་རྩེ་མོ་དང་ཉེ་བ།

རྐན་དང་ལྕེའི་སྐེད་པ་ཅུང་ཟད་ཉེ་བ། རྐན་དང་ལྕེའི་རྩེ་དང་ཤིན་ཏུ་ཉེ་བ།

མགྲིན་པ་དང་མཆུ་མ་རེག་ཙམ་ཟུམ་པ།

གསལ་བྱེད་སུམ་ཅུ་སོ་སོའི་སྐྱེ་གནས་ངོ་སྤྲོད།

སོ་དང་ལྕེའི་རྩེ་མོ།

རྐན་དང་ལྕེའི་རྩེ་མོ་དང་ཉེ་བ།

ཨི།

སོ་དང་རྐན་ལྕེའི་རྩེ་དང་ཤིན་ཏུ་ཉེ་བ། རྐན་དང་ལྕེའི་རྩེ་མོ། སྣ།

མཆུ་སྦྱར་ཞིང་བཙུམ་པ་དང། སྣ།

འ།

ས། ཉ།

མ།


ཡི་གེའི་སྐྱེ་གནས།

སྣ། སྤྱི་བོ། སོ། མཆུ། ཁོག་པ། རྐན། ལྕེ། མགྲིན་པ། ཁོག་པ་ནས་བྱུང་བ་ནི་ཡི་གེ་ཐམས་ཅད་དོ། ། ཇ


ང་རོ་རྩ་བ་གསུམ་གྱི་སྒྲ་འདོན་སྟངས།

)) གསེར་ཏོག་སུམ་རྟགས་ལས། ང་རོའི་རྩ་བ་གསུམ་ཡོད་དེ། །ཨ་ དང་ཧ་དང་འ་གསུམ་མོ། །ཞེས་པ་ལྟར།

)) ཨ་ཡི ག ་གི་ སྒྲའི་ ཆ་དང་ལྡན་པར་མགྲིན ་པ་བཙུམ་ཞི ང ་དབུགས་ སྟོབས་ཆུང་བས་སྟོད་དུ་གྲིམ་པའི་སྒྲ་དྲག་པའི་ཚུལ་གྱིས་གདོན་

པའི་ཡི་གེ་ནི་ཕོ་ཡིག་སྟེ། ཀ ཅ། ཏ། པ། ཙ། རྣམས་ཡིན།

)) ཧ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་ཕྱེ་ཞིང་དབུགས་སྟོབས་

ཆུང་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་ནི་མ་ ནིང་སྟེ། ཁ། ཆ། ཐ། ཕ། ཚ། རྣམས་ཡིན།

)) འ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་ཕྱེ་ཞིང་དབུགས་སྟོབས་

ཆུང་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་ནི་མོ་

ཡིག་སྟེ། ག ཇ། ད། བ། ཛ། ཝ། ཞ། ཟ། འ། ཡ། ཤ། ས། ང་། ཉ། ན། མ། ར། ལ། ཧ། ཨ། རྣམས་ཡིན་ནོ། །

)) ཞིབ་རྒྱས་<<བྱིས་པའི་ཀློག་སྦྱོང་བདེ་ལམ་>> དེབ་དང་པོ་ལ་གཟིགས། ཉ


འཚམས་འདྲི་ཞུ་སྟངས།

ཞོགས་པ་བདེ་ལེགས།

ཉིན་གུང་བདེ་ལེགས།

དགོང་དྲོ་བདེ་ལེགས།

གཟིམ་འཇགས་གནང་།


བཀྲ་ཤིས་ལགས། ཞོགས་པ་བདེ་ལེགས། རྒན་ལགས།

སྔ་དྲོ་བདེ་ལེགས།

ཨ་མ་ལགས།

དགོང་དྲོ་བདེ་ལེགས།

པ་ལགས།

ཉིན་གུང་བདེ་ལེགས།

སློབ་གྲོགས་ཚོ།

གཟིམ་འཇགས་གནང་།

སྐུ་ཁམས་བཟང་། མ་མཇལ་ཡུན་རིང་། སྐུ་ཁམས་བཟང་། མཇལ་ བས་དགའ་པོ་བྱུང་། ཐ


ཚོན་མདོག་ངོ་སྤྲོད། (ཁ་སློབ་གྱིས།)

དཀར་པོ།

ནག་པོ།

ལྗང་ཁུ།

སྔོན་པོ།

དམར་པོ།

མུ་མེན།

ཟིང་སྐྱ།

ལི་ཝང་།

ཐལ་མདོག

སེར་པོ།

རྒྱ་སྨུག

1


དར་ལྕོག་བརྒྱུད་ནས་ཚོན་མདོག་ངོ་སྤྲོད།

གནམ་སྔོན་པོ།

ནམ་མཁའ།

མེ་དམར་པོ།

མེ།

སྤྲིན་པ་དཀར་པོ།

རླུང་།

ཆུ་ལྗང་ཁུ།

ཆུ།

ས་སེར་པོ།

ས།

2


ཡ་བཏགས་བདུན།

ཀྱ། ཁྱ། གྱ། པྱ། ཕྱ། བྱ། མྱ། སྒྲ་གདངས་ཀྱི་ཁྱད་པར།

ཀྱ། གྱ། ཁྱ། པྱ། ཕྱ། བྱ། 3


ཡིག་གཟུགས་འབྲི་སྦྱོང་།

4


ཡིག་གཟུགས་བརྩེགས་ཏེ་བྲིས།

5


6


ཡ་བཏགས་ལ་དབྱངས་སྦྱར་ཏེ་ཀློག་སྟངས་སྦྱོངས།

ཀྱི།

ཀྱུ།

ཀྱེ།

ཀྱོ།

གྱེ།

གྱོ།

ཕྱེ།

ཕྱོ།

ཁྱི།

ཁྱུ།

པྱི།

པྱུ། པྱེ། པྱོ།

གྱི། ཕྱི།

བྱི།

མྱི།

ཁྱེ།

གྱུ། ཕྱུ། བྱུ།

བྱེ

ཁྱོ།

བྱོ།

མྱུ། མྱེ། མྱོ། 7


མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།

ཀྱ། ཀྱོ་བ།

ཀྱོ་བ་ཟེར་ན་ལྕགས་ཀྱུ་རེད།

ཁྱི།

བོད་ཀྱི་འབྲོག་ཁྱི་གཟུགས་སྟོབས་ཆེ།

ཁྱ།

8


གྱ། གྱོ་མོ།

སོ་ཕག་ལ་གྱོ་མོ་ཡང་ཟེར།

ཕྱུ་པ།

བུ་མོའི་ཕྱུ་པ་འདི་སྙིང་རྗེ་མོ་འདུག

ཕྱ།

9


བྱ། བྱ་ཕོ།

བྱ་ཕོ་ཡིས་བྱ་སྐད་རྒྱག

མྱུ་གུ།

ས་བོན་ལས་མྱུ་གུ་འབུས།

མྱ།

10


སྦྱོར་ཀློག་གྱིས།

ཀྱ་ཀ

ཕྱ་ར།

ཀྱུ་རུ་རུ། ཕྱེ་མ།

རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)

ཁྱི།

ཕྱི་བ།

ཁྱུ།

ཀྱེ་མ། གྱ་གྱུ། བྱི་བ།

བྱི་ལ།

ཁྱོ་ག བྱ་མོ།

བྱུ་རུ།

བྱེ་མ།

དཔེར་ན། ཁྱི་ནག་པོ་ཞིག་འདུག ལྟ་བུ། 11


སྐད་ཆ་སྦྱོང་བརྡར།

བྱ་ཕོ་ཡིས་ག་རེ་བྱེད་ཀྱི་འདུག

བྱ་ཕོས་བྱ་སྐད་རྒྱག་གི་འདུག

ད་ལྟ་ནམ་དུས་ག་རེ་རེད།

ད་ལྟ་ནམ་དུས་དཔྱིད་ཀ་རེད།

མི་འདི་ཡིས་ག་རེ་གནང་གི་འདུག

ཁོང་གིས་ཞིང་རྨོ་བཞིན་འདུག

12


གྲངས་ཀ

༥༡

༥༢

༥༣

༥༤

༥༥

༥༦

༥༧

༥༩

༦༠

༦༡

༦༢

༦༣

༦༤

༦༥

༦༦

༦༧

༦༨

༦༩

༧༠

13

༥༨


ཤིང་ཏོག་གི་མིང་སྐད་ཆ་དང་སྦྱར་ནས་ཁ་སློབ་གྱིས།

ཁམ་བུ།

སེ་འབྲུ།

ཨ་མྲ།

སེ་ཡབ།

14


ཚོན་ཐོངས།

15


ར་བཏགས་བཅུ་བཞི།

ཀྲ། ཁྲ། གྲ། ཐྲ།

ཕྲ།

སྲ།

དྲ།

ནྲ།

བྲ།

མྲ།

ཧྲ།

16

ཏྲ།

པྲ།

ཤྲ།


སྒྲ་གདངས་ཀྱི་ཁྱད་པར།

ཀྲ།

ཏྲ།

པྲ།

གྲ།

དྲ།

བྲ།

ཁྲ། ཕྲ།

སྲ།

ཧྲ། 17

ཐྲ།


ཡིག་གཟུགས་འབྲི་སྦྱོང་།

18


ཡིག་གཟུགས་བརྩེགས་ཏེ་བྲིས།

19


20


21


ར་བཏགས་ལ་དབྱངས་སྦྱར་ཏེ་ཀློག་སྟངས་སྦྱོངས།

ཀྲི།

ཀྲུ། ཀྲེ། ཀྲོ།

ཁྲི།

ཁྲུ།

ཏྲི།

ཏྲུ། ཏྲེ། ཏྲོ།

གྲི། ཐྲི།

དྲི།

ནྲི།

ཁྲེ།

གྲུ།

གྲེ།

ཁྲོ། གྲོ།

ཐྲུ། ཐྲེ། ཐྲོ། དྲུ། དྲེ། དྲོ།

ནྲུ། ནྲེ། ནྲོ། 22


པྲི།

པྲུ། པྲེ། པྲོ།

བྲི།

བྲུ། བྲེ། བྲོ།

ཤྲི།

ཤྲུ། ཤྲེ། ཤྲོ།

ཕྲི།

མྲི།

སྲི། ཧྲི།

ཕྲུ།

ཕྲེ།

ཕྲོ།

མྲུ། མྲེ། མྲོ། སྲུ།

སྲེ།

སྲོ།

ཧྲུ། ཧྲེ། ཧྲོ། 23


མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།

ཀྲ། ཀྲི་ག

མིག་གི་ཀྲི་ག་སྙིང་རྗེ་མོ་འདུག

ས་ཁྲ།

འདི་ནི་བོད་ཀྱི་ས་ཁྲ་རེད།

ཁྲ།

24


གྲ། གྲོ་མ།

འབྲས་སིལ་བཟོ་སྐབས་གྲོ་མ་དགོས།

པ་ཏྲ།

སྒོ་ཡོལ་ལ་པ་ཏྲ་ཡི་རི་མོ་འདུག

ཏྲ།

25


དྲ། དྲུ་གུ།

དྲུ་གུ་ཆེ་ཆུང་མང་པོ་འདུག

ཕྲུ་གུ།

བུ་བཅོལ་ཁང་ལ་ཕྲུ་གུ་མང་པོ་ཡོད་རེད།

ཕྲ།

26


བྲ། བྲོ་བ།

པི་ཛ་ཡི་བྲོ་བ་ཞིམ་པོ་ཡོད་རེད།

ཨ་མྲ།

ཤིང་ཏོག་ཨ་མྲ་ཞིམ་པོ་ཡོད་རེད།

མྲ།

27


སྲ། སྲུ་མོ།

ངའི་སྲུ་མོ་བོད་ལ་ཡོད།

28


སྦྱོར་ཀློག་གྱིས།

ན་ཀྲ། གྲ་མ།

ཏྲེ་བོ།

བྲེ་ཁ།

བྲ་བོ། སྲ་བ།

ཁྲ་ཁྲ།

གྲུ་ཁ།

རྒྱུན་སྤྱོད་ཀྱི་མིང་། (སྐད་ཆ་དང་སྦྱར་ཏེ་ཁ་སློབ་གྱིས།)

དྲ་བ།

དྲ་མ།

ཁྲི་པ། དྲི་མ།

དྲི་བ། ཕྲ་མོ།

ཕྱི་དྲོ། དྲོ་པོ།

སྲོ་མ། སྲ་མོ། བྲོ་ཁ།

གྲེ་བ།

དཔེར་ན། ཁོང་གིས་སྟོད་ཐུང་ཁྲ་ཁྲ་ཞིག་གོན་འདུག 29


ཚལ་གྱི་མིང་།

ཙོང་།

ཊོ་མ་ཊོ།

མེ་ཏོག་པད་ཚལ།

པ་ལག

30


ཚོན་ཐོངས།

31


སྐད་ཆ་སྦྱོང་བརྡར། (ཁ་སློབ་གྱིས།)

ཀ༽ ཨ་ཅག་ལགས། ཁྲོམ་གཟིགས་ཁང་ཆེན་དུ་ག་རེ་བཙོང་རྒྱུ་ཡོད་ རེད།

ཁ༽ ཁྲོམ་གཟིགས་ཁང་ཆེན་དུ་ཕྱུ་པ་དང་། སྟོད་ཐུང་། ཊོ་མ་ཊོ། ཀུ་ཤུ། པ་ལག་སོགས་བཙོང་རྒྱུ་ཡོད་རེད།

ཀ༽ ཀུ་ཤུ་རྒྱ་མ་ ༡ གི་རིན་གོང་སྒོར་ག་ཚོད་རེད།

ཁ༽ ཀུ་ཤུ་རྒྱ་མ་ ༡ གི་རིན་གོང་སྒོར་ ༡.༥ དང་། རྒྱ་མ་ ༡༠ ལ་སྒོར་ ༡༥ རེད།

32


ལ་བཏགས་དྲུག

ཀླ། ཟླ།

གླ། བླ། རླ། སླ།

སྒྲ་གདངས་ཀྱི་ཁྱད་པར།

ཀླ། གླ། བླ། རླ། སླ། ཟླ། 33


ཡིག་གཟུགས་འབྲི་སྦྱོང་།

34


35


ལ་བཏགས་ལ་དབྱངས་སྦྱར་ཏེ་ཀློག་སྟངས་སྦྱོངས།

ཀླི།

ཀླུ།

ཀླེ།

གླི།

གླུ།

རླི།

རླུ། རླེ། རློ།

བླི།

སླི། ཟླི།

གླེ།

ཀློ།

བླུ།

བླེ།

སླུ།

སླེ།

གློ། བློ།

སློ།

ཟླུ། ཟླེ། ཟློ། 36


མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།

ཀླ། ཀླུ་མོ།

ལུས་སྨད་སྦྲུལ་ཅན་གྱི་ཀླུ་མོ་ཞིག

གློ་བ།

ཐ་མག་འཐེན་ན་གློ་བ་ལ་གནོད།

གླ།

37


བླ། བླ་མ།

བླ་མ་ཡི་དྲུང་ནས་གསུང་ཆོས་ཞུས།

ཟླ་བ།

ཚེས་ ༡༥ ཡི་ཟླ་བ་ནི་སྒོར་སྒོར་རེད།

ཟླ།

38


སླ། སློ་མ།

སློ་མ་འདི་སྨྱུག་མས་བཟོས་པ་རེད།

39


སྦྱོར་ཀློག་གྱིས།

ཀླ་ཀློ།

ཀློ་པ།

ཟློ་བ།

བླུ་ཉོ།

སླེ་བོ། སླ་ང་།

བླ་བྲེ།

རྒྱུན་སྤྱོད་མིང་། (སྐད་ཆ་དང་སྦྱར་ནས་ཁ་སློབ་གྱིས།)

གླ་ཆ། སླ་པོ། གླ་བ། ཟླ་བོ།

ཀླུ།

གླུ།

དཔེར་ན། ཁོ་གླ་ཆ་མཐོ་པོ་རེད། 40

སླུ།


ཕྱག་འཚལ་སྟངས་སྦྱོང་བརྡར། (བསྐུམས་ཕྱག)

ལུས་དྲང་པོར་བསྲངས་ནས། ལག་གཉིས་ཐལ་མོ་

སྦྱར་ཏེ། སྤྱི་བོ་དང་། མགྲིན་པ། སྙིང་གར་གཏུགས།

ལུས་ཀྱི་ཡན་ལག་ལྔ་སྟེ། ལག་པའི་མཐིལ་གཉིས་དང་། པུས་མོ་གཉིས། དཔྲལ་བ་བཅས་རིམ་བཞིན་ས་ལ་ གཏུགས་པ་དང་།

ཡར་ལངས་ཏེ། སྔར་ལྟར་ཐལ་མོ་སྤྱི་བོ་དང་། མགྲིན་

པ། སྙིང་གར་གཏུགས་ཏེ་ཡང་ཡང་འཚལ་དགོས་སོ། ། 41


སྐད་ཆ་སྦྱོང་བརྡར། (ཁ་སློབ་གྱིས།) ཀ༽ ཨ་ཅག་ལྷ་མོ་ལགས། ཁྱེད་ཚོའི་ནང་ག་པར་ཡོད།

ཁ༽ ང་ཚོའི་ནང་གྲོང་ཁྱེར་གྱི་གཞུང་ལམ་སུམ་མདོ་དེའི་གཡས་ཕྱོགས་ལ་ཡོད། མགྱོགས་ ལམ་ནས་ཕྱིན་ན། ལམ་སང་སླེབས་ཀྱི་རེད།

ཀ༽ བོད་ལ་ཁྱེད་ཀྱི་ནང་ག་པར་ཡོད་རེད།

ཁ༽ ངའི་ཨ་མ་ལགས་ཀྱིས། ལྷ་སའི་གཙུག་ལག་ཁང་གི་འགྲམ་ན་ཡོད་པ་རེད་གསུངས་ བྱུང་།

ཀ༽ ཨ་ལེ། ཁྱེད་རང་བོད་ལ་འགྲོ་མྱོང་ཡོད་དམ།

ཁ༽ མེད། འགྲོ་དགོས་བསམས་ནས་བསྡད་ཡོད། བསྟན་འཛིན་ལགས། ཁྱེད་ཀྱི་ནང་ག་ པར་ཡོད། བོད་ཀྱི་ས་ཆ་གང་ནས་རེད།

ཀ༽ ངའི་ནང་གྲོང་ཁྱེར་མེ་ཏོག་ལྡུམ་རའི་འགྲོ་ལམ་ན་ཡོད། བོད་བྱང་འབྲོག་ཁུལ་ནས་ རེད་ཟེར།

ཁ༽ སྤྱི་སྤྱོད་རླངས་འཁོར་སླེབས་སོང་། རྗེས་ལ་མཇལ་ཡོང་། ཀ༽ རྗེས་ལ་མཇལ་ཡོང་། ག་ ལེར་ཕེབས།

42


གྲངས་ཀ

༧༡

༧༢

༧༣

༧༤

༧༩

༨༠

༨༡

༨༢

༨༣

༨༤

༨༥

༨༦

༨༧

༨༨

༨༩

༩༠

༧༥

༧༦

༧༧

43

༧༨


ཝ་བཏགས་བཅུ་གཉིས།

ཀྭ་ ཁྭ་ གྭ་ ཉྭ་

དྭ་ ཚྭ་ ཞྭ་ ཟྭ་ རྭ་ ལྭ་ ཤྭ་ ཧྭ། 44


ཡིག་གཟུགས་འབྲི་སྦྱོང་།

45


ཡིག་གཟུགས་བརྩེགས་ཏེ་བྲིས།

46


47


48


མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།

ཁྭ། ཁྭ་ཏ།

ཁྭ་ཏ་ཁ་ཤས་ས་ལ་བབས་འདུག

གྭ་པ།

གཡག་གྭ་པ་མང་པོ་འདུག

གྭ།

49


ཉྭ། ཉྭ་ཤ

རྐང་པའི་ཉྭ་ཤ་སྐྲངས་འདུག

ཚྭ།

འདི་ཚོ་ཚྭ་རེད།

ཚྭ།

50


ཞྭ། ཞྭ་མོ།

ཟྭ། ཟྭ་པོ།

ཞྭ་མོ་འདྲ་མི་འདྲ་མང་པོ་འདུག

ཟྭ་པོ་ལ་ལག་པ་འཆང་མི་ཉན། 51


རྭ། རྭ་ཅོ།

འདི་ཚོ་གཡག་གི་རྭ་ཅོ་རེད།

ལྭ་བ།

ཚོང་ཁང་འདི་ལ་ལྭ་བ་འདྲ་མིན་འདུག

ལྭ།

52


ཤྭ། ཤྭ་བ།

ཤྭ་བ་ལ་རྭ་ཅོ་རིང་པོ་འདུག

53


ཀློག་སྦྱོང་གྱིས།

ཀྭ་ཡེ། བ་ཚྭ། རྭ་ནུ།

ཉྭ།

ཞྭ་ལུ།

ཚྭ་ཆུ།

ཟྭ།

ཤྭ་རྭ། ཨ་ཤྭ་ཀ 54


གྲངས་ཀ

༩༡

༩༢

༩༩

༡༠༠

༩༥

༩༣

༩༦

༩༧

55

༩༤ ༩༨


སྐད་ཆ་སྦྱོང་བརྡར། ཀ༽ བསྟན་འཛིན་ལགས། སྐུ་ཁམས་བཟང་། མ་མཇལ་ཡུན་རིང་། ཁ༽ སྒྲོལ་མ་ལགས། མ་མཇལ་ཡུན་རིང་། ག་པར་ཕེབས་ཀྱི་ཡོད། ཀ༽ ཁྲོམ་གཟིགས་ཁང་ཆེན་ལ་འགྲོ་ཡི་ཡོད། ཁ༽ ག་རེ་ཉོ་བར་ཕེབས་ཀྱི་ཡོད།

ཀ༽ གྱོན་གོས་དང་། ཚྭ་སོགས་དངོས་པོ་ཙག་ཙིག་ཅིག་ཉོ་རུ་འགྲོ་ཡི་ཡིན། ཁྱེད་རང་།

ཁ༽ དེ་རིང་ངའི་སྤུན་མཆེད་ཅིག་ཡོང་གི་ཡོད། གནམ་ཐང་ལ་ཁོང་བསུ་རུ་འགྲོ་ཡི་ཡིན། ཀ༽ ཁྱེད་རང་གཅིག་པུ་ཕེབས་མཁན་ཡིན་ནམ།

ཁ༽ ང་གཅིག་པུ་མིན། ཨ་མ་ངེད་གཉིས་འགྲོ་ཡི་ཡོད།

ཀ༽ ཨ་ལེ། སྤུན་མཆེད་ཁོང་བོད་ནས་ཕེབས་ཀྱི་ཡོད་པ་རེད་དམ།

ཁ༽ མ་རེད། རྒྱ་གར་ནས་ཡོང་གི་ཡོད་རེད།

ཡ་ཡ་་་། ག་ལེར་ ཕེབས།

ག་ལེར་ཕེབས། རྗེས་ ལ་མཇལ་ཡོང་།

56


རྩེད་ཆས་ཀྱི་མིང་།

ཨ་ལད་པད་ཀོ།

མོ་ཊ།

ལྒང་ཕུག

སྤོ་ལོ།

57


ཚོན་ཐོངས།

58


མིང་དང་སྦྱར་ཏེ་བརྗོད་པ་ཁ་སློབ་གྱིས།

གྲྭ གྲྭ་པ།

གྲྭ་པ་ཚོས་ཞབས་བརྟན་སྒྲུབ།

གྲི།

འདི་ན་གྲི་ཆུང་གཉིས་འདུག

གྲི།

59


གྲུ། གྲུ་ཁ།

གྲུ། གྲུ་མོ།

གྲུ་ཁ་ན་གྲུ་མང་པོ་བཞག་འདུག

ལག་པའི་གྲུ་མོ་ལ་ན་ཟུག་བཏང་། 60


གྲོ། གྲོ་ཕྱེ།

བྱུ། བྱུ་རུ།

གྲོ་ཕྱེ་བརྫིས་ནས་བག་ལེབ་བཟོས།

བྱུ་རུ་ཡི་སྐེ་རྒྱན་སྙིང་རྗེ་མོ་འདུག 61


བྱེ།

བྱེ་མ་ཀ་ར།

ཕྱེ། ཕྱེ་བ།

བྱེ་མ་ཀ་ར་ནི་མངར་མོ་རེད།

བསྟན་འཛིན་གྱིས་སྒོ་ཕྱེ་བ་རེད། 62


མཆོད་པ་འབུལ་སྟངས།

ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །

སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། ། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །

བཙུན་པ་སྤྱན་རས་གཟིགས་ལ་མཆོད་པ་འབུལ། །

63


སྒོ་ཕྱུགས་ཀྱི་མིང་།

རྟ།

གཡག

ལུག

བ་ཕྱུགས།

64


ཚོན་ཐོངས།

65


སྐད་ཆ་སྦྱོང་བརྡར།

ཀ༽ ཁྱེད་རང་སྲོག་ཆགས་ལ་དགའ་པོ་ཡོད་དམ། ཁ༽ ང་སྲོག་ཆགས་ལ་དགའ་པོ་ཡོད།

ཀ༽ ཁྱེད་རང་སྲོག་ཆགས་ག་རེ་ལ་དགའ་པོ་ཡོད།

ཁ༽ ང་སྲོག་ཆགས་འབྲོང་དང་། དོམ་ཁྲ། ཞི་མི་བཅས་ལ་ དགའ་པོ་ཡོད།

མོ་རང་ཁྱི་ཕྲུག་དང་།

ཙི་ཙི་ལ་དགའ་པོ་ཡོད་རེད།

66


མིང་གཞི་དང་འདོགས་ཅན་བསྐྱར་སྦྱོང་།

མིང་གཞི།

འདོགས་ཅན། 67


རི་མོར་བལྟས་ནས་སྐད་ཆ་ཤོད།

68


རི་མོར་བལྟས་ནས་སྐད་ཆ་ཤོད།

69


རི་མོར་བལྟས་ནས་སྐད་ཆ་ཤོད།

70


རི་མོར་བལྟས་ནས་སྐད་ཆ་ཤོད།

71


གཞོགས་འདེགས་ཀློག་དེབ།

ཟུར་བཀོད།

བྱིས་པའི་ཀློག་སྦྱོང་བདེ་ལམ། དེབ་ཕྲེང་ ༣༢-༣༥ བྱིས་པའི་ཀློག་དེབ། དེབ་ཕྲེང་ ༡༥-༡༨

གཤམ་གྱི་དྲྭ་ཚིགས་ཁག་ལ་དོ་སྣང་གྱིས། བོད་ཡིག་སློབ་སྦྱོང་དྲྭ་ཚིགས། https://bodyiglobjong.com/

ཤེས་རིག་ཡུ་ཊུབ་དྲྭ་བརྙན། https://youtube.com/@sherigCTA ཨཡེ་སུའུ་དྲྭ་ཚིགས། https://issuu.com/doewebmaster ཤེས་རིག་སྒྲ་མཛོད། https://soundcloud.com/sherigs ཐ་སྙད་འཚོལ་བཤེར། https://tibterminology.net/

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲྭ་ཚིགས། http://www.secularethics.net/ གོང་གསལ་དྲྭ་ཚིགས་ཁག་ནས་ཀློག་དེབ་དང་། བྱིས་པའི་སྒྲུང་དེབ། འགུལ་བརྙན། བྱིས་པའི་

གླུ་གཞས་འགུལ་བརྙན། སློབ་ཁྲིད་བརྙན་འཕྲིན། སུམ་རྟགས་སོགས་ཁྲིད་པའི་སྒྲ་བཅས་ལ་ལྟ་

ཀློག་ཉན་གསུམ་བྱེད་ཐུབ།

72


བོད་ཨིན་ཐ་སྙད་ཤན་སྦྱར། Tibetan-English Glossary

ཀྱོ་བ།

གྱོ་མོ། བྱ་ཕོ། ཀྱ་ཀ

ཀྱེ་མ། གྱ་གྱུ། ཕྱི་བ། བྱུ་རུ།

བྱི་བ། ཁྱོ་ག

ཀྲི་ག

པ་ཏྲ།

hook brick Rooster Magpie Alas! intrigue marmot coral rat Husband eye crease

Padra/ endless knot

ཁྱི།

ཕྱུ་པ།

མྱུ་གུ།

ཀྱུ་རུ་རུ། ཁྱུ།

ཕྱ་ར།

བྱ་མོ།

བྱི་ལ། བྱེ་མ། ས་ཁྲ།

གྲེ་བ། གྲོ་མ། 73

dog Traditional Tibetan dress sprout Chirp herd door curtain of yakhair cloth hen cat sand map throat

droma


ཕྲུ་གུ། ཨ་མྲ།

ན་ཀྲ། ཁྲི་པ། གྲུ་ཁ། དྲ་བ། དྲོ་པོ། ཀླུ་མོ།

བླ་མ།

སློ་མ། ཀློ་པ།

གླ་བ།

སླ་པོ། ཟླ་བོ།

kid mango crocodile chairman harbour net warm female naga spiritual master/ Lama Woven basket

klopa musk deer easy companion

དྲུ་གུ། བྲོ་བ།

སྲུ་མོ། ཁྲ་ཁྲ། གྲ་མ། ཏྲེ་བོ།

དྲི་མ།

སྲོ་མ། གློ་བ།

ཟླ་བ།

གླ་ཆ། བླུ་ཉོ།

ཟློ་བ།

སླེ་པོ། 74

ball of yarn taste maternal aunt multi-color awn

tevo smell nit (egg of a louse) lung moon salary buy repeat basket


གླ་པ།

བླ་བྲེ། ཀླུ།

ཁྭ་ཏ། ཚྭ།

ཟྭ་པོ།

ཤྭ་བ།

ཀྭ་ཡེ། གྲྭ་པ།

གྲུ་མོ།

ཊོ་མ་ཊོ། ཕྱེ་བ།

worker canopy naga crow salt nettle deer hello! monk elbow tomato open

སླ་ང་། སླུ། གླུ།

གྭ་པ། ཞྭ་མོ། རྭ་ཅོ།

ལྭ་བ།

ཚྭ་ཆུ། གྲི།

གྲོ་ཕྱེ།

pan deceive song animal with white forehead hat horn clothe salt water knife wheat flour

བྱེ་མ་ཀ་ར། sugar

75


76


Turn static files into dynamic content formats.

Create a flipbook
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ་སྨད་ཆ། དབུ་ཅན། by Sherig Books - Issuu