ཕྱི་ལོ་ ༢༠༡༩ ལོར་གཏན་འབེབས་བྱུང་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་ཞུས།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ། འཛིན་རིམ་བཞི་པའི་སློབ་དེབ།
འཛིན་རིམ་བཞི་པའི་སློབ་དེབ། (ཚོད་ལྟ།)
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།
ཕྱི་ལོ་ ༢༠༡༧ ལོར་རྩོམ་སྒྲིག་དང་གཏན་འབེབས་ཞུས་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ སློབ་གྲྭའི་བོད་ཡིག་སློབ་དེབ་གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུས།
རྩོམ་སྒྲིག་འགན་འཁུར་བ། རྩོམ་སྒྲིག་པ།
བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)
དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ།
གཏན་འབེབས་ཚོགས་ཆུང་གི་ཚོགས་མི།
དངོས་གྲུབ་བསྟན་པ།
ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན།
མིང་ཆུང་།
དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ།
དགེ་འདུན་དོན་ཡོད། བསྟན་འཛིན་དཔལ། ཆོས་ཉིད་སྒྲོལ་མ།
བྱམས་པ་དཔལ་མོ།
བློ་བཟང་འཕྲིན་ལས། བཀྲ་ཤིས་མཚོ་མོ།
ཤེས་ལྷན་སློབ་དེབ་ཚན་པའི་འགན་འཁུར་བ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ། བྱིས་སྒྲུང་རྩོམ་སྒྲིག་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་དགེ།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ།
ཨེ་མིལ་ཡ། (Emilya)
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་ལམ་སྟོན་པ།
ཉི་མ་བུ་ཁྲིད།
ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ།
ཨོ་ཤོད་ཚེ་རིང་གཡང་འཛོམས། ནང་བསྟན་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན།
©བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།
དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། Special Acknowledgement
Funded by DANIDA through CICED
Phone: Email: Web:
DEPARTMENT OF EDUCATION Central Tibetan Administration
༄༅།
+91-1892-222572/222721 education@tibet.net www.sherig.org
GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA
ཆེད་བརྗོད།
།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་
གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།
དེས་ན་རང་གི་སྐད་ཡིག་རྒྱུན་
འཛིན་དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་
ཡིན་པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་ བརྒྱུད་ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་ཉི་
ཤུའི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་
ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ་རྒྱ་བལ་གྱི་སློབ་གྲྭ་ཁག་གི་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་ ལ། དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་སོགས་ ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།
ཉེ་བའི་ལོ་བཅུ་ཕྲག་འགའི་ནང་བོད་མི་ཕོན་ཆེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་གནང་དང་
གནང་བཞིན་པ་མ་ཟད། གཞུང་།
ཁོར་ཡུག་དང་མི་རབས་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་། རིག་
གོམས་གཤིས་བཅས་མུ་མཐུད་རྒྱུན་འཛིན་བྱེད་པར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།
དཀའ་ངལ་དེ་དག་ལ་གདོང་ལེན་ཆེད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་།
བོད་རིགས་སྤྱི་མཐུན་
ཚོགས་པ། བོད་རིགས་ཚོགས་པ། གཞན་བོད་མི་སྒེར་བཅས་ནས་གཟའ་མཇུག་ཏུ་བོད་ཀྱི་སྐད་ཡིག་དང་རིག་
གཞུང་གི་སློབ་གྲྭ་དང་འཛིན་གྲྭ་བསྒྲུབས་པ་དང་། བོད་ཡིག་སྦྱོང་བའི་ཀློག་དེབ་དང་བྱིས་སྒྲུང་། དྲྭ་ཚིགས་དང་ དྲྭ་རྒྱའི་ལམ་ནས་བོད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན་འདྲ་མིན་གོ་སྒྲིག་ཞུ་བཞིན་པ་ལ་ཡི་རང་
དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་
ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་ གཞུང་།
ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་ཆེད་དགོངས་ཚུལ་སྡུད་ལེན་ཞུ་
འབྲས། ས་གནས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ཕྱག་རོགས།
སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ། ཨ་རིའི་
བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འག ོ ་རྩོམ་སྒྲིག་གནང་བའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་
པ་བར་གྱི་སློབ་དེབ་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ཀྱིས་ བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་།
སུད་སི་ཡི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་
གིས་རྒྱ་གར་ནང་གི་སློབ་དེབ་སློབ་ཁྲིད་གནང་རྒྱུ་ཐག་གཅོད་བྱུང་བ་ལྟར། སློབ་ཁྲིད་བརྙན་འཕྲིན་བཟོ་རྒྱུའི་
མཚོན་པའི་ཕྱག་རོགས་ཞུས་། དེ་བཞིན་བེལ་ཇི་ཡམ་དང་ཨོ་གླིང་གིས་ཀྱང་རྒྱ་གར་ནང་གི་སློབ་དེབ་རྣམས་ གཞི་ལ་བཞག་སྟེ་རྩོམ་སྒྲིག་ཞུ་རྒྱུ་བྱས་པ་ལྟར་པར་རྩ་རྣམས་མཁོ་སྒྲུབ་ཞུ་རྒྱུའི་མཚོན་མཐུན་འགྱུར་གང་ཐུབ་ ཞུས།
ཕྱི་ལོ་
༢༠༡༨
ལོར་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་
གཞུང་སློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟེ།
བོད་ཀྱི་སྐད་ཡིག་དང་
རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག བསླབ་གཞིའི་རྩ་འཛིན་ བཟོ་འགོད་ཐད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར།
སྐད་ཡིག་
གཞན་གྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟེ་<<བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བསླབ་གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱི་རགས་ཟིན་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱིས་གོ་སྒྲིག་འོག་
ནིའུ་ཡོག་ཏུ་བསྐོངས་ཚོགས་གནང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་
ཚོགས་ཆེན་དང་པོའི་སྟེང་སྤྱི་མོས་གཏན་འབེབས་གནང་།
སྤྱིར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འག ོ ་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་
དང་འཚམ་པའི་སློབ་དེབ་རྩོམ་སྒྲིག་བྱེད་ཆོག་ཀྱང་། ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་ སྟབས། ཕྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་སྔོན་འགྲོ་ནས་སློབ་དེབ་རྣམས་རྩོམ་ སྒྲིག་འགོ་འཛུགས་ཞུས།
ཐེངས་འདིར་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་པར་སྐྲུན་ཞུས་
ཏེ། ཚོད་ལྟའི་ཚུལ་དུ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་ན། སློབ་དེབ་འདི་དག་ལག་བསྟར་གྱི་བརྒྱུད་ རིམ་ནང་བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་
དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་ རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༧ ཉིན།
ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ།
༓ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་ རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་ བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་
བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་
པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་ སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།
༓ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ ནུས་པའི་“གཞན་ཕན།”
༓ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་ བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།”
༓ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་
དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་ ”བཅས་བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།
(ཀ)
ཁྲིད་གཞིའི་ལམ་སྟོན། •
སློབ་ཚན་སློབ་ཁྲིད་སྐབས་སློབ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་བོར་མི་
•
སློབ་དེབ་འདི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་སྒྲུབ་
འཛིན་པའི་རྒྱུན་སྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་སྤྱོད་མི་རུང་།
ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། འཛིན་རིམ་ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང་།
སློབ་མ། ཁོར་ཡུག ཆ་རྐྱེན་སོགས་མི་འདྲ་བའི་གནས་སྟངས་འོག་སློབ་དེབ་ཀྱི་ནང་དོན་དང་། གོ་རིམ། ཟབ་ཚད་བཅས་
ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱེད་
•
དགོས། འོན་ཀྱང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས།
སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་བསླབས་པ་ཙམ་མ་ཡིན་པར། སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། རྒྱུན་མཐུད་རྟོག་ཞིབ་ཀྱིས་སློབ་མའི་སྐད་ཡིག་གི་
གནས་ཚད་ལ་གདེང་འཇོག་བྱེད་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟེན། སློབ་
• •
• •
•
དེབ་འདི་ཉིད་བེད་སྤྱད་ནས་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་གཏོང་དགོས། བསྡུས་ཀློག་དང་སྦྱོར་ཀློག་ཟུང་འབྲེལ་བྱེད་རྒྱུ་གལ་ཆེ།
ཚིག་གི་གཅོད་མཚམས་མ་ཉམས་པར་རྩོམ་ཡིག་ཐུང་གྲས་དང་། སྒྲུང་ཐུང་། གསར་འགྱུར་ཐུང་གྲས་བཀླགས་ཏེ་ནང་དོན་
ཅུང་ཟད་རྟོགས་ཐུབ་པ་དང་། སྦྱངས་ཟིན་པའི་མིང་ཚིག་དང་། བྱ་ཚིག རྒྱུན་སྤྱོད་ཀྱི་ཐ་སྙད་ཁག་སྐད་ཆའི་ནང་བེད་སྤྱོད་ ཐུབ་པ་བྱེད་དགོས།
སློབ་དེབ་འདིའི་ནང་བརྡ་དག་དང་། ཚིག་ཕྲད་གང་འཚམ་ཞིག་བཀོད་ཡོད་པ་རྣམས་ཚིག་སྒྲུབ་འབྲི་སྐབས་དག་ཆ་མ་ ནོར་བ་དང་། ཚིག་ཕྲད་ཀྱི་ཐོབ་ཐང་ལྟར་འབྲི་ཐུབ་པར་ཤུགས་སྣོན་རྒྱག་དགོས།
འཛིན་རིམ་འདིར་ཕྱག་འཚལ་བའི་ཕན་ཡོན་དང་། སྐྱབས་འགྲོ། དགེ་བ་དང་མི་དགེ་བ། སྒོམ་རྒྱག་སྟངས་བཅས་ཆོས་རིག་
དང་། བོད་ཀྱི་སྣོད་བཅུད་དང་། དུས་ཆེན་ཁག་ངོ་སྤྲོད་ཀྱི་སྤྱིར་བཏང་ཤེས་བྱ། གསུམ་བཅུ་དྲན་གླུ་ཡིས་མཚོན་པའི་བོད་ཀྱི་ གནའ་དེང་གི་གླུ་གཞས་དང་། གླིང་བུ་འབུད་པའི་ཟློས་གར་གྱི་སྐོར་སློབ་དགོས། ་
མདོར་ན། བསླབ་གཞིའི་རྩ་འཛིན་ཡང་ཡང་བཀླགས་ཏེ། ཉན་རྩལ་དང་། ཀློག་རྩལ། བཤད་རྩལ། འབྲི་རྩལ་བཅས་སློབ་
ཕྲུག་གི་ལོ་ཚད་དང་བསྟུན་ནས་སྦྱོང་བརྡར་སྤྲོད་རྒྱུ་དང་། སློབ་དེབ་ཀྱི་མཇུག་ཏུ་སྤྲད་པའི་དྲྭ་ཚིགས་ལས་སློབ་ཁྲིད་ཀྱི་རྒྱུ་
ཆ་མཁོ་སྒྲུབ་ཀྱིས་སློབ་ཕྲུག་ཉོབ་སྣང་མེད་པར་སྤྲོ་སྣང་འཕེལ་བར་རྩེད་མོ་དང་། བྱེད་སྒོ་གཙོ་བོ་བྱས་ཏེ་ཁྲིད་སྟོན་བྱེད་རྒྱུ་ གལ་ཆེ།
(ཁ)
དཀར་ཆག
བོད།........................................................................................................... 1 ང་ནར་སོན་ཡོད།.......................................................................................... 7 ལུས་པོའི་ཆ་ཤས།.......................................................................................10 ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི། (༡)...........................................................15
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི། (༢)...........................................................21 ཚོན་མདོག་དང་གྱོན་ཆས།........................................................................... 29 ནམ་དུས་དང་གནམ་གཤིས།........................................................................ 38 བོད་ཀྱི་ནམ་དུས་དང་གནམ་གཤིས།.............................................................. 44 བསླབ་བྱ།.................................................................................................. 49 གཡག་དང་མ་ཧེ།....................................................................................... 55 དགོང་ཟས་སྐོར་གླེང་བ།.............................................................................. 60 ཕལ་སྐད་དང་ཞེ་ས།.................................................................................... 65 འབྲེལ་སྒྲ།................................................................................................. 70 སང་ཉིན་ད་དུང་སང་ཉིན་གྱི་བྱ་བ་ཡོད།.......................................................... 75 (ག)
ཚིག་ཕྲད། ཞིང་སོགས།............................................................................... 79 སྤྲེའུས་ཟས་འཚོལ་བ།................................................................................. 83 སྐྱབས་འགྲོ།.............................................................................................. 88
དགེ་བ་དང་མི་དགེ་བ། ............................................................................... 92 བོད་ཀྱི་ནང་ཆོས།....................................................................................... 96 ཚིག་ཕྲད། ནས་དང་ལས།............................................................................ 98
སྒོམ།....................................................................................................... 101 བརྡ་དག་སྦྱོང་བརྡར། ............................................................................... 104
ཕྱག་འཚལ་བའི་ཕན་ཡོན།.......................................................................... 111 དུས་ཆེན་ངོ་སྤྲོད།....................................................................................... 114 གསུམ་བཅུའི་དྲན་གླུ། ............................................................................... 119 ལེགས་བཤད་ལྗོན་དབང་།......................................................................... 123
(ང)
༄༅།
བོད།
།བོད་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་ཆགས་ཤིང་།
སློབ་ ཚན། ༡
མཐའ་
མཚམས་མང་ཆེ་བ་གངས་རིས་བསྐོར་ཡོད་པས། བོད་ཡུལ་ལ་འཛམ་གླིང་གི་ ཡང་རྩེ་དང་། གངས་ལྗོངས་ཞེས་འབོད་པ་མ་ཟད། འཁྱགས་རོམ་གྱི་གསོག་ ཚད་འབོར་ཆེན་པོ་ཡོད་པས་འཛམ་གླིང་གི་སྣེ་གསུམ་པ་ཡང་འབོད་ཀྱི་ཡོད། བོད་ཀྱི་ས་བབ་ཆགས་ཡུལ་དང་ས་ཁྱོན།
ཨེ་ཤི་ཡ་ནི་གླིང་ཆེན་བདུན་གྱི་ནང་ནས་ཆེ་ཤོས་ཡིན་པ་མ་ཟད། མི་འབོར་ཡང་
1
མང་ཤོས་ཀྱི་གླིང་ཆེན་ཞིག་ཡིན། བོད་ནི་ཨེ་ཤི་ཡ་གླིང་ཆེན་གྱི་དཀྱིལ་དབུས་སུ་
ཆགས་ཡོད། བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་མི་ཊར་ ༤༩༠༠ ཡིན་པས་ འཛམ་གླིང་གི་ཡང་རྩེ་ཞེས་འབོད་པར་ཡང་རྒྱུ་མཚན་ཆེན་པོ་ཡོད་པ་ཤེས་ཐུབ།
བོད་ཀྱི་ས་ཆ་སྤྱིའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་གཉིས་དང་
ཕྱེད་ཀ་ལྷག་ཡོད་པ་དང་། དེ་ནི་ཉི་ཧོང་གི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་
ཆེ་བ་དང་། ཡུ་རོབ་སྤྱིའི་ས་ཁྱོན་གྱི་བཞི་ཆ་གཅིག་དང་། དེང་རྒྱ་ནག་དམར་
གཞུང་གིས་དབང་བསྒྱུར་བྱས་པའི་ས་ཁྱོན་གྱི་བཞི་ཆ་གཅིག་ཙམ་ཟིན་གྱི་ཡོད་
པས་ཧ་ཅང་ཆེན་པོ་ཡོད།
བོད་
མཚོ་ངོས་ལས་མཐོ་ཚད།
ཀྱི་
ས་
བབ་
2
ཆགས་
སྟངས།
ང་ཚོས་བོད་ཀྱི་ས་ཁྲ་ལ་བལྟས་ཚེ། བོད་ཤར་ཕྱོགས་ཀྱི་ས་ཆའི་ཁ་ཞེང་
ཆེ་བ་དང་། ནུབ་ཕྱོགས་ཀྱི་ས་ཆའི་ཁ་ཞེང་ཅུང་ཆུང་བའི་རྣམ་པ་མཐོང་ཐུབ། ཨེ་
ཤི་ཡའི་ཡུལ་ལུང་ཁག་ཏུ་འབབ་པའི་གཙང་པོ་ཆེ་ཁག་མང་པོ་ཞིག་གི་འབྱུང་
ཁུངས་བོད་ཡུལ་ཡིན་པས།
བོད་ཀྱི་གཙང་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་
གི་མི་འབོར་དུང་ཕྱུར་མང་པོའི་འཚོ་བ་དང་འབྲེལ་ཡོད། དེར་བརྟེན། བོད་ཡུལ་
ནི་འཛམ་གླིང་གི་ས་བབ་ཆགས་སྟངས་ཀྱི་ཆ་ནས་ཀྱང་ཧ་ཅང་གལ་ཆེན་ཞིག་
ཡིན་པ་མ་ཟད།
ཨེ་ཤི་ཡའི་གནམ་གཤིས་དང་རང་བྱུང་ཁོར་ཡུག་གི་འགྱུར་
3
ལྡོག་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་
བྱེད་རྒྱུ་ནི་བོད་ཙམ་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མིའི་འཚོ་གནས་ལ་ ཡང་འབྲེལ་བ་ཡོད་པ་ཞིག་ཡིན།
སྦྱོང་ཚན། དང་པོ། མཐུན་སྦྱོར་གྱིས།
བོད་ཀྱི་ས་ཁྱོན་ནི་
ཡུ་རོབ་སྤྱིའི་ས་ཁྱོན་གྱི་
ཉི་ཧོང་རྒྱལ་ཁབ་ཀྱི་ས་ཁྱོན་ལས་ དེང་རྒྱ་གཞུང་གི་ས་ཁྱོན་གྱི་
ལྡབ་བརྒྱད་ཀྱིས་ཆེ།
བཞི་ཆ་གཅིག་ཙམ་ཟིན། བཞི་ཆ་གཅིག་ཡོད།
གཉིས་པ། དྲི་བར་ལན་ཐོབས། ༡། སློབ་ཚན་ནང་གསལ་བའི་བོད་ཀྱི་མིང་གཞན་གསུམ་གང་དག་ཡིན་ནམ།
༢། བོད་ནི་ཨེ་ཤི་ཡའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ཆེན་པོ་ ཡོད་པའི་རྒྱུ་མཚན་གང་ཡིན་ནམ།
4
༣། ས་ཁྲའི་སྟེང་ནས་བོད་ཀྱི་ས་དབྱིབས་ཅི་འདྲ་ཞིག་མཐོང་གི་འདུག་གམ། དེའི་རི་ མོ་བྲིས།
༤། བོད་ཀྱི་ས་བབ་ཆ་སྙོམས་ཀྱི་མཐོ་ཚད་མི་ཊར་ག་ཚོད་ཡོད་དམ།
གསུམ་པ། རེའུ་མིག་སྐོངས།
བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ།
བོད་ཀྱི་གཙང་པོ།
5
བཞི་པ། ཨེ་ཤི་ཡའི་ས་ཁྲའི་སྟེང་ཐིག་རིས་འཐེན་ནས་བོད་ཀྱི་ས་ཁྲ་འབྲི་དགོས།
6
ང་ནར་སོན་ཡོད།
ང་ལོ་གཅིག་ཡིན། ངས་གོམ་པ་རྒྱག་ཐུབ་ཀྱི་ཡོད། ང་ལོ་གཉིས་ཡིན། ངས་ཟ་མ་ཟ་ཐུབ་ ཀྱི་ཡོད།
ང་ལོ་གསུམ་ཡིན།
ངས་
རང་གི་གྱོན་ཆས་གོན་ཐུབ་ཀྱི་ཡོད།
ང་ལོ་བཞི་ཡིན། ང་ཆབ་གསང་གཏོང་དུ་འགྲོ་ ཐུབ་ཀྱི་ཡོད།
7
སློབ་ ཚན། ༢
ང་ལོ་ལྔ་ཡིན། ངས་ཨ་མར་གད་ཕྱིས་བྱེད་རོགས་བྱེད་ཐུབ་ཀྱི་ཡོད། ང་ནར་སོན་ཡོད། ངས་ཡི་གེ་ཀློག་ཤེས་ཀྱི་ཡོད། ང་ནར་སོན་ཡོད།
ངས་སློབ་སྦྱོང་བྱེད་ཀྱི་
ཡོད། ངས་མུ་མཐུད་ནས་སློབ་སྦྱོང་བྱེད་ཀྱི་ ཡིན། ངས་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡིན།
8
སྦྱོང་ཚན། དང་པོ། རི་མོར་བལྟས་ནས་ཚིག་སྒྲུབ་བྲིས།
ངས་གོམ་པ་རྒྱག་ ཐུབ་ཀྱི་ཡོད།
གཉིས་པ། བྱེད་སྒོ། སློབ་ཕྲུག་རེས་མོས་ཀྱིས་རང་གིས་ག་རེ་བྱེད་ཐུབ་ཀྱི་ཡོད་པ་ཤོད་དུ་ཆུག
9
སློབ་ ཚན། ༣
ལུས་པོའི་ཆ་ཤས། ལུས་པོའི་ཆ་ཤས་རྣམས་ངོ་སྤྲོད་བྱེད་རྒྱུ།
ལག་ཚིགས།
རྐང་པའི་ཚིགས་དང་།
རྐང་ཚིགས།
ལག་པའི་ཚིགས་སོགས་ནི་གཟུགས་པོ་འགུལ་སྐྱོད་
བྱེད་པ་ལ་ཧ་ཅང་གལ་ཆེན་པོ་རེད།
10
རྩིབ་མ།
སྒལ་ཚིགས།
སྒལ་ཚིགས་ནི་གཟུགས་པོའི་ཀ་བ་དང་ རྩིབ་མ་ནི ་ གཟུགས་པོ འི ་ གདུང་མ་ འདྲ་བ་རེད། སྒལ་ཚིགས་ཀྱིས་གཟུགས་ དང་། ལྕམ་ལྟ་བུ་རེད། དེས་གཟུགས་ པོ་གུར་བཞིན་ཕུབ་ཡོད།
པོ་དྲང་པོར་ཚུགས་ཐུབ་པར་བྱེད། ཀླད་པ།
མཆིན་པ།
ང་ཚོ ས ་སྐྱི ད ་པོ འི ་ ཚོ ར ་བ་དང་སྡུག་ པོའི་ཚོར་བ་ཚང་མ་ཀླད་པ་བརྒྱུད་ནས་
ཚོར་ཐུབ་ཀྱི་ཡོད།
མཆིན་པས་ཁ་ཟས་ཀྱི་དྭངས་མ་
རྣམས་རང་གི་གནས་སུ་དྲངས་ནས། ཁྲག་སོགས་དྭངས་མ་འཕེ ལ ་བར་ བྱེད།
11
གློ་བ།
ཕོ་བ།
ང་ཚོས་གློ་བ་ལ་བརྟེན་ནས་དབུགས་ ཕོ་བ་ནི་ཟས་འཇུ་བར་བྱེད་མཁན་གྱི་ གཏོང་ལེན་བྱེད་ཀྱི་ཡོད།
མཁལ་མ།
ཆ་ཤས་གཙོ་བོ་ཞིག་ཡིན། སྙིང་།
མཁལ་མ་ནི་གཅིན་པ་ཕྱི་ལ་འབྱིན་པར་ སྙི ང ་གི ས ་ང་ཚོ འི ་ གཟུགས་པོ འི ་ ཆ་
བྱེད་མཁན་གྱི ་ ཆ་ཤས་གཙོ ་ བོ ་ ཞི ག ་ ཤས་ཚང་མ་ལ་ཁྲག་རྒྱུག་པའི ་ ལས་ ཡིན།
ཀ་བྱེད་ཀྱི་ཡོད།
12
སྦྱོང་ཚན། དང་པོ། ཡང་ཡང་བཀླགས་ཏེ་མིང་ཚིག་བེད་སྤྱོད་གཏོང་སྟངས་སྦྱོངས། རྐང་ཚིགས་དང་ལག་ཚིགས་སྐྲངས་འདུག / རྐང་ཚིགས་དང་ལག་ཚིགས་ལ་བརྟེན་ ནས་རྐང་ལག་འགུལ་སྐྱོད་བྱེད།
སྒལ་རུས་ལ་སྒལ་ཚིགས་ཀྱང་ཟེར། / སྒལ་རུས་ལ་བརྟེན་ནས་སྒུར་སྒུར་བྱེད་ཐུབ།
རྩིབ་མ་ནི་སྒལ་རུས་ཀྱི་གཞོགས་གཡས་གཡོན་ལ་འབྱར་ཡོད། / རྩིབ་མས་སྙིང་དང་ གློ་བ་སྲུང་སྐྱོབ་བྱེད།
མགོའི་ནང་དུ་ཀླད་པ་ཡོད། / ཀླད་པས་བསམ་བློ་གཏོང་གི་ཡོད།
མཆིན་པའི་མདོག་སྨུག་ནག་རེད། / མཆིན་པས་ཟས་བཅུད་འདྲེན་པར་བྱེད།
གློ་བ་ནི་གཞན་དང་མི་འདྲ་བར་མཉེན་པོ་ཡོད། / གློ་བས་དབུགས་གཏོང་ལེན་བྱེད་ཀྱི་རེད། ཕོ་བ་ནི་ནང་ཁྲོལ་ཞིག་ཡིན། / ཕོ་བས་ཟས་འཇུ་བར་བྱེད་ཀྱི་ཡོད།
མི་ལ་མཁལ་མ་གཉིས་རེ་ཡོད། / མཁལ་མས་གཙོ་བོ་ཁྲག་གཙང་མ་བཟོ་བ་དང་། གཅིན་པ་འབྱིན་པར་བྱེད།
སྙིང་ནི་བྲང་ཁོག་གི་ནང་ལ་ཡོད། / སྙིང་གིས་ལུས་པོར་ཁྲག་འཁོར་རྒྱུག་བྱེད།
13
གཉིས་པ། གཟུགས་པོའི་ཆ་ཤས་ཀྱི་མིང་གང་ཤེས་པ་རྣམས་བྲིས།
གསུམ་པ། གོང་གི་གཟུགས་པོའི་ཆ་ཤས་རྣམས་ལ་ཚིག་སྒྲུབ་རེ་བཟོས།
14
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི། (༡)
སློབ་ ཚན། ༤
• བཀྲ་ཤིས་བདེ་ལེགས། • སྐུ་ཁམས་བཟང་།
• སྔ་དྲོ་བདེ་ལེགས།
• ཉིན་གུང་བདེ་ལེགས།
• དགོང་དྲོ་བདེ་ལེགས།
གཤམ་གྱི་པར་རིས་སོ་སོའི་འོག་ཏུ་འཚམས་འདྲི་ཞུ་སྟངས་གང་འོས་དག་ཆ་མ་
ནོར་བར་བྲིས།
15
མིང་ཚིག་གསར་པ། གཤམ་གྱི་མིང་ཚིག་རྣམས་རྗེས་ཟློས་ཐེངས་ཁ་ཤས་བྱེད་དགོས།
ང་ཡང་། ངའི་མིང་། འཇིགས་མེད། གཟུགས་པོ། སྐུ་གཟུགས། བདེ་པོ། ཡིན་ནམ། བདེ་པོ་ཡིན། ཁྱེད་རང་། ཁྱེད་རང་གི། མཚན། ག་རེ་ཡིན།
གང་ནས་ཡིན། བོད་ནས་ཡིན། བོད་གང་ནས་ཡིན། ལྷ་ས།
ཨ་ལས། རེད་དམ། རྗེས་ལ་མཇལ་ཡོང་། ག་ལེར་བཞུགས། ག་ལེར་
ཕེབས།
16
སྦྱོང་ཚན། དང་པོ།
སློབ་ཕྲུག་གཅིག་གིས་མིང་ཚིག་བདམས་ནས་བཀླགས་པ་དང་སློབ་
ཕྲུག་གཞན་ཞིག་གིས་མིང་ཚིག་དེ་ལ་སྒོར་རྟགས་རྒྱོབ།
ང་ཡང་། ངའི་མིང་། འཇིགས་མེད། གཟུགས་པོ། སྐུ་གཟུགས། བདེ་པོ། ཡིན་ནམ། བདེ་པོ་ཡིན། ཁྱེད་རང་། ཁྱེད་རང་གི། མཚན། ག་རེ་ཡིན།
གང་ནས་ཡིན། བོད་ནས་ཡིན། བོད་གང་ནས་ཡིན། ལྷ་ས།
ཨ་ལས་རེད་དམ། ག་ལེར་བཞུགས། ག་ལེར་ཕེབས། ཟླ་སྒྲོན། རྗེས་ལ་མཇལ་ཡོང་།
གཉིས་པ། གོང་གི་ཚིག་རྣམས་སྤྱད་དེ་གཏམ་གླེང་གི་ལམ་ནས་སྦྱོང་བརྡར་བྱེད་ འཇུག་དགོས།
ཁྱེད་རང་བདེ་པོ་ཡིན་ནམ།
ང་བདེ་པོ་ཡིན། ཐུགས་རྗེ་ཆེ། ཁྱེད་རང་བདེ་པོ་ཡིན་ནམ། ང་ཡང་བདེ་པོ་ཡིན། ཐུགས་རྗེ་ཆེ།
17
ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ངའི་མིང་ལ་འཇིགས་མེད་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ ཡོད།
ངའི་མིང་ལ་ཟླ་སྒྲོན་ཟེར་གྱི་ཡོད། འཇིགས་མེད་ལགས། ཁྱེད་རང་ གང་ནས་ཡིན་ནམ།
ང་བོད་ནས་ཡིན། ཟླ་སྒྲོན་ལགས། ཁྱེད་རང་གང་ནས་ཡིན།
ང་ཡང་བོད་ནས་ཡིན།
ཨ་ལས། ཁྱེད་རང་བོད་ཀྱི་ས་ཆ་གང་ནས་ཡིན།
ང་ལྷ་ས་ནས་ཡིན།
ཨ་ལས། རེད་དམ།
ལགས་ཡིན།
ལགས་སོ། །བཞུགས་ཨང་། རྗེས་ལ་མཇལ་ཡོང་།
ག་ལེར་ཕེབས། རྗེས་ལ་མཇལ་ཡོང་།
18
གསུམ་པ། བརྗོད་པ་ལྷུ་སྒྲིགས།
༡། བདེ་པོ་ ཁྱེད་རང་ ཡིན་ནམ།
༢། ཞུ་ཡི་ཡོད། ཁྱེད་རང་ མཚན་ལ་ གི་ ག་རེ་ ༣། འཇིགས་མེད་ མིང་ལ་ ངའི་ ཟེར་གྱི་ཡོད། ༤། བདེ་པོ་ ང་ ཡིན།
༥། གང་ནས་ ཁྱེད་རང་ ཡིན། ༦། བོད་ནས་ ང་ ཡིན།
༧། བོད་ཀྱི་ ཁྱེད་རང་ གང་ནས་ ས་ཆ་ ཡིན། ༨། ཡིན། ང་ ལྷ་ས་ ནས་
༩། བཞུགས་ མཇལ་ ཨང་། རྗེས་ལ་ ཡོང་། ༡༠། ཕེབས། རྗེས་ལ་ ག་ལེར་ མཇལ་ཡོང་།
བཞི་པ། བར་སྟོང་ནང་མིང་ཚིག་བསྐངས་ཏེ་ཚིག་སྒྲུབ་ཆ་ཚང་བ་བཟོས།
༡།
༢། ང་
བདེ་པོ་
།
ཡིན། ཐུགས་རྗེ་ཆེ།
19
༣། ང་
ཡིན།
༦། ངའི་
འཇིགས་མེད་
༤། ཁྱེད་རང་གི་ ༧།
ག་རེ་
གང་ནས་
༨།
ལྷ་ས་
༡༠།
མཇལ་ཡོང་།
༩། ང་
ལྔ་པ། བྱེད་སྒོ།
ཆེ།
ནས་ཡིན།
།
ཡོད།
ཡོད།
ཡིན། ཁྱེད་རང་གང་ནས་ཡིན།
སློབ་ཕྲུག་ཕན་ཚུན་དབར་ཕ་མ་དང་། དགེ་རྒན། གྲོགས་པོ། གྲོགས་མོ་
སོགས་ཀྱི་སྐོར་ལ་བོད་སྐད་ཐོག་གླེང་མོལ་བྱ་རྒྱུ།
20
ཕན་ཚུན་ངོ་སྤྲོད་དང་འཚམས་འདྲི། (༢)
སློབ་ ཚན། ༥
མིང་ཚིག་གསར་པ། གཤམ་གྱི་ཚིག་དུམ་རྣམས་རྗེས་ཟློས་ཐེངས་ཁ་ཤས་བྱེད་དགོས།
ཉིན་གུང་བདེ་ལེགས། / མཚན་ལ་ག་རེ་ཞུ་ཡི་ཡོད། / ཁྱེད་རང་། ལུང་པ། / བོད་པ་ཡིན་ནམ། / ང་ཉི་ཧོང་ནས་ཡིན།
ང་བོད་པ་མིན། / ང་ཉི་ཧོང་བ་ཡིན། / ཁྱེད་རང་གང་ནས་ཡིན། ཁྱེད་རང་བོད་པ་ཡིན་ནམ། / ཁོང་སུ་རེད། / ལགས་ཡིན།
ང་བོད་པ་ཡིན། / ང་ལྷ་ས་ནས་ཡིན། / ཁོང་བོད་པ་རེད་དམ།
ཁོང་ངའི་གྲོགས་མོ་རེད། / ཁྱེད་རང་གཉིས། / ཁོང་ཡང་བོད་པ་རེད།
ང་རྒྱ་གར་ལ་སྡོད་ཀྱི་ཡོད། / ཁྱེད་རང་ག་པར་བཞུགས་ཀྱི་ཡོད། / དེང་སང་།
ཁོང་ཉི་ཧོང་ལ་བཞུགས་ཀྱི་ཡོད་རེད།/རྒྱ་གར་གྱི་ས་ཆ་ག་པར་བཞུགས་ཀྱི་ཡོད། རྒྱལ་ས་ལྡི་ལི་ལ་སྡོད་ཀྱི་ཡོད། / སྐྱིད་པོ་འདུག་གམ།
21
སྐྱིད་པོ་འདུག / མཚམས་མཚམས་ལ། / ཚ་བ་ཆེན་པོ་འདུག ཕེབས་མྱོང་ངམ། / འགྲོ་མྱོང་། / འགྲོ་མ་མྱོང་།
གནམ་གཤིས་སྐྱིད་པོ་ཡོད་རེད་དམ། / སྐྱིད་པོ་ཞེ་དྲག་ཡོད་རེད། / ཏན་ཏན།
ང་འགྲོ་དགོས་ཀྱི་ཡོད། / བཞུགས་ཨང་། / ག་ལེར་ཕེབས། / ཡིན་གཅིག་མིན་ གཅིག
ཁྱེད་རང་མཇལ་ནས་དགའ་པོ་ཞེ་དྲག་བྱུང་། / གཟིམ་འཇགས་གནང་།
ཨིན་ཇི། / རྒྱ་གར་བ། / རྒྱ་མི། / ཨ་ཕི་རི་ཀ་བ། / ཨ་རི་བ། / ཉི་ཧོང་བ། / བོད་ པ། / ཨི་ཊ་ལི་པ།
22
སློབ་ཕྲུག་ཕན་ཚུན་གཏམ་གླེང་གི་ལམ་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས།
ཉིན་གུང་བདེ་ལེགས། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཉིན་གུང་བདེ་ལེགས། ངའི་མིང་སེན་ཅི་ཡིན། ཁྱེད་རང་གི་མཚན་ལ་
ག་རེ་ཞུ་ཡི་ཡོད།
ངའི་མིང་ལ་འཇིགས་མེད་ཟེར་གྱི་ཡོད། ཡིན། ཁྱེད་རང་བོད་པ་ཡིན་ནམ།
ཁྱེད་རང་ལུང་པ་གང་ནས་
ང་ཉི་ཧོང་ནས་ཡིན། ང་བོད་པ་མིན། ང་ཉི་ཧོང་བ་ཡིན། ཁྱེད་རང་ གང་ནས་ཡིན། ཁྱེད་རང་བོད་པ་ཡིན་ནམ།
ལགས་ཡིན། ང་བོད་པ་ཡིན། ང་ལྷ་ས་ནས་ཡིན། ཁོང་སུ་རེད། ཁོང་ བོད་པ་རེད་དམ།
ཁོང་ངའི་གྲོགས་མོ་རེད། ཁོང་ཡང་བོད་པ་རེད།
ཁྱེད་རང་གཉིས་ག་པར་བཞུགས་ཀྱི་ཡོད།
ང་རྒྱ་གར་ལ་སྡོད་ཀྱི་ཡོད། ངའི་གྲོགས་མོ་ཉི་ཧོང་ལ་བཞུགས་ཀྱི་ཡོད་ རེད། ཁྱེད་རང་ག་པར་བཞུགས་ཀྱི་ཡོད།
23
སྔོན་མ་ང་བོད་ལ་སྡོད་ཀྱི་ཡོད། སྡོད་ཀྱི་ཡོད།
ཡིན་ནའང་།
དེང་སང་རྒྱ་གར་ལ་
རྒྱ་གར་གྱི་ས་ཆ་ག་པར་བཞུགས་ཀྱི་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་སྡོད་ཀྱི་ཡོད།
ལྡི་ལི་ལ་སྐྱིད་པོ་འདུག་གམ།
ལྡི་ལི་ལ་སྐྱིད་པོ་འདུག ཡིན་ནའང་། དབྱར་ཁ་ཚ་བ་ཆེན་པོ་འདུག ཁྱེད་རང་ཉི་ཧོང་ལ་ཕེབས་མྱོང་ངམ། ང་ཉི་ཧོང་ལ་འགྲོ་མ་མྱོང་། རེད་དམ།
ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཡོད་པ་
ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད།
ལ་ཡིན་གཅིག་མིན་གཅིག་ཕེབས་རོགས་གནང་།
ཁྱེད་རང་ཉི་ཧོང་
ལགས་སོ། །རྗེས་མ་ང་ཉི་ཧོང་ལ་ཏན་ཏན་ཡོང་གི་ཡིན། ང་ད་ལྟ་དཔེ་
མཛོད་ཁང་ལ་འགྲོ་དགོས་ཀྱི་ཡོད། བཞུགས་ཨང་། རྗེས་ལ་མཇལ་ ཡོང་།
ལགས་སོ། །རྗེས་ལ་མཇལ་ཡོང་། ག་ལེར་ཕེབས།
24
སྦྱོང་ཚན། དང་པོ། བརྗོད་པ་ལྷུ་སྒྲིགས།
༡། ཁྱེད་རང་ མཚན་ལ་ ཞུ་ཡི་ གི་ ཡོད། ག་རེ་ ༢། གང་ནས་
ཁྱེད་རང་ ལུང་པ་ ཡིན།
༣། དེང་སང་ ཀྱི་ཡོད། རྒྱ་གར་ལ་ སྡོད་
༤། ག་པར་ གཉིས་ ཁྱེད་རང་ ཀྱི་ཡོད། བཞུགས་ ༥། ཀྱི་ཡོད། ག་པར་ བཞུགས་ ཁྱེད་རང་ ༦། རང་ ཡིན། ཁྱེད་ ནས་ གང་ ༧། ང་ ནས་ ཡིན། ལྷ་ས་
༨། གྲོགས་མོ་ བཞུགས་ ངའི་ ཉི་ཧོང་ལ་ ༩། ཀྱི་ཡོད། སྔོན་མ་ བོད་ལ་ ང་ སྡོད་ ༡༠། ངའི་ རེད། ཁོང་ གྲོགས་མོ་ ༡༡། ཡང་ བོད་པ་ ཁོང་ རེད།
༡༢། མྱོང་ངམ། ཉི་ཧོང་ ཁྱེད་རང་ ལ་ ཕེབས་
25
ཀྱི་ཡོད་རེད།
༡༣། ང་ འགྲོ་ ཉི་ཧོང་ལ་ མ་མྱོང་། ༡༤། ཡོད་རེད་དམ།
ཉི་ཧོང་ལ་ སྐྱིད་པོ་ གནམ་གཤིས་
༡༥། ཡོད་རེད། ཉི་ཧོང་ལ་ སྐྱིད་པོ་ གནམ་གཤིས་ ཞེ་དྲག་
གཉིས་པ། གཤམ་གྱི་བརྗོད་པ་རྣམས་ལ་དྲི་བ་བཟོས་ཏེ་རང་གི་འཛིན་གྲོགས་ དང་མཉམ་དུ་གླེང་མོལ་བྱེད་དགོས།
དཔེར་ན།
ངའི་མིང་ལ་འཇིགས་མེད་ཟེར། དྲི་བ། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད། ༡། ང་བོད་པ་ཡིན།
༢། ང་ཉི་ཧོང་ནས་མིན། ༤། ང་ལྷ་ས་ནས་ཡིན།
༥། ཁོང་ངའི་གྲོགས་མོ་རེད། ༦། ཁོང་ཡང་བོད་པ་རེད།
༧། ང་ཉི་ཧོང་ལ་ཕྱིན་པ་ཡིན།
༨། ངའི་གྲོགས་མོ་ཉི་ཧོང་ལ་བཞུགས་ཀྱི་ཡོད་རེད།
26
༩། ངའི་གྲོགས་མོ་དེང་སང་རྒྱ་གར་ལ་བཞུགས་ཀྱི་ཡོད་རེད། ༡༠། སྔོན་མ་ང་རྒྱ་ནག་ལ་ལོ་ཁ་ཤས་བསྡད་པ་ཡིན། ༡༡། ངེད་གཉིས་བོད་ལ་སྡོད་ཀྱི་ཡོད།
༡༢། ཉི་ཧོང་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད། ༡༣། སྔོན་མ་ང་བོད་ལ་ལོ་མང་པོ་བསྡད་པ་ཡིན། གསུམ་པ། བྱེད་སྒོ།
གཤམ་གྱི་མིང་དང་ཚིག་རྣམས་བེད་སྤྱད་དེ་སློབ་ཕྲུག་གཉིས་རེས་གླེང་མོལ་
བྱེད་དགོས།
བོད་པ། བོད། བོད་ནས། ལྷ་ས། ངའི་གྲོགས་མོ། ང་ཡང་། ཉི་ཧོང་ལ། ཐེངས་མང་པོ། འགྲོ་མྱོང་། དེང་སང་།
བཞུགས་ཀྱི་ཡོད་རེད། ལོ་མང་པོ། ཉི་ཧོང་གི་གནམ་གཤིས།
27
བཞི་པ། གཤམ་གྱི་མཇུག་སྡུད་ཐ་སྙད་རྣམས་ང་དང་། ཁྱེད། ཁོང་། ཁོ། མོ་ སོགས་ལ་སྦྱར་ནས་ཚིག་སྒྲུབ་རེ་བཟོས།
ཡིན། མིན། ཡིན་ནམ། མིན་ནམ།
རེད། རེད་དམ། མ་རེད། མ་རེད་དམ། ཡོད། ཡོད་དམ། མེད། མེད་དམ།
ཡོད་རེད། ཡོད་རེད་དམ། ཡོད་མ་རེད། ཡོད་མ་རེད་དམ། འདུག འདུག་གམ། མི་འདུག མི་འདུག་གམ།
28
ཚོན་མདོག་དང་གྱོན་ཆས། སྔོན་པོ།
སེར་པོ།
དཀར་པོ།
མུ་མེན།
ལི་ཝང་།
རྒྱ་སྨུག
དམར་པོ།
མེ།
ལྗང་ཁུ།
སློབ་ ཚན། ༦
ནག་པོ།
ལོ་མ།
གསེར།
29
ཚ་ལུ་མ།
དུང་དཀར།
དོ་ལུམ་མ།
རྡོ་སོལ།
སྦྱོང་ཚན།
གཡུ།
དང་པོ། གོང་གི་པར་རིས་ལ་བལྟས་ནས་མཐུན་སྦྱོར་གྱིས།
དོ་ལུམ་མ།
སེར་པོ།
མེ།
ལི་ཝང་།
གཡུ།
ལྗང་ཁུ།
ལོ་མ།
ནག་པོ།
དུང་།
སྔོན་པོ།
རྡོ་སོལ།
དཀར་པོ།
ཚ་ལུ་མ། གསེར།
མུ་མེན།
30
དམར་པོ།
གཉིས་པ། འདེམས་སྐོང་གྱིས། རེད།
༡། མེའི་མདོག་ནི་
༢། ལོ་མའི་མདོག་ནི་
(སེར་པོ། / དམར་པོ།)
རེད།
(ལྗང་ཁུ། / དཀར་པོ།)
རེད།
(ནག་པོ། / སྔོན་པོ།)
རེད། (སེར་པོ། / སྔོན་པོ།)
༣། གསེར་གྱི་མདོག་ནི་ ༤། གཡུ་ཡི་མདོག་ནི་
རེད།
༥། དུང་གི་མདོག་ནི་
(དཀར་པོ། / དམར་པོ།)
རེད། (ནག་པོ། / སེར་པོ།)
༦། རྡོ་སོལ་གྱི་མདོག་ནི་
རེད་། (ནག་པོ། / ལི་ཝང་།)
༧། ཚ་ལུ་མའི་མདོག་ནི་
རེད། (མུ་མེན། / དཀར་པོ།)
༨། དོ་ལུམ་མའི་མདོག་ནི་
གསུམ་པ། གཤམ་གསལ་རྣམས་རྗེས་ཟློས་བྱེད་དགོས།
གྱོན་ཆས་གྱོན། ཡིན་གཅིག་མིན་གཅིག ཏག་ཏག་རེད། བོད་ཆས།
དགོས་ཀྱི་རེད། འགྲིག་གི་རེད་དམ། བླ་གཟའ་རེད། ༸རྒྱལ་བ་རིན་པོ་ཆེ། བྱས་ཙང་། གྱོན་ན། ཡག་པོ་ཡོད་རེད། ཡིན་དང་ཡིན། གཅིག་བྱས་ན། ཕྱུ་པ། ངས་ཀྱང་། ཕྱུ་པ་གྱོན་གྱི་ཡིན། སྟོད་ཐུང་། གྱོན་གྱི་ཡིན་ནམ།
31
ཚོན་མདོག་ག་རེ། སློབ་ཕྲུག་གཞན། ངས་བྱས་ན། མ་གཞི་ནས། གྱོན་གྱི་རེད་ དམ། གྱོན་དང་གྱོན། རྒན་ལགས་རྣམ་པ། སློབ་ཕྲུག ཚང་མས། ག་རེ་ག་རེ་
བྱེད་ཀྱི་རེད། བོད་ཆས་གྱོན་གྱི་རེད། ལྷག་དཀར་ལ། བོད་སྐད་ཤོད་པ། ཕྱི་ པོ་ཆགས་འདུག གཟའ་ལྷག་པ། ང་ཉལ་བར་འགྲོ་ཡི་ཡིན། སང་ཉིན་ཞོགས་པ་ མཇལ་ཡོང་། སྤྲོ་པོ་བྱས་ནས་གཟིམས་རོགས་གནང་།
གཏམ་གླེང་བྱེད་དགོས།
ཨ་མ་ལགས། སང་ཉིན་ངས་གྱོན་ཆས་ག་རེ་གྱོན་དགོས་ཀྱི་རེད། སང་ཉིན་གཟའ་ལྷག་པ་རེད། ང་ཚོས་ཡིན་གཅིག་མིན་གཅིག་བོད་ ཆས་གྱོན་དགོས།
ལགས་སོ། །ཨ་མ་ལགས། སང་ཉིན་ངས་ཕྱུ་པ་རྒྱ་སྨུག་དེ་གྱོན་གྱི་ ཡིན། འགྲིག་གི་རེད་དམ།
32
སང་ཉིན་༸རྒྱལ་བ་རིན་པོ་ཆེའི་བླ་གཟའ་རེད། བྱས་ཙང་། ཕྱུ་པ་ ལྗང་ཁུ་གྱོན་ན་ཡག་པོ་ཡོད་རེད།
ཨ་མ་ལགས། ཁྱེད་རང་གིས་ཕྱུ་པ་གྱོན་གྱི་ཡིན་ནམ། ཡིན་དང་ཡིན། ངས་ཀྱང་ཕྱུ་པ་གྱོན་གྱི་ཡིན། སྒྲོལ་མ། ཁྱེད་རང་ གིས་སྟོད་ཐུང་དཀར་པོ་དེ་གྱོན་ན་ལེན་པོ་ཡོད་རེད།
ཨ་མ་ལགས། ཡིན།
ཁྱེད་རང་གིས་སྟོད་ཐུང་ཚོན་མདོག་ག་རེ་གྱོན་གྱི་
གཅིག་བྱས་ན་ངས་སྟོད་ཐུང་དམར་པོ་གྱོན་གྱི་ཡིན། ཨ་མ་ལགས། ངས་བལྟས་ན་ཕྱུ་པ་ལྗང་ཁུ་དང་སྟོད་ཐུང་སྔོན་པོ་དེ་ གྱོན་ན་ཡག་གི་རེད། ཨ་ཅག་ལགས་ཀྱིས་ཕྱུ་པ་གྱོན་གྱི་རེད་དམ།
གྱོན་དང་གྱོན། ཁྱེད་རང་གི་ཨ་ཅག་ལགས་ཀྱིས་ཀྱང་ཕྱུ་པ་གྱོན་གྱི་ རེད།
33
ཨ་ལས། སང་ཉིན་སློབ་ཕྲུག་ཚང་མས་བོད་ཆས་གྱོན་གྱི་རེད་དམ།
གྱོན་དང་གྱོན། སང་ཉིན་སློབ་ཕྲུག་དང་རྒན་ལགས་ཚང་མས་བོད་ ཆས་གྱོན་གྱི་རེད།
ད་དུང་ལྷག་དཀར་ཉིན་ག་རེ་ག་རེ་བྱེད་ཀྱི་རེད།
ལྷག་དཀར་ཉིན་དམིགས་བསལ་གྱིས་བོད་ཆས་གྱོན་པ་དང་། བོད་ ཟས་ཟ་བ། སྒོར་བྲོ་འཁྲབ་པ་སོགས་བྱེད་ཀྱི་རེད།
ཨ་མ་ལགས། ཕྱི་པོ་ཆགས་འདུག ང་ཉལ་བར་འགྲོ་ཡི་ཡིན།
ཏག་ཏག་རེད། གཟིམ་འཇགས་གནང་།
ལགས་སོ། །ཨ་མ་ལགས། གཟིམ་འཇགས་གནང་།
34
བཞི་པ། འདེམས་སྐོང་གྱིས།
ཚང་མས། གྱོན་ན། ཤོད་རྒྱུ། བོད་པ། བླ་གཟའ། སློབ་གྲྭ། ཕེབས། བོད་ཆས།
༡། སང་ཉིན་གཟའ་ལྷག་པ་ལ་མི་
༢། གཟའ་ལྷག་པ་ནི་༸རྒྱལ་བ་རིན་པོ་ཆེའི་ ༣། སྒྲོལ་མ་རང་གིས་སྟོད་ཐུང་དཀར་པོ་
བོད་ཆས་གྱོན་དགོས། རེད།
ལེན་པོ་ཡོད་རེད།
༤། ཨ་མ་ལགས་ཁྱེད་རང་བདུན་ཕྲག་རྗེས་མའི་ལྷག་དཀར་འདུ་འཛོམས་ལ་ ཀྱི་ཡིན་ནམ།
གྱོན་ནས་སློབ་གྲྭ་ལ་
༥། སང་ཉིན་སློབ་ཕྲུག་ཚང་མས་ ༦།
ཡོང་གི་རེད།
ཚོས་ལྷག་དཀར་ལ་ག་རེ་ག་རེ་བྱེད་ཀྱི་རེད།
༧། ནམ་རྒྱུན་ནས་བོད་སྐད་
༨། ཨ་མ་ལགས། སང་ཉིན་ཁྱེད་རང་ ནམ།
35
གལ་ཆེན་པོ་རེད།
ལ་ཕེབས་ཀྱི་ཡིན་
ལྔ་པ། གཟའ་ཟླ་བ་ལ་གྱོན་ཆས་ག་རེ་གྱོན་མིན་སྐོར་གླེང་མོལ་བྱེད་དགོས།
བུ་མོའི་ཕྱུ་པ།
རྐང་ཤུབས།
བུའི་ཕྱུ་པ།
ལག་ཤུབས།
ལྷམ།
ལྷམ་རྟིང་ཙོག
རྩེད་ལྷམ།
ཟོན་པ།
ཚེ་རིང་སྐྱིན་ཁེབས། བོད་བཟོ་འོག་འཇུག
པང་གདན།
གོས་ཐུང་།
སྟོད་ཐུང་།
ལག་གདུབ།
སྐེ་རྒྱན།
36
དྲུག་པ། ལྷག་དཀར་གྱི་གྱོན་ཆས་སྐོར་ལ་ཚིག་སྒྲུབ་ལྔ་བྲིས།
37
སློབ་ ཚན། ༧
ནམ་དུས་དང་གནམ་གཤིས།
གཤམ་གསལ་མིང་ཚིག་རྣམས་རྗེས་ཟློས་བྱེད་དགོས།
ནམ་དུས།
གནམ་གཤིས།
དཔྱིད་ཀ
དབྱར་ཁ།
སྟོན་ཀ
དགུན་ཁ།
ཉི་མ་ཚ་པོ།
ཚ་གྲང་སྙོམས་པོ།
གངས་ཞོད་ཆེན་པོ།
གངས།
ཆར་པ།
ལྷགས་པ།
གནམ་གཤིས་སྔོན་བརྡ། གནམ་གཤིས་ཡག་པོ།
38
ཉི་མ་ཤར།
ཆར་ཞོད་ཆེན་པོ།
ལྷགས་པ་ཚ་པོ།
དྲོ་པོ།
གངས་བབས།
དྲོད་ཚད།
ཆར་པ་ཆད།
སྤྲིན་པ་འཁྲིགས།
ལྷགས་པ་བརྒྱབ།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (དང་པོ།)
ཀ ཁ
ཀ
ཆར་པ་བབས།
ནིའུ་ཡོག་གི་གནམ་གཤིས་གང་འདྲ་ཡོད་རེད།
ནིའུ་ཡོག་གི་གནམ་གཤིས་དབྱར་ཁ་སྐྱིད་པོ་ཡོད་རེད། ལྷགས་པ་ཤུགས་ཆེན་པོ་རྒྱག་གི་རེད།
བོད་ཀྱི་གནམ་གཤིས་གང་འདྲ་ཡོད་རེད།
ཁ
བོད་ཀྱི་གནམ་གཤིས་དབྱར་ཁ་སྐྱིད་པོ་ཞེ་དྲག་ཡོད་རེད།
ཀ
བོད་ལ་ནམ་དུས་ག་ཚོད་ཡོད་རེད།
གངས་མང་པོ་འབབ་ཀྱི་རེད།
དགུན་ཁ་
དགུན་ཁ་
ཁ
བོད་ལ་ནམ་དུས་བཞི་ཀ་ཡོད་རེད།
ཁ
ཨ་ལ་སི་ཀ་ལ་ནམ་དུས་བཞི་ཡོད་མ་རེད། ནམ་དུས་གཉིས་ཡོད་རེད།
ཀ
ཨ་ལ་སི་ཀ་ལ་ནམ་དུས་བཞི་ཀ་ཡོད་རེད་དམ།
39
གཤམ་གྱི་མིང་ཚིག་རྣམས་གླེང་མོལ་ནང་བེད་སྤྱོད་བྱེད་དགོས།
རྒྱ་གར། བོད། ལྷ་ས། དྷ་རམ་ས་ལ། རྒྱ་ནག བལ་ཡུལ། འབྲུག་ཡུལ།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (གཉིས་པ།)
ཀ ཁ
ཀ
དེང་སང་གནམ་གཤིས་ཚ་པོ་མི་འདུག་གམ།
ཏོག་ཙམ་ཚ་པོ་འདུག ཡིན་ན་ཡང་། ང་གནམ་གཤིས་ཚ་པོ་ལ་དགའ་པོ་ ཡོད།
ཁྱེད་རང་ལྷ་ས་ལ་ཡོ ད ་དུས་ལྷ་སའི ་ གནམ་གཤི ས ་གང་འདྲ་འདུག གནམ་གཤིས་གྲང་མོ་འདུག་གམ།
ཁ
ང་ལྷ་ས་ལ་ཡོད་དུས་ལྷ་སའི་གནམ་གཤིས་གྲང་མོ་མི་འདུག
ཀ
སྔ་ལོར་གནམ་གཤིས་གང་འདྲ་བསྟན་སོང་།
ཁ
སྙོམས་པོ་དང་སྐྱིད་པོ་འདུག སོང་ངམ།
ཆར་པ་མང་པོ་བབས་
སྔ་ལོར་ཉིན་ལྟར་གནམ་གཤིས་ཚ་པོ་བསྟན་སོང་། བབས་མ་སོང་།
40
ཚ་གྲང་
ཆར་པ་ཞེ་དྲག་
གཤམ་གྱི་ཚིག་རྣམས་གླེང་མོལ་ནང་བེད་སྤྱོད་བྱེད་དགོས།
གནམ་གཤིས་ཚ་པོ་བསྟན། ཆར་ཞོད་ཆེན་པོ། ཆར་པ་འབབ། གངས་
ཞོད་ཆེན་པོ། ལྷགས་པ་ཆེན་པོ་བརྒྱབ། གནམ་གཤིས་སྐྱིད་པོ་བསྟན། ཉི་མ་ ཤར། སྤྲིན་པ་འཁྲིགས། གནམ་གཤིས་དྲོ་པོ། ཉི་མ་ཚ་པོ་བསྟན། ཚ་གྲང་ སྙོམས་པོ།
གནམ་གཤིས་དང་ནམ་དུས་སྐོར་གྱི་གླེང་མོལ། (གསུམ་པ།)
ཀ
བདུན་ཕྲག་རྗེས་མར་ང་ཚོས་གླིང་ག་གཏོང་གི་ཡིན།
ཁ
བདུན་ཕྲག་རྗེས་མ་གནམ་གཤིས་ཡག་པོ་སྟོན་ས་རེད། ཕལ་ཆེར་དྲོད་
ཀ ཁ
སྔོན་བརྡ་ལ་གང་འདྲ་འདུག་གམ།
གནམ་གཤིས་
ཚད་ ༧༠°F ཙམ་སླེབས་ས་རེད། ཁྱེད་རང་ཚོས་གཟའ་ག་རེ་ལ་གླིང་ག་ གཏོང་གི་ཡིན། གཟའ་མཇུག་ལ་གནམ་གཤིས་ཡག་པོ་འདུག
ང་ཚོས་གཟའ་པ་སངས་ལ་གླིང་ག་གཏོང་གི་ཡིན། གཟའ་པ་སངས་ལ་ གནམ་གཤིས་ཡག་པོ་སྟོན་གྱི་འདུག་གམ།
གཟའ་པ་སངས་ལ་གཅིག་བྱས་ན་ཞོགས་པ་ཆར་པ་ཏོག་ཙམ་འབབ་ས་ རེད། ཡིན་ནའང་། ཉིན་གུང་རྗེས་ལ་གནམ་གཤིས་ཡག་པོ་སྟོན་ས་
41
ཀ ཁ
ཀ ཁ
ཀ ཁ
རེད།
གཟའ་སྤེན་པ་དང་ཉི་མ་ལ་གནམ་གཤིས་ཡག་པོ་བསྟན་གྱི་འདུག་གམ།
གཟའ་སྤེན་པ་ལ་གནམ་གཤིས་ཧ་ཅང་ཚ་པོ་སྟོན་ས་རེད། ཡིན་ནའང་། གཟའ་ཉི་མ་ལ་གནམ་གཤིས་སྐྱིད་པོ་ཞེ་དྲག་སྟོན་ས་རེད།
གཟའ་ཉི་མ་ལ་སྤྲིན་པ་འཁྲིགས་ནས་ལྷགས་པ་རྒྱག་གི་མི་འདུག་གམ། ལྷགས་པ་ཤུགས་ཆེན་པོ་རྒྱག་ས་མ་རེད། སྙོམས་པོ་སྟོན་ས་རེད།
གནམ་གཤིས་ཚ་གྲང་
ད་ཆར་པ་འབབ་ས་རེད། བཞུགས་གདན་འཇགས།
རྗེས་ལ་མཇལ་ཡོང་།
སྦྱོང་ཚན། དང་པོ། གཤམ་གྱི་བར་སྟོང་ནང་རང་མོས་ཀྱིས་མིང་ཚིག་སྐོངས། ༡།
༢།
ཆར་པ་མང་པོ་འབབ་ཀྱི་ཡོད།
གནམ་གཤིས་གྲང་མོ་ཞེ་དྲག་ཡོད་རེད།
42
༣། དྲོད་སླེབས་པའི་དུས་དེ་ ༤།
༥། དབྱར་ཁ་
རེད།
ཤིང་ཏོག་སོགས་འབྲས་བུ་སྨིན་གྱི་ཡོད།
༦། དགུན་ཁ་གནམ་གཤིས་ ༧།
མང་པོ་འབབ་ཀྱི་ཡོད་རེད།
ཞེ་དྲག་ཡོད་རེད།
སླེབས་པའི་དུས་དེ་དཔྱིད་ཀ་རེད།
གྱི་ཡོད་རེད།
༨། སྟོན་ཁ་ཤིང་ཏོག་སོགས་མང་པོ་
གཉིས་པ། བྱེད་སྒོ།
སློབ་ཕྲུག་སོ་སོའི་སྡོད་གནས་ཀྱི་གནམ་གཤིས་སྐོར་ལ་ཚིག་སྒྲུབ་བདུན་རེ་བཟོས།
43
སློབ་ ཚན། ༨
བོད་ཀྱི་ནམ་དུས་དང་གནམ་གཤིས།
མིང་ཚིག་རྣམས་ཐེངས་ཁ་ཤས་རྗེས་ཟློས་དང་སྦྱོང་བརྡར་བྱེད་དགོས།
རྩྭ་དང་རྩི་ཤིང་གི་ལོ་མ། སྐྱེ་འགོ་ཚུགས། ས་ཆ་ཚང་མ། སྐྱིད་མདོག་ཁ་པོ། དེ་དུས། ཞིང་པ་ཚོས། འདེབས།
ས་ཆ་གང་སར། ཞིང་ཁ། ལོ་ཏོག སྟོན་ཐོག་སྨིན། བཙས་མ་བརྔ། དཀར་པོ་ཆགས། སྐམ་པ། ཆུ་ལ་འཁྱག་པ་ཆགས། དུག་སློག་མཐུག་པོ། གྱོན་ནས་བསྡད།
བོད་ཀྱི་ནམ་དུས་བཞི་དང་གནམ་གཤིས་ངོ་སྤྲོད།
བོད་ལ་ནམ་དུས་བཞི་ཡི་དབྱེ་མཚམས་གསལ་པོ་ཡོད་པ་དང་། དཔྱིད་ཀ་
གནམ་གཤིས་དྲོ་པོ་ཡོད་སྟབས། ཚུགས་པ་དང་།
རྩྭ་དང་རྩི་ཤིང་ལ་ལྗང་ལོ་གསར་པ་སྐྱེ་འགོ་
ས་ཆ་ཚང་མར་ལྗང་མདོག་མངོན་ཏེ་སྐྱིད་མདོག་ཁ་པོ་ཡོད།
དེ་དུས་ཞིང་པ་ཚོས་ཞིང་ཁ་འདེབས་ཀྱི་ཡོད།
དབྱར་ཁ་གནམ་གཤིས་ཚ་པོ་དང་ཆར་པ་མང་པོ་འབབ་ཀྱི་རེད།
44
ས་ཆ་
གང་སར་མེ་ཏོག་ཤར་བ་དང་། ཞིང་ཁའི་ལོ་ཏོག་ལྗང་ཐིང་ཐིང་དུ་སྐྱེ་ཡི་རེད།
སྟོན་ཀ་ཤིང་ཏོག་སྨིན་པ་དང་། ཤིང་སྡོང་གི་ལོ་མ་རྣམས་ས་ལ་ལྷུང་། ཞིང་
ཁའི་ལོ་ཏོག་སྨིན་ནས་གསེར་མདོག་ཏུ་འགྱུར། ཞིང་པ་རྣམས་ཀྱིས་དགའ་དགའ་ སྤྲོ་སྤྲོའི་ངང་བཙས་མ་བརྔས་ཏེ། སྟོན་ཐོག་སྡུད་པའི་ལས་ལ་འབད།
དགུན་ཁ་གངས་བབས་ནས་ས་ཆ་ཚང་མ་དཀར་པོ་ཆགས་པ་དང་། རྩྭ་དང་
རྩི་ཤིང་སྐམ་པ། ཆུ་ལ་འཁྱགས་པ་ཆགས་ནས་གནམ་གཤིས་གྲང་མོ་ཞེ་དྲག་ཡོད།
མི་ཚང་མས་གྱོན་ཆས་མཐུག་པོ་དང་། ལག་ཤུབས། བལ་གྱི་ཞྭ་མོ་སོགས་གྱོན་ པ་དང་། བྱིས་པ་རྣམས་གངས་རྩེད་བརྩེས་ཤིང་འཁྱག་ཤུད་གློད་དེ་སྡོད།
45
སྦྱོང་ཚན། དང་པོ། སློབ་ཚན་བཀླགས་ཏེ་བརྗོད་པ་རྣམས་ལ་འགྲིག་ནོར་རྟགས་རྒྱོབ། ༡། དགུན་ཁ་རྩྭ་དང་རྩི་ཤིང་གི་ལོ་མ་གསར་པ་སྐྱེ་འགོ་ཚུགས་ཀྱི་རེད། ༢། དབྱར་ཁ་གནམ་གཤིས་ཚ་པོ་དང་གངས་མང་པོ་འབབ་ཀྱི་རེད།
༣། དཔྱིད་ཀ་ས་ཆ་ཚང་མ་སྐྱིད་མདོག་ཁ་པོ་དང་ཞིང་པ་ཚོས་ཞིང་འདེབས་ཀྱི་རེད། ༤། དབྱར་ཁ་གནམ་གཤིས་གྲང་མོ་དང་ས་ཆ་གང་སར་མེ་ཏོག་བཞད་ཀྱི་ཡོད། ༥། སྟོན་ཀ་ཞིང་ཁ་ལ་སྟོན་ཐོག་སྨིན་ནས་ཞིང་པ་ཚོས་བཙས་མ་རྔ་ཡི་རེད།
༦། དགུན་ཁ་གནམ་གཤིས་གྲང་མོ་བསྟན་ནས་མི་ཚང་མས་གྱོན་ཆས་མཐུག་པོ་ གྱོན་གྱི་རེད།
༧། བོད་ལ་སྟོན་ཀ་གངས་བབས་ནས་གནམ་གཤིས་གྲང་མོ་ཞེ་དྲག་སྟོན་གྱི་རེད།
གཉིས་པ། སློབ་ཚན་གྱི་ནང་དོན་ངེས་པ་བྱས་ཏེ། སློབ་ཕྲུག་གཉིས་དབར་ངག་ ཐོག་ནས་དྲི་བ་དྲིས་ལན་བྱེད་པ་དང་། ཁྱིམ་དུ་འབྲི་དེབ་ཐོག་བྲིས།
༡། སྟོན་ཀ་བོད་ལ་གནམ་གཤིས་གང་འདྲ་ཡོད་རེད།
46
༢། དཔྱིད་ཀ་བོད་ལ་ག་རེ་སྐྱེ་འགོ་ཚུགས་ཀྱི་རེད། ༣། ཞིང་པ་ཚོས་སྟོན་ཀ་ག་རེ་བྱེད་ཀྱི་ཡོད་དམ། ༤། སྟོན་ཐོག་སྐྱེ་བའི་ནམ་དུས་གང་རེད། ༥། བོད་ཀྱི་ནམ་དུས་སྐྱིད་ཤོས་དེ་གང་རེད་དམ། ༦། དགུན་ཁ་གནམ་གཤིས་གྲང་མོ་ཡོད་དུས་བོད་ལ་མི་ཚོས་ག་རེ་བྱེད་ཀྱི་ཡོད་རེད། ༧། ཤིང་གི་ལོ་མ་སྐམ་པ་དང་ཆུ་ལ་འཁྱགས་པ་ཆགས་པའི་ནམ་དུས་དེ་གང་རེད་དམ། ༨། དབྱར་ཁ་བོད་ལ་གནམ་གཤིས་གང་འདྲ་ཡོད་རེད།
47
གསུམ་པ། གཤམ་གྱི་གནམ་གཤིས་སྔོན་བརྡའི་རེའུ་མིག་ལ་བལྟས་ཏེ་ངག་ཐོག་ ནས་འགྲེལ་བཤད་བྱོས།
དཔེར་ན། གཟའ་ཟླ་བ་གནམ་གཤིས་དྭངས་ཀྱང་། སྤྲིན་པ་འཁོར། དྲོད་ཚད་མཐོ་ཤོས་ ༩༥˚ དང་ དམའ་ཤོས་ ༥༨˚ རེད།
བཞི་པ། གཤམ་གྱི་པར་རིས་ལ་བལྟས་ཏེ་ཚིག་སྒྲུབ་ལྔ་རེ་བྲིས།
48
བསླབ་བྱ།
ལུས་ཀྱི་བསླབ་བྱ།
ཞོགས་པ་སྔ་པོ་ལངས་ནས།
ཏུ་ལུས་པོར་སྦྱོང་བརྡར་བྱས་ཏེ། བསྟེན་ལ་དོ་སྣང་བྱེད་དགོས།
རྟག་
འཕྲོད་
ཞོགས་ཟས་བཟས་རྗེས། སོ་དང་གདོང་
པ་གཙང་མར་བཀྲུས།
གྱོན་ཆས་གཙང་མ་
གྱོན། དགའ་བའི་འཛུམ་དང་བཅས་ཏེ། དུས་
ཐོག་ཏུ་སློབ་གྲྭར་འགྲོ་དགོས།
དགེ ་ རྒན་དང་སློ བ ་གྲོ ག ས་རྒན་པ་
རྣམས་ལ་གུས་བཀུར་དང་། བྱམས་སྐྱོང་བྱས་ཏེ།
ཆུང་བར་
འཁྲུག་འཛིང་དང་
ཐུབ་ཚོ ད ་རི ག ས་གཏན་ནས་མི ་ བྱེད་པར།
མཐུན་ལམ་ཡག་པོ་བྱེད་དགོས།
49
སློབ་ ཚན། ༩
སྤྱི་པའི་ཅ་དངོས་ལ་བདག་གཅེས་དང་།
མི་གཞན་གྱི་ཅ་ལག་མི་རྐུ་བ་
མ་ཟད། རྙེད་པ་རྣམས་ཀྱང་ཕྱིར་བསློགས་ཏེ། ཀུན་སྤྱོད་གཙང་མས་གཞན་ལ་ མིག་དཔེ་བཟང་པོ་སྟོན་དགོས།
འཛིན་གྲྭའི་ནང་སྐད་ཅོར་མི་རྒྱག་
པར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་
ལ་ཉན་ནས། དགེ་རྒན་གྱི་དྲི་བར་ལན་
འདེ བ ས་དང་དོ ག ས་འདྲི་ ཡང་ཡང་ཞུ་ དགོས།
50
ངག་གི་བསླབ་བྱ།
ཕ་མ་དང་། དགེ་རྒན། སློབ་གྲོགས། མི་རྒན་གཞོན་སུ་འདྲ་ཞིག་མཇལ་
ཡང་། བཀྲ་ཤིས་བདེ་ལེགས་དང་། སྐུ་གཟུགས་གསལ་ཐང་། སྐུ་ཁམས་བཟང་ སོགས་འཚམས་འདྲི་གང་འོས་ཞུ་དགོས། མི ་ གཞན་དང་མཉམ་དུ་བཀའ་
མོ ལ ་གནང་སྐབས་ཚི ག ་རྩུབ་དང་། འཆལ་གཏམ་རིགས་སྤངས་ཏེ། ཞེ་ས་
དང་བཅས་སྐད་ཆ་འཇམ་པོའི་ངང་ཞུ་ དགོས།
མི་ཕན་ཚུན་དབར་དཀྲུག་ཤིང་རྒྱག་པ་དང་།
གཞན་ལ་མགོ་སྐོར་གཏོང་
བ། རྫུན་བཤད་པ་སོགས་བྱས་ན། རང་ཉིད་ཀྱི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་ མི་ཡོང་བས། རྒྱུན་དུ་དྲང་པོ་དང་། བདེན་པའི་སྐད་ཆ་ཤོད་དགོས། ཡིད་ཀྱི་བསླབ་བྱ།
དང་།
༸གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཞག་ནས།
བོད་རྒྱལ་ཁབ་
མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པ་དང་། དར་སྤེལ་གཏོང་བར་སྙིང་
སྟོབས་སྐྱེད་དགོས།
51
གཞན་ལ་ཡག་པོ་བྱུང་ན་མི་དགའ་བ་མི་བྱེད་པར་རྗེས་སུ་ཡི་རང་བྱེད་
དགོས།
གཞན་ལ་ཡོད་པའི་རྒྱུ་དངོས་རྣམས་ང་ལ་ཐོབ་ན་སྙམ་པའི་ཧམ་སེམས་
སྤངས་ནས། རང་ལ་གང་ཡོད་པ་དེ་ལ་འདོད་པ་ཚིམ་པར་བྱེད་དགོས། ཕན་པའི་འབྲས་བུ་བདེ་སྐྱིད་ཡིན། །
གནོད་པའི་འབྲས་བུ་སྡུག་བསྔལ་ཡིན། ། རང་གི་ལུས་ལ་དཔེ་ལོངས་ལ། །
གཞན་ལ་གནོད་པ་མ་བྱེད་ཅིག །
52
སྦྱོང་ཚན། དང་པོ། ཚིག་གྲོགས་གཉིས་རེ་ཚོལ།
གོང་/དགའ་/གཟུགས་/མཐུན་/འཛིན་/གནའ་/བཀའ་/ཕན་/ངོ་/ཤེས་ དཔེར་ན། ཞོགས། ཞོགས་པ། ཞོགས་ཇ། ལྟ་བུ།
གཉིས་པ། དཔོད་བྲིས་གཏོང་དགོས།
སྐུ་གཟུགས་གསལ་ཐང་། སྐད་ཆ་འཇམ་པོ། འཚར་ལོངས་ཡག་པོ། གཟུགས་པོ་བདེ་ཐང་། བློ་རྩེ་གཅིག་སྒྲིམ། འབད་བརྩོན་ལྷོད་མེད།
ཧམ་སེམས་སྤངས། སེམས་ལ་བཞག འདོད་པ་ཚིམ། ཡིད་ཆེས། སྙིང་སྟོབས་བསྐྱེད།
གསུམ་པ། དྲི་བར་ངག་ཐོག་ནས་ལན་རྒྱོབ། ༡ སྒོ་གསུམ་ནི་གང་དང་གང་ཡིན་ནམ།
༢ འཛིན་གྲྭའི་ནང་བློ་རྩེ་གཅིག་སྒྲིམ་བྱས་ན་ཕན་ཡོན་གང་ཡོད་དམ།
༣ མི་གཞན་དང་མཉམ་དུ་བཀའ་མོལ་གནང་སྐབས་གང་འདྲ་གནང་དགོས།
53
བཞི་པ།
འོག་གི་མིང་ཚིག་ལས་ལག་ལེན་འོས་པ་རྣམས་ལ་འགྲིག་རྟགས་
དང་། ལག་ལེན་མི་འོས་པ་རྣམས་ལ་ནོར་རྟགས་རྒྱོབ།
གུས་བརྩི།
དཀྲུག་ཤིང་།
བསམ་ངན།
རོགས་རམ།
ཚིག་རྩུབ།
ངག་འཇམ་པོ།
ཐུབ་ཚོད། དྲང་པོ།
ལྔ་པ། བྱེད་སྒོ།
བཟོད་བསྲན། བདག་གཅེས།
འཁྲུག་འཛིང་། རྐུ་བ།
སློབ་མ་རྣམས་ཚོགས་ཆུང་དུ་བགོས་ཏེ་གཤམ་གསལ་བརྗོད་གཞིའི་ཐོག་
བྱེད་སྒོ་སྤེལ་དགོས།
༡ སློབ་ཕྲུག་གིས་སློབ་གྲྭའི་ནང་བྱེད་མི་ཆོག་པ་གང་ཡིན་ནམ། ༢ ཞོགས་པ་སྔ་པོ་ལང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
༣ མི་གཞན་ལ་ཞེ་ས་དང་གུས་ཞབས་བྱེད་པའི་དགེ་མཚན་བྲིས།
54
གཡག་དང་མ་ཧེ།
སློབ་ ཚན།
༡༠
གཤམ་གྱི་པར་ལ་བལྟས་ནས་རང་གི་འཛིན་གྲོགས་དང་མཉམ་དུ་གླེང་
མོལ་བྱེད་རྒྱུ།
མིང་ཚིག
རང་གི་འཛིན་གྲོགས་མཉམ་དུ་མིང་ཚིག་རྣམས་སྦྱོང་བརྡར་བྱོས། སྤུ་གཡར། ཚ་བའི་རོང་། རྩྭ་ཆུ་བཟང་བ། སྡོད་མཁན།
སྐད་ཆ་དྲིས། ལུས་སྟོབས། ཡང་རྩལ་ཆེ་བ། ཁས་བླངས།
བཟང་པོ།
ཡོད་ཚོད་འདུག ཕྱིར་འཁོར་མཚམས། ཉིས་རྩེག ཕྱིར་ལོག་མ་བྱས། རེ་སྒུག་བྱས། ཁ་ཡར་གཏད།
55
གཡག་དང་མ་ཧེ།
སྔ་མོའི་ངག་རྒྱུན་ལ། གཡག་ནི་མ་ཧེའི་ཚ་བོ་དང་། མ་ཧེ་ནི་གཡག་གི་
ཨ་ཞང་ཡིན་པའི་ཤོད་སྲོལ་ཞིག་ཡོད།
སྔོན་མ་ཁོང་གཉིས་ལ་སྤུ་བཟང་པོ་ཡོད་པ་དང་།
ཚ་བའི་རོང་དུ་སྡོད་
མཁན་གཅིག་པ་རེད། ཉིན་ཞིག གཡག་གི་བསམ་པར། ལོ་ན་ཆུང་དུས་འདི་ ལྟར་དལ་ལྷོད་ངང་དུས་ཚོད་རྫོགས་ན་ཡག་པོ་མི་འདུག་བསམས་ཏེ། མ་ཧེའི་སར་ཕྱིན།
ཨ་ཞང་
ཨ་ཞང་ལགས། ང་བོད་དུ་ཚྭ་ལེན་པར་ཕྱིན་ན་གང་འདྲ་འདུག
ཚ་བོ། ཁྱོད་ལུས་སྟོབས་དང་ཡང་རྩལ་ཆེ་བས། ཚྭ་ལེན་དུ་འགྲོ་ ཐུབ་ན་ཡག་པོ་འདུག
བོད་ཀྱི་ས་བབ་མཐོ་པོ་དང་།
གནམ་གཤིས་གྲང་མོ་ཡོད་ཚོད་
འདུག་པས། ཨ་ཞང་ཁྱེད་ཀྱི་སྤུ་དེ་ང་ལ་གཡོར་དང་། ཕྱིར་འཁོར་ མཚམས་ངས་སྤུ་དང་ཚྭ་ཕུལ་ཆོག
མ་ཧེས་ཚྭ་རག་ན་འགྲིགས་སོང་བསམས་ཏེ། སྤུ་གཡར་རྒྱུ་ཁས་བླངས།
ཚ་བོས་སྤུ་ཉིས་རྩེག་གྱོན་ནས་བོད་དུ་ཚྭ་ལེན་པར་ཕྱིན།
56
བོད་ལ་རྩྭ་ཆུ་བཟང་ཞིང་ཁོར་ཡུག་གཙང་བ།
གནམ་གཤིས་ཚ་གྲང་
སྙོམས་པས། དེར་གཏན་སྡོད་བྱས་ཏེ་ཚ་བའི་རོང་དུ་ཕྱིར་ལོག་མ་བྱས། ཡིན་ནའང་།
མ་ཧེས་བོད་ཕྱོགས་ལ་ཁ་ཡར་གཏད་དེ་ཚྭ་རག་རྒྱུའི་རེ་
སྒུག་བྱས་ནས་སྡོད་ཀྱི་ཡོད་པ་རེད།
དེར་བརྟེན། མ་ཧེ་ལ་སྤུ་མེད་པ་དང་གཡག་ལ་སྤུ་བཟང་པོ་ཡོད་པ་དེ་ལྟར་
བྱུང་བ་རེད་ཟེར།
57
སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས། ཚྭ། གཡོར། གྱོན། སྙོམས།
གཉིས་པ། དཔོད་བྲིས་ཐོངས། གཏན་སྡོད་བྱས། གྲོས་འགོ་བཏོན། ངག་རྒྱུན། ཉེ་འབྲེལ། དལ་སྡོད། ས་བབ།
གསུམ་པ། སློབ་ཚན་ལས་ལྡོག་ཕྱོགས་ཚོལ།
ངན་པ། དམའ་པོ། ཚ་བ། བཙོག་པ། བྲེལ་ཟིང་།
བཞི་པ། བརྗོད་པ་ལྷུ་སྒྲིགས།
༡། སྤུ་ གཡག་ལ་ ཡོད། བཟང་པོ་
༢། ནི་ རེད། མ་ཧེ་ ཨ་ཞང་ གཡག་གི་
༣། གནམ་གཤིས་ བོད་ལ་ གྲང་མོ་ ཡོད།
༤། སྤུ་ མ་ཧེས་ གཡར་བ་ གཡག་ལ་ རེད།
༥། སྤུ་ ཉིས་རྩེག་ བོད་དུ་ གྱོན་ནས་ ཚ་བོས་ ཕྱིན།
58
ལྔ་པ། དྲི་བ་རྣམས་ལ་ལན་རྒྱོབ། ༡། གཡག་དང་མ་ཧེ་གཉིས་ཀྱི་འབྲེལ་བ་ག་རེ་ཡིན་ནམ།
༢། མ་ཧེས་གཡག་ལ་སྤུ་གཡར་ནས་རེ་བ་ཅི་ཞིག་བྱས་སམ། ༣། གཡག་ལ་སྤུ་བཟང་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།
༤། གཡག་བོད་ནས་ཕྱིར་མ་ལོག་པའི་རྒྱུ་མཚན་ཅི་ཡིན་ནམ།
དྲུག་པ། པར་རིས་གོང་འོག་གཉིས་ལ་ཁྱད་པར་གང་ཡོད་ངོས་འཛིན་གྱིས།
59
སློབ་ ཚན། ༡༡
དགོང་ཟས་སྐོར་གླེང་བ།
མིང་ཚིག
ཐབ་ཚང་། ཚལ། ཕིང་། ཐུག་པ། ཞོག་ཁོག བག་ལེབ། ལ་ཕུག ཤ ཤ་ཡོད་ཁ་ལག ཤ་མེད་ཁ་ལག རྩམ་པ། བོད་ཇ། མར། ཚྭ། འོ་མ། གསོལ་ཞོ། ལྗགས་ཤེལ། དཀར་ཡོལ། སྡེར་མ། ཐུར་མ། ཧ་ཡང་། སྐྱོགས། ཇ་ཚགས། ཚལ་སླང་། གྲོད་ཁོག་ལྟོགས། ཁ་ལག་བཟོ།
ཁ་ལག་ཟ། ཙོང་། གྲོ་ཞིབ། ཀྲིང་མོག ཉིན་གུང་ཁ་ལག དགའ་ཤོས། སྒོ་ང་། སྣུམ།
60
གླེང་མོལ།
ཨ་ཅག་སྒྲོལ་དཀར་ལགས། ཨ་མ་ལགས་ག་པར་ཕེབས་སོང་། ཨ་མ་ལགས་ཐབ་ཚང་ནང་ལ་འདུག
ཨ་མ་ལགས་ཐབ་ཚང་ནང་ལ་ག་རེ་གནང་གི་འདུག
ཐབ་ཚང་ནང་ལ་དགོང་དྲོའི་ཁ་ལག་གྲ་སྒྲིག་གནང་གི་འདུག
ཁ་ལག་ཤ་ཡོད་དང་ཤ་མེད་ག་རེ་བཟོ་གནང་གི་འདུག
ཤ་མེད་ཁ་ལག་ཞོག་ཁོག་དང་། ཕིང་། འབྲས་བཅས་བཟོ་གནང་གི་ འདུག
དེ་རིང་ཉིན་གུང་ཁྱེད་རང་གིས་ག་རེ་མཆོད་པ་ཡིན།
དེ་རིང་ཉིན་གུང་ངས་བག་ལེབ་དང་ཚལ་བཟས་པ་ཡིན།
ཨ་མ་ལགས་ཀྱིས་དེ་རིང་ཉིན་གུང་ཞལ་ལག་ག་རེ་མཆོད་སོང་།
ཨ་མ་ལགས་ཀྱིས་ཀྱང་བཞེས་བག་དང་བཞེས་ཚལ་མཆོད་གནང་སོང་།
61
པ་ལགས་ཀྱིས་དེ་རིང་ཉིན་གུང་ཞལ་ལག་མཆོད་སོང་ངམ། པ་ལགས་གསོལ་གྲོད་སྙུང་གི་ཡོད་ཙང་། བསྐྱོན་ནས་མཆོད་སོང་།
གསོལ་ཞོ་ལ་ལྗགས་ཤེལ་
སྒྲོལ་དཀར་ལགས། ཁྱེད་རང་གི་ཁ་ལག་དགའ་ཤོས་ག་རེ་ཡིན།
ང་ནི་ལ་ཕུག་ཡོད་པའི་འཐེན་ཐུག་ལ་དགའ་པོ་ཞེ་དྲག་ཡོད། སྙན་ གྲགས་ལགས། ཁྱེད་རང་ཁ་ལག་ག་རེ་ལ་དགའ་པོ་ཡོད། ང་སྤགས་དང་བོད་ཇ་ལ་དགའ་པོ་ཡོད།
62
སྦྱོང་ཚན། དང་པོ། འདེམས་སྐོང་གྱིས།
ཟ་ཁང་ བོད་པའི་ཟ་ཁང་
༡། ནིའུ་ཡོག་ལ་
བཟོ་
དགའ་པོ་
ཁ་ལག་
ཆོལ་གསུམ་ཟ་ཁང་
ཞིག་ཡོད་རེད། ཟ་ཁང་དེའི་མིང་ལ་
ཟེར།
༢། ངས་ནུབ་ཕྱོགས་པའི་ཁ་ལག་བཟོ་ཤེས་ཀྱི་ཡོད། ཡིན་ནའང་། བོད་པའི་ བཟོ་ཤེས་ཀྱི་མེད།
༣། མེ་ཌི་སན་ལ་ཤ་མེད་
༤། ང་ཤ་མེད་ཁ་ལག་ཟ་རྒྱུར་ ལག་
མང་པོ་ཡོད་རེད།
ཤེས་ཀྱི་མེད།
ཡོད་ཀྱང་། ཤ་མེད་ཁ་
གཉིས་པ། སློབ་ཕྲུག་ཕན་ཚུན་དབར་དྲི་བ་དྲིས་ལན་བྱེད་དགོས། ༡། ཁྱེད་རང་ཁ་ལག་ག་རེ་ལ་དགའ་པོ་ཡོད།
༢། ཁྱེད་རང་གི་ཁ་ལག་དགའ་ཤོས་དེ་ག་རེ་ཡིན།
༣། ནམ་རྒྱུན་ཁྱེད་རང་ཚོས་ཞལ་ལག་ག་རེ་མཆོད་ཀྱི་ཡོད།
63
༤། ཁྱེད་རང་གི་པ་ལགས་དང་ཨ་མ་ལགས་ཀྱི་ཞལ་ལག་མཉེས་ཤོས་དེ་ག་རེ་རེད། ༥། བོད་ཇ་བཟོ་བ་ལ་ག་རེ་ག་རེ་དགོས་ཀྱི་ཡོད་རེད།
༦། ཁྱེད་རང་གིས་ཁ་ལག་ག་རེ་ག་རེ་བཟོ་ཤེས་ཀྱི་ཡོད།
༧། དེ་རིང་ཞོགས་པ་ཁྱེད་རང་གིས་ག་རེ་བཟས་པ་ཡིན།
༨། ནམ་རྒྱུན་ཁྱེད་རང་གིས་ཁ་ལག་མང་ཤོས་ག་རེ་ཟ་ཡི་ཡོད།
༩། ཁྱེད་རང་ཁ་ལག་ཤ་ཡོད་དང་ཤ་མེད་ག་རེ་ལ་དགའ་པོ་ཡོད།
གསུམ་པ། གཤམ་གྱི་རི་མོར་བལྟས་ནས་ཚིག་སྒྲུབ་རེ་བྲིས།
64
སློབ་ ཚན། ༡༢
ཕལ་སྐད་དང་ཞེ་ས། ཕལ་སྐད།
ཞེ་ས།
ཕལ་སྐད།
རྣ་ཅོག
སྙན་ཅོག
མིག
སོ།
ཚེམས།
ལྕེ།
ལྗགས།
རྐང་པ།
ཞབས།
སྐེ།
མགུལ།
མགོ།
སྣ་ཁུག སེམས།
དབུ།
ཤངས།
སྐྲ།
དབུ་སྐྲ།
ཁ།
ཞལ།
ཐུགས།
ལག་པ།
གདོང་།
ཞལ་རས།
གཟུགས་པོ།
སྐེད་རགས།
སྐུ་རགས།
ཕྲེང་བ།
ཕྱག་བྲིས།
ངོ་ཤེས་པ།
གོས། ཇ།
ཡི་གེ།
ན་བཟའ།
གསོལ་ཇ།
65
ཞེ་ས།
སྤྱན། ཕྱག
སྐུ་གཟུགས།
ལྷམ།
ཞབས་ཕྱགས།
ཁ་ཏོག
བཞེས་ཏོག
ཕྱག་ཕྲེང་།
ཞལ་ཚོར་བ།
དགའ་པོ། ལས་ཀ ལྟ་བ།
བསམ་དོན། རྩམ་པ།
མཉེས་པོ།
ཐུག་པ།
ཕྱག་ལས།
བཤད་པ།
གསུངས་པ།
གཤིས་ཀ
ཐུགས་གཤིས།
གཟིགས་པ།
ལངས་པ།
གསོལ་ཞིབ།
ཀ་ར།
དགོངས་དོན།
མཇལ་བ།
ནང་སྦྱོང་།
བཞེངས་པ།
ལྗགས་ཤེལ།
ཀ ཕལ་སྐད་རྣམས་ཀྱི་ཞེ་ས་བྲིས། ལངས་པ།
ཐུག་པ།
ངོ་ཤེས་པ།
ལྟ་བ།
ཁ། ཞེ་ས་རྣམས་ཀྱི་ཕལ་སྐད་བྲིས། མགུལ། ག
ཐུགས།
ཕྱག སྤྱན།
ཚེམས། དབུ།
གཤིས་ཀ
བསམ་དོན། ཤངས།
བཤད་པ། ལས་ཀ ཞལ།
ཞབས་ཕྱགས། ཕྱག་བྲིས།
སློབ་ཕྲུག་ཚོས་ཕ་མ་ལ་བཀའ་འདྲི་ཞུས་ཏེ་ཟས་རིགས་དང་། སོགས་ཀྱི་མིང་ཉི་ཤུ་ཐམ་པའི་ཞེ་ས་བྲིས།
66
ཞབས།
ན་བཟའ།
ནང་ཆས་
བོད་སྐད་གླེང་མོལ། མཚན་ལ་ག་རེ་ཞུ། / ག་པར་བཞུགས། / བོད་སྐད་བསྐྱོན། / གསུང་གནང་གི་ འདུག / ཐུགས་སྣང་གནང་། / ག་པར་ཕེབས། / བཏང་གནང་བ་རེད། ཁྱེད་ཀྱི་མཚན་ལ་ག་རེ་ཞུ་ཡི་ཡོད།
ངའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད། ངའི་མིང་ལ་ཕུར་བུ་ཟེར་གྱི་ཡོད།
ཁྱེད་རང་བཞུགས་ས་ག་པར་རེད།
ང་སྡོད་ས་ཨ་རི་རེད། ཁྱེད་ག་པར་བཞུགས་ཀྱི་ཡོད།
ང་རྒྱ་གར་ལ་སྡོད་ཀྱི་ཡོད། ཁྱེད་རང་འདིར་བཞུགས་མཁན་ཡིན་ན་ཡང་། བོད་སྐད་ཡག་པོ་སྐྱོན་གནང་སོང་།
ཐུགས་རྗེ་ཆེ།
ཁྱེད་རང་གིས་བསྲེས་ལྷད་མེད་པར་བོད་སྐད་གཙང་མ་སྐྱོན་གནང་གི་
འདུག དེ་ཇི་ལྟར་སྦྱངས་པ་ཡིན་ནམ།
67
ཕ་མ་གཉིས་ཀྱིས་ང་བོད་ཀྱི་མཐོ་སློབ་ཅིག་ལ་བོད་ཡིག་སྦྱོང་དུ་བཏང་
གནང་བའི་བཀའ་དྲིན་གྱིས་རེད།
ཨ་ལས། ཁྱེད་རང་ལ་གོ་སྐབས་དེ་འདྲ་ཐོབ་པ་བསོད་ནམས་ཆེན་པོ་
རེད།
ལགས་རེད། ངས་རྒྱུན་དུ་བོད་སྐད་གཙང་མ་ཤོད་རྒྱུར་འབད་བརྩོན་
བྱས་པ་ཡིན་ལ། ཕ་མ་སྤུན་མཆེད་ཚོས་ཀྱང་ང་ལ་བོད་སྐད་མ་གཏོགས་ གསུང་གནང་གི་མ་རེད།
ཁྱེད་ཀྱིས་བོད་སྐད་ལ་ཐུགས་སྣང་གནང་བ་དེ་ཧ་ཅང་ཡག་པོ་རེད།
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་སྦྱོང་གི་ཡོད་ལ། བོད་
པས་བོད་སྐད་ཤེས་དགོས། བོད་པས་བོད་སྐད་མ་ཤེས་ན་ངོ་ཚ་མ་རེད་ དམ།
བདེན་པ་རེད། ང་ཚོས་ངེས་པར་དུ་བོད་སྐད་ཚད་ལྡན་ཞིག་སྐྱོན་ཐུབ་པ་
གནང་དགོས།
ད་ལྟ་ཁྱེད་རང་ག་པར་ཕེབས་མཁན་ཡིན་ནམ།
ང་ཕྱིར་རྒྱ་གར་ལ་ལོག་འགྲོ་མཁན་ཡིན།
68
ཨ་ལས་་་། ང་ཡང་རྒྱ་གར་ལ་འགྲོ་མཁན་ཡིན། ངེད་གཉིས་གནམ་གྲུ་
གཅིག་ཡིན་པ་འདྲ། མཉམ་དུ་ཕེབས་ཆོག་གི་རེད།
ལགས་རེད།
69
སློབ་ ཚན། ༡༣ ཚིག་ཕྲད།
འབྲེལ་སྒྲ། གི་ཀྱི་གྱི་འི་ཡི་ལྔ་པོ། །
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །
ཞེས་པ་ནི། གི་ཀྱི་གྱི་འི་ཡི་ཕྲད་ལྔ་པོ་འཇུག་ཡུལ་རྗེས་འཇུག་གི་རྗེས་སུ་
སྦྱར་ན་མིང་དོན་ཕན་ཚུན་འབྲེལ་བ་ཙམ་སྟོན་པས་ན་འབྲེལ་སྒྲ་ཞེས་ཟེར། སྦྱོར་ཚུལ།
སྦྱོར་ཚུལ་ན་མ་ར་ལ་གྱི༷། ། ད་བ་ས་ཀྱི༷་ག་ང་གི༷། །
འ་དང་མཐའ་མེད་འི༷་དང་ཡི༷། །
ཞེས་པ་ལྟར། འབྲེལ་སྒྲའི་ཕྲད་ལྔ་པོ་དེ་རྣམས་རྗེས་འཇུག་གང་གི་རྗེས་སུ་
སྦྱོར་ཚུལ་ནི།
70
རྗེས་འཇུག
ཕྲད།
ད་བ་ས་
ཀྱི་
ན་མ་ར་ལ་
གྱི་
ག་ང་
གི་
འ་
དཔེར་བརྗོད། རྗེས་འཇུག ན
མ ར
ལ
འི་ / ཡི་
མཐའ་མེད་
ཕྲད། གྱི
འི་ / ཡི་
དཔེར་བརྗོད།
དགེ་རྒན་གྱི༷་བཀའ་སློབ། བསྟན་འཛིན་གྱི༷་ཕྱུ་པ། དོམ་གྱི༷་སྤུ། ཡབ་ཡུམ་གྱི༷་མཚན།
རྒྱ་གར་གྱི༷་ཁ་ལག མིག་དམར་གྱི༷་འབྲི་དེབ། བལ་གྱི༷་སྟོད་ཐུང་། སྟོབས་རྒྱལ་གྱི༷་དཔེ་ཆ།
71
རྗེས་འཇུག
ཕྲད།
བ
ཀྱི
རྗེས་འཇུག
ཕྲད།
ད
ས
ག ང
རྗེས་འཇུག འ
མཐའ་མེད།
གི
ཕྲད།
འི་/ ཡི་
དཔེར་བརྗོད།
བོད་ཀྱི༷་ཡུལ་ལྗོངས། ལེགས་བཤད་ཀྱི༷་ཞྭ་མོ། དོན་གྲུབ་ཀྱི༷་དཔེ་ཁུག ཁབ་ཀྱི༷་རྩེ།
གོས་ཀྱི༷་རི་མོ། བསོད་ནམས་ཀྱི༷་སྨྱུ་གུ། དཔེར་བརྗོད།
གཡག་གི༷་རྭ་ཅོ། དབང་ཕྱུག་གི༷་མིག་ཤེལ། ཤིང་གི༷་ལོ་མ། ངག་དབང་གི༷་ཁ་པར། དཔེར་བརྗོད།
ཀུན་དགའི༷་གྲོགས་པོ། ཀུན་དགའ་ཡི༷་གྲོགས་པོ། ངའི༷་ལག་པ། ང་ཡི༷་ལག་པ།
72
སྦྱོང་ཚན། དང་པོ། འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་བློ་འཛིན་གྱིས། གཉིས་པ། འབྲེལ་སྒྲའི་ཕྲད་གང་དག་ཡིན་ནམ། གསུམ་པ། གཤམ་གྱི་བར་སྟོང་རྣམས་སུ་འབྲེལ་སྒྲའི་ཕྲད་སྦྱོར། གཡག་
སྤུ།
གཞན་
སྐད་ཆ།
ཤིང་
ལོ་མ།
གནམ་
སྐར་མ།
ཀུན་དགའ་ འཇའ་ཚོན་ གསེར་
བོད་
ལྷ་ས་
རྒྱ་གར་
སློབ་གྲྭ
ཐིག་ཤིང་།
རྩེ་མོ།
ཐབ་
མེ།
དངུལ་
མཆོད་ཀོང་།
སྒྲོལ་མ་
མདོག
གོས་
རྣ་ལོང་།
གྲོགས་པོ འོད་
རྩ་ཆེ་
སྲོག་ཆགས།
མི་མང་
འཚོ་བ།
མཁས་པ་
ཤེས་ཡོན་
སྨྱུ་གུ་
ལོ་རྒྱུས།
73
གནས་སྟངས།
སྣག་ཚ།
གོང་བ།
བརྩེ་བ།
མདངས།
བཞི་པ། ཕྲད་སྦྱོར་ཚུལ་ནོར་བཅོས་བྱོས། དོམ་གི་སྤུ།
རྒྱ་གར་ཀྱི་ལུགས་སྲོལ།
རྣམ་རྒྱལ་ཡི་ལག་པ།
ཕག་གྱི་མཇུག་མ།
མགོ་གི་སྐྲ།
གདོང་ཡི་གཉེར་མ།
གོས་ཆེན་གི་ཕྱུ་པ། ལྔ་པ། བྱེད་སྒོ།
འོད་གྱི་མདངས།
དོན་གྲུབ་གྱི་དཔེ་ཁུག
འཛིན་གྲོགས་རྣམས་ཀྱི་མིང་དང་སྦྱར་ནས་འབྲེལ་སྒྲའི་དཔེར་བརྗོད་བྲིས།
74
སང་ཉིན་ད་དུང་སང་ཉིན་གྱི་བྱ་བ་ཡོད།
སློབ་ ཚན། ༡༥
ཚིག་གསར།
ཚ་སོབ་སོབ། རྐྱལ་རྫིང་། སྔོ་ཐིང་ངེར། ལྗང་ལྡེམ་ལྡེམ། ཆུ་རྐྱལ། ཚ་གི་ཚི་གེ། གནམ་གཤིས། ཡུད་ཙམ། གྲང་བསིལ་བསིལ། མིག་ཅེ་རེ། བློ་རྩེ་གཅིག་སྒྲིམ།
ད་གཟོད། འཇམ་ཐིང་ཐིང་། དགའ་སྤྲོ། དགོད་སྒྲ།
ཚ་སོབ་སོབ་ཀྱི་དབྱར་ཁའི་ཉིན་ཞིག་ལ། རྣམ་གྲོལ་དང་། ཚེ་རིང་། ངག་
ཆུང་བཅས་འཛིན་ཁང་གི་ནང་དུ་སྦྱོང་ཚན་བྲིས་ནས་བསྡད།
སློབ་གྲྭའི་ཉེ་འགྲམ་གྱི་རྐྱལ་རྫིང་གི་ཆུ་སྔོ་ཐིང་ངེར་ཡོད་ལ། རྫིང་བུའི་འགྲམ་
གྱི་ལྕང་སྡོང་ལྗང་ལྡེམ་ལྡེམ་དང་། སྡོང་མགོའི་བྱ་དང་བྱིའུ་ཡི་སྐད་ཧ་ཅང་སྙན། ཕྲུ་
གུ་ཁ་ཤས་རྐྱལ་རྫིང་ནང་ཤག་ཤག་ཏུ་ཆུར་རྐྱལ་བཞིན་ཡོད་པ་རྣམ་གྲོལ་གྱིས་ མཐོང་ནས། ཁོང་ཆུར་རྐྱལ་འདོད་དེ་ཚ་གི་ཚི་གེར་གྱུར་ནས། གྲོགས་པོ་ཚོ། དེ་
75
རིང་གི་གནམ་གཤིས་ཧ་ཅང་ཚ་པོ་འདུག ང་ཚོ་ཆུར་རྐྱལ་དུ་སོང་ན་མ་རེད་དམ། ཞེས་བཤད།
ཚེ་རིང་གིས། ད་དུང་དེ་རིང་གི་ནང་སྦྱོང་བྲིས་མ་ཚར་བས། ཅུང་ཟད་ཀྱི་
རྗེས་ལ་འགྲོ། ཞེས་བབ་ཆགས་ཀྱིས་བཤད། ཡུད་ཙམ་གྱི་རྗེས་ལ།
རྣམ་གྲོལ་གྱིས།
ད་དངོས་གནས་ཚ་བས་ཚིག་
བྱུང་། ང་ཚོ་ལྕང་སྡོང་གི་འོག་ཏུ་ཕྱིན་ནས། གཟུགས་པོ་གྲང་བསིལ་བསིལ་ཆགས་
ན། ལམ་སང་ཕྱིར་ཡོང་ནས་བྲིས་ན་མི་འགྲིག་གམ། ཞེས་བཤད།
ངག་ཆུང་གིས། དེ་རེད། དངོས་གནས་ཚ་བས་ཚིག་སོང་། ཞེས་བཤད།
ཚེ་རིང་གིས་མགོ་བོ་ཡར་བཀྱགས་ཏེ་ཁོ་གཉིས་ལ་མིག་ཅེ་རེར་ལྟ་བཞིན།
མི་འགྲིག ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ནང་སྦྱོང་བྲིས་ཚར་ན། ད་གཟོད་འགྲོ།
ཞེས་བཤད།
རྣམ་གྲོལ་གྱིས། དེ་རིང་གི་ནང་སྦྱོང་ད་ལྟ་བྲིས་མ་ཚར་ནའང་། སང་ཉིན་
གྱི་དུས་ཚོད་ལ་བྲིས་ན་མི་འགྲིག་གམ། ཞེས་བཤད།
ཚེ་རིང་གིས། སང་ཉིན་ད་དུང་སང་ཉིན་གྱི་བྱ་བ་ཡོད། ཅེས་བཤད།
དེ་ནས་ཁོ་ཚོ་ཚང་མས་འཇམ་ཐིང་ཐིང་ངང་ནང་སྦྱོང་བྲིས་པས། དུས་ཡུན་
76
རིང་པོ་མ་འགོར་བར་ནང་སྦྱོང་ཆ་ཚང་བྲིས་ཚར་བ་རེད།
ཚེ་རིང་གིས། ད་ཆུར་རྐྱལ་དུ་འགྲོ། ཞེས་བཤད་པ་དང་།
རྣམ་གྲོལ་གྱིས་དགའ་སྤྲོ་ཡི་ངང་སྐད་རྒྱག་བཞིན། འགྲོ་་་ འགྲོ་་་ ད་ང་ཚོ་
ཆུར་རྐྱལ་དུ་འགྲོ། ཞེས་བཤད་དེ། ཁོང་ཚོ་དགའ་བའི་དགོད་སྒྲ་དང་བཅས་རྐྱལ་ རྫིང་གི་ཕྱོགས་སུ་བརྒྱུགས་ནས་སོང་ངོ་། །
སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས། ཆུ་རྐྱལ། རྐྱལ་རྫིང་། ཚ་བ། སང་ཉིན། ནང་སྦྱོང་། བྲིས། དགོད་སྒྲ།
གཉིས་པ། དྲི་བར་ལན་ཐོབས། ༡
༢
རྣམ་གྲོལ་གྱི་གཤིས་ཀ་ག་འདྲ་ཞིག་འདུག་གམ། ཚེ་རིང་མི་ག་འདྲ་ཞིག་འདུག་གམ།
༣ ཉིན་རེ་རེའི་ལས་ཀ་བསྒྲུབ་མ་ཐུབ་ན་ག་རེ་ཡོང་ངམ། ༤ སྒྲུང་ནང་གི་ནམ་དུས་གང་རེད་དམ།
77
༥
སློབ་ཕྲུག་གསུམ་པོས་ཅི་ཞིག་བྱེད་བཞིན་ཡོད་དམ།
གསུམ་པ། གཤམ་གྱི་རྒྱན་ཚིག་རྣམས་ངག་ལ་བྱང་བར་གྱིས། ཚ་སོབ་སོབ། ཚ་གི་ཚི་གེ། སྔོ་ཐིང་ངེར། ལྗང་ལྡེམ་ལྡེམ། བློ་རྩེ་གཅིག་སྒྲིམ། གྲང་བསིལ་བསིལ། འཇམ་ཐིང་ཐིང་། མིག་ཅེ་རེ།
བཞི་པ། སློབ་ཚན་ལས་འབྲེལ་སྒྲའི་དཔེར་བརྗོད་བཅུ་ཟུར་འདོན་གྱིས། ལྔ་པ། དེ་རིང་གི་བྱ་བ་སང་ཉིན་ལ་བཞག་ན་གནས་ཚུལ་གང་འབྱུང་ངམ། རང་ གི་བསམ་ཚུལ་ཁ་ཤས་ཤིག་བྲིས།
78
ཚིག་ཕྲད། ཞིང་སོགས།
སློབ་ ཚན། ༡༦
རྗེས་འཇུག་ང་ན་མ་འ་ར་ལ་དྲུག་དང་། མཐའ་མེད་བཅས་ལ་ཚིག་ཕྲད་ ཞིང་། ཞེས། ཞིག་སྦྱོར་དགོས །
དཔེར་ན།
སློབ་ཕྲུག་ཚོས་གཞས་བཏང་ཞིང་བྲོ་འཁྲབ་པ་རེད། ཁོང་གཉིས་སེམས་པ་མཐུན་ཞིང་འཆམ་པོ་ཡོད།
དགེ་རྒན་གྱིས་ང་ལ་སེམས་མ་ཕམ་ཞེས་གསུངས་བྱུང་། འདུག
ཨ་མ་ལགས་ཀྱིས་ཁྱེད་རང་ཆུང་དུས་རྩེད་མོ་ལ་དགའ་ཞེས་གསུང་གི་ ངས་སྦྲུལ་ཞིག་མཐོང་བྱུང་། ཁོང་གིས་ཁྲོམ་ནས་མར་ཞིག་ཉོས་སོང་། མཚོ་མོས་ནམ་མཁའ་ལ་བྱ་ཞིག་འཕུར་བ་མཐོང་། ལྟ་བུ་དང་།
79
རྗེས་འཇུག་ག་ད་བ་གསུམ་དང་། ད་དྲག་གམ་ཡང་འཇུག་ད་བཅས་ལ་ཚིག་
ཕྲད་ཅིང་། ཅེས། ཅིག་སྦྱོར་དགོས། དཔེར་ན།
ཤིང་མཁན་གྱིས་ཤིང་སྡོང་བཅད་ཅིང་དུམ་བུར་གཏུབས། རི་བོ་ཧི་མཱ་ལ་ཡ་བརྗིད་ཅིང་མཐོ་ལ་ཧ་ཅང་མཛེས།
ཕ་མས་གུང་སེང་ལ་ཤོག་ཅེས་ཁ་པར་འབྱོར་བྱུང་།
ཁོང་གི་འབྲི་དེབ་ནང་བོད་རྒྱལ་ཁབ་ཅེས་པའི་ཡི་གེ་བྲིས་འདུག ཤིང་ནགས་ནང་སྟག་ཅིག་འདུག ལྟ་བུ་དང་།
རྗེས་འཇུག་སའི་རྗེས་སུ་ཚིག་ཕྲད་ཤིང་། ཤིག་སྦྱོར་དགོས།
དཔེར་ན།
ཁོང་གིས་སྒྲུང་དེབ་ཅིག་ཉོས་ཤིང་ཡང་ཡང་བཀླགས།
ང་ཚོའི་སློབ་གྲྭའི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོ ང་བ་ཡོད།
འཛིན་གྲོགས་ཤིག་གི་སྨྱུ་གུ་བརླགས་ནས་མ་རྙེད།
གནམ་གཤིས་སྐྱིད་པའི་དུས་ཤིག་ལ་ང་ཚོས་གླིང་ག་བཏང་བ་ཡིན།
80
སྦྱོང་ཚན། དང་པོ། ཚིག་ཕྲད་མ་ནོར་བར་འདེམས་སྐོང་གྱིས། རིང་།
སྒྲུང་སྙན་
དགེ་བཤེས་
འཇིགས་
མཐོ།
རི་བོ་བརྗིད་
མི་
ཞིང་། ཅིང་། ཤིང་།
ཞིག ཅིག ཤིག
གིས་དགེ་རྒན་ལ་ཞུས།
ཁྱེད་རང་སུ་ཡིན་
ཁོང་དཔའ་བོ་རེད་
འདུག
དྲིས།
ཟེར།
ལྟད་མོ་
ཚིག་ཕྲད་
ཞེས། ཅེས།
ཁོང་བོད་པ་རེད་
སྐྲག
མཐོང་།
ནོར་འདུག བཤད།
གཉིས་པ། ཚིག་ཕྲད་ནོར་བཅོས་བྱོས། དྭངས་ཞིང་གསལ་བའི་མཚོ། སྟག་ལ་འཇིགས་ཅིང་སྐྲག་ནས་ཨ་མ་བོས། ཁོང་བོད་པར་དགའ་ཅེས་བཤད།
སྤུས་ཀ་བཟང་ཅིང་རིན་གོང་ཆེ།
81
ང་ཚོ་ཡ་རབས་སྤྱོད་བཟང་ལྡན་པའི་མི་རིགས་ཞིག་ཡིན། ཁོང་མི་སྙིང་སྟོབས་ཅན་ ཅིག་རེད།
གསུམ་པ། ཚིག་ཕྲད་རྣམས་བེད་སྤྱད་ནས་ཚིག་སྒྲུབ་གང་ཐུབ་བཟོས། ཞིང་།
ཅིང་།
ཤིང་། ཞིག ཅིག
ཤིག
ཞེས། ཅེས།
82
སྤྲེའུས་ཟས་འཚོལ་བ།
སློབ་ ཚན། ༡༧
སྤྲེའུ་ཞིག་རི་འདབས་སུ་ཟས་འཚོལ་དུ་ཕྱིན་ཅིང་། ཁོ་སོང་སོང་བ་ན། མ་རྨོས་ ལོ་ཏོག་གི་ཞིང་ཁ་ཞིག་ཏུ་སླེབས། རིང་ ཞིང་སྦོམ་པའི་མ་རྨོས་ལོ་ཏོག་གི་འབྲས་ བུ་མཐོང་བ་དང་།
སེམས་དགའ་ཞིང་།
མ་རྨོས་ལོ་ཏོག་ཅིག་བཀོག་སྟེ་ཁུར་ནས་ སོང༌།
ཁོ་སོང་སོང་བ་ན།
ཁམ་བུ་ཡི་
ལྡུམ་ར་ཞིག་ཏུ་འབྱོར། དམར་ཞིང་ཟླུམ་པའི་ཁམ་བུ་ཡིས་ལྡུམ་ར་ཁེངས་ཤིང་། མཐོང་བ་ཙམ་གྱིས་ཟ་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་ཏེ། ཨ་ཙི་ཙི་... ཟེར་ནས། མ་རྨོས་ལོ་ཏོག་ཕར་གཡུགས་ཏེ། ཁམ་བུ་བཏོགས་ཤིང་བཟས་པ་རེད།
83
སྤྲེའུ་ཡིས་ཁམ་བུ་འགའ་ཤས་ཤིག་ཁྱེར་ནས་འགྲོ་སྐབས།
ལྗང་ཞིང་
འཇོང་བའི་ཆུ་ག་གོན་མང་པོ་ཡོད་པའི་ཞིང་ཁ་ཞིག་ཏུ་འབྱོར། ཁོ་སེམས་པ་ཧ་
ཅང་དགའ་སྟེ། ཨ་ཧ་ཧ་... ཟེར་ནས། ཁམ་བུ་བསྐྱུར་ཏེ་ཆུ་ག་གོན་དེ་བཅད།
སྤྲེ འུ ་ཡི ས ་ཆུ་ག་གོ ན ་ཞི ག ་བཀྱགས་ཏེ ་ ནང་དུ་སྐྱོད་པའི ་ ལམ་བར་དུ།
དཀར་ཞིང་གཙང་བའི་རི་བོང་ཞིག་ས་མཆོངས་གནམ་མཆོངས་བྱེད་བཞིན་འགྲོ་
བ་མཐོང༌ནས། སེམས་པ་དགའ་ཐག་ཆོད་དེ། ཨ་ལ་ལ་... འདི་འདྲའི་སྙིང་རྗེ་བ་
84
ལ། ཞེས་ཟེར་བཞིན། ཆུ་ག་གོན་དོར་ནས་རི་བོང་གི་རྗེས་སུ་བསྙེགས།
རི་བོང་དཀར་ཆུང་ཤིང་ནགས་ཀྱི་ནང་དུ་བྲོས་ནས་མཐོང་རྒྱུ་མེད་པར་
གྱུར། སྐབས་དེར་ཉི་མ་ཡང་ནུབ་པས། སྤྲེའུ་ཡི་མུག་སྟེ། ང་ལས་ཐབས་སྐྱོ་བ་ ཞིག་གང་ན་འདུག ཅེས་ལག་པ་སྟོང་པར་ངུ་བཞིན་ཕྱིར་ནང་དུ་ལོག་གོ །
85
སྦྱོང་ཚན། དང་པོ། ཡང་ཡང་ཀློགས།
རིང་ཞིང་སྦོམ་པ། དམར་ཞིང་ཟླུམ་པ། ལྗང་ཞིང་འཇོང་བ། དཀར་ཞིང་གཙང་བ། མ་རྨོས་ལོ་ཏོག་ ཁམ་བུ་འགའ་ཤས་ ཅིག་བཀོག
ཆུ་ག་གོན་ཞིག་
ཤིག་བཏོགས།
བཅད།
རི་བོང་དཀར་ཆུང་
གཉིས་པ། ཕན་ཚུན་མཐུད་ནས་ཚིག་སྒྲུབ་བཞི་བཟོས། དཀར་ཞིང་གཙང་བའི་
དམར་ཞིང་ཟླུམ་པའི་
ལྗང་ཞིང་འཇོང་བའི་
རིང་ཞིང་སྦོམ་པའི་
བྲོས།
མ་རྨོས་ལོ་ཏོག་
ཆུ་ག་གོན་
རི་བོང་
ཁམ་བུ་
གསུམ་པ། བརྗོད་པ་དང་མཐུན་པའི་མིང་ཚིག་རེ་སྦྱོར། སྔོ་ཞིང་བསང་བའི་
དགའ་ཞིང་གུས་པའི་
བརྟག་ཅིང་དཔྱད་པའི་
བོད་ཅེས་པའི་
མཛེས་ཤིང་ཡིད་དུ་འོ ང་བའི་
བརྟན་ཅིང་བརླིང་བའི་
86
བཏོགས།
མཆོངས།
བཀོག
བཅད།
ལྔ་པ། རི་མོར་བལྟས་ནས་འོག་གི་རེའུ་མིག་མཐུན་སྦྱོར་བྱེད་དགོས། ད་ཏྲིག གསོམ་ཤིང་།
བེ་ཏའི་སྡོང་པོ།
ནེ་ཙོ་
ཏ་ལའི་ཤིང་།
ཨ་མྲའི་སྡོང་པོ།
བེ་ཏའི་སྡོང་པོའི་
སྐོར་བ་བརྒྱབ་
ཏ་ལའི་ཤིང་གི་
ཁྲོད་
གསོམ་ཤིང་གི་
ད་ཏྲིག་སྡོང་པོ་ལ་
འོག་
གསེང་
ཨ་མྲའི་སྡོང་པོའི་
ད་ཏྲིག་ནི་ཨིམ་ལི་ཡི་མིང་།
སྟེང་
87
ནས་ དུ་
འཕུར།
བབས།
སློབ་ ཚན། ༡༨
སྐྱབས་འགྲོ།
སངས་རྒྱས་དཀོན་མཆོག་དང་།
ཆོས་དཀོན་
མཆོག དགེ་འདུན་དཀོན་མཆོག་བཅས་ནི་སྐྱབས་ གནས་དཀོན་མཆོག་གསུམ་ཡིན།
དེ་ཡང་དགེ་སྡིག་གི་བླང་དོར་སྟོན་པ་པོ་ནི་སངས་ རྒྱས་དཀོན་མཆོག་ཡིན། དཔེར་ན། སྨན་པ་ལྟ་བུ།
དེས་བསྟན་པའི་དགེ་བ་ཉམས་སུ་ལེན་པ་དང་སྡིག་
པ་སྤོང་བའི་ལམ་ནི་ཆོས་དཀོན་མཆོག་ཡིན། དཔེར་
ན། སྨན་ལྟ་བུ། སྡིག་པ་སྤོང་ཞིང་དགེ་བ་བསྒྲུབ་པར་རོགས་པ་བྱེད་མཁན་ནི་དགེ་ འདུན་དཀོན་མཆོག་ཡིན། དཔེར་ན། ནད་གཡོག་ལྟ་བུའོ།། སྐྱབས་སུ་འགྲོ་སྟངས་ལའང་གསུམ་ཡོད།
འགྲོ་སྟངས་དང་།
སྟངས་གསུམ་ཡོད།
དེ་དག་ནི་ལུས་ཀྱི་སྐྱབས་སུ་
ངག་གི་སྐྱབས་སུ་འགྲོ་སྟངས།
ཡིད་ཀྱི་སྐྱབས་སུ་འགྲོ་
ལུས་ཀྱིས་ཕྱག་འཚལ་བ་ནི་ལུས་ཀྱི་སྐྱབས་སུ་འགྲོ་སྟངས་དང་།
ངག་
ནས་སྐྱབས་འགྲོ་འདོན་པ་ནི་ངག་གི་སྐྱབས་སུ་འགྲོ་སྟངས། སངས་རྒྱས་ཀྱི་སྐུ་
88
འདྲ་དང་། ཕྱག་དཔེ། དགེ་འདུན་རྣམས་སྐྱབས་གནས་དངོས་ཡིན་བསམ་པའི་
ཐོག་ནས་དད་པ་བརྟན་པོ་བྱེད་པ་དེ་ཡིད་ཀྱི་སྐྱབས་སུ་འགྲོ་སྟངས་ཡིན་པས། གཙོ་བོ་ཡིད་ཀྱི་སྐྱབས་སུ་འགྲོ་སྟངས་གལ་ཆེ་ཤོས་ཡིན། མདོར་ན།
སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་མནར་
ཚུལ་བསམས་ནས་འཁོར་བ་ལ་འཇིགས་ཤིང་སྐྲག་པའི་བློ་དང་། དེ་ལས་སྐྱོབ་
པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོས། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། དེ་ནི་ནང་པ་ སངས་རྒྱས་པའི་བསྟན་པའི་འཇུག་སྒོ་ཡིན།
དཔེར་ན། ཕྲུ་གུ་ལོ་ལྔ་དྲུག་ཙམ་ལ་སོན་པ་ཞིག ཁྱི་གཏུམ་པོ་ཞིག་གིས་
འདེད་པའི་སྐབས། ཕྲུ་གུ་དེ་ཁྱི་དེ་ལ་ཤིན་ཏུ་འཇིགས་ཤིང་སྐྲག་ནས། དེ་ལས་ སྐྱོབ་པའི་ནུས་པ་ཕ་མ་ལ་ཡོད་པའི་ཡིད་ཆེས་བརྟན་པོས། རེ་བ་ཤུགས་ཆེན་པོ་ བྱེད་པ་དང་འདྲ་བ་ཡིན་ནོ། །
སངས་རྒྱས་ནི། སྐྱབས་སྟོན་པ་པོའམ་ལམ་སྟོན་མཁན་ཡིན། ཆོས་ནི། སྐྱབས་དངོས་ཡིན།
དགེ་འདུན་ནི། སྐྱབས་སྒྲུབ་པའི་ཟླ་གྲོགས་སམ། མིག་དཔེ་ལྟ་ས་ཡིན།
89
སྦྱོང་ཚན། དང་པོ། དྲི་བར་ལན་བྲིས།
༡། སྐྱབས་གནས་དཀོན་མཆོག་གསུམ་གང་དང་གང་ཡིན་ནམ། ༢། ལུས་ཀྱིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ། ༣། ངག་གིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ།
༤། ཡིད་ཀྱིས་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་ནམ། ༥། སྐྱབས་འགྲོའི་རྒྱུ་གཉིས་གང་ཡིན་ནམ།
གཉིས་པ། མཐུན་སྦྱོར་གྱིས། གཡོན།
གཡས།
སྐྱབས་སྟོན་པ་པོ་ནི་
དཀོན་མཆོག་གསུམ་ཡིན།
སྐྱབས་སྒྲུབ་པའི་ཟླ་གྲོགས་ནི་
ཆོས་དཀོན་མཆོག་ཡིན།
སྐྱབས་དངོས་ནི་
སྐྱབས་འགྲོ་ཡིན།
ནང་པའི་འཇུག་སྒོ་ནི་ སྐྱབས་གནས་ནི་
སངས་རྒྱས་དཀོན་མཆོག་ཡིན།
90
དགེ་འདུན་དཀོན་མཆོག་ཡིན།
གསུམ་པ། ཡང་ཡང་ཀློགས།
སངས་རྒྱས་ཆོས་དང་དགེ་འདུན་ཏེ། ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །
91
སློབ་ ཚན། ༡༩
དགེ་བ་དང་མི་དགེ་བ།
སྤྱིར་གོ་བདེ་པོའི་སྒོ་ནས་བཤད་ན། གཞན་ལ་གནོད་མ་བསྐྱལ་པར་ཕན་
འདོགས་པ་དེ་ལ་དགེ་བ་དང་། གཞན་ལ་ཕན་པ་མ་བསྒྲུབས་པར་གནོད་སྐྱེལ་བ་
དེ་ལ་མི་དགེ་བ་ཟེར་བ་ཡིན། དེར་བརྟེན་༸གོང་ས་མཆོག་གིས། གཞན་ལ་ཕན་ མ་ཐོགས་ཀྱང་། གནོད་མ་སྐྱེལ། ཞེས་ང་ཚོ་ལ་ལམ་སྟོན་བཀའ་སློབ་གནང་ཡོད།
ནང་ཆོས་ནས་གསུངས་ན། འབྲས་བུ་བདེ་བ་འབྱུང་བའི་ལས་ལ་དགེ་བ་
དང་། འབྲས་བུ་སྡུག་བསྔལ་འབྱུང་བའི་ལས་ལ་མི་དགེ་བ་ཟེར། མདོར་བསྡུས་ ན། མི་དགེ་བ་བཅུ་དང་དགེ་བ་བཅུའི་ནང་འདུས་པ་ཡིན། དེ་དག་འབྱུང་བའི་སྒོ་ ནི་ལུས་ངག་ཡིད་གསུམ་ཡིན།
མི་དགེ་བ་བཅུ་ལས། ལུས་ཀྱི་མི་དགེ་བ་གསུམ་ནི། སྲོག་གཅོད་པ། མ་བྱིན་པར་
92
ལེན་པ། ལོག་པར་གཡེམ་པ་དང་། ངག་གི་མི་དགེ་བ་བཞི་ནི། རྫུན་སྨྲ་བ། ཕྲ་མ་
རྒྱག་པ། ཚིག་རྩུབ་བཤད་པ། ངག་འཁྱལ་སྨྲ་བ། ཡིད་ཀྱི་མི་དགེ་བ་གསུམ་ནི། བརྣབ་སེམས་སྐྱེ་བ་དང་། གནོད་སེམས་འཆང་བ། ལོག་པར་ལྟ་བ་བཅས་ཡིན། ལས་དེ་དག་ལ་ཞུགས་ན་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པས། དེ་དག་སྤངས་པ་ ནི་དགེ་བ་བཅུ་ཡིན་ནོ། །
དགེ་བ་བཅུ་ལས། ལུས་ཀྱི་དགེ་བའི་ལས་གསུམ་ནི།
༡། མི་དང་། དུད་འགྲོ། འབུ་སྲིན་ཚུན་ཆད་ཀྱི་སྲོག་གཅོད་པ་སྤོང་བ།
༢། གཞན་གྱི་ཅ་དངོས་ཁབ་སྐུད་ཙམ་ཡང་འཕྲོག་པ་དང་རྐུ་བ་སོགས་སྤོང་བ། ༣། རང་གི་བཟའ་ཟླ་མ་ཡིན་པ་དང་།
གཞན་ཡང་དགོན་པ་དང་མཆོད་རྟེན་
སོགས་ཀྱི་དྲུང་དུ་འཁྲིག་སྤྱོད་སྤོང་བ།
ངག་གི་དགེ་བའི་ལས་བཞི་ནི།
༡། གཞན་ལ་མགོ་བསྐོར་བའི་རྫུན་སྨྲ་བ་སྤོང་བ།
༢། མི་ཕན་ཚུན་དབར་དཀྲུགས་པའི་ཕྲ་མ་སྤོང་བ།
༣། གཞན་གྱི་སེམས་ལ་ཕོག་པའི་ཚིག་རྩུབ་སྤོང་བ།
༤། དགོས་མེད་ཀྱི་གཏམ་འཆལ་སྣ་ཚོགས་བརྗོད་པའི་ངག་འཁྱལ་སྤོང་བ།
93
ཡིད་ཀྱི་དགེ་བའི་ལས་གསུམ་ནི།
༡། གཞན་གྱི་རྒྱུ་ནོར་རང་ལ་ཐོབ་ན་སྙམ་པའི་བརྣབ་སེམས་སྤོང་བ། ༢། གཞན་སྡུག་བསྔལ་ལ་སྦྱོར་འདོད་ཀྱི་གནོད་སེམས་སྤོང་བ།
༣། དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས། ཚེ་སྔ་ཕྱི་སོགས་མེད་པར་ འཛིན་པའི་ལོག་ལྟ་སྤོང་བ།
བླང་བྱ་དགེ་བའི་ལས་བཅུ་ནི། གཏན་དུ་བདེ་བ་འབྱུང་བའི་རྒྱུ་ཡིན་པས།
དེ ་ དག་ནམ་ཞག་རྒྱུན་དུ་སེ མ ས་ལ་བཅངས་ནས་ཉམས་ལེ ན ་གང་ཐུབ་བྱེད་ དགོས།
སྦྱོང་ཚན། དང་པོ། དྲི་བར་ལན་བྲིས། ༡།
ལུས་ཀྱི་དགེ་བ་གསུམ་གང་དང་གང་རེད།
༣།
ངག་གི་དགེ་བ་བཞི་གང་དང་གང་རེད།
༢།
༤།
ལུས་ཀྱི་མི་དགེ་བ་གསུམ་གང་དང་གང་རེད། ངག་གི་མི་དགེ་བ་བཞི་གང་དང་གང་རེད།
94
༥།
༦།
ཡིད་ཀྱི་དགེ་བ་གསུམ་གང་དང་གང་རེད།
ཡིད་ཀྱི་མི་དགེ་བ་གསུམ་གང་དང་གང་རེད།
གཉིས་པ། མཐུན་སྦྱོར་གྱིས། གཡོན།
གཡས།
ཚིག་རྩུབ་སྨྲ་བ་
ལུས་ཀྱི་དགེ་བ་ཡིན།
སྲོག་གཅོད་སྤོང་བ་
ཡིད་ཀྱི་མི་དགེ་བ་ཡིན།
ལོག་ལྟ་སྐྱེ་བ་
ངག་གི་མི་དགེ་བ་ཡིན།
རྫུན་སྤོང་བ་
ངག་གི་དགེ་བ་ཡིན།
མ་བྱིན་ལེན་པ་
ཡིད་ཀྱི་དགེ་བ་ཡིན།
གནོད་སེམས་སྤོང་བ་
ལུས་ཀྱི་མི་དགེ་བ་ཡིན།
གསུམ་པ། བྱེད་སྒོ།
སློབ་མ་རྣམས་ཚོགས་ཆུང་དུ་བགོས་ནས་སྒོ་གསུམ་གྱི་དགེ་མི་དགེ་ཡི་དཔེ་
མཚོན་ལྔ་རེ་བཤད་དུ་ཆུག
95
སློབ་ ཚན། ༢༠
བོད་ཀྱི་ནང་ཆོས།
དགེ་བཤེས་ལགས། བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་བདེ་ལེགས། ཀུན་བཟང་ལགས།
དགེ་བཤེས་ལགས། བོད་ཀྱི་ནང་ཆོས་གང་ནས་དར་བ་རེད།
ཆུ་མགོ་གངས་དང་། ཆོས་མགོ་སྟོན་པ་ཟེར་བ་ལྟར། ནང་ཆོས་རྒྱ་གར་
ནས་བོད་དུ་དར་བ་རེད།
བོད་ལ་ནང་ཆོས་མ་དར་གོང་ཆོས་ཡོད་དམ།
ཡོད་པ་རེད། བོད་ལ་ནང་ཆོས་མ་དར་གོང་བོན་ཡོད་པ་རེད།
དེས་ན་ནང་པ་དང་། ཡེ་ཤུ། ཁ་ཆེའི་དབར་མི་འདྲ་བའི་ཁྱད་པར་གཙོ་བོ་ ག་རེ་རེད།
ནང་པ་ཡིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་དང་། ཡེ་ཤུ་དང་། ཁ་ཆེ་
ཡིས་འཇིག་རྟེན་བཀོད་པ་པོ་ཡོད་པར་འདོད་པའི་ཁྱད་པར་ཡོད། ཡིན་ ནའང་། ཆོས་ལུགས་ཚང་མས་འགྲོ་བ་མི་ལ་ཕན་ཐོགས་པའི་བསླབ་བྱ་ གནང་གི་ཡོད།
96
གཞན་ལ་ཕན་ཐོགས་པའི་ལས་ཀ་བྱས་ན། ཡིན་གཅིག་མིན་གཅིག་ཆོས་ ལ་བརྟེན་དགོས་པ་རེད་དམ།
ཡིན་གཅིག་ཆོས་ལ་བརྟེན་དགོས་པ་མ་རེད། ༸གོང་ས་མཆོག་གིས་
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་གསུངས་ཏེ། མི་བསམ་
པ་བཟང་པོ་དང་། གཞན་ལ་ཕན་ཐོགས་ཐུབ་མཁན། ཡ་རབས་ཤིག་
བྱེད་ཐུབ་ན་ཆོས་ཁས་བླངས་རུང་མ་བླངས་རུང་འགྲིག་གི་རེད་ཅེས་
གསུངས་པ་ལྟར། མི་ཡ་རབས་ཤིག་བྱེད་རྒྱུ་གལ་ཆེན་པོ་རེད།
ལགས་སོ། །དགེ་བཤེས་ལགས། ངས་ཤེས་སོང་། ཐུགས་རྗེ་ཆེ། དྲི་བ་ཡོད་ན་བཀོད་ཤོག་ཨང་། རྗེས་མ་མཇལ་ཡོང་།
97
སློབ་ ཚན། ༢༡
ཚིག་ཕྲད། ནས་དང་ལས། ཚིག་ཕྲད། “ནས།”
དཔེར་ན།
གཅིག་ནས་བཅུ་བར། བཅུ་ནས་བརྒྱ་བར། རྒྱ་གར་ནས་ཨ་རི་བར། ནིའུ་
ཡོག་ནས་ནིའུ་འཇར་སི་བར། ཆུ་ཚོད་དང་པོ་ནས་གཉིས་པ་བར། དེ་རིང་ནས་
སང་ཉིན་བར། མགོ་ནས་རྐང་པ་བར། རི་རྩེ་ནས་རི་གཤམ་བར།
ཁ་ལག་ནང་ནས་བོད་ཟས་ཞིམ་ཤོས་ཡིན། མི་བརྒྱ་ཡི་ནང་ནས་འདེམས།
བ་ཕྱུགས་ནས་འོ་མ་བཞོས། མ་ནས་བུ་སྐྱེས། ས་ནས་རྩྭ་སྐྱེས། བོད་
ནས་ཡོང་བ་ཡིན། གནམ་གྲུ་ནས་བབས། ཐོག་ཁ་ནས་ཟགས། ལག་པ་ནས་ བླངས། སྤྲིན་པ་ནས་ཆར་པ་བབས།
ཁ་ལག་བཟས་ནས་སློབ་གྲྭར་འགྲོ། སློབ་གྲྭར་ཕྱིན་ནས་བོད་ཡིག་སྦྱངས།
རྩེད་མོ་བརྩེས་ནས་སྐྱིད་པོ་བྱུང་།
གཞས་བཏང་ནས་ཞབས་བྲོ་འཁྲབ།
ངལ་གསོ་བརྒྱབ་ནས་གཉིད་ཤོར།
བོད་
ཁ་ལག་བཟས་ནས་གྲོད་ཁོག་རྒྱགས། མེ་ཏོག་བཏབ་ནས་སྐྱེས། བོད་
ཡིག་སྦྱངས་ནས་ཤེས།
98
ཚིག་ཕྲད། “ལས།” དཔེར་ན།
བ་ཕྱུགས་ལས་འོ་མ་བཞོ། མ་ལས་བུ་སྐྱེས། རྒྱ་མཚོ་ལས་མུ་ཏིག་བྱུང་།
ལག་པ་ལས་བླངས་པ་ཡིན། སྤྲིན་པ་ལས་ཆར་པ་བབས།
བོད་ནང་བོད་མི་ལས་རྒྱ་མི་མང་བ་ཡོད། ཆུ་ལས་འོ་མ་ཞིམ། ཨིན་སྐད་
ལས་བོད་སྐད་རྩ་ཆེ། ལུས་ཀྱི་བདེ་བ་ལས་སེམས་ཀྱི་བདེ་བ་གལ་ཆེ། བོང་བུ་ ལས་རྟ་མགྱོགས། གནམ་གྲུ་ལས་མེ་ཤུགས་འཕུར་མདའ་མགྱོགས། རྒྱ་སྒོར་ ལས་ཨ་སྒོར་འཛའ་ཐང་ཆེ།
སྦྱོང་ཚན།
དང་པོ། ནས་ལས་གཉིས་གང་འོས་སྐོངས། རྒྱ་གར་
ཨ་རི་བར།
ས་
རྩྭ་སྐྱེས།
དེ་རིང་
སང་ཉིན་བར།
ཆུ་ཚོད་དང་པོ་
བོད་མི་
རྒྱ་མི་མང་བ་ཡོད།
གནམ་གྲུ་
བབས།
ཁ་སང་
གཉིས་པ་བར།
99
རྒྱ་སྒོར་
དེ་རིང་བར་སྒུག
ཨ་སྒོར་འཛའ་ཐང་ཆེ།
རི་རྩེ་
གཞུ་
ཨིན་སྐད་
རི་གཤམ་བར།
མི་བརྒྱ་ཡི་ནང་
བོད་སྐད་བཤད་བདེ།
ཆུ་
མདའ་མོ་ཤོར།
མ་
བུ་སྐྱེས།
འདེམས།
འོ་མ་ཞིམ།
གཉིས་པ། རི་མོར་བལྟས་ཏེ་ནས་ལས་ཀྱི་དཔེར་བརྗོད་བྲིས།
༡ གཅིག ༤ བཞི།
༢ གཉིས། ༥ ལྔ།
༣ གསུམ། ༦ དྲུག
གསུམ་པ། ནས་ལས་གཉིས་ལ་རང་ངོས་ནས་དཔེར་བརྗོད་ལྔ་རེ་བྲིས། བཞི་པ། ཡང་ཡང་ཀློགས།
ལྷ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་འགྲིག །ཀླུ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་འགྲིག །
འབྲས་དཀར་པོ་བསམ་པའི་དོན་གྲུབ་ང་། །ད་ནངས་ཡོང་ཡོང་གང་ནས་ཡོང་། །
ད་ནངས་ཡོང་ཡོང་ཤར་ནས་ཡོང་། །ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང་། ། ད་ལྟ་འགྲོ་འགྲོ་གང་ལ་འགྲོ། །ད་ལྟ་འགྲོ་འགྲོ་ནུབ་ལ་འགྲོ། ། ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ། །
100
སློབ་ ཚན། ༢༢
སྒོམ།
དེང་སང་སྤྱི་ཚོགས་ནི་ཁྲ་ཁྲ་ཟིང་ཟིང་ཡིན་པས། མི་ཕལ་མོ་ཆེར་སེམས་པ་
ལྷོད་ལ་འབབ་མ་ཐུབ་པའི་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་ཀྱི་ཡོད།
དེ་
བས་སེམས་ལ་ཞི་བདེ་ཡོང་ཆེད་ཆུང་དུས་ནས་སེམས་ཁམས་ཞི་བདེར་གནས་ པའི་བག་ཆགས་འཇོག་པར་སྒོམ་གྱི་ཉམས་ལེན་ལ་འབད་རྒྱུ་གལ་ཆེ། སྤྱིར་སྒོམ་ཞེས་པ་ནི།
སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་
གཏོད་པའི་དམིགས་རྣམ་སྐྱོང་བ་ལ་ཟེར། དཔེར་ན། དད་པ་དང་སྙིང་རྗེ་བསྒོམ་ ཞེས་པ་ནི། ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། །
དེ་ཡང་ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་གྱུར་ཅིང་།
ཀྱང་ཉོན་མོངས་ལ་སོགས་པའི་སྒྲིབ་པ་རྣམས་ཀྱི་རྗེས་སུ་ཕྱོགས་པས།
སེམས་
ཉེས་
སྐྱོན་ཐམས་ཅད་སྐྱེད་པར་བྱེད་པའི་སེམས་འདི་རང་གི་དབང་དུ་འགྱུར་བར་བྱས་
ནས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་བྱེད་པའི་
ཆེད་དུ་ཡིན་ནོ། །
དེ་ཡང་གང་ཟིན་ཟིན་ནས་དམིགས་པ་བསྐྱངས་ན་རང་ཇི་ལྟར་འདོད་པ་
ལྟར་གྱི་དགེ་བའི་དམིགས་པ་གྲངས་འདི་ཙམ་དང་།
101
གོ་རིམ་འདི་བཞིན་བཏང་
སྙམ་ནས་བཏང་ཡང་འགྲོ ར ་མི་ ཉན་པས་ཇི་ ལྟར་འདོ ད ་པ་བཞིན ་དུ་དགེ ་ བའི ་
དམིགས་པ་ལ་བཀོལ་དུ་རུང་བའི་གེགས་ཆེན་པོར་འགྱུར་ཞིང་།
དང་པོ་ནས་
ངན་པ་ལང་ཤོར་དུ་སོང་ན་མི་ཚེ་ཧྲིལ་པོའི་དགེ་སྦྱོང་སྐྱོན་ཅན་དུ་འགྲོ། སྡོད་སྟངས།
སྒོ མ ་རྒྱག་སྐབས་
ལུས་རྣམ་སྣང་གི ་ ཆོ ས ་
བདུན་ལྡན་ཏེ། ༡) རྐང་ པ་རྡོ་རྗེ་དཀྱིལ་ཀྲུང་ངམ་ ཕྱེ ད ་ ད ཀྱི ལ ་ ཀྲུ ང ་ ཡ ང ་
རུང་། ༢) ལག་པ་གཉིས་ མཉམ་བཞག ༣) སྒལ་
ཚིགས་དྲང་པོར་བསྲང་། ༤) ལྕེ་ཡ་རྐན་དུ་སྦྱར། ༥) མཆུ་སོ་མ་རེག་ཙམ་གྱི་
བར་ནས་དབུགས་ཀྱི་རྒྱུ་བ་དལ་མོར་གཏོང་། ༦) སྐེ་ཅུང་ཟད་ནང་དུ་འགུག
༧) མིག་སྣ་རྩེར་ཕབ་པ་བཅས་སོ། །
གོང་གསལ་སྡོད་སྟངས་ལྟར་འདུག་ཐུབ་ན་རབ་དང་།
དེ་མིན་ཡང་སྐྱིལ་
ཀྲུང་ཕྱེད། རྐང་པ་ན་བའི་རིགས་ཡིན་ན་རྐུབ་སྟེགས་སྟེང་བསྡད་ནའང་རུང་།
102
རླུང་རོ་དགུ་ཕྲུགས་བསལ་ཚུལ།
དེ་ཡང་འཛིན་རིམ་སྔོན་མར་དབུགས་འབྱུང་རྔུབ་ཀྱི་སྒོམ་བསྐྱོན་པ་ལྟར།
ཐེངས་འདིར་རླུང་རོ་དགུ་ཕྲུགས་བསལ་བའི་སྒོམ་བསྐྱོན་པར་བྱའོ། །
སྟན་བདེ་བ་ལ་སྡོད་སྟངས་གོང་ལྟར་འཁོད་དེ། སངས་རྒྱས་ཆོས་ཚོགས་
མ་ལྟ་བུའི་ཚིགས་བཅད་ཀྱི་དོན་ཡིད་ལ་དྲན་ནས་འདོན་པ་སྔོན་དུ་བཏང་སྟེ་ཀུན་
སློང་བཅོས་ནས། སྔོན་ལ་ལག་པ་གཡོན་གྱི་སྲིན་མཛུབ་ཀྱིས་སྣ་བུག་གཡོན་པ་
བཀག་སྟེ། སྣ་བུག་གཡས་ནས་དབུགས་ཡར་བརྔུབས། ལག་པ་གཡོན་པའི་ སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་བཀག་ནས་སྣ་བུག་གཡོན་པ་ནས་དབུགས་ མར་བཏང་།
དེ་ལྟར་སྣ་བུག་གཡས་ནས་བརྔུབས་གཡོན་ནས་བུད་པ་གསུམ།
སྣ་བུག་གཡོན་ནས་རྔུབས་གཡས་ནས་བུད་པ་གསུམ་སྟེ་དྲུག
གཡས་གཡོན་
གཉིས་ཀ་ནས་གཏོང་རྔུབ་ཚར་གསུམ་བྱས་ཏེ་ཚར་དགུ་གཏོང་རྔུབ་བྱེད་པ་ལ་ རླུང་རོ་དགུ་ཕྲུགས་བསལ་བ་ཞེས་ཟེར།
དེ་ལྟར་རླུང་རོ་དགུ་ཕྲུགས་ཚར་གཉིས་སམ་གསུམ་བྱས་ཏེ།
སེམས་
དམི ག ས་པ་གཅི ག ་ལ་ལྷན་ནེ ར ་བཞག་ནས་སྐར་མ་ཁ་ཤས་རི ང ་བཞུགས་
དགོས། དེ་ལྟར་རྒྱུན་དུ་ཉམས་ལེན་སྐྱོང་ཐུབ་པ་འབད་པ་བྱེད་རྒྱུ་གལ།
མཆན། སློབ་ཁྲིད་འགོ་མ་ཚུགས་གོང་སྐར་མ་ ༥ -༨ སྒོམ་རྒྱག་ཏུ་འཇུག་པ་དང་། རྟག་པར་ཞོགས་པ་སྒོམ་རྒྱག་པར་སྐུལ་ དགོས།
103
སློབ་ ཚན། ༢༣
སྦྱང་གཞི།
བརྡ་དག་སྦྱོང་བརྡར།
ཀ་ར་ཀུ་ཤུའི་ཞལ་ཟས་དང་། ། ཀ་བ་ཀོ་བ་ཀ་རྐྱང་ཡིན། །
སྐོར་བ་བསྐོར་དང་སྐོར་(དཀོར)མཛོད་དང་། །
ས་མཐའ་སྐོར་བ་ས་སྐོར་ཡིན། །
རྒྱལ་བའི་སྐུ་ནི་ས་སྐུ་ལ། །
རྐུན་མ་དག་ནི་ར་རྐུན་ཡིན། ། ཀུ་ཅོ་བྱེད་པ་ཀུ་རྐྱང་ལ། །
ལྐུགས་པ་དག་ནི་ལ་ལྐུགས་ཡིན། །
བཀྲ་ཤིས་དག་ནི་བ་བཀྲ་ལ། ། མགོ་བོའི་སྐྲ་ནི་ས་སྐྲ་ཡིན། ། དུས་ལ་སྔ་བ་ས་སྔ་ལ།
།
ཐུགས་ལ་མངའ་བ་མ་མངའ་ཡིན། །
104
སྦྱོང་ཚན། དང་པོ། རྟགས་བརྒྱབ་པ་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས། ༡། ཉིན་ལྟར་ཞོགས་པ་མངའ་པོ་ལངས།
༢། ཡོན་ཏན་ཐམས་ཅད་ཐུགས་ལ་སྔའོ། ། ༣། ལྷམ་འདི་སྐོ་བས་བཟོས།
༤། ལྷ་སར་གནས་དཀོར་ལ་འགྲོ།
༥། པ་ལགས་ཀུ་གཟུགས་བདེ་པོ་ཡིན་ནམ།
གཉིས་པ། འདེམས་སྐོང་གྱིས།
བྱེ་མ་
ར་མངར་མོ་རེད།
ཁང་པའི་
བའི་རི་མོ།
ཅ་ལག་
མར་ཤོར་ཡོང་།
ཤིང་ཏོག་ རྒྱལ་བའི་
སྐ་/ཀ་
ཤུའི་སྡོང་པོ།
ཀུ་/རྐུ་
གཟུགས་མཇལ།
སྐུ་/རྐུ་
105
ཀ་/རྐ་
ཀུན་/རྐུན་
གསུམ་པ། དཔེ་བསྟན་པ་ལྟར་ཚིག་སྒྲུབ་བཟོ་དགོས། དཔེར་ན། སྐོར།
སྐྲ།
ལྷ་ཁང་ལ་སྐོར་བ་བསྐོར།
བཀྲ།
ལྐུགས་པ། ཀུ་ཅོ།
བསྐོར།
སྦྱང་གཞི། བརྡུང་བའི་རྔ་ནི་ར་རྔ་ལ། །
གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན། །
གོང་མས་མངགས་པ་མ་མངགས་ལ། །
སྔགས་འདྲེན་སྔགས་པ་ས་སྔགས་ཡིན། །
106
ལྟ་བུ།
གོང་མའི་དྲུང་ནི་ད་དྲུང་ལ། །
སྤྱང་གྲུང་འཛོམས་པ་ག་གྲུང་ཡིན། །
དྲུང་དུ་མཇལ་བ་མ་མཇལ་ལ། །
བུ་ལོན་འཇལ་བ་འ་འཇལ་ཡིན། །
འབྲུ་ཡི་གྲོ་ནི་ག་གྲོ་ལ། །
ཤིང་གི་འཁན་པ་འ་འཁན་ལ། །
མེ་དང་ཉི་མ་ད་དྲོ་ཡིན། །
མཁན་པོ་མཁར་རྫོང་མས་འཕུལ་ཡིན། ། སྦྱོང་ཚན།
དང་པོ། ཚིག་སྒྲུབ་བཟོས། ༡། འཁན།
།
༣། དྲོ།
།
༢། མཁན།
།
༤། འཇལ།
༥། མཇལ།
།
107
།
གཉིས་པ། སྒྲ་གདངས་མི་མཐུན་པ་རྣམས་རེའུ་མིག་ནང་བྲིས།
ང་།
ལྔ།
རྔ།
ངག
མངགས།
བསྔགས།
དྲོ།
གྲོ།
འགྲོ།
དྲུང་།
འཇལ།
སྒྲུང་།
གྲུང་།
གཞལ།
འཁན།
མཇལ།
འགན།
མཁན།
སྦྱང་གཞི། དུས་ལ་འདའ་བ་འ་འདའ་ལ། །
ལུང་པའི་མདའ་དང་འཕེན་པའི་མདའ། ། མ་མདའ་ཡིན་པ་ཤེས་པར་བྱ། །
གནམ་གྱི་ཟླ་བ་ཟླ་བོ་དང་། །
ཟློག་པ་ཟླུམ་པོ་ཟློ་བ་བཅས། །
ཟློས་པ་ལ་སོགས་ཟ་ལ་འདོགས། །
108
གངྒཱའི་ཀླུང་དང་ཆུ་ཀླུང་སོགས། ། ཀ་ཀླུང་ཡིན་པ་ཤེས་པར་བྱ། །
ས་བདག་ཀླུ་ནི་ཀ་ཀླུ་ལ། །
ལེན་པའི་གླུ་ནི་ག་གླུ་ཡིན། །
ངན་པས་བསླུ་བ་ས་བསླུ་ལ། །
བ་ཡིས་འཕུལ་བ་ཤེས་པར་བྱ། ། སྦྱོང་ཚན། དང་པོ། གཤམ་གསལ་མིང་དང་ཚིག་སྒྲུབ་རྣམས་དཔོད་བྲིས་ཐོངས།
༡། འདའ།
སློབ་སྦྱོང་གིས་དུས་འདའ།
༣། མདའ།
མདའ་བརྒྱབས་ནས་རི་དྭགས་བསད།
༢། མདའ། ༤། ཟླ་བ།
༥། ཟླ་བོ།
ལུང་པའི་མདའ་ལ་ཕྱིན། གནམ་ལ་ཟླ་བ་ཤར།
ཁོང་ནི་མོའི་ཟླ་བོ་རེད།
109
༦། ཟློག་པ།
ལག་པས་ཟློག་པ་བརྒྱབ།
༨། ཟློ་བ།
གཞན་ལ་ཟློ་བའི་གཏམ།
༧། ཟླུམ་པོ།
༩། ཟློས།
ཟློས་གར་འཁྲབ།
༡༠། ཀླུང་།
ཡར་ཀླུང་གཙང་པོ་རིང་པོ་ཡོད།
ཀླུ་གཏོར་བཏང་།
༡༡། ཆུ་ཀླུང་། ༡༢། ཀླུ།
༡༣། གླུ།
བཅོ་ལྔའི་ཟླ་བ་ཟླུམ་པོ་རེད།
༡༤། བློན་པོ།
༡༥། བསླུ་བ།
ཆུ་ཀླུང་རྣམས་རྒྱ་མཚོར་འབབ། གླུ་གཞས་ལ་དབྱིངས་ཞུགས། ཁོང་རྒྱལ་པོའི་བློན་པོ་རེད།
བསླུ་བ་མེད་པའི་དཀོན་མཆོག་གསུམ།
110
སློབ་ ཚན། ༢༤
ཕྱག་འཚལ་བའི་ཕན་ཡོན།
སྤྱིར་ཕྱག་འཚལ་བ་ལ་ལུས་ངག་ཡིད་གསུམ་གྱི་ཕྱག་འཚལ་སྟངས་ཡོད་
ན་ཡང་། གཙོ་བོ་ལུས་ཀྱི་ཕྱག་འཚལ་སྟངས་ལ། བསྐུམས་ཕྱག་དང་། བརྐྱངས་ ཕྱག་ཡིན་པ་འཛིན་གྲྭ་འོག་མའི་ནང་བསླབས་ཟིན་པ་ལྟར་ཡིན། སྤྱིར་ནང་པ་སངས་རྒྱས་པའི་གཞུང་དུ་ཕྱག་འཚལ་ན།
ལུས་ངག་ཡིད་
གསུམ་གྱི ་ སྡི ག ་སྒྲི བ ་འདག་པའི ་ ཕན་ཡོ ན ་དཔག་ཏུ་མེ ད ་པ་གསུངས་ཡོ ད ་པ་
དང་། ཆོས་རྗེ་ས་པཎ་གྱིས་མཛད་པའི་ཕྱག་འཚལ་བའི་ཕན་ཡོན་དུ། ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །
ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །
ཐལ་མོ་སྨིན་མཚམས་དཔྲལ་བར་སྦྱར་བ་ཡིས། ། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག ། ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། །
ངག་གི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག ། ཐལ་མོ་སྙིང་གི་ཐད་དུ་སྦྱར་བ་ཡིས། །
111
ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག །
ཅེས་གསུངས་པ་དང་།
ཡན་ལག་བརྐྱངས་བསྐུམས་ཀྱིས་ལུས་ཀྱི་རྩ་མདུད་གྲོལ་བ་དང་། རླུང་རྒྱུ་
བ་ལ་ཕན་པར་གསུངས་ཡོད་པ་སྟེ།
ཡན་ལག་བཞི་བོ་བརྐྱངས་བསྐུམས་བྱས་པ་ཡིས། ། འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །
རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡིས། ། རྩ་མདུད་ཐམས་ཅད་མ་ལུས་དགྲོལ་བར་ཤོག ། སྒལ་ཚིགས་དབུ་མ་དགྱེ་སྒུར་བྱས་པ་ཡིས། ། རླུང་རྣམས་མ་ལུས་དབུ་མར་ཚུད་པར་ཤོག །
ཅེས་ལུས་སྦྱོང་ལ་ཕན་པར་གསུངས་ཡོད།
ཚན་རི ག ་གི ་ སྟེ ང ་ནས་ཀྱང་ཕྱག་འཚལ་བ་ནི ་ ལུས་པོ ་ སྦྱོ ང ་བརྡར་བྱེད་
ཐབས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། དེང་སང་འཕྲུལ་རིག་དར་ནས་
འཚོ་བ་སྟབས་བདེ་ཞིང་། སྤྱི་ཚོགས་ཟང་ཟིང་དང་འགྲན་རྩོད་ཆེ་བས་ལུས་པོ་དང་
སེམས་ཁམས་འཕྲོད་བསྟེན་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་སྟབས། ཕྱག་
འཚལ་ན་རྐང་ལག་བརྐྱངས་བསྐུམས་གང་མང་བྱེད་དགོས་པས་ལུས་པོའི་ཁྲག་རྩ་
112
འགུལ་བསྐྱོད་ཀྱིས་ཁྲག་གསོ་ཞིང་ལུས་ཕུང་བདེ་ཐང་དང་། ཁྲག་རྩའི་འཁོར་རྒྱུག་ སླར་གསོ་བྱེད་པའི་ནུས་པ་ལྡན།
ཟླ་བ་གསུམ་ལྷག་ལ་རྒྱུན་མ་ཆད་པ་ཕྱག་གྲངས་ཀ་ངེས་ཅན་ཞིག་འཚལ་
ཐུབ་ན། གཟུགས་པོ་བདེ་ཐང་ཡོང་བ་མངོན་སུམ་ཡིན་སྟབས། ཡུལ་དུས་དང་མི་
སོ་སོའི་ལུས་པོའི་གནས་སྟངས་ལ་གཞིར་བཟུང་ནས་ཕྱག་འཚལ་བ་ནི་ལུས་སྦྱོང་
བྱེད་ཐབས་ཤིག་ཡིན་པས། ལུས་སེམས་བདེ་ཐང་ཡོང་ཆེད་ཕྱག་འཚལ་ཐུབ་ན་ ལེགས།
མཆན།
སློབ་ཕྲུག་རྣམས་ཀྱིས་སྒོམ་མ་བརྒྱབ་པའི་གོང་དུ་བརྐྱངས་ཕྱག་གམ།
བསྐུམས་ཕྱག་གང་རུང་གསུམ་རེ་འཚལ་དུ་བཅུག་སྟེ་སྒོམ་ལ་འཇུག་པ་དང་། ཉིན་རེར་ཞོགས་པ་ཡར་ལངས་རྗེས་ཕྱག་བདུན་ནམ། ཉེར་གཅིག་རེ་རྟག་པར་
བཙལ་ཏེ། རང་ཉིད་ཀྱི་མྱོང་བ་བཤད་དུ་འཇུག་རྒྱུ།
113
སློབ་ ཚན། ༢༥
དུས་ཆེན་ངོ་སྤྲོད། གསུམ་བཅུའི་དུས་དྲན།
ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་ནས་
བཙན་འཛུལ་བྱེད་འགོ་བཙུགས་ཏེ། ཕྱི་ལོ་ ༡༩༥༡ ལོར་ཆབ་མདོར་བཙན་
འཛུལ་གྱིས་མདོ་སྤྱི་ང་ཕོད་ངག་དབང་འཇིགས་མེད་སོགས་མི་གཏའ་ལ་ཉར།
ལོ་དེའི་ཟླ་ ༥ ཚེས་ ༢༣ ཉིན་བོད་པར་འདོད་པ་མེད་བཞིན་དུ། རྒྱ་ནག་དམར་ ཤོག་གཞུང་གིས་ཁོ་ཚོའི་འདོད་པ་ལྟར།
པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་
བདུན་ཟེར་བར་སྡིགས་རའི་འོག་རང་རེའི་སྐུ་ཚབ་རྣམས་ལ་མིང་རྟགས་འགོད་
114
དུ་བཅུག་པ་རེད།
དེ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེས་
ཚིག་མེར་གཏུགས་ཀྱིས་ཐབས་ཤེས་གང་ཡོད་གནང་ཡང་། གྲུབ་འབྲས་མ་སོན། ཕྱི་ལོ་
༡༩༥༩
ལོར་རྒྱ་གཞུང་གིས་གཡོ་ཇུས་འོག་༸གོང་ས་མཆོག་
དམག་སྒར་དུ་གདན་ཞུ་གནང་བར། ལོ་དེའི་ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་ བོད་མི་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་དམར་གཞུང་
ལ་ངོ་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་བརྟེན། ༸གོང་ ས་མཆོག་གིས་དབུས་པའི་བོད་མི་བརྒྱད་ཁྲི་ལྷག་བཙན་བྱོལ་དུ་ཕེབས་དགོས་
བྱུང་།
བཙན་བྱོལ་དུ་འབྱོར་བ་ནས་བཟུང་། བོད་མིའི་གནས་སྡོད་ས་གནས་གང་
སར་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་གསུམ་བཅུའི་དུས་དྲན་ཞེས་སྲུང་བརྩི་ཞུས་ ཏེ། ད་ལྟ་(༢༠༢༤)ཐེངས་ ༦༥ པ་དེ་ཆགས་ཡོད།
མང་གཙོའི་དུས་ཆེན།
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས། བོད་ཆོལ་ཁ་གསུམ་གྱི་
འཐུས་མི་ལྷན་འཛོམས་ཀྱིས་རྡོ་རྗེ་གདན་དུ་༸གོང་ས་མཆོག་གི་སྐུ་མདུན་དུ་ མནའ་གན་མཐུ་མོ་ཆེ་བཞག་པ་དང་།
སྐབས་དེར་༸གོང་ས་མཆོག་གིས་རང་
115
རང་གི་ཆོལ་ཁོངས་དང་། ཆོས་བརྒྱུད་ནས་མི་མང་གི་འཐུས་མི་ཡི་མིང་ཐོ་སྤྲོད་ དགོས་པར་བཀའ་གནང་བ་ལྟར་ཕུལ།
༸གོང་ས་མཆོག་གིས་མིང་ཐོ་ལས་ཆོས་བརྒྱུད་དང་ཆོལ་ཁ་གསུམ་གྱི་
འཐུས་མི་ ༡༣ ལ་བོད་མི་མང་གི་འཐུས་མིར་བསྐོ་གཞག་ཕྱག་རྟགས་སྩལ་བ་
དང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༸གོང་ས་མཆོག་ལ་མཇལ་ཕྱག་དང་ དམ་འབུལ་ཞུས་པས། བོད་ལྗོངས་མང་གཙོའི་གཞུང་གསར་དུ་དབུ་བརྙེས་པའི་ དགའ་སྟོན་ཐོག་མར་བསྐྱངས་པ་རེད། དེ་ནས་བཟུང་ལོ་ལྟར་བཙན་བྱོལ་བོད་མི་
འདུས་སྡོད་གང་སར་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། འདི་
ལོ་(༢༠༢༤)ཐེངས་ ༦༤ པ་ཆགས་ཡོད།
116
ནོ་བྷེལ་ཞི་བདེའི་གཟེངས་རྟགས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རང་དབང་
འཐབ་རྩོད་འདི་དྲང་བདེན་གཞི་ལ་བཞག་སྟེ།
འཚེ་མེད་ཞི་བའི་ཐབས་ལམ་ལ་
བརྟེན་ནས་རྩོད་གནང་མཛད་པ་དང་། འཛམ་གླིང་ནང་ཞི་བདེ་དང་། འཚེ་བ་མེད་ པ། བྱམས་བརྩེ། འདྲ་མཉམ་སོགས་ཀྱི་རིན་ཐང་དར་སྤེལ་གནང་བ་ལ་བརྟེན་ ནས། ཕྱི་ལོ་ ༡༩༨༩ ལོའི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་ གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་གཏན་འཁེལ།
ལོ་དེའི་ཟླ་ ༡༢ ཚེས་ ༡༠ འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།
117
ནོར་ཝེ་རྒྱལ་ས་ཨོ་སོ་ལོ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ འབུལ་བཞེས་བསྐྱངས། ལོ་དེ་ནས་བཟུང་བོད་མི་རྣམས་ཀྱིས་ཉིན་དེ་དྲན་གསོ་ ཆེད་དུས་ཆེན་སྲུང་བརྩི་ཞུས་ཏེ་ད་བར་(༢༠༢༤)ལོ་ངོ་ ༣༥ འཁོར་གྱི་ཡོད། སྦྱོང་ཚན། དང་པོ། མཐུན་སྦྱོར་གྱིས།
༡༩༥༩/༣/༡༠ ༡༩༦༠/༩/༢
༡༩༨༩/༡༢/༡༠
གཉིས་པ། བྱེད་སྒོ།
མང་གཙོ་དབུ་བརྙེས་པའི་ཉིན་མོ།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་
པའི་ཉིན་མོ།
རང་དབང་སྒེར་ལངས་ཉིན་མོ།
༡) གསུམ་བཅུའི་དུས་དྲན་དང་། མང་གཙོའི་དུས་ཆེན། ནོ་བྷེལ་ཞི་བདེའི་གཟེངས་ རྟགས་ཉིན་མོ་སྲུང་བརྩི་སྐབས་མཉམ་ཞུགས་བྱས་པའི་ཚོར་བའམ། མཐོང་ཐོས་
བཤད་དུ་འཇུག་དགོས།
༢) གོང་གསལ་གྱི་དུས་ཆེན་སྲུང་བརྩི་ཞུས་པའི་གློག་བརྙན་སྟོན་དགོས།
118
གསུམ་བཅུའི་དྲན་གླུ།
རྒྱལ་ཁའི་གླུ་དབྱངས་གསུམ་བཅུར་གསུམ་བཅུའི་དྲན་གསོ་འབུལ། ལོ་ངོ་
རེ་ལྔ་འགྲོ་བའི་གསུམ་བཅུའི་ལངས་གླུ་ལེན།
བོད་མི་རྒྱ་དམར་འོག་ནས། ༼ སྒེར་ལངས་ཀྱིས། ༽
རྒྱ་དམར་བཙན་ཇག ༼ བོད་ནས་མཐར་བསྐྲོད་ཆེད། ༽ རྒྱལ་ཁའི་གླུ་དབྱངས་གསུམ་བཅུའི་དྲན་གསོ་འབུལ། རེ་ལྔ་འགྲོ་བའི་གསུམ་བཅུའི་ལངས་གླུ་ལེན།
རྒྱལ་ཁའི་རྒྱལ་དར་སྲོག་དང་བསྡོས་བཟུངས་ཏེ།
བོད་ལྗོངས་ཁ་བ་ཅན་དུ་ཅིས་མི་སྒྲེང་། བོད་དུ་ཅིས་མི་འཛུགས།
119
རྒྱལ་ཁའི་གླུ་དབྱངས་གསུམ་བཅུའི་དྲན་གསོ་འབུལ། ལོ་ངོ་རེ་ལྔ་འགྲོ་བའི་
གསུམ་བཅུའི་ལངས་གླུ་ལེན། (རོལ་ཆ)
བཙན་འཛུལ་མའོ་ཙེའི་ཁྲིམས་མེད། ༼ ལོ་རྒྱུས་རྣམས། ༽ གདུང་དྲུག་མིའུའི། ༼སྙིང་ཁྲག་དྲོན་མོས་བྲིས།༽
རྒྱལ་ཁའི་གླུ་དབྱངས་གསུམ་བཅུའི་དྲན་གསོ་འབུལ། ལོ་ངོ་རེ་ལྔ་འགྲོ་བའི་གསུམ་བཅུའི་ལངས་གླུ་ལེན།
120
ཕྱག་ན་པདྨོའི་གདུལ་ཞིང་། ༼གངས་ལྗོངས་སུ།༽ མི་རིང་༸རྒྱལ་བ་རྒྱ་མཚོ། ༼སླར་བྱོན་ཏེ།༽
གཞིས་བྱེས་བོད་མིའི་ངོ་འཛོམས་དགའ་སྟོན་སར། ང་ཚོ་རྒྱལ་ཁའི་གླུ་དབྱངས་ཅིས་མི་ལེན།།
121
གཞོགས་འདེགས་ཀློག་དེབ།
ཟུར་བཀོད།
བྱིས་པའི་ཀློག་སྦྱོང་བདེ་ལམ། དེབ་ཕྲེང་ ༣༦-༤༠ བྱིས་པའི་ཀློག་དེབ། དེབ་ཕྲེང་ ༡༩-༢༠
གཤམ་གྱི་དྲྭ་ཚིགས་ཁག་ལ་དོ་སྣང་གྱིས།
བོད་ཡིག་སློབ་སྦྱོང་དྲྭ་ཚིགས། https://bodyiglobjong.com/
ཤེས་རིག་ཡུ་ཊུབ་དྲྭ་བརྙན། https://youtube.com/@sherigCTA ཨཡེ་སུའུ་དྲྭ་ཚིགས། https://issuu.com/doewebmaster ཤེས་རིག་སྒྲ་མཛོད། https://soundcloud.com/sherigs ཐ་སྙད་འཚོལ་བཤེར། https://tibterminology.net/
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲྭ་ཚིགས། http://www.secularethics.net/ གོང་གསལ་དྲྭ་ཚིགས་ཁག་ནས་ཀློག་དེབ་དང་། བྱིས་པའི་སྒྲུང་དེབ། བྱིས་པའི་གླུ་
གཞས་འགུལ་བརྙན། འགུལ་བརྙན། སློབ་ཁྲིད་བརྙན་འཕྲིན། སུམ་རྟགས་སོགས་ ཁྲིད་པའི་སྒྲ་བཅས་ལ་ལྟ་ཀློག་ཉན་གསུམ་བྱེད་ཐུབ།
122
ལེགས་བཤད་ལྗོན་དབང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་
པའི་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་ པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་
ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་ གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་
བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ ཡོད་ཏོ་དང་མཐའ་མེད་འོ ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་
པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་ དབྱེ་དྲུག་པ་འབྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་
པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་ མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་
123
ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་
གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་ མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་
སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་ འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་
དེ༑ ༑འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་
མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་
མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ། །དང་ནི་སྡུད་འབྱེད་ རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་དེ་སྒྲ་
ནི༑ ༑ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་
ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའ།ོ །ན་རོ་ཡོད་མེད་པ་བ་མ། །བདག་པོའི་
སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་ སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་མི་མིན་མེད་དགག་སྒྲ་
སྟེ༑ ༑མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང༌། །ཚིག་
124
ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་
ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་ བསལ་ཞེས་མ་གཏོགས།
།ཤིང་ཤིག་ཤེ་འོ ་ཤེ་ན་འཐོབ།
།འོ ན་ཀྱང་ཁ་ཅིག་
ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་
དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་མང་མིང་ མཚམས་དང༌།
།དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།
།ཚིགས་བཅད་ག་
མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །ཚིགས་བཅད་རྐང་ མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང༌། །ལེའུའི་མཚམས་སུ་ བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་
ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་ སྤེལ། །
125