Skip to main content

འཛིན་གྲྭ་གསུམ་པའི་བོད་ཡིག་སློབ་དེབ། དབུ་ཅན།

Page 1

ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གིས་གཏན་ལ་ཕབ་པའི་གཞི་རིམ་འོ ག་མའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ ལྟར་རྩོམ་སྒྲིག་བྱས།

འཛིན་རིམ་གསུམ་པའི་སློབ་དེབ།

སྐད་ཡིག

ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་དང་རྩོམ་སྒྲིག་བྱས།


རྩོམ་སྒྲིག་ཐེངས་དང་པོ།

First edition August 2014

ཕྱི་ལོ་༢༠༡༤ ཟླ་༨།

First Printing

དཔར་ཐེངས་དང་པོ།

1000 Copeis

དཔར་གྲངས་༡༠༠༠།

རྩོམ་སྒྲིག་འགན་འཁུར་བ། དྲུང་འཕར་བཀྲ་ཤིས་དོན་གྲུབ། རྩོམ་སྒྲིག་པ།

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

དགེ་འདུན་དོན་ཡོད།

ལག་བསྟར་རྩོམ་སྒྲིག་པ།

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

རྒྱབ་ཤ་ཇུས་འགོད་པ།

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

དེབ་གཟུགས་དང་།

ཞུ་དག་པ།

Printed and Distributed by: Sherig Parkhang/ TCRPC R-27 & 28, Ramesh Park Laxmi Nagar, New Delhi-110092 Ph: +91-11-2245 3672 Fax: +91-11-2245 5634 Email: shepardelhi@gmail.com Web: www.sherigparkhang.com

རི་མོ་འབྲི་མཁན།

འཇམ་དབྱངས། རྣམ་རྒྱལ།

སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་།

བསོད་ནམས་གཡུ་སྒྲོན།

ཨར་ལི་ཀུ་མ་རི་སམ་བྷོ་ཊ།

ཆབ་མདོ་བློ་བཟང་།

བཙུན་དགོན་སྒྲོལ་མ་གླིང་།

བློ་བཟང་ལེགས་སྒྲུབ། བློ་བཟང་ལུང་རིགས། རྡོ་རྗེ་རིན་ཆེན།

དགའ་ལྡན་བྱང་རྩེ།

གྷོ་པལ་སྤུར་བོད་ཁྱིམ།

སྤོག་རེ་སྤོང་སམ་བྷོ་ཊ།

བསོད་ནམས་དཔལ་སྒྲོན། མ་སུ་རི་བོད་ཁྱིམ། ཚེ་རིང་ལྷ་མོ། བསམ་གྲུབ།

མ་སུ་རི་གཏན་སློབ།

པ་སངས་ཚེ་རིང་།

སློབ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས། bodyiglobjong.com/sherig.org/tb ནས་ ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།

© Department of Education, CTA


ཤེས་རིག་ལས་ཁུངས་

DEPARTMENT OF EDUCATION CENTRAL TIBETAN ADMINISTRATION

Cable Phone Fax E-mail Web

: SHERIG :+91-1892-222572, 222721 : 01892-223481 : education@tibet.net : www.sherig.org www.sherig.org

GANGCHEN KYISHONG DHARAMSHALA-176215 DISTT. KANGRA H.P INDIA

ཆེད་བརྗོད། ༄༅། །གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་འདི་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་

བྱུས་ཀྱི་དགོངས་དོན་བཞིན་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་འཛིན་གཞིར་ བཟུང་སྟེ། གཞི་རིམ་སློབ་གྲྭའི་བོད་དགེ་རྣམས་ཀྱི་བསམ་འཆར་བསྡུ་ལེན་དང་། འདས་པའི་བོད་ཕྱི་ནང་གི་ སློབ་དེབ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་སྡོམ། གཞི་རིམ་འོག་མའི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་

ཆུང་གི་གཞི་རྩའི་ལམ་སྟོན་བཅས་སྒོ་ཀུན་ནས་ལེགས་ཆ་བླངས་ཐོག པར་རིས་ཁག་འབྲི་བཅུག་པ་དང་། དྲ་ ཚིགས་ནས་ཕབ་ལེན་གྱིས་བཅོས་སྒྲིག་བྱས་ཏེ།

གཙོ་བོ་བོད་མིའི་སློབ་གྲྭ་ཁག་གི་ད་ལྟའི་སློབ་སྦྱོང་དང་སློབ་

ཁྲིད་ཀྱི་དགོས་མཁོར་དམིགས་ཏེ་རྩོམ་སྒྲིག་བྱས་པ་ཡིན།

སྐད་ཡིག་སློབ་དེབ་འདི་ཉིད་སློབ་ཁྲིད་བྱེད་སྐབས་ཐུགས་སྣང་གནང་དགོས་པའི་དོན་གནད་ཆེ་ཁག་

གཉིས་ནི།

སློབ་དེབ་ཁོ་ན་ལས་མི་སློབ་པ་དང་།

འཛིན་པའི་རྒྱུན་སྲོལ་དང་།

དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་བོར་མི་

ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་ཀྱི་རྗེས་སུ་མི་འབྲང་རྒྱུ་དེ་ཡིན།

དངོས་ཡོད་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་རྣམ་པས་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་

འཛིན་གཙོ་བོར་བཟུང་སྟེ། གཞི་རྩའི་ལྟ་གྲུབ་དང་། སློབ་ཁྲིད་ཀྱི་ཁ་ཕྱོགས། གཙོ་ཕལ་གྱི་དབྱེ་བ། ལག་ལེན་ གྱི་གོ་རིམ། གདེང་འཇོག་གི་ཐབས་ལམ་བཅས༌ཀྱི་གལ་གནད་དམ་འཛིན་བྱས་ཏེ་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ ཚད་མཐོར་འདེགས༌བྱ་དགོས།


སློབ་དེབ་འདི་ནི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས།

གཞི་རིམ་འོག་མའི་འཛིན་རིམ་

ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང་། སློབ་མ། ཁོར་ཡུག ཆ་རྐྱེན། ཤེས་ཡོན་ ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་དེབ་འདིའི་ནང་དོན་ དང་གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་

སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ་དགོས། འོན་ཀྱང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་ དོན་དང་མ་འགལ་བ་དགོས་པ་ཡིད་འཇགས་འཚལ།

ལོ་འཁོར་དང་དུས་ཚིགས་ཡིག་རྒྱུགས་སྐབས་སུ་དངོས་གཞིའི་སློབ་ཚན་ཁག་གི་ནང་དོན་ཁོ་ན་ཙམ་མ་

ཡིན་པར། དམིགས་ཡུལ་དང་བྱེད་ནུས་མཚུངས་པའི་ནང་དོན་རྒྱུགས་ཞིབ་ཁོངས་སུ་བཅུག་ནའང་འཐུས། ང་ ཚོའི་སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་ཙམ་མ་ཡིན་ པར།

སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས།

ཁྱོན་ཡོངས་རྒྱུན་མཐུད་བརྟག་

ཞིབ་(CCE)ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་གནས་ཚད་ལ་གདེང་འཇོག་བྱ་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟེན།

སློབ་དེབ་འདི་ཉིད་བེད་སྤྱད་ནས་

གཞི་རིམ་འོག་མའི་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་ཡོང་ཐབས་སྤྱི་དང་།

ཁྱད་པར་བོད་ཡིག་འབྲི་

ཀློག་བཤད་གསུམ་གྱི་ནུས་རྩལ་གོང་མཐོར་གཏོང་བའི་རེ་འདུན་ཞུ་རྒྱུ་དང་། འབྲེལ་ཡོད་སློབ་དགེ་དང་། ཐུགས་

སྣང་ཅན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༤ ཟླ་༦ ཚེས་༥ ཉིན།


དཀར་ཆག

༡. བྱ་རིག་པ་ཅན།............................................................................................................

1 ༢. རི་མོར་བལྟས་ནས་ཡི་གེ་སྦྱོང་བ།................................................................................8 ༣. བོང་བུ་དང་། ཕ་བུ།................................................................................................. 21 ༤. སང་ཉིན་ད་དུང་། སང་ཉིན་གྱི་བྱ་བ་ཡོད།................................................................. 32 ༥. འབྱུང་བ་བཞི།......................................................................................................... 38 ༦. ཞི་མི་དང་སྤྲེའུ།........................................................................................................ 47 ༧. སྦྱོང་བརྡར་སློབ་ཚན།............................................................................................... 54 ༨. གཟིག་ལྤགས་བཀབ་པའི་བོང་བུ།.............................................................................. 60 ༩. མཇུག་མའི་བགྲོ་གླེང་།.............................................................................................. 66 ༡༠. བྱེ་ཐང་གི་གྲུ་གཟིངས།............................................................................................. 71 ༡༡. གཡག་དང་མ་ཧེ།................................................................................................... 82 ༡༢. རྒྱུན་སྤྱོད་བྱ་ཚིག་གི་ཞེ་ས།...................................................................................... 88 ༡༣. ཙི་ཙི་དང་སེང་གེ.................................................................................................. 92 ༡༤. རི་བོང་དང་རུས་སྦལ།........................................................................................... 100 ༡༥. ངང་པ་དང་རུས་སྦལ།........................................................................................... 107 ༡༦. སྤྲེའུས་ཟས་འཚོལ་བ།........................................................................................... 116


༡༧. ཞི་མི་ཟོག་པོ།......................................................................................................

123 ༡༨ ཁྲོན་པའི་ནང་ནས་ཟླ་བ་ལེན་པ།........................................................................... 129 ༡༩. རྟེའུ་ཆུ་བརྒལ་བ།................................................................................................138


1

སློབ་ཚན་དང་པོ

༡. བྱ་རིག་པ་ཅན།

དབྱར་དུས།

ནུས་ཤུགས།

ཕོ་རོག

ཁ་སྐོམ།

མཆུ་ཏོ།

བསྙབས།

1

དམ་བེ། ངོམས།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

2

ཚ་བ་ཆེ་བའི་དབྱར་དུས་ཤིག་ལ།

གྲོད་པ་ཡང་ལྟོགས་ནས།

ཕོ་རོག་ཅིག་ཁ་སྐོམ་ཞིང་

ཆུ་དང་ཟས་འཚོལ་དུ་ཕྱིན།

ཁོ་གཤོག་

པ་ཟད་ཟད་དང་། ནུས་ཤུགས་རྫོགས་རྫོགས་བར་འཕུར་བའི་མཐར།

ལམ་འགྲམ་ཞིག་ཏུ་ཆུ་ཕྱེད་ཀ་ཙམ་ཡོད་པའི་དམ་བེ་ཞིག་རྙེད། དམ་

བེ་དེའི་སྐེ་ཕྲ་བ་དང་། ཆུ་ནི་ཕྱེད་ཀ་ཙམ་ལས་མེད་སྟབས། མཆུ་ཏོ་ 2


3

སློབ་ཚན་དང་པོ

ནང་ལ་བཅུག་ཀྱང་མ་བསྙབས། བསམ་བློ་མང་པོ་བཏང་རྗེས། ཐབས་ ཤེས་ཤིག་རྙེད།

ལམ་གྱི་གཡས་གཡོན་ནས་རྡེའུ་བསྒྲུགས་ཏེ་རེ་རེ་བཞིན་དམ་

བེའི་ནང་བླུགས། རིང་པོ་མ་འགོར་བར་ཆུ་དམ་བེའི་ཁར་ཐོན། ཕོ་ རོག་གིས་ཆུ་ངོམས་པར་བཏུང་ནས་ཟས་འཚོལ་དུ་ཕྱིན་པ་རེད།

3


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

4

སྦྱོང་ཚན།

དང་པོ། དྲིས་ལན་བདམས་ནས་རྟགས་རྒྱོབས། ཀ) ཕོ་རོག་དེ་གཤོག་པ་ཟད་ཟད་དང་། ནུས་པ་རྫོགས་རྫོགས་བར་འཕུར་དགོས་དོན་ ཅི་ཡིན་ནམ།

༡. རོགས་པ་འཚོལ་དུ་ཕྱིན་པ་རེད། ༢. ཟས་འཚོལ་དུ་ཕྱིན་པ་རེད། ༣. ཆུ་འཚོལ་དུ་ཕྱིན་པ་རེད།

༤. ཟས་དང་ཆུ་འཚོལ་དུ་ཕྱིན་པ་རེད། ༥. ཁང་པ་འཚོལ་དུ་ཕྱིན་པ་རེད།

4


5

ཁ) ཅི་ཕྱིར་ཕོ་རོག་དེས་དམ་བེའི་ཆུ་འཐུང་མ་ཐུབ་པ་ཡིན་ནམ། ༡. ཕོ་རོག་དེ་མགོ་ཆེ་དྲགས་པས་རེད།

༢. དམ་བེའི་ནང་ཆུ་ཕྱེད་ཀ་ལས་མེད་པས་རེད།

༣. དམ་བེ་སྐེ་ཕྲ་བ་དང་། ཆུ་ཕྱེད་ཀ་ལས་མེད་པས་རེད། ༤. ཕོ་རོག་སྐེ་ཐུང་དྲགས་པས་རེད།

༥. དམ་བེ་དེ་སྐེ་ཕྲ་དྲགས་པས་རེད།

ག) ཕོ་རོག་དེས་ཆུ་གང་འདྲ་བྱས་ནས་བཏུང་བ་རེད་དམ། ༡. དམ་བེའི་ནང་ལ་ས་བླུགས་ནས་བཏུང་བ་རེད།

༢. དམ་བེའི་ནང་ལ་རྡེའུ་བླུགས་ནས་བཏུང་བ་རེད། ༣. དམ་བེ་ཡར་བཀྱགས་ནས་བཏུང་བ་རེད། ༤. དམ་བེ་བཅག་ནས་བཏུང་བ་རེད།

༥. དམ་བེའི་ནང་ལ་འཛུལ་ནས་བཏུང་བ་རེད།

5

སློབ་ཚན་དང་པོ


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

6

གཉིས་པ། ད་ང་ཚོས་ཕོ་རོག་དེས་ཟས་ཇི་ལྟར་རྙེད་མིན་བལྟ་དགོས།

དེ་ལྟར་ཕོ་རོག་དེ་འཕུར་འཕུར་ནས། གྲོད་པ་ལོང་ལ་འབྱར་སྐབས། གད་སྣོད་ གཅིག་གི་ནང་ཉ་ཤ་བླུགས་པའི་ཤེལ་དམ་ཁ་གཅོད་དམ་པོར་བརྒྱབ་པ་ཞིག་

རྙེད། ཁོས་ཤེལ་དམ་ལ་སྡེར་མོས་བྲད་པ་དང་། མཆུ་ཏོ་བཙུགས་པ་སོགས་བྱས་ ཀྱང་ཁ་ཕྱེ་མ་ཐུབ། ཡང་བསམ་བློ་མང་པོ་བཏང་རྗེས། ཐབས་ཤེས་ཤིག་རྙེད།

ཤེལ་དམ་གནམ་ལ་བཀྱགས་ཏེ་ས་ལ་བརྡབས་པས། ཤེལ་དམ་ཧྲུག་ཆག་ཏུ་

སོང་ནས་ཉ་ཤ་ཕྱི་ལ་འཐོར། དུ་སོང་ངོ་། །

ཕོ་རོག་གིས་ཤ་ཚིམ་པར་བཟས་ནས་གཉིད་ཉལ་

གསུམ་པ། ཕོ་རོག་ཁ་ངོམས་པའི་མ་ཚད། གྲོད་པ་ཡང་འགྲངས་ཡོད། ད་ཕོ་ རོག་གཉིད་ཉལ་བར་སོང་ཚུལ་རང་གིས་གང་བསམས་བཞིན་བྲིས།

6


7

བཞི་པ།

སློབ་ཚན་དང་པོ

ཕོ་རོག་ལྔ་པོས་བུམ་པའི་ནང་རྡེའུ་བླུག་སྟངས་རེ་རེ་ནས་འགྲེལ་

བཤད་བྱོས།

7


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

8

༢. རི་མོར་བལྟས་ནས་ཡི་གེ་སྦྱོང་བ།

བསྒྲིམས། རྨོ།

ངང་། དད།

ཕྱུག

སྨིན།

8

ཕྱུགས།

འཛུགས།

ཆགས། སྐྲུན།


9

སློབ་ཚན་གཉིས་པ

ཁྱེད་ད་ཆ་ཅི་ཞིག་བྱེད་བཞིན་ཡོད། སློབ་སྦྱོང་།

སློབ་སྦྱོང་བྱེད་བཞིན་ཡོད།

ང་ཚོ་ད་ཆ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཅིག་ཡིན། ང་ཚོ་ད་ཆ་སློབ་སྦྱོང་ལེགས་པའི་སློབ་ཕྲུག་ཡིན།

སློབ་ཁྲིད།

སློབ་ཁྲིད་ལ་ཉན།

རིག་པ་བསྒྲིམས་ནས་སློབ་ཁྲིད་ལ་ཉན། 9


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

10

ཁྱོད་ནར་སོན་ན་ཅི་ཞིག་བྱེད་རྩིས་ཡོད། དགེ་རྒན།

དགེ་རྒན་བྱེད་རྩིས་ཡོད།

ང་ནར་སོན་ན་དགེ་རྒན་ཞིག་བྱེད་རྩིས་ཡོད།

ང་ནར་སོན་ན་དགེ་རྒན་ཡག་པོ་ཞིག་བྱེད་རྩིས་ཡོད།

10


11

སློབ་ཁྲིད།

སློབ་མར་སློབ་ཁྲིད་བྱེད།

གསལ་ལ་དག་པའི་སློབ་ཁྲིད་བྱེད།

11

སློབ་ཚན་གཉིས་པ


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

12

ཁྱོད་རང་ཆེན་པོ་ཆགས་དུས་ཅི་ཞིག་བྱེད་རྩིས་ཡོད། ཚན་རིག་པ།

ཚན་རིག་པ་ཞིག་བྱེད་རྩིས་ཡོད།

ང་ཆེན་པོ་ཆགས་དུས་ཚན་རིག་པ་ཞིག་བྱེད་རྩིས་ཡོད།

ང་ནར་སོན་ན་ཚན་རིག་པ་མཁས་ཅན་ཞིག་བྱེད་རྩིས་ཡོད།

12


13

སློབ་ཚན་གཉིས་པ

བརྟག་དཔྱད།

རྫས་འགྱུར་སྣ་མང་བརྟག་དཔྱད་བྱེད།

འཕྲུལ་ཆས་ལ་བརྟེན་ནས་རྫས་འགྱུར་སྣ་མང་བརྟག་དཔྱད་བྱེད།

13


14

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

ཁྱོད་ན་ཚོད་ལོངས་པའི་སྐབས་ཅི་ཞིག་བྱེད་རྩིས་ཡོད། སྨན་པ།

སྨན་པ་ཞིག་བྱེད་རྩིས་ཡོད།

ང་ན་ཚོད་ལོངས་པའི་སྐབས་སྨན་པ་ཞིག་བྱེད་རྩིས་ཡོད།

ང་ན་ཚོད་ལོངས་པའི་སྐབས་སྨན་པ་བྱམས་སེམས་ཅན་ཞིག་ བྱེད་རྩིས་ཡོད།

སྨན་བཅོས།

ནད་པར་སྨན་བཅོས་བྱེད།

བྱམས་སེམས་ཀྱི་ངང་ནས་ནད་པར་སྨན་བཅོས་བྱེད། 14


15

སློབ་ཚན་གཉིས་པ

ཁྱོད་ལོ་ཚོད་ལོངས་པའི་སྐབས་ཅི་ཞིག་བྱེད་རྩིས་ཡོད། འབྲོག་པ།

ང་འབྲོག་པ་བྱེད་རྩིས་ཡོད།

ང་ལོ ་ ཚོ ད ་ལོ ང ས་པའི ་ སྐབས་འབྲོ ག ་པ་ ཞིག་བྱེད་རྩིས་ཡོད།

ང་ལོ་ཚོད་ལོངས་པའི་སྐབས་འབྲོག་པ་ཕྱུག་པོ་ཞིག་བྱེད་རྩིས་ཡོད།

རྫི་བོ།

རྫི་བོར་འགྲོ།

རྫི་བོར་སོང་ནས་ཕྱུགས་ཟོག་འཚོ། 15


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

16

ཁྱོད་ལོ་ཚོད་སྨིན་པའི་སྐབས་ཅི་ཞིག་བྱེད་རྩིས་ཡོད། ཞིང་པ།

ང་ཞིང་པ་ཞིག་བྱེད་རྩིས་ཡོད།

ང་ལོ་ཚོད་སྨིན་པའི་སྐབས་ཞིང་པ་ཞིག་བྱེད་རྩིས་ཡོད།

ང་ལོ་ཚོད་སྨིན་པའི་སྐབས་ཞིང་པ་སྟོབས་འབྱོར་ཅན་ཞིག་བྱེད་རྩིས་ ཡོད།

16


17 ར།ྨོ

ཞིང་ཁ་ར།ྨོ

གླང་གོག་དེད་ནས་ཞིང་ཁ་རྨོ།

ཞིང་པས་གླང་གོག་དེད་ནས་ཞིང་ཁ་རྨོ།

17

སློབ་ཚན་གཉིས་པ


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

18

སྦྱོང་ཚན།

དང་པོ། བྱ་བ་དང་། དེ་བྱེད་མཁན་གཉིས་མཐུན་སྦྱོར་གྱིས། སློབ་ཕྲུག

ཞིང་ཁ་རྨོ།

དགེ་རྒན།

རྫི་བོར་འགྲོ།

ཚན་རིག་པ། སྨན་བཅོས་བྱེད།

སྨན་པ། སློབ་ཁྲིད་གནང་། འབྲོག་པ།

བརྟག་དཔྱད་བྱེད།

ཞིང་པ། སློབ་སྦྱོང་བྱེད།

18


19

སློབ་ཚན་གཉིས་པ

གཉིས་པ། འབྲེལ་ཡོད་བཞིན་ཚིག་སྒྲུབ་ལྔ་སྒྲིགས། སློབ་སྦྱོང་

སློབ་ཁྲིད་

བརྟག་དཔྱད་ ཞིང་ལས་

འབྲོག་པ་ བྱེད་མཁན་

ནི་

ཕྱུགས་ལས་

བརྟག་དཔྱད།

སློབ་མ་ ཞིང་པ་

དགེ་རྒན་

གསུམ་པ། ཚིག་སྒྲུབ་བཟོས། སློབ་ཕྲུག

ཚན་རིག་པ་

ནར་སོན།

ཚན་རིག

འཕྲུལ་ཆས། གླང་གོག

19

མཁས་ཅན། ལག་རྩལ།

རེད།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

20

བཞི་པ། དྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲིས།

༡. ལ་ལུང་གང་སར་རྫི་བོར་འགྲོ་མཁན་དེ་སུ་ཡིན་ནམ།

༢. རྫས་འགྱུར་ལ་བརྟག་དཔྱད་བྱེད་མཁན་དེ་སུ་ཡིན་ནམ། ༣. ཉིན་ལྟར་སློབ་སྦྱོང་བྱེད་མཁན་དེ་སུ་ཡིན་ནམ།

༤. ནད་པར་སྨན་བཅོས་བྱེད་མཁན་དེ་སུ་ཡིན་ནམ། ༥. ས་ཞིང་འདེབས་ལས་བྱེད་མཁན་དེ་སུ་ཡིན་ནམ།

༦. ཉིན་ལྟར་འཛིན་གྲྭར་སློབ་ཁྲིད་གནང་མཁན་དེ་སུ་ཡིན་ནམ།

ལྔ་པ། དྲི་བ་རྣམས་ངག་ཐོག་ནས་ལན་ཐུང་ངུ་རེ་ཐོབས། ༡. རང་ཉིད་སློབ་མ་ཞིག་ཡིན་ན།

ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ།

༢. རང་ཉིད་དགེ་རྒན་ཞིག་ཡིན་ན། ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ།

༣. རང་ཉིད་ཚན་རིག་པ་ཞིག་ཡིན་ན། ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ། ༤. རང་ཉིད་སྨན་པ་ཞིག་ཡིན་ན།

ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ།

༦. རང་ཉིད་ཞིང་པ་ཞིག་ཡིན་ན།

ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ།

༥. རང་ཉིད་འབྲོག་པ་ཞིག་ཡིན་ན། ལས་ཀ་གཙོ་བོ་གང་དང་གང་བྱེད་དགོས་སམ།

20


21

སློབ་ཚན་གསུམ་

༣. བོང་བུ་དང་། ཕ་བུ།

འཚོ།

རྫི་བོ།

རྐང་ཐང་།

བསྐྱོན།

བཀྱགས།

ཡུར་མ།

ལས་ངན།

ཁྲེལ་མེད།

ཁ་ལོ་བ།

གླེན་པ།

འུ་ཐུག

21

དབྱུག་པ།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

ཕ་དང་།

22

བུ་གཉིས་ཀྱིས་བོང་བུ་ཞིག་ལ་བཞོན་ནས་ལྷ་སར་ཐོན།

ལམ་བར་དུ་ཡུར་མ་ཡུར་བཞིན་པའི་ཞིང་པ་ཁ་ཤས་ཀྱིས་མཐོང་ནས། ཁོ་ཚོས། ཨ་ཙི། འདི་འདྲའི་སྙིང་རྗེ་མེད་པ་ལ་ཨང་། བོང་བུ་ཆུང་ ཆུང་དེར་ཕ་བུ་གཉིས་ཀ་བཞོན་འདུག ཅེས་བཤད། 22 22


23 ཕ་བུ་གཉིས་ཀྱིས་དེ་བདེན་པར་བསམས་ནས།

བཞོན། བུ་ཡིས་ཁྲིད་དེ་ཕྱིན་པ་རེད། གང་འཚམ་སོང་རྗེས།

སློབ་ཚན་གསུམ་

ཕ་བོང་བུར་

ལུག་འཚོ་བཞིན་པའི་རྫི་བོ་ཁག་ཅིག་

གིས་མཐོང་བས། ཁོ་ཚོས། དེ་འདྲའི་ཕ་ཞིག་འདུག ཁོ་རང་གིས་ བོང་བུ་བཞོན་ནས་བུ་རྐང་ཐང་ལ་འགྲོ་རུ་བཅུག་འདུག ཅེས་བཤད་ པས། ཕ་རྒན་ངོ་ཚ་ཐག་ཆོད་དེ། བུ་བོང་བུར་བསྐྱོན་ནས། རང་ཉིད་ རྐང་ཐང་ལ་ཕྱིན།

23 23


24

་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

ཅུང་ཙམ་སོང་བ་ན། ངལ་གསོ་བཞིན་པའི་ཁ་ལོ་བ་ཁག་ཅིག་

གིས་མཐོང་བས།

དེ་འདྲའི་ཕ་བུ་མགོ་མཇུག་མེད་པ་ཞིག་འདུག

བུས་བོང་བུ་བཞོན་ནས་ཕ་རྒན་རྐང་ཐང་ལ་འགྲོ་བཅུག་འདུག ཅེས་ བཤད་པས། བུ་ངོ་ཚ་ཐག་ཆོད་དེ་ཁོང་གཉིས་ཀ་བོང་བུར་མ་བཞོན་ པར་སྟོང་པ་ཁྲིད་དེ་ཕྱིན།

24


25

སློབ་ཚན་གསུམ་

ཡང་རྩེད་མོ་རྩེ་བཞིན་པའི་སློབ་ཕྲུག་ཁག་ཅིག་གིས་མཐོང་བས།

དེ་འདྲའི་ཕ་བུ་གླེན་པ་གཉིས་འདུག བོང་བུར་མ་བཞོན་པར་སྟོང་པར་ ཁྲིད་ནས་ཅི་ཞིག་བྱེད་རྩིས་ཡིན་ནམ། ཞེས་བཤད། 25


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

26

མཐའ་མར། ཕ་བུ་གཉིས་འུ་ཐུག་སྟེ། བོང་བུར་ཕ་བཞོན་ནའང་

མི་འགྲིག བུ་བཞོན་ནའང་མི་འགྲིག གཉིས་ཀ་བཞོན་ནའང་མི་འགྲིག བོང་བུ་སྟོང་པར་ཁྲིད་ནའང་མི་འགྲིག་ན།

ད་ངེད་གཉིས་ཀྱིས་བོང་བུ་

བཀྱགས་ནས་འགྲོ་དགོས་པ་མིན་འགྲོ། ཞེས་བཤད་དེ། བོང་བུའི་སུག་ ལག་དབྱུག་པ་ལ་བསྡམས་ནས་བཀྱགས་ཏེ་ཕྱིན།

26


27

སློབ་ཚན་གསུམ་

སློབ་ཚན་འདི ་ འཛི ན ་གྲྭ་གསུམ་པའི ་ ནང་སློབ་ཁྲི ད ་བྱེད་ སྐབས།

དགེ་སློབ་ཚང་མ་ཁ་ཡང་བཙུམ་མི་ཐུབ་པར་དགོད་བཞིན།

དེ་འདྲའི་ཕ་བུ་བླུན་པོ་གཉིས་འདུག

ད་ནི་ཁོང་གཉིས་དཀའ་ལས་

ཁག་པའི་མ་ཚད་བོང་བུ་ཡང་གསོད་ས་རེད་ཅེས་བཤད།

27


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

28

རྩོམ་སྒྲིག་པ་ཀ་པས་ད་གང་ཞིག་བྱས་ཀྱང་མི་འགྲིག་ན། བོང་ བུ་དེ་དྲུད་དེ་ཕྱིན་ན་ལེགས་ཞེས་བཤད།

རྩོམ་སྒྲིག་པ་ཁ་པས་དེ་ལྟར་བྱས་ན་བོང་བུ་ཤི་ངེས་རེད།

ལས་བོང་བུས་ཕ་བུ་གཉིས་འདྲུད་བཅུག་ན་ལེགས་ཞེས་བཤད། རྩོམ་སྒྲིག་འགན་འཛིན་གྱིས་མི་མང་ཁ་དང་། གཤམ་ཟེར་བ་བདེན་པར་འདུག

དེ་

རག་དུང་

ཤོད་ཀྱིན་ཤོད་ཀྱིན་སྡུག་ཏུ་སྡུག་

ཏུ་རེད། ད་ཕ་བུ་གཉིས་ལྷ་སར་འགྲོ་མི་དགོས་ལ་བོང་བུ་ཡང་བཞོན་

མི་དགོས། སློབ་ཚན་འདི་འབྲི་མཚམས་ཞོག་ཅིག ཅེས་སློབ་ཚན་ འདི་འབྲི་མཚམས་བཞག

28


29

སློབ་ཚན་གསུམ་

སྦྱོང་ཚན། དང་པོ། འགྲིག་རྟགས་དང་། ནོར་རྟགས་རྒྱོབས། •

ཕ་བུ་གཉིས་ཀ་བྱམས་དང་སྙིང་རྗེ་མེད་པ་ཞིག་རེད།

ཕ་བུ་གཉིས་ཀ་བོང་བུར་བཞོན་པ་རེད།

• • •

ཕ་རྒན་དེ་མི་གླེན་པ་ཞིག་རེད། བུ་དེ་སྤྱང་པོ་ཞིག་རེད།

བོང་བུ་དེ་ཤུགས་ཆེན་པོ་ཞིག་རེད།

གཉིས་པ། ཚོགས་ཆུང་བགོས་ཏེ་བགྲོ་གླེང་གི་བྱེད་སྒོ་སྤེལ་དགོས། ཀ) ཕ་བུ་གཉིས་ཀ་བོང་བུར་མ་བཞོན་ན་ཏག་ཏག་རེད། ཁ) བུ་བོང་བུར་བཞོན་ན་ཏག་ཏག་རེད།

ག) བོང་བུར་ཕ་བཞོན་ན་ཏག་ཏག་རེད།

ང) ཕ་བུ་གཉིས་ཀ་བོང་བུར་བཞོན་ན་ཏག་ཏག་རེད། ཅ) བོང་བུ་བཀྱགས་ཏེ་ཕྱིན་ན་ཏག་ཏག་རེད། 29


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

30

གསུམ་པ། གཏམ་དཔེ་བཀླགས་ཏེ་བདེན་པ་ཡིན་མིན་འགྲེལ་བརྗོད་གྱིས། ཀ. གྲོས་མི་ལ་དྲིས།

ཐག་རང་གིས་ཆོད།

ག. གཏམ་མི་ཁ་བརྒྱུད་ན་ཇེ་མང་།

ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན།

ཁ. མི་བཟང་གིས་དཔོན་ངན་ལ་གཤེ།

མི་ངན་གྱིས་དཔོན་བཟང་ལ་གཤེ།

ང. གཞན་ལ་ལྟ་བའི་མིག་ཡོད་ཀྱང་།

རང་ཉིད་བལྟ་ན་མེ་ལོང་དགོས།

ཅ. རང་མགོ་ཆུ་འདྲེན་དང་།

བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན།

ཆ. མི་མང་གི་ཁ་དེ་དུག་ཡིན།

མི་མང་གི་ལག་དེ་གསེར་ཡིན།

བཞི་པ། སློབ་ཚན་ནས་བྱ་ཚིག་དང་། མིང་ཚིག་ལྔ་རེ་ཟུར་འདོན་གྱིས། མིང་ཚིག

བྱ་ཚིག

30


31

སློབ་ཚན་གསུམ་

ཞིང་པ་དང་། ལུག་རྫི། ཁ་ལོ་བ། སློབ་ཕྲུག་བཅས་ཀྱིས་བཤད་པ་དེ་བདེན་

གོང་གི་བྱེད་ཐབས་ལྔ་ཡི་ནང་ནས་ལེགས་ཤོས་དེ་གང་རེད་དམ།

མཐའ་མཇུག་བོང་བུ་བཀྱགས་པ་ལས་ལྷག་པའི་བྱེད་ཐབས་གཞན་ཞིག་ཡོད་

པ་རེད་དམ།

གོང་གི་བྱེད་ཐབས་ལྔ་ཡི་ནང་ནས་སྡུག་ཤོས་དེ་གང་རེད་དམ། དམ།

31


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

32

༤. སང་ཉིན་ད་དུང་། སང་ཉིན་གྱི་བྱ་བ་ཡོད།

ཚ་སོབ་སོབ་ཀྱི་དབྱར་ཁའི་ཉིན་ཞིག་ལ། རྣམ་གྲོལ༌དང་། ཚེ་རིང་། ངག་ཆུང་བཅས་འཛིན་ཁང་དུ་ནང་སྦྱོང་བྲིས་ནས་བསྡད།

སློབ་གྲྭའི་ཉེ་འགྲམ་དུ་ཁྲུས་རྫིང་ཞིག་ཡོད་ལ། རྫིང་བུའི་འགྲམ་

དུ་ལྗང་ལྡེམ་ལྡེམ་གྱི ་ ལྕང་སྡོ ང ་སྟེང་ལ་བྱ་དང་བྱེའུ་ཡི ས ་སྐད་ཀྱུར་ ཀྱུར་དུ་གྲག་བཞིན་འདུག

ཁྲུས་རྫིང་ནང་ཕྲུ་གུ་ཁ་ཤས་ཀྱིས་ཤག་

ཤག་ཏུ་ཆུ་རྐྱལ་རྒྱག་བཞིན་ཡོད་པ་རྣམ་གྲོལ་གྱིས་མཐོང༌བས། 32

ཁོ་


33

སློབ་ཚན་བཞི་པ

ཆུ་རྐྱལ་འདོད་ལངས་ནས་ཚ་གེ་ཚིག་གེར་གྱུར། ཁོས་གནམ་གཤིས་

ཧ་ཅང་ཚ་པོ་འདུག་པས། ང་ཚོ་ཆུ་རྐྱལ་དུ་འགྲོ། ཞེས་བཤད། ཚེ་ རིང་གིས། ད་དུང་ནང་སྦྱོང་བྲིས་ཚར་མེད་པས་ཅུང་ཟད་སྒུགས་དང་ ཞེས་བཤད།

ཡུད་ཙམ་འགོར་རྗེས། རྣམ་གྲོལ་གྱིས། ད་དངོས་གནས་ཚ་བ་

ཚིག་སོང༌། ང་ཚོ་ལྕང་སྡོང་འོག་ཏུ་ཕྱིན་ནས་གཟུགས་པོ་གྲང་བསིལ་ བསིལ་ཆགས་ན། ལམ་སང་ཕྱིར་ཡོང་ནས་བྲིས་ན་ཆོག་གི་རེད། ཅེས་

33


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

34

བཤད། ངག་ཆུང་གིས། དེ་རེད། དངོས་གནས་ཚ་བས་ཚིག་སོང་ ཞེས་བཤད། ཚེ་རིང་གིས་མགོ་བོ་ཡར་ལ་བཀྱགས་ཏེ་ཁོ་གཉིས་ལ་ཅེ་ རེར་ལྟ་བཞིན། མི་འགྲིག ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ནང་སྦྱོང་

བྲིས་ཚར་ན། ད་གཟོད་འགྲོ། ཞེས་བཤད། རྣམ་གྲོལ་གྱིས། ནང་ སྦྱོང་དེ་རིང་བྲིས་མ་ཚར་ན་ཡང་། སང་ཉིན་བྲིས་ན་འགྲིག་གི་མ་

རེད་དམ། ཞེས་བཤད། ཚེ་རིང་གིས། སང་ཉིན། ད་དུང་སང་ཉིན་ གྱི་བྱ་བ་ཡོད། ཅེས་བཤད།

དེ་ནས་ཁོ་ཚོ་ཚང་མས་འཇམ་ཐིང་ཐིང་དང་།

མགོ་སྒུར་

སྒུར་ངང་ནང་སྦྱོང་བྲིས་པས། ཡུན་རིང་མ་འགོར་བར་ནང་སྦྱོང་ཆ་ ཚང་བྲིས་ཚར་བ་རེད།

ཚེ་རིང་གིས། ད་ཆུ་རྐྱལ་དུ་འགྲོ། ཞེས་བཤད་པས། རྣམ་གྲོལ་

གྱིས་ཀི་སྒྲ་སྒྲོག་བཞིན། འགྲོ་འགྲོ། ད་ང་ཚོ་ཆུ་རྐྱལ་དུ་འགྲོ་ཞེས་ བཤད་དེ།

ཁོང་ཚོ་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་ཁྲུས་རྫིང་

ཕྱོགས་སུ་བརྒྱུགས་སོ། །

34


35

སློབ་ཚན་བཞི་པ

སྦྱོང་ཚན། དང་པོ། ཡང་ཡང་ཀློག་འདོན་གྱིས་བྱ་ཚིག་རེ་སྦྱོར་དགོས། དགའ་ལྷང་ལྷང་།

ཁུ་སིམ་སིམ།

སྔོ་ལྷེམ་ལྷེམ།

སྐད་འཛེར་འཛེར། སྒྲ་ལྡིར་ལྡིར།

ཁྲ་ལམ་ལམ།

འཛུམ་དམུལ་དམུལ། རྦ་རླབས་ཆིལ་ཆིལ། འོད་ཆེམ་ཆེམ།

སྐྱ་ཐིང་ཐིང་།

འདར་སིག་སིག

དར་ཆ་ལྷབ་ལྷུབ།

ཆུ་ཕྲན་ལྷུང་ལྷུང་།

སྐད་སྒྲ་འུར་འུར།

འཚང་ཁ་ཤིག་ཤིག

མེ་སྟག་ཚ་ཚ།

གཉིས་པ། དཔོད་བྲིས་གཏོང་རྒྱུ། ལྕང་སྡོང་ལྗང་ལྡེམ་ལྡེམ།

ཆུ་ལྷོག་ལྷོག

ཆུ་ཤང་ཤང་དུ་བཞུར།

མིག་ཅེ་རེར་བལྟས།

འཇམ་ཐིང་ཐིང་དུ་གནས།

འོ ད་འཁྱུག་འཁྱུག

མགོ་སྒུར་སྒུར་དུ་བསྡད། 35


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

36

གསུམ་པ། མཐུན་སྦྱོར་བྱེད་རྒྱུ། ཚ་སོབ་སོབ།

ངང་ལས་ཀ་བྱས།

སྐད་ཀྱུར་ཀྱུར།

ཁྱིམ་ཚང་།

ལྗང་ལྡེམ་ལྡེམ།

འགྲོ་བའི་དུད་འགྲོ།

ཤག་ཤག

ངང་ནས་ཐུགས་སྤྲོ་བཏང་།

ཚ་གེ་ཚིག་གེ

ལྡང་བའི་མཁའ་རླུང་།

གྲང་བསིལ་བསིལ།

པར་ལ་བལྟས།

ཅེ་རེར། ལྗོན་ཤིང་། འཇམ་ཐིང་ཐིང་།

འབབ་པའི་རྦབ་ཆུ།

དགའ་དགའ་སྤྲོ་སྤྲོ།

མཚན་མོ།

སྒུར་སྒུར།

བཞི་པ།

སྒྲོག་པའི་འཇོལ་མོ།

སློབ་སྦྱོང་དང་།

དགོས་པ།

རྩེད་མོ་གཉིས་ལ་དུས་ཚོད་ཇི་ཙམ་གཏོང་

ཇི་ལྟར་གཏོང་དགོས་པ་བཅས་བགྲོ་གླེང་གནང་རྒྱུ་

ཙམ་མ་ཟད། རྒྱན་ཚིག་གང་མང་བེད་སྤྱོད་ཐུབ་ན་ལེགས། 36


37

སློབ་ཚན་བཞི་པ

ལྔ་པ། རི་མོ་གཉིས་བར་མི་འདྲ་བ་དགུ་ཡོད་པ་རྣམས་ངོས་འཛིན་གྱིས།

37


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

38

༥. འབྱུང་བ་བཞི།

མཁོ་བ།

འགྲོ་སྲོལ།

རྟེན་གཞི།

དྭངས་གཙང་།

ཞེད་སྣང་།

གཡོ་བ།

རྩི་ཤིང་།

38


39

སློབ་ཚན་ལྔ་

ས།

སྲ་ཞིང་མཁྲེགས་ལ། སྲོག་ཆགས་དང་རྩི་ཤིང་ཚང་མའི་རྟེན་ གཞིར་གྱུར་པ་ང་ནི། གསེར་དངུལ་སོགས་གཏེར་རིགས་ཐམས་ཅད་ ཀྱི་འབྱུང་གནས་ཀྱང་ཡིན།

39


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ ་སློབ་དེབ།

40

ཆུ།

བརླན་ཞིང་གཤེར་ལ། དྭངས་ཤིང་གཙང་བས་ཡན་ལག་བརྒྱད་ལྡན་ དུ་འབོད་པ་ང་ནི།

རྩི་ཤིང་དང་སྲོག་ཆགས་ཀུན་ལ་མཁོ་བ་མ་ཟད།

ཐུར་དུ་བཞུར་པ་ལས་གྱེན་དུ་འགྲོ་སྲོལ་མེད།

ཡན་ལག་བརྒྱད།

མངར་བ།

བསིལ་བ། འཇམ་པ། ཡང་བ།

དྭངས་པ།

གཙང་བ།

མགྲིན་པ་ལ་མི་གནོད་པ། ལྟོ་བ་ལ་ཕན་པ།

40


41

ང་ནི་ཚ་ཞིང་སྲེག་པས།

སློབ་ཚན་ལྔ་

མེ།

མི་ཚང་མས་ང་ལ་ཞེད་སྣང་བྱེད་ཀྱི་

ཡོད། དོན་དངོས་སུ་ང་བེད་སྤྱོད་ཡག་པོ་གཏོང་ཤེས་ན་ཕན་ཐོགས་ ལས་གནོད་པ་གང་ཡང་མེད།

41


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

42

རླུང་།

ང་ནི་ཡང་ཞིང་གཡོ་བས། གང་སར་འགྲོ་ཐུབ་ལ། སྲོག་ཆགས་དང་རྩི་

ཤིང་ཚང་མ་ང་དང་འབྲལ་ཐབས་མེད། ཡིན་ནའང་། ང་ལ་གཟུགས་ དང་ཁ་དོག་གང་ཡང་མེད།

42


43

སློབ་ཚན་ལྔ་

སྦྱོང་ཚན།

དང་པོ། ཚིག་སྒྲུབ་བཟོས། སྲོག་ཆགས། འཇིག་རྟེན།

འབྱུང་གནས།

དྭངས་གཙང་།

ཕན་ཐོགས།

རི་བོ།

བེད་སྤྱོད། ཁ་དོག

གཉིས་པ། རང་གི་བསམ་ཚོད་བཞིན་བྲིས། ཀ) ས་ཡི་ཕན་ཐོགས་གསུམ་བྲིས།

ཁ) ཆུ་ཡི་ཕན་ཐོགས་གསུམ་དང་།

གནོད་འཚེ་གསུམ་བྲིས།

ང) རླུང་གི་ཕན་ཐོགས་གསུམ་དང་།

གནོད་འཚེ་གསུམ་བྲིས།

ག) མེ་ཡི་ཕན་ཐོགས་གསུམ་དང་།

གནོད་འཚེ་གསུམ་བྲིས།

43


44

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

གསུམ་པ། ཡང་ཡང་ཀློག་འདོན་གྱིས། སྲན་མ་རྡོག་གཅིག

ལྷམ་ཆ་གཅིག

མེ་ཏོག་ཆུན་པོ་གཅིག

སྐྲ་ཉག་མ་གཅིག

ཆུ་ཐིགས་པ་གཅིག

སྡོང་པོ་རྐང་གཅིག སྨན་ཐུན་གཅིག

རས་ཡུག་གཅིག

ཤིང་ཐུར་ཆག་པ་གཅིག

འབྲུ་དོ་བོ་གཅིག

ལུག་ཁྱུ་གཅིག

བཞི་པ། རང་གི་གང་ཤེས་བྲིས།

ཀ) ཤིང་གིས་དངོས་ཆས་གང་དག་བཟོ་ཐུབ་བམ། ཁ) ལྕགས་ལ་རིགས་མི་འདྲ་བ་ག་ཚོད་ཡོད་དམ། ག) རྡོ་ལ་བེད་སྤྱོད་གང་ཡོད་དམ།

44

དཔེ་ཆ་པོད་གཅིག


45

སློབ་ཚན་ལྔ་

ལྔ་པ། གབ་ཚིག་རྣམས་ལ་ལན་ཐོབས། འཛིན་རྒྱུ་མེད་ལ་མཐོང་རྒྱུ་མེད། ། ཁ་དོག་མེད་ཅིང་དྲི་ཡང་མེད། །

སྲོག་ཆགས་རྩི་ཤིང་ཚང་མར་མཁོ། །

སྐར་ཆ་གཅིག་ཀྱང་འབྲལ་ཐབས་མེད། །

འདི་ཅི་ཡིན་ཤོད།

རང་བཞིན་ཚ་ཞིང་ཁ་དོག་དམར། ། སུ་དང་ཐུག་ན་སྲེག་པར་བྱེད། །

གྲང་བའི་སྐབས་སུ་ཚང་མར་མཁོ། ། ང་ནི་གྱེན་ནས་གྱེན་དུ་འབར། །

འདི་ཅི་ཡིན་ཤོད།

བཟོད་བསྲན་ཆེ་ཞིང་ལུས་སྟོབས་ཆེ། ། འཛམ་གླིང་ཡོངས་ཀྱི་རྟེན་གཞི་ང་། །

གཏེར་དངོས་ཚང་མའི་འབྱུང་ཁུངས་ཡིན། ། ང་ནི་ཟླུམ་ཟླུམ་སྤོ་ལོ་འདྲ། །

45

འདི་ཅི་ཡིན་ཤོད།


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

46

གངས་དང་ཆར་པའི་འབྱུང་ཁུངས་ཡིན། ། ས་གཞིའི་རྩི་ཤིང་ལོ་འབྲས་སོགས། །

སྐོམ་གདུང་སེལ་བའི་སྨན་མཆོག་ང་། ། ངལ་མེད་ཐུར་ནས་ཐུར་དུ་བཞུར། །

འདི་ཅི་ཡིན་ཤོད།

དྲུག་པ། གཏམ་དཔེ་འདི་དག་ངག་ལ་བྱང་བར་གྱིས། •

སྟག་གི་རི་མོ་ཕྱི་ལ་ཡོད།

མི་ཡི་རི་མོ་ནང་ལ་ཡོད།

ཁ་ཁུ་བྱུག་བཞིན་དུ་སྙན།

ཁོག་གཞུ་མོ་བཞིན་དུ་འཁྱོག

རིང་ཐུང་ཚད་ན་ཤེས།

བདེན་རྫུན་བཤད་ན་ཤེས།

46


47

སློབ་ཚན་དྲུག

༦. ཞི་མི་དང་སྤྲེའུ། ཞི་མི་ཨ་ནུ་དང་། ཐ་ནུ་ཟེར་བའི་སྤུན་གཉིས་ཡོད། ཉིན་ཞིག་

ལ་ཁོང་གཉིས་རྩེད་མོ་རྩེ་བའི་སྐབས་བག་ལེབ་ཅིག་རྙེད།

ཁོང་གཉིས་བག་ལེབ་ཟ་རྒྱུར་མ་འཆམས་པར་ཁ་རྩོད་ཤོར་བ་

མ་ཟད། ལག་འཛིང་ཤོར་གྲབས་བྱས།

47


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

48

སྐབས་དེར། སྤྲེའུ་གཡོ་སྒྱུ་ཅན་ཞིག་ཡོང་ནས། ཁོ་གཉིས་ལ།

ཞི་མི་སྤུན་གཉིས། ངོ་ཚ་མེད་པ་དེ་འདྲ་རང་མ་བྱེད། སུ་ལའང་གྱོང་ མེད་པ་ཞིག་ངས་བགོས་ན་མི་འགྲིག་གམ་ཞེས་བཤད། ཞི་མི་གཉིས་ ཀྱིས་བདེན་པ་རེད་བསམས་ནས། དེ་ལྟར་བྱ་རྒྱུར་ཁས་ལེན་བྱས།

སྤྲེའུས་བག་ལེབ་དུམ་བུ་ཆེ་ཆུང་གཉིས་ལ་བགོས་ནས་རྒྱ་མར་

48


 བཀྱགས། བཟས།

49

སློབ་ཚན་དྲུག

འདི་ཆེ་དྲགས་འདུག་ཟེར་ནས་ཆེ་བ་དེར་སོ་བཏབ་ནས་

ཡང་འདི་ཆེ་དྲགས་འདུག་ཟེར་ནས་གཞན་དེར་སོ་བཏབ་

ནས་བཟས། དེ་ལྟར་ཐེངས་ཁ་ཤས་བྱས་རྗེས། བག་ལེབ་ཆ་ཚང་སྤྲེའུ་ ཡིས་བཟས་པ་རེད།

49 49


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

50

ཞི་མི་གཉིས་སྔར་བཞིན་གྲོད་ཁོག་ལྟོགས་ཏེ། རྣ་ཅོག་ཀྲོང་

ངེར་སྡོད་དགོས་བྱུང་བ་རེད།

གླུ་གཞས།

ཞི་མི་རྒྱུ་དག་མེད་པས། །བག་ལེབ་ཟ་རྒྱུར་མ་འཆམས། །

གཡོ་ཅན་སྤྲེའུས་བཟས་དུས། །རྣ་ཅོག་ཀྲོང་ངེར་ལྷག་སོང་། ། 50


51 སྦྱོང་ཚན།

དང་པོ། འགྲིག་ནོར་གྱི་རྟགས་རྒྱོབས། •

ཞི་མི་ཨ་ནུ་དང་། ཐ་ནུ་གཉིས་སྤུན་རེད།

ཞི་མི་གཉིས་ལ་བག་ལེབ་བཟའ་རྒྱུ་བྱུང་བ་རེད།

• • •

ཁོང་གཉིས་ཀྱིས་རྡོ་ལེབ་ཅིག་རྙེད་པ་རེད། སྤྲེའུས་བག་ལེབ་དུམ་བུ་གཉིས་ལ་བཏང་།

ཞི་མི་གཉིས་གྲོད་ཁོག་སྟོང་པར་སྡོད་དགོས་བྱུང་།

གཉིས་པ། ཚིག་སྒྲུབ་རེ་བཟོས།

སྤུན། རྙེད། འཆམས། གྲབས། གྱོང་། གཡོ་སྒྱུ། ཁས་ལེན།

51

སློབ་ཚན་དྲུག


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

52

གསུམ་པ། མཐུན་སྦྱོར་གྱིས། རྩེད་མོ། ཁ་རྩོད། ལག་འཛིང་། དུམ་བུ། རྒྱ་མ། ཀྲོང་ངེར། 52


53

སློབ་ཚན་དྲུག

བཞི་པ། དྲི་བར་ལན་ཐོབས།

༡. ཞི་མི་སྤུན་གཉིས་རྩེད་མོ་རྩེ་བཞིན་པའི་སྐབས་ཅི་ཞིག་རྙེད་ཡོད་དམ། ༢. ཁོང་གཉིས་བག་ལེབ་བཟའ་རྒྱུར་མ་འཆམས་པ་སུས་མཐོང་ངམ། ༣. སྤྲེའུས་བག་ལེབ་དུམ་བུ་ག་ཚོད་ལ་བཏང་ངམ། ༤. མཐར་བག་ལེབ་ཆ་ཚང་སུས་བཟས་སམ།

ལྔ་པ། བསམ་གཞིག་བྱས་ནས་བྲིས། •

སྤྲེའུ་ནི་གཡོ་སྒྱུ་ཆེ་ལ་ཧམ་སེམས་ཆེ་བའི་གཞན་མགོ་སྐོར་མཁན་ཞིག་ཡིན་

ཞི་མི་གཉིས་ནི་གཉོམ་ཆུང་བ་དང་གཞན་གྱི་ཁ་ལ་ཉན་པའི་བཟང་ཆ་ཡོད།

པའི་སྐྱོན་ཆ་ཡོད། འོ་ན་ཞི་མི་སྤུན་གཉིས་ལ་སྐྱོན་ཆ་གང་དག་ཡོད་དམ། འོ་ན་སྤྲེའུ་ལ་བཟང་ཆ་གང་དག་འདུག་གམ།

53


54

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

༧. སྦྱོང་བརྡར་སློབ་ཚན། མ་འོངས་པ།

ད་ལྟ་བ།

འདས་པ།

སྐུལ་ཚིག

བལྟ།

ལྟ།

བལྟས།

ལྟོས།

འགྲོ།

འགྲོ།

ཕྱིན།

སོང་།

སྦྱང་།

སྦྱོང་།

སྦྱངས།

སྦྱོངས།

བླང་།

ལེན།

བླངས།

ལོངས།

བཟའ།

ཟ།

བཟས།

54

ཟོ།


55

སློབ་ཚན་བདུན་

ང་ཚོ་ཚང་མ་ལྷ་སར་འགྲོ།

འགྲོ་གིན་འགྲོ་གིན་དབུས་ལ་བསླེབས།

དབུས་ལ་བསླེབས་ནས་མཆོད་མཇལ་ཕྱིན། དབུས་ཉི་མ་ལྷ་སར་སོང་ཚུལ་རེད།

གཟའ་སྤེན་པའི་དགོང་མོར་བརྙན་འཕྲིན་བལྟ་རྒྱུ་ཡོད།

གུ་ཁ་ཤས་ལྟད་མོ་ལྟ་གིན་གཉིད་ཤོར་གྱི་རེད།

ཕྲུ་

ངས་ཆུ་ཚོད་བཅུ་པ་

བར་བལྟས་པ་ཡིན། ཕ་མས་ལྟད་མོ་ལྟ་སྐབས། ལྟད་མོ་ཡག་པོ་ལྟོས་ ཞེས་གསུངས་བྱུང་།

ད་ཆ་སློབ་ཚན་མང་ཆེ་བ་སྦྱང་རྒྱུ་རེད། སྦྱོང་བཞིན་པའི་སློབ་

ཚན་འདི་ནི་སྦྱོང་བརྡར་སློབ་ཚན་རེད། སྦྱངས་ཟིན།

སློབ་གནང་།

སློབ་ཚན་ལྔ་དྲུག་ཙམ་

སློབ་སྤྱིས་སློབ་ཚན་རྣམས་ཡག་པོ་སྦྱོངས་ཞེས་བཀའ་

55


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

56

བཟའ་བསམས་ནས་རྩམ་པ་འཐག

 ཁ་ལ་ཟ་དུས་བྲོ་བ་ཆེ།

བཟས་ཚར་རྗེས་གྲོད་པ་རྒྱགས། ཟས་རྩམ་པ་ཟོ་དང་གཟུགས་པོར་ ཕན།

ལག་པར་མ་བླང་གོང་ལ་ལག་པ་ཁྲུས།

ལག་པར་ལེན་པའི་སྐབས་སུ་གཟབ་གཟབ་བྱོས། བླངས་ཚར་ནས་ས་ལ་མ་ཤོར་དགོས། ཁྱུང་སྒོ་ང་ལོངས་དང་ནོར་བུ་རེད།

56


57

སློབ་ཚན་བདུན་

སྦྱོང་ཚན། དང་པོ། འགྲིག་པ་དེ་ལ་རྟགས་རྒྱོབས། • ང་ལྷ་ས་ལ་འགྲོ་བ་ཡིན།

...ཕྱིན་པ་ཡིན།

• ཁ་སང་གློག་བརྙན་བལྟས་པ་ཡིན། • འབྲི་ཀློག་སྦྱངས་བཞིན་ཡོད། • བག་ལེབ་ཟ་རྒྱུ་རེད། • ཆུ་བླངས་ཚར།

...ལྟ་བ་ཡིན།

...སྦྱང་བཞིན་ཡོད།

...བཟའ་རྒྱུ་རེད།

...ལེན་ཚར།

...སོང་བ་ཡིན།

གཉིས་པ། མཐུན་སྦྱོར་གྱིས། ལྟད་མོར་

བླངས།

ཡི་གེ་

འཁྲབ།

བཟས།

རྩམ་པ་

བྲིས།

ལག་ཏུ་

ལྟ། 57

...སྦང ྱོ ་བཞིན་ཡོད།

...བཟས་རྒྱུ་རེད།

...བླང་ཚར།

ཟློས་གར་

...བལྟ་བ་ཡིན།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

58

གསུམ་པ། བྱ་ཚིག་རྣམས་ལ་ཚིག་སྒྲུབ་རེ་བཟོས། ཕྱིན།

བལྟས། སྦྱང་།

བཟས། བླངས།

བཞི་པ། བྱེད་སྒོ།

ལམ་ཞིག་ཏུ་དངོས་པོ་བྱུར་བུར་བླུགས་པའི་ཐེར་ཆུང་ཞིག་ཡོད། ངང་པ་དང་། ཉ།

སྦལ་པ་གསུམ་གྱིས་ཐེར་ཆུང་ལ་ཐག་པ་བསྐོན་ཏེ་ངང་པས་ནུས་ཤུགས་གང་ཡོད་ ཀྱིས་གནམ་ལ་འཕུར་ཏེ་ཡར་འཐེན། མར་འཐེན།

ཉ་ཡིས་ཤེད་ཡོད་ཚད་ཀྱིས་ཆུ་ལ་འཁྱུག་སྟེ་

སྦལ་པས་སྟོབས་རྩལ་ཡོད་དགུས་མདུན་དུ་གོག་ནས་མདུན་ཕྱོགས་

ལ་འཐེན་ཀྱང་འགུལ་ཙམ་ཡང་བྱེད་མ་ཐུབ། ཐེར་ཆུང་ནང་གི་དངོས་པོ་དེར་ལྗིད་ ཚད་དེ་ཙམ་མེད།

58


59

སློབ་ཚན་བདུན་

བྱེད་སྒོ་རྣམས་ལེགས་པར་སྒྲུབས།

ཀ] གོང་གི་སྒྲུང་ཐུང་འདིའི་ནང་བྱ་ཚིག་ག་ཚོད་ཡོད་པ་ཟུར་འདོན་གྱིས། ཁ]

ཐེར་ཆུང་ནང་གི་དངོས་པོ་དེ་ཙམ་ལྗིད་པོ་མེད་ནའང་། ཁོང་གསུམ་གྱིས་

སྒུལ་ཙམ་ཡང་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི།

ག] ངང་པ་དང་། ཉ། རུས་སྦལ་གསུམ་གྱིས་ཐེར་ཆུང་འཐེན་སྟངས་ཇི་ལྟར་ཡིན་ ནམ།

ང] ཡང་ཡང་བཀླགས་ཏེ་དག་དོན་ངེས་པ་བྱེད་དགོས།

ནུས་ཤུགས། ཤེད། སྟོབས་རྩལ། གང་ཡོད། ཡོད་ཚད། ཡོད་རྒུ། གནམ་ལ་འཕུར་ཏེ་ཡར་འཐེན། ཆུ་ལ་འཁྱུག་སྟེ་མར་འཐེན། མདུན་དུ་གོག་ནས་འཐེན།

ལྔ་པ། དག་དོན་ངེས་པ་གྱིས། ལམ།

ལམ་ཁ།

ལམ་ཆེན།

གཡོ།

གཡོ་འགུལ།

གཡོ་སྒྱུ།

ཕྱོགས། ཡང་།

ཤར་ཕྱོགས། ཡང་ཡང་། 59

ཕྱོགས་ཁག ཡང་དག


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

60

༨. གཟིག་ལྤགས་བཀབ་པའི་བོང་བུ། གྲོང་སྡེ་ཞིག་གི་ནང་ལ་མི་གཡོ་སྒྱུ་ཅན་ཞིག་ཡོད། མི་དེ་ ཤིང་ནགས་ནང་རི་དྭགས་རྔོན་དུ་འགྲོ་བའི་སྐབས། རོ་ཞིག་རྙེད། ནང་ལ་ཁྱེར།

གཟིག་ཤི་བའི་

ཁོས་གཡོ་སྒྱུ་ཞིག་དྲན་ཏེ། གཟིག་ལྤགས་བཤུས་ནས་

60


61

སློབ་ཚན་བརྒྱད

རང་གི ་ བོ ང ་བུ་ལ་གཟི ག ་ལྤགས་དེ ་ བཀབ་ནས་མི ་ གཞན་གྱི ་ ཞི ང ་ ཁའི་ནང་དུ་བཏང་།

མི་ཚང་མས། ཞིང་ཁར་གཟིག་ཅིག་བསླེབས་འདུག་ཟེར་ནས་

ཞིང་པ་རྣམས་སྐྲག་ཐག་ཆོད་དེ་ཉེ་སར་འགྲོ་མ་ཕོད།

61


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

62

གནས་ཚུལ་དེ་མི་གཡོ་སྒྱུ་ཅན་དེས་མཐོང་བས།

 ང་ལས་ལྷག་པའི་

རིག་པ་སྤྱང་པོ་ཞིག་སུ་ཡོད་དམ་སྙམ་སྟེ་སེམས་དགའ་བཞིན་བསྡད།

དེ་ལྟར་བོང་བུ་དེས་ལྗང་ཐིང་ཐིང་དུ་སྐྱེས་པའི་ལྗང་པ་རྣམས་

གང་འདོད་དུ་བཟས་ནས་ཉིན་མང་པོ་སོང་།

ཉིན་ཞིག ཞིང་པ་རྣམས་འུ་ཐུག་ནས་བོང་བུའི་མཐའ་བསྐོར་ཏེ་

ཚང་མས་དུས་གཅིག་ཏུ་རྡོ་དང་དབྱུག་པས་གཞུས་ཏེ་བསད་པ་ན། དེ་ ནི་གཟིག་ཅིག་མ་ཡིན་པར། མི་གཡོ་ཅན་དེའི་བོང་བུ་ཡིན་པ་ཤེས།

62


63

སློབ་ཚན་བརྒྱད

སྦྱོང་ཚན། དང་པོ། མཐུན་སྦྱོར་བྱས་ཏེ་ཡང་ཡང་ཀློགས།

མི་གཡོ་སྒྱུ་ཅན་གྱིས། བོང་བུས།

ཞིང་པས།

རི་དྭགས་རྔོན།

ལྗང་པ་རྣམས་གང་འདོད་བཟས། བོང་བུ་ལ་གཟིག་ལྤགས་བཀབ། ཉེ་སར་འགྲོ་མ་ཕོད།

རྡོ་དང་དབྱུག་པས་གཞུས། གཟིག་ལྤགས་བཤུས།

གཉིས་པ། ཕན་ཚུན་མཐུད་ནས་བརྗོད་པ་གསུམ་སྒྲིགས། ཞེད་ སྐྱོ་

དགའ་

ཐག་ཆོད་དེ་ 63

ངུས།

གཞས་བཏང་། བྲོས།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

64

གསུམ་པ། བྱ་ཚིག་རྣམས་བར་སྟོང་ནང་སྐོངས།

བཟས། བཏང་། མཐོང་། འགྲོ། བཀབ། བསྡད། སླེབས། བསམས། རང་གི ་ བོ ང ་བུ་ལ་གཟི ག ་ལྤགས་དེ ་

། མི་ཚང་མས། ཞིང་ཁར་གཟིག་ཅིག་

ཆོད་དེ་ཉེ་སར་

མ་ཕོད།

གནས་ཚུལ་དེ་མི་གཡོ་སྒྱུ་ཅན་དེས་

ཡོད་དམ་

ནས། སེམས་དགའ་བཞིན་

ནས་མི ་ གཞན་གྱི ་ ཞི ང ་ཁའི ་ ནང་

བས།

ཐིང་ཐིང་དུ་སྐྱེས་པའི་ལྗང་པ་རྣམས་གང་འདོད་དུ་

བཞི་པ། ལྡོག་ཕྱོགས་སློབ་ཚན་ནས་བཙལ་ཏེ་བྲིས།

འདུག་ཟེར་ནས་སྐྲག་ཐག་

ང་ལས་རིག་པ་སྤྱང་བ་སུ་

། དེ་ལྟར་བོང་བུ་དེས་ལྗང་ ནས་ཉིན་མང་པོ་སོང་།

བསྡད། བརླག ཟིན། ཐག་རིང་། ལྐུགས་པ། སྡུག

ལྔ་པ། དག་དོན་ངེས་པར་གྱིས། གྲོང་

ཚོ། ཁྱེར།

བོང་

རྣ།

རི་

གསེབ།

བུ།

ཕྲུག

ཞིང་ 64

བོང་། གཤམ། མོ།

པ།

ཁ། ས།


65

སློབ་ཚན་བརྒྱད

དྲུག་པ། ཡང་ཡང་བཀླགས་ཏེ་སློབ་ཚན་དང་ཕན་ཚུན་མཚུངས་བསྡུར་བྱེད་ དགོས།

མི་གཡོ་སྒྱུ་ཅན་ཞིག་གིས་ཤྭ་བའི་རྔ་མ་བསྟན་ནས་ཤྭ་བའི་ཤ་ཡིན་ཁུལ་བྱས་ནས་

བོང་ཤ་བཙོངས། སྐབས་ཤིག་མི་རྣམས་དོགས་པ་ཟ་ནས་བརྟག་དཔྱད་བྱས་པས། དེ་ ནི་ཤྭ་བའི་ཤ་མ་ཡིན་པར། བོང་བུའི་ཤ་ཡིན་པ་ཤེས། དེ་ནས་བཟུང་ཁོས་ལུག་གི་ཤ་ སོགས་ཤ་གང་ཞིག་བཙོངས་ཀྱང་ཉོ་མཁན་གཅིག་ཀྱང་མ་བྱུང་།

ལེགས་བཤད།

ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། །

ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། །

གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །

བོང་ཤ་བཙོངས་པའི་བྱས་འབྲས་ཀྱིས། །

རེ་ཞིག་འགྲུབ་ཀྱང་མཐའ་མར་བརླག །

རེ་ཞིག་འགྲུབ་ཀྱང་མཐའ་མར་བརླག །

ལོ་ཏོག་ཟོས་མཐར་གཞན་གྱིས་བསད། །

ལུག་ཤ་ཉོ་མཁན་མེད་ལ་ལྟོས། ། 65


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།་

66

༩. མཇུག་མའི་བགྲོ་གླེང་།

མཇུག་མ་ཡོ ད ་མཁན་སེ མ ས་ཅན་རྣམས་ཕྱོ ག ས་གཅི ག ་ཏུ་

འདུས་པའི་སྐབས།

བོད་ཕོ་རེའི་ཁ་ནས་གཏམ་རེ་དང་། མོ་རེའི་ཁ་ནས་གླུ་རེ་ཡོད་

ཟེར་བ་བཞིན།

མཇུག་མ་སོ་སོའི་ལོ་རྒྱུས་དང་།

བཤད་རེས་བྱས་པ་མ་ཟད།

ནུས་པ་ཅི་ཡོད་

རང་རང་གི་འཇོན་ནུས་ལ་གཞིགས་

པའི་བྱ་བ་བཟང་པོ་རེ་བྱེད་དགོས་པའི་གྲོས་འཆམ་བྱུང་། 66


67

སློབ་ཚན་དགུ་

རྟ་རྔ། (ཟིང་ཟིང་དང་འཕྱར་འཕྱར་གྱིས) སྤུན་ཟླ་རྔ་མ་རྣམས་

ངས་དེ ་ རི ང ་ནས་རྟ་ཡི ་ ལུས་ལ་

རྟ་རྔ

འཁོ ར ་བའི ་ སྦྲང་བུ་དཀྲོག་རྒྱུ་མ་ ཟད། ལུས་ལ་དཔག་པའི་རྒྱན་ཆ་ ཞིག་ཀྱང་བྱེད་རྒྱུ་ཡིན། ཞེས་བཤད།

ཁྱི་རྔ།

དེ་བཞིན།

(ཨ་ལོང་བཞིན་བསྒྲིལ་ཏེ)

ངས་ཁྱི་དགའ་བའི་རྣམ་འགྱུར་གཞན་ལ་སྟོན་པའི་ཆེད་དུ་

གཡུག་གཡུག་བྱེད་རྒྱུ་མ་ཟད། བཞིན་ཁྱི་སྣ་གྲང་སྲུང་ བྱེད་ཀྱི་ཡིན། བཤད།

གྲོགས་པོ་རྟ་རྔས་བཤད་པ་

ཁྱི་སྣ་དྲོས་ན་ཁྱི་ལུས་མི་གྲང་ཟེར་བ་ །

ཁྱི་རྔ

ཞེས་

67


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

ཞིམ་རྔ།

68

(རིལ་རིལ་གཡུག་གཡུག་གིས) ངས་ཞི་མི་ཁྲོ་བའི་

རྣམ་འགྱུར་གཞན་ལ་སྟོན་པའི་ཆེད་དུ་གཡུག་གཡུག་བྱེད་རྒྱུ་དང་། ཙི་གུ་འཛིན་སྐབས་རོགས་པ་བྱེད་རྒྱུ་ཡིན།

། ཞིམ་རྔ

ཚོགས་ཐོག་དེར་སེམས་ཅན་གྱི་མཇུག་མ་རེ་རེས་དམ་བཅའ་རེ་བཞག་པར་ བརྟེན་ད་བར་དེ་ལྟར་བྱེད་བཞིན་ཡོད་པ་རེད། 68


69

སློབ་ཚན་དགུ་

སྦྱོང་ཚན།

དང་པོ། ཚིག་སྒྲུབ་བཟོས།

འདུས། འཇོན། དཀྲོགས། སྒྲིལ།

ཁྲོ། གཡུག

གཉིས་པ། དག་དོན་ངེས་པར་གྱིས།

མཇུག་མ། གྲོས་འཆམ། ཚོགས་ར། རྒྱན་ཆ། ཨ་ལོང་། ཙི་གུ།

གསུམ་པ། དྲི་བ་རྣམས་ལ་ལན་ཐོབས།

༡] རྟ་རྔས་ཁས་ལེན་གང་བྱས་འདུག་གམ།

༢] ཁྱི་རྔས་ཁས་ལེན་གང་དང་གང་བྱས་འདུག་གམ། ༣] ཞི་མིའི་རྔ་མ་ལ་བེད་སྤྱོད་གང་འདུག་གམ།

༤] མཇུག་མ་ཅན་གྱི་སེམས་ཅན་ལྔ་ཡི་མིང་བྲིས། 69


70

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

བཞི་པ། སློབ་ཚན་ནས་བདམས་ཏེ་གསུམ་རེ་བྲིས། བྱ་ཚིག

མིང་ཚིག

རྒྱན་ཚིག

ལྔ་པ། སྐད་ཆ་སྦྱོང་བརྡར་བྱེད་དགོས།

ཁྱེད་ཚོའི་མཇུག་མ་བེད་སྤྱོད་ཆེན་པོ་འདུག མཇུག་མ་ཡང་བེད་སྤྱོད་མེད་པ་མིན། དབྱར་ཁ་ཚ་བ་ཆེ་བ་དང་། སྐབས།

ངའི་

འབུ་སྲིན་མང་བའི་

ངའི་ལུས་ལ་འཁོར་བའི་སྦྲང་བུ་རྣམས་

དཀྲོག་པའི་ཆེད་དུ། ང་རང་གི་མཇུག་མ་བེད་སྤྱོད་བྱེད་ཀྱི་ཡིན། 70


71

སློབ་ཚན་བཅུ་

༡༠. བྱེ་ཐང་གི་གྲུ་གཟིངས། (ངར་སྒྲ་དང་བཅས) ཁྱོད་སུ་ཡིན་ནམ། (མར་སེང་གེ་ལ་ལྟ་བཞིན)

ཡིན། ཁྱེད་རང་སུ་ཡིན་ནམ།

ང་བྱེ་ཐང་གི་གྲུ་གཟིངས་

ཁྱོད་ཀྱིས་ང་སུ་ཡིན་མི་ཤེས་སམ། ང་ནགས་ཀྱི་རྒྱལ་པོ་ ཡིན།

རྔ་མོང་།

ང་བྱེ་ཐང་གི་གྲུ་གཟིངས་ཡིན། 71


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

72

ཨ་ལེ། ཁྱེད་རང་ཡིན་ནམ། ངས་ཤེས་སོང་། སེང་གེ

(ཁྲོ་གཉེར་དང་བཅས)

ང་ནགས་ཀྱི་རྒྱལ་པོ་ཡིན།

ཁྱོད་ཀྱིས་རང་ཉིད་ལ་བྱེ་ཐང་

གི་གྲུ་གཟིངས་ཟེར་གྱི་འདུག ཁྱོད་རང་དུད་འགྲོ་ཞིག་

གྲུ་གཟིངས་ལ་ག་འདྲ་བྱས་ནས་་འགྱུར་ཐུབ། (འཛུམ་དམུལ་དམུལ་ངང)

སྤྱིར་བཏང་ང་དུད་འགྲོ་

གྲུ་གཟིངས་ཞེས་འབོད་ཀྱི་ཡོད།

ང་ཚ་གདུག་ཆེ་བའི་

ཞིག། ཡིན། འོན་ཀྱང་། མི་རྣམས་ཀྱིས་ང་ལ་བྱེ་ཐང་གི་

དུས་སུའང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད། 72


73

སློབ་ཚན་བཅུ་

ང་ཡིད་ཆེས་ཀྱི་མི་འདུག ཁྱེད་རང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད་དམ། (སུན་སྣང་གི་རྣམ་འགྱུར་དང་བཅས) མེད། ང་བྱེ་ཐང་ དུ་འགྲོ་ཐུབ་ཀྱི་མེད།

ཤར་གློད་ཐུབ་ཀྱི་ཡོད།

འོན་ཀྱང་ང་ནགས་ཚལ་དུ་རྒྱུག་

(ཁོང་དགོད་ཅིག་ཤོར་ནས)

དེ་སྲོག་ཆགས་ཚང་མས་

བྱེད་ཐུབ་ཀྱི་་རེད། འོན་ཀྱང་། བྱེ་ཐང་དུ་ཉིན་མཚན་

མང་པོར་འགྲོ་ཐུབ་མཁན་ང་གཅིག་པུ་ཡིན།

(ཧང་སང་བའི་རྣམ་འགྱུར་དང་བཅས) ཨ་ཙི། དེ། འདྲ་གང་འདྲ་བྱས་ནས་འགྲོ་ཐུབ་ཀྱི་ཡོད་དམ། 73


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

74

ངའི་སུག་ལག་ལ་གཟིགས་དང་། ཚང་མ་མཐུག་པོ་དང་ འབོལ་འབོལ་ཡོད་པས། ཐུབ་ཀྱི་མེད།

ཉི་མའི་ཚ་དྲོད་ཀྱིས་འཚིག་

ངའི་སུག་ལག་ཀྱང་འབོལ་འབོལ་ཡིན་པས།

ཚེར་མ་

སོགས་ཟུག་གི་མེད་ལ། ཤྭ་བ་ཡང་ཟིན་ཐུབ་ཀྱི་ཡོད། དེ་བདེན་པ་རེད།

འོན་ཀྱང་ཚ་གདུག་ཆེ་བའི་བྱེ་ཐང་

དུ་རྒྱུག་ཐུབ་ཀྱི་ཡོད་དམ།

དེ་ཕལ་ཆེར་རྒྱུག་ཐུབ་ཀྱི་མ་རེད་... འོན་ཀྱང་... (སྐད་ཆ་བཤད་པའི་བར་ལ་འཚངས་ཏེ)

ཆུ་མེད་ཚེ་

ཁྱེད་རང་བདུན་ཕྲག་གཅིག་ལའང་འཚོ་ཐུབ་བམ། 74


75

སློབ་ཚན་བཅུ་

(མགོ་བོ་ཅུང་སྨད་དེ) འཚོ་མི་ཐུབ། ཆུ་མེད་པར་ང་ ཉིན་ཞག་གཅིག་ལའང་འཚོ་རྒྱུ་ཁག་པོ་རེད། ཁྱོད་ཆུ་མ་འཐུང་བར་འཚོ་ཐུབ་ཀྱི་ཡོད་དམ།

འོ་ན།

(ཚིག་ཐག་ཆོད་པོས) ཡོད། ངས་ཆུ་མ་འཐུང་ཡང་ བདུན་ཕྲག་གཅིག་རིང་འཚོ་ཐུབ་ཀྱི་ཡོད། གང་ཡིན་

ཞེ་ན།

ངས་འཐུང་ཐེངས་གཅིག་ལ་ཆུ་ལི་ཊར་༢༠༠

འཐུང་ཐུབ་ཀྱི་ཡོད། དེས་བདུན་ཕྲག་གཉིས་ཙམ་རིང་ འདང་གི་ཡོད།

(ཉན་འདོ ད ་ཀྱི ་ སྤྲོ ་ སྣང་ཧ་ཅང་ཆེ ་ བའི ་ ཉམས་དང་

བཅས)

ཁྱེད་ཀྱིས་ཁ་ཟས་གྲོད་ཁོག་ནང་།

ཉར་བྱེད་ཀྱི་ཡོད་དམ།

75

གསོག་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

76

མེད། ངས་ཁ་ཟས་ཚང་མ་ནོག་ནང་ལ་གསོག་ཉར་བྱེད་

ཀྱི་ཡོད་པས་ བདུན་ཕྲག་གཉིས་ཙམ་རིང་། ཅི་ཡང་ཟ་

མི་དགོས།

དེ་ཧ་ཅང་ཡག་པོ་འདུག དེས་ན་ཁྱེད་ཀྱིས་ཅི་ཞིག་ཟ་ཡི་ ཡོད།

ངས་རྩྭ་དང་ལོ་མ་སོགས་ཟ་ཡི་ཡོད།

འོ་ན། བྱེ་ཐང་ལ་ཤིང་སྡོང་རིགས་མེད་པས་ཁྱེད་ཀྱིས་ཅི་ ཞིག་ཟ་ཡི་ཡོད།

ངའི་ལྕེ་མཁྲེགས་པོ་ཡོད་པས། བྱེ་ཐང་དུ་ཚེར་ལྡུམ་ཟ་ཡི་ ཡོད།

དེ་འདྲའི་ངོ་མཚར་ཆེ་བ་ལ། 76


77

སློབ་ཚན་བཅུ་

(གུས་ཞབས་དང་བཅས)ནགས་ཀྱི ་ རྒྱལ་པོ ་ ཆེ ན ་པོ ་

ལགས། ང་དང་མཉམ་དུ་བྱེ་ཐང་ལ་ཕེབས་དང་།

(དངངས་འཚབ་དང་བཅས) མིན། མིན། ང་དེར་མ་ སོང་ན་ཡག་གི་རེད།

ང་ཚ་གདུག་ཆེ་བའི་བྱེ་ཐང་དུ་

འགྲོ་ཐུབ་ཀྱི་མེད། ངས་ཆུ་དང་ཁ་ཟས་གསོག་ཉར་ཐུབ་ ཀྱི་མེད་ལ། ཚེར་མ་ཡང་ཟ་ཐུབ་ཀྱི་མེད། དེ་བས་བྱེ་ཐང་ གི་གྲུ་གཟིངས་ལགས། ཁྱེད་རང་ཕེབས་རོགས། ཕེབས་ ལམ་བདེ་བར་སྨོན། ཞེས་བཤད།

77


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

78

སྦྱོང་ཚན།

དང་པོ། ཚིག་སྒྲུབ་བཟོས།

འཚབ། འཚོ། ཉར། ཉམས། ནོག

གཉིས་པ། འབྲི་བ་དང་ཀློག་པ།

མཁྲེགས། འགྲོ།

ངར་སྒྲ། བྱེ་ཐང་།

གྲུ་གཟིངས།

ཁྲོ་གཉེར།

ཚ་གདུག

སུན་སྣང་།

རྣམ་འགྱུར།

དུད་འགྲོ།

ཚ་དྲོད།

ཁྱད་གསོད།

འབོལ་འབོལ།

གྲོད་པ།

འཛུམ་དམུལ།

རྒྱུག་ཤར་གློད།

སུག་ལག

ཚེར་ལྡུམ།

78

སྲོག་ཆགས། ཚེར་མ།


79

གསུམ་པ། དྲི་བ་རྣམས་ལ་ལན་ཐོབས།

སློབ་ཚན་བཅུ་

༡. རྔ་མོང་གི་མིང་གཞན་དེ་གང་རེད་དམ། ༢. སེང་གེའི་མིང་གཞན་དེ་གང་རེད་དམ།

༣. བྱེ་ཐང་དུ་རྒྱུན་རིང་པོར་འགྲོ་ཐུབ་མཁན་དེ་སུ་ཡིན་ནམ།

༤. ནགས་ཚལ་དུ་མགྱོགས་པོར་རྒྱུག་ཐུབ་མཁན་དེ་སུ་ཡིན་ནམ།

བཞི་པ། སུའི་སྐད་ཆ་ཡིན་མིན་དབྱེ་འབྱེད་ཀྱིས་རེའུ་མིག་ནང་སྐོངས།

ང་བྱེ་ཐང་གི་གྲུ་གཟིངས་ཡིན། / ང་ནགས་ཀྱི་རྒྱལ་པོ་ཡིན། / ང་ཚ་གདུག་ཆེ་བའི་

དུས་སུའང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད། / ང་ཡིད་ཆེས་ཀྱི་མི་འདུག / ནགས་ཚལ་དུ་

རྒྱུག་ཤར་གློད་ཐུབ་ཀྱི་ཡོད། / དེ་སྲོག་ཆགས་ཚང་མས་བྱེད་ཐུབ་ཀྱི་རེད། / བྱེ་ཐང་དུ་ ཉིན་མཚན་མང་པོར་འགྲོ་ཐུབ་མཁན་ང་གཅིག་པུ་ཡིན། / ངའི་སུག་ལག་ཀྱང་འབོལ་

འབོལ་ཡིན། / ཆུ་མེད་པར་ང་ཉིན་ཞག་གཅིག་ལའང་འཚོ་རྒྱུ་ཁག་པོ་རེད། / ངས་ཆུ་ མ་འཐུང་ཡང་བདུན་ཕྲག་གཅིག་རིང་འཚོ་ཐུབ་ཀྱི་ཡོད། / ངས་འཐུང་ཐེངས་གཅིག་ ལ་ཆུ་ལི་ཊར་༢༠༠ འཐུང་ཐུབ་ཀྱི་ཡོད། / ཁྱེད་ཀྱིས་ཁ་ཟས་གྲོད་ཁོག་ནང་གསོག་ཉར་

བྱེད་ཀྱི་ཡོད་དམ། / ངས་ཁ་ཟས་ཚང་མ་ནོག་ནང་ལ་གསོག་ཉར་བྱེད་ཀྱི་ཡོད། / ང་བྱེ་ ཐང་དུ་འགྲོ་ཐུབ་ཀྱི་མེད།

79


80

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

ཤུའུ ...

 སྒོག་སྒོག ...

80


81

སློབ་ཚན་བཅུ་

ལྔ་པ། གཤར་སྦྱང་གྱིས།

ཕ་མའི་བསླབ་བྱ་དང་དུ་ལེན་པ་དགེ །

ཕ་མར་མ་གུས་ཁ་ལན་བསློགས་པ་སྐྱོན། །

མཁས་པའི་ཡོན་ཏན་གུས་པས་ལེན་པ་དགེ ། ཡོན་ཏན་ཅན་ལ་ཕྲག་དོག་བྱེད་པ་སྐྱོན། །

དགེ་རྒན་བསྟེན་ནས་ཤེས་བྱ་སྦྱོང་བ་དགེ ། ཁ་ཐ་སྣ་ཐ་ཆང་ལ་དགའ་བ་སྐྱོན། །

གཞན་ལ་ཕན་འདོགས་དོན་བཟང་བསྒྲུབ་པ་དགེ ། བསམ་སྦྱོར་ངན་པས་རྐུ་འཕྲོག་བྱེད་པ་སྐྱོན། །

ནོར་འཁྲུལ་མི་བྱེད་དམ་བཅའ་འཇོག་པ་དགེ །

ཞག་གསུམ་སོང་རྗེས་དམ་བཅའ་བརྗེད་པ་སྐྱོན། ། གཞན་གྱི་རིག་གནས་ལེགས་པར་སྦྱོང་བ་དགེ ། རང་གི་སྐད་དང་རིག་གནས་དོར་བ་སྐྱོན། །

(འཁྲབ་སྟོན་གྱིས་སྐད་ཆ་སྦྱོང་བརྡར་བྱས་ནའང་འགྲིག གཅིག་སྟག་དང་།

དཔེར་ན།

གཅིག་གཟིག་བྱས་ནས་རྣམ་འགྱུར་དང་བཅས་

སྐད་ཆ་ཤོད་རྒྱུ། མི་སྣ་དེ་ལས་མང་པ་བཀོད་སྒྲིག་བྱས་ནའང་ཆོག) 81


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

82

༡༡. གཡག་དང་མ་ཧེ།

ཟེ་བ། རྭ་ཅོ།

རྔ་མ། རྨིག་རྭ།

82


83

སློབ་ཚན་བཅུ་གཅིག་

སྔ་མོའི་ངག་རྒྱུན་ལ། གཡག་ནི་མ་ཧེའི་ཚ་བོ་དང་། མ་ཧེ་ནི་ གཡག་གི་ཨ་ཞང་ཡིན་པའི་བཤད་སྲོལ་ཞིག་ཡོད།

སྔོན་མ་ཁོང་གཉིས་ལ་སྤུ་བཟང་པོ་ཡོད་པ་དང་། ཚ་བའི་རོང་

དུ་སྡོད་མཁན་གཅིག་པ་ཡིན། གཡག་གི་བསམ་པར་ལོ་ན་ཆུང་དུས་ འདི་ལྟར་དལ་ལྷོད་ངང་བསྡད་ན་ཡག་པོ་ཞིག་མ་རེད་བསམས་ཏེ། ཨ་ཞང་མ་ཧེའི་སར་ཕྱིན།

ཨ་ཞང་ལགས།

ང་བོད་དུ་ཚྭ་ལེན་པར་ཕྱིན་ན་གང་འདྲ་

འདུག (ཅེས་གྲོས་འགོ་བཏོན)

ཚ་བོ་ཁྱོད་ལུས་སྟོབས་དང་ཡང་རྩལ་ཆེ་བས། ཚྭ་ལེན་དུ་ འགྲོ་ཐུབ་ན་ཡག་པོ་འདུག

བོད་ཀྱི་ས་བབ་མཐོ་བ་དང་། ཚོད་འདུག་ན།

གནམ་གཤིས་གྲང་མོ་ཡོད་

ཨ་ཞང་ཁྱེད་ཀྱི་སྤུ་དེ་ང་ལ་གཡོར་དང་།

ཕྱིར་འཁོར་མཚམས་ངས་ཁྱེད་ལ་སྤུ་དང་ཚྭ་འབུལ་ཆོག 83


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

84

(ཚྭ་རག་ན་འགྲིག་སོང་བསམས་ཏེ། སྤུ་གཡར་རྒྱུའི་ཁས་ ལེན་བྱས། ཚ་བོས་སྤུ་ཉིས་རྩེག་གྱོན་ནས་བོད་དུ་ཚྭ་ལེན་

པར་ཕྱིན)

(བོད་ལ་རྩྭ་ཆུ་བཟང་ཞིང་།

གནམ་གཤིས་དྲོད་གྲང་སྙོམ་

པས། དེར་གཏན་སྡོད་ཀྱི་གནས་བཅས་ཏེ་ཚ་བའི་རོང་དུ་ ཕྱིར་ལོག་མ་བྱས) (ཡིན་ནའང་།

མ་ཧེས་ཁ་བོད་ལ་གཏད་དེ་ཚྭ་རག་རྒྱུའི་

རེ་སྒུག་བྱས་ནས་སྡོད་ཀྱི་ཡོད་པ་རེད)

མ་ཧེ་ལ་སྤུ་མེད་པ་དང་གཡག་ལ་སྤུ་བཟང་པོ་ཡོད་པ་དེ་ལྟར་

བྱུང་བ་རེད།

84


85

སློབ་ཚན་བཅུ་གཅིག་

སྦྱོང་ཚན།

དང་པོ། ཚིག་སྒྲུབ་བཟོས། ཚྭ།

གཡོར།

གྱོན། སྙོམ།

གཉིས་པ། དཔོད་བྲིས་གཏོང་དགོས།

གཏན་སྡོད་བྱས། གྲོས་འགོ་བཏོན། ཉེ་འབྲེལ།

དལ་སྡོད།

གསུམ་པ། སློབ་ཚན་ལས་ལྡོག་ཕྱོགས་ཚོལ། ངན་པ། -

དམའ་པོ། -

ཚ་བ། -

85

ངག་རྒྱུན།

ས་བབ།

བཙོག་པ། -


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

86

བཞི་པ། ཚིག་སྦྱོར་འཁྲུགས་པ་རྣམས་ལྷུ་སྒྲིགས། ༡. སྤུ་ /གཡག་ལ་ /ཡོད་ /བཟང་པོ།

༢. ནི་ /རེད་ /མ་ཧེ་ /ཨ་ཞང་ /གཡག་གི

༣. གནམ་གཤིས་ /བོད་ལ་ /གྲང་མོ་ /ཡོད།

༤. སྤུ་ /མ་ཧེས་ /གཡར་བ་ /གཡག་ /ལ་ /རེད།

༥. སྤུ་ /ཉིས་རྩེག་ /བོད་དུ་ /གྱོན་ནས་ /ཚ་བོས་ /ཕྱིན།

ལྔ་པ། དྲི་བ་རྣམས་ལ་ལན་ཐོབས། ༡. གཡག་དང་མ་ཧེ་གཉིས་ཀྱི་འབྲེལ་བ་ག་རེ་ཡིན་ནམ།

༢. མ་ཧེས་གཡག་ལ་སྤུ་གཡར་ནས་རེ་བ་ཅི་ཞིག་བྱས་སམ། ༣. གཡག་ལ་སྤུ་བཟང་པོ་ཡོད་པའི་རྒྱུ་མཚན་ཅི།

༤. གཡག་བོད་ནས་ཕྱིར་མ་ལོག་པའི་རྒྱུ་མཚན་ཅི།

86


87

སློབ་ཚན་བཅུ་གཅིག་

དྲུག་པ། ལྟ་ཀློག་བྱོས། སྙམ།

མི་ཞིག་གིས་གཞན་གྱི་སྒོ་ལ་དྲིལ་བུ་བཏགས་ཡོད་པ་མཐོང་ནས་བརྐུ་དགོས་ དྲིལ་བུར་ལག་པ་འཆང་ན་སྒྲ་གྲགས་ཀྱི་ཡོད་པ་ཁོས་ཤེས་ཀྱི་ཡོད་མོད། འོན་

ཀྱང་ཁོའི་བསམ་པར་སྒྲ་ནི་རྣ་བས་ཐོས་ཀྱི་ཡོད། གལ་སྲིད་རྣ་བ་བཀབ་ན། སྒྲ་མི་ཐོས་ བསམས་ཏེ་རང་ཉིད་ཀྱི་རྣ་བ་བཀབ་སྟེ་ལག་པས་དྲིལ་བུར་རེག་མ་ཐག་དྲིལ་བུའི་སྒྲ་ མི་གཞན་གྱི་རྣ་བར་གསལ་ལྷང་ངེར་ཐོས་སོ། ། • •

སྒྲུང་ཐུང་འདི་གཉིས་ཀྱི་བརྗོད་དོན་གཙོ་བོ་གང་ཡིན་ནམ། ཨ་ཞང་མ་ཧེ་དང་།

དྲིལ་བུ་རྐུ་མཁན་གཉིས་ཀྱི་བསམ་ཚུལ་གང་འདྲ་ཞིག་

ཡོད་པ་བསམ་གཞིག་བྱེད་དགོས།

87


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

88

༡༢. རྒྱུན་སྤྱོད་བྱ་ཚིག་གི་ཞེ་ས། ཡི་གེ་ཀློག

ལྗགས་ཀློག་བསྐྱོན།

སྐྱེལ་མ་བྱས།

ཕེབས་སྐྱེལ་ཞུས།

ཡི་གེ་བྲིས།

ཕྱག་བྲིས་སྐྱོན།

མནའ་བསྐྱལ།

དབུ་མནའ་བཞེས།

སྐྱེས་པ།

འཁྲུངས། = བལྟམས།

འགྲོ།

ཕེབས་= ཆིབས་སྒྱུར་གནང་།

སྐྲུན།

བཞེངས་= ཕྱག་བཏབ།

དགའ།

མཉེས་=དགྱེས། 88


89

སློབ་ཚན་བཅུ་གཉིས་

གད་མོ་བགད།

བཞད་མོ་བཞད།

ཤེས་པ།

མཁྱེན་པ།

ཐོས་པ།

གསན་པ།

གྱོན་པ།

མནབས་པ།

ངུ་བ།

བཤུམས་པ།

ཤི་བ།

སྐུ་གཤེགས།

བསད་པ།

བཀྲོངས་པ།

བཤད་པ།

གསུངས་པ།

བརྗེད་པ།

བསྙེལ་བ།

ཉན་པ།

གསན་པ།

འཐུང་བ།

བཞེས་པ།

ཉལ་བ།

གཟིམས་པ།

བསྡད་པ། ན་བ།

བཞུགས་པ། 89

སྙུང་བ།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

90

སྦྱོང་ཚན། དང་པོ། གཤམ་གསལ་ཕལ་ཚིག་རྣམས་ཞེ་སར་སྒྱུར། སྐྱེལ་

དགའ་

བགད་ བརྗེད་

ཤི་བ་

སྐྲུན་

གྱོན་

གཉིས་པ། གཤམ་གསལ་ཞེ་ཚིག་རྣམས་ཕལ་ཚིག་ལ་སྒྱུར། ལྗགས་ཀློག་བསྐྱོན་

ཕེབས་སྐྱེལ་ཞུས་

བཞད་མོ་བཞད་

བཤུམས་

བལྟམས་

ཕྱག་བཏབ་

བསྙེལ་

སྙུང་ 90


91

སློབ་ཚན་བཅུ་གཉིས་

གསུམ་པ། དཔེ་བསྟན་པ་བཞིན་ཞེ་ཚིག་རྣམས་བེད་སྤྱོད་གཏོང་སྟངས་ སྦྱོངས།

(རིན་པོ་ཆེས་ལྗགས་ཀློག་གནང་སོང་= རིན་པོ་ཆེས་ལྗགས་ཀློག་བསྐྱོན།)

འབུལ་ལམ་ཞུས་ / ཕེབས་སྐྱེལ་ཞུས་ / དབུ་མནའ་བཞེས་ / ཐུགས་ཞུམ་ / བཞེངས་ / མཉེས་ / བཞད་མོ་བཞད་ / མཁྱེན་ / བཞེས་ / བཤུམས་ / འདས་ / བསྙེལ་ / གསུངས་ / གསན་ / གཟིམས་ / མཆོད་ / བཞུགས་

བཞི་པ། ཁྱོད་ཀྱིས་བྱ་ཚིག་གི་ཞེ་ས་གང་ཤེས་བྲིས།

91


92

་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

༡༣. ཙི་ཙི་དང་སེང་གེ ཉིན་ཞིག་རི་དྭགས་རྒྱལ་པོ་སེང་གེ་གཉིད་ཉལ་བའི་སྐབས། ཞིག་སྡོད་མ་ཚུགས་པར། རྒྱུག་བྱས་པས།

ཡར་བལྟས་ཙ་ན།

ཙི་ཙི་

སེང་གེའི་ལུས་སྟེང་ནས་ཡར་རྒྱུག་མར་

སེང་གེ་གཉིད་དཀྲོགས་ཏེ་མགོ་བོ་བཀྱགས་ནས་

ཙི་ཙི་ཞིག་རང་གི་ལུས་སྟེང་དུ་ཡར་རྒྱུག་མར་

རྒྱུག་བྱེད་པམཐོང་བ་རེད། སེང་གེའི་བསམ་པར། ཙི་ཙི་ལག་མགོ་

92


93

ཙམ་ལས་མེད་པ་འདིས།

སློབ་ཚན་བཅུ་གསུམ

བདག་ལ་མཐོང་ཆུང་འདི་འདྲ་བྱས་བྱུང་

བསམས་ཏེ། ཁོང་ཁྲོ་མེ་ལྟར་འབར་ནས། མཆེ་བ་གཙིགས། སྣ་ བསྙེར། སྡེར་མོ་བགྲད་ནས་གསོད་གྲབས་བྱས།

ཙི་ཙིས། རི་དྭགས་རྒྱལ་པོ་ལགས། ང་མ་གསོད། ཐུགས་རྗེས་

གཟིགས། ཚེ་ཐར་གཏོང་རོགས། རྗེས་སུ་ཁྱེད་ལ་དྲིན་ལན་འཇལ་ཆོག

ཅེས་ལག་གཉིས་ཐལ་མོ་སྦྱར་ཏེ་འདར་སིག་སིག་ངང་ཞུ་བ་འཐེན། དེར་སེང་གེས། སག ྲོ ་ཆགས་ཆུང་ཆུང་ཁྱོད་ལྟ་བུ་ཞིག་གིས། བདག་ལ་

དྲིན་ལན་ཇི་ལྟར་འཇལ། དེ་བས་རི་འདབས་ཀྱི་ཁུང་བུའི་ནང་དུ་སྡོད་

93


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

94

ཚུགས་པར་གྱིས། ཞེས་བཤད་དེ་ཐུབ་ཚོད་མ་བྱས་པར་ཚེ་ཐར་བཏང་། ཉིན་ཞིག

སེང་གེ་དེ་རི་འདབས་སུ་ཟས་འཚོལ་དུ་འགྲོ་སྐབས།

རྔོན་པའི་དྲ་རྙིའི་ནང་དུ་ཚུད་དེ། འཕག་འཚག་ཇི་ལྟར་བརྒྱབ་ཀྱང་མ་ ཐར།

ཚུལ་དེ། དེ་སན ྔོ ་གྱི་ཙི་ཙི་དེས་མཐོང་བས། མགྱོགས་པོར་ཡོང་

ནས། རྙི་ཐག་རྣམས་སོས་བཅད་དེ་སེང་གེ་ཕྱིར་བཏོན་པ་རེད།

94


95 སྐབས་དེར་སེང་གེའི་བསམ་པར།

ཡིན་ཡང་།

སློབ་ཚན་བཅུ་གསུམ

བདག་རི་དྭགས་ཀྱི་རྒྱལ་པོ་

ཉམ་ཆུང་ཙི་ཙི་ལ་ཡང་རེ་དགོས་བྱུང་གནའ་མི་བོད་ཀྱི་

གཏམ་དཔེར། ལམ་དེར་མི་འགྲོ་བྱ་བ་དང་། མི་དེར་མི་རེ་བྱ་བ་མེད། ཟེར་བ་དེ་བདེན་པར་འདུག་སྙམ་མོ།

95


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

96

སྦྱོང་ཚན།

དང་པོ། ཕན་ཚུན་མཐུན་སྦྱོར་གྱིས། མཐོང་ཆུང་།

གཙིགས།

མཆེ་བ།

ལངས།

ཁོང་ཁྲོ།

མ་བྱས།

སྣ།

ཚུད།

སྡེར་མོ།

བཏང་།

ཐུབ་ཚོད།

འཇལ།

ཚེ་ཐར།

བྱས།

དྲ་རྙིའི་ནང་།

སོས་བཅད།

དྲིན་ལན།

བགྲད།

རྙི་སྐུད།

བསྙེར།

96


97

སློབ་ཚན་བཅུ་གསུམ

གཉིས་པ། བྱེད་སྒོ།

(གཤམ་གྱི་ཚིག་རྣམས་སྐད་ཆའི་ནང་བེད་སྤྱད་ནས་སློབ་ཕྲུག་ཕན་ཚུན་ཤོད་རེས་གྱིས།)

ཀ) ཕར་རྒྱུག་ཚུར་རྒྱུག

ཁ) ཕར་བལྟ་ཚུར་བལྟ།

ཅ) ཕར་སྐྱེལ་ཚུར་ལེན།

ཆ) ཕར་འདྲེན་ཚུར་དབོར།

ག) ཕར་མཆོང་ཚུར་མཆོང་།

ང) ཕར་གཡུགས་ཚུར་གཡུགས།

ཇ) ཕར་སྤྲོད་ཚུར་ལེན།

ཉ) ཕར་བཤད་ཚུར་ཉན།

ཏ) ཕར་འགྲོ་ཚུར་འོང་།

ཐ) ཕར་འཁྱོར་ཚུར་འཁྱོར།

ད) ཕར་འཁོར་ཚུར་འཁོར།

གསུམ་པ། རྒྱན་ཚིག་རྣམས་བེད་སྤྱད་ནས་སྐད་ཆ་ཤོད་རེས་བྱོས། དཔེར་ན། འདར་སིག་སིག

(ཙི་ཙི་སེང་གེ་ལ་སྐྲག་ནས་འདར་སིག་སིག་ངང་། ང་མ་གསོད་རོགས་ཞུས་པ་རེད།) ལྗིད་ཏིག་ཏིག

ནག་ཐིང་ཐིང་།

རྡུལ་འཚུབ་འཚུབ།

གྲང་ཤུར་ཤུར། ཚ་སྦིར་སྦིར།

ཁྲ་ལམ་ལམ། 97


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

98

བཞི་པ། བར་སྟོང་འདེམས་སྐོང་གྱིས། བལྟས། འཛུལ། བཀྱགས། ཁྱེར།

ཀ) མགོ་བོ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌་ནས་ཡར་༌༌༌༌༌༌༌༌༌༌༌༌༌༌༌༌༌༌།

པར་ཆས་༌༌༌༌༌༌༌༌༌༌༌༌༌་ནས་རླངས་འཁོར་ནང་དུ་༌༌༌༌༌༌༌༌༌༌༌༌༌། འཕྲོད། བྱིན། བཀོག ཚུད།

ཁ) ཡིག་རྒྱུགས་༌༌༌༌༌༌༌༌༌༌༌༌་ནས་མཐོ་སློབ་ལ་༌༌༌༌༌༌༌༌༌།

མེ་ཏོག་༌༌༌༌༌༌༌༌༌༌༌༌༌༌༌༌༌་ནས་གྲོགས་པོ་ལ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌། ཁུར། ཐོན། སྤྲད། ཉོས།

ག) དཔེ་ཁུག་༌༌༌༌༌༌༌༌༌༌་ནས་འཛིན་ཁང་ཕྱི་ལ་༌༌༌༌༌༌། སྒོར་བཅོ་ལྔ་༌༌༌༌༌༌༌༌༌༌༌་ནས་སྨྱུ་གུ་ཞིག་༌༌༌༌༌༌༌༌༌༌༌༌༌༌། མཐོང་། བྱས། ཕྱིན། ལངས།

ང) གྲོགས་པོ་་༌༌༌༌༌༌༌༌༌༌༌༌༌ནས་སྐད་ཆ་འདྲི་རུ་་༌༌༌༌༌༌༌༌༌༌༌༌༌།

སེང་གེ་ཁོང་ཁྲོ་༌༌༌༌༌༌༌༌༌༌༌༌༌ནས་ཙི་ཙི་གསོད་གྲབས་་་་་་་་་་་་་། 98


99

སློབ་ཚན་བཅུ་གསུམ

ལྔ་པ། གཤམ་གསལ་མུ་འབྲེལ་རི་མོར་བལྟས་ནས་སྒྲུང་ཞིག་བྲིས། སྒང་ནས་ལྷུང་།

ལོ་༡། ཨ་ར། ལག་པ་ན་སོང་།

ལོ་༣། ཨ་ར་ར་ར། ལག་པ་ན་སོང་།

ལོ་༢། ཨ་ར་ར། ལག་པ་ན་སོང་།

ལོ་༤། ད་ཡིན་ན། ལྷོད་ལྷོད་བྱས་ནས་ལོག་འགྲོ་དགོས།

99


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།་

100

༡༤. རི་བོང་དང་རུས་སྦལ།

སྔོན་རི་བོང་དང་རུས་སྦལ་གཉིས་རྒྱུག་ཤར་འགྲན་སྐབས་རི་བོང་ལེ་ ལོ་བྱས་ནས་ཉལ་བསྡད་པས། རྒྱལ་ཁ་རུས་སྦལ་ལ་ཐོབ་པར་བརྟེན།

རི་བོང་གིས་རྟག་པར་རྒྱུག་ཤར་སྦྱངས་པ་དང་། རུས་སྦལ་གྱིས་ཚན་ རིག་ལ་སྦྱངས་བརྩོན་ལྷོད་མེད་བྱས་ནས་བསྡད། 100


101 དེ་སྔོན་ངེད་གཉིས་རྒྱུག་

འགྲན་སྐབས་ཁྱེད་རང་ཐོབ་པ་

རེད། དེ་རིང་བསྐྱར་དུ་འགྲན་ ན་གང་འདྲ་འདུག

(སྤོབས་པ་ཆེན་པོས་བཤད།)

འགྲིག་གི་རེད། དེ་རིང་ཁྱེད་ ལེ་ལོ་བྱས་ནས་མ་སྡོད་ཨ།

ྲེས་ཤ ིག་

་ཁུལ་བྱས་འདུག... ཁུར

ཧེ་ཧེ་... རྡོག་ཁ

(འཛུམ་དམུལ་དམུལ་གྱིས་བཤད།)

101

སློབ་ཚན་བཅུ་བཞི་


102

་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

(རི་བོང་ཁྲེལ་དགོད་དང་བཅས།)

 ཧེ་ཧེ་ ... ང་དེ་སྔོན་སྣ་བུག་

བརྡབས་ཚར་བ་མ་ཡིན་ནམ།

(ཕྱི་ཉིན་རྒྱུག་འགྲན་འགོ་བཙུགས་པ་དང་། རི་བོང་བྱ་འཕུར་བ་ལྟར་བརྒྱུགས་ ནས་ཕྱིན། རུས་སྦལ་གྱིས་འཕུར་མདའ་མེ་སྦར་བར་ཅུང་ཞིག་ལུས།) ཨོ

་ད ་.

་...

.. འ དི་མ་འ བར་ན་ད ་ཤོར ་ ཚར ་ས ངོ

(རི་བོང་ལམ་ཕྱེད་ལ་སླེབས་ནས་ཕྱིར་བལྟས་ཚེ། རུས་སྦལ་ནི་མཐོང་སར་སླེབས་ མེད། ཡིན་ནའང་རི་བོང་གི་བསམ་པར། དེ་རིང་གི་རྒྱལ་ཁ་དེ་ང་རང་ལ་ཐོབ་པ་

བྱེད་དགོས། སྔོན་མ་བཞིན་ལེ་ལོས་ཉལ་ནས་བསྡད་ན་ཡང་བསྐྱར་ཤོར་རྒྱུ་རེད་ བསམས་ཏེ། ངལ་གསོ་ཙམ་ཡང་མ་བྱས་པར་བརྒྱུགས་ནས་ཕྱིན།) 102 102


103

སློབ་ཚན་བཅུ་བཞི་

(རུས་སྦལ་གྱི་མེ་ཤུགས་འཕུར་མདའ་མེ་འབར་བ་དང་།

འུར་སྒྲ་དང་བཅས་མདའ་

དེ་ལྟར་མུ་མཐུད་འཕུར་བས་ཅང་མ་འགོར་བར།

ཡང་བསྐྱར་རུས་སྦལ་ལ་

འཕངས་པ་བཞིན་ཡུད་ཙམ་ཞིག་ལ་རི་བོང་གི་རྗེས་ཟིན།

རྒྱལ་ཁ་ཐོབ།)

103


104

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།་

ཁ་སང་གི་ཁ་ཤོབ་ཆེན་པོ་དེ། དེ་རིང་ཅི་ཞིག་བྱས་སོང་། (ཟུར་ཟ་བྱས།)

འོ་ཙི། ཡང་ཁོ་ཐོབ་སོང་ ...

(ཧང་སངས།) 104


105

སློབ་ཚན་བཅུ་བཞི་

སྦྱོང་ཚན།

དང་པོ། སློབ་མ་རང་ངོས་ནས་མ་ཤེས་པའི་ཚིག་རྣམས་ཟུར་འདོན་གྱིས།

...

གཉིས་པ། དགེ་རྒན་གྱིས་སློབ་ཚན་དང་འབྲེལ་བའི་དྲི་བ་བཏོན་ནས་སློབ་མ་རྣམས་

...

ཀྱིས་ལན་འདེབས་དགོས།

གསུམ་པ། ཕྲུ་གུ་སུ་རུང་བཞི་ནས་པར་རིས་ཁག་ལ་མཐོང་ཚུལ་ཅི་ཡོད་ངག་ཐོག་ནས་

...

འགྲེལ་རྒྱུ།

བཞི་པ། གཤམ་གྱི་སྒྲུང་ཐུང་དང་། སློབ་ཚན་གཉིས་ཀྱི་དབར་ལ་འདྲ་བའི་ཆ་དང་།

...

མི་འདྲ་བའི་ཆ་ཅི་ཡོད་དགེ་རྒན་གྱིས་འགྲེལ་རྒྱུ།

105


106

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

རི་བོང་དང་རུས་སྦལ། རི་བོང་དང་རུས་སྦལ་རྒྱུག་རྩལ་འགྲན་ནས་རུས་སྦལ་ཐོབ་པ་རེད།

དེ་ཡང་།

སྤང་དང་མེ་ཏོག ཤིང་སྣ་སོགས་ཀྱིས་མཛེས་པ་ཡུལ་ལྗོངས་ཞིག་ཏུ་རི་བོང་དང་། རུལ་སྦལ་མང་པོ་ཡོད་པ་རེད།

ཉིན་ཞིག་རུས་སྦལ་དང་།

རི་བོང་རྣམས་ཚོགས་འདུ་ཚོགས་ནས་ཁོང་

ཚོ་སང་ཉིན་རིའི་རྩེ་མོར་སྔོན་ལ་སུ་སླེབས་རྒྱུག་རྩལ་འགྲན་རྒྱུ་བྱས་པ་རེད། རི་

བོང་གི་བསམ་པར། ང་བང་རྩལ་ཆེ་བས་ཇི་ལྟར་བྱས་ཀྱང་འགྲིག ཁོ་རུས་སྦལ་ ཞིག་གིས་ངའི་རྗེས་ཟིན་ཐབས་མེད་བསམས་ཏེ་ལམ་ཕྱེད་ལྷག་མགྱོགས་པོར་ ཕྱིན་ཏེ་བལྟས་པས་རུས་སྦལ་མཐོང་སར་མ་སླེབས་གཤིས་དེ་གར་ལྷོད་པོར་བྱས་ ཤིང་ལེ་ལོས་ཉལ་ནས་བསྡད། ནས།

རུས་སྦལ་གྱིས་བརྩོན་འགྲུས་བྱས་ན་མི་འགྲུབ་པ་གང་ཡང་མེད་བསམས་

དེ་ནུབ་མཚན་གང་ངལ་གསོ་ཙམ་ཡང་མ་བྱས་པར་དལ་གྱིས་སྙུགས་

བསྲིངས་ཏེ་ཕྱིན་ཕྱིན་པས། སང་ཉིན་ཉི་མ་ཤར་བ་དང་རི་རྩེར་སླེབས།

རི་བོང་དེ་གང་འཚམས་ཤིག་ནས་ལངས་ཏེ་རླུང་ལྟར་མགྱོགས་པོར་རྒྱུག་

ཀྱང་རུས་སྦལ་བརྩོན་འགྲུས་ཆེ་བས་སྔོན་ལ་སླེབས་ཏེ་རྒྱལ་ཁ་ཐོབ། རི་བོང་ལེ་ ལོ་ཆེ་བས་རྗེས་སུ་ལུས་ཏེ་ངོ་ཚ་ཁ་སྐྱེངས་པའི་གནས་སུ་གྱར་པ་རེད། 106


107

སློབ་ཚན་བཅོ་ལྔ་

༡༥. ངང་པ་དང་རུས་སྦལ། བདེན་པའི་ཚིག་བཞིན་མ་ཉན་ན། ། རང་ཉིད་ཕུང་བ་ཤིན་ཏུ་སླ། །

ངང་པའི་ངག་བཞིན་མ་ཉན་པས། །

རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས། །

རྫིང་བུ།

རུས་སྦལ།

ཐན་པ།

སྨྲས་པ།

རྫི་བོ།

སྙམ། སྐྱེས་པ།

བཙས་མ།

དབྱུག་པ།

བཏེགས།

མངགས།

107

བཅོལ།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

108

རྫིང་བུ་ཞིག་ན་རུས་སྦལ་གཅིག་དང་།

ངང་པ་གཉིས་གནས་

ཡོད། ལོ་ཤས་རིང་ཐན་པ་བྱུང་ནས་རྫིང་བུ་དེ་བསྐམས།

ངང་

པ་གཉིས་ཀྱིས། ངེད་གཉིས་འདི་རུ་སྡོད་ཐབས་མེད་པས། རྫིང་བུ་

གཞན་དུ་འགྲོའ ོ ོ། ཞེས་སྨྲས་པས། རུས་སྦལ་ན་རེ། གྲོགས་པོ་དག ང་ ཡང་འཁྲིད་རོགས་ཞེས་བཤད་པས། ཁྱོད་ཇི་ལྟར་འཁྲིད། ཐབས་མི་ འདུག་ཟེར་བས། རུས་སྦལ་ན་རེ། ཐབས་ཡོད ངས་དབྱུག་པ་ཞིག་ གི་དཀྱིལ་ལ་སོ་བཏབ།

ཁྱོད་གཉིས་ཀྱིས་དབྱུག་པ་དེའི་སྣེ་གཉིས་

ནས་བཏེགས་ན་མི་ལེགས་

སམ་ཞེ ས ་ཐབས་ཤེ ས ་བཏོ ན ། ངང་པ་གཉི ས ་ཀྱི ས ་ཐབས་དེ ་ ཤིན་ཏུ་ལེགས། དེ་ལྟར་འཁྱེར་ བའི ་ སྐབས་ཁྱོ ད ་ཀྱི ས ་སྐད་ཆ་ མ་ཤོད་ཨ། ཞེས་མངགས། 108


109

སློབ་ཚན་བཅུ་ལྔ

ངང་པ་གཉི ས ་ཀྱི ས ་

དེ་ལྟར་ཁྱེར་ཏེ་ནམ་མཁར་ འཕུར་འགྲོ་བའི་ཚེ།

རི་

འགོ འི ་ རྫི ་ བོ ་ རྣམས་ཀྱི ས ་

མཐོང་ནས། ཨ་ཙི་ ཨ་ཙི། ངང་པ་གཉི ས ་ཀྱི ས ་རུས་

སྦལ་ཁྱེར་ཚུལ་ལ་ལྟོས་

དང་། དེ་འདྲའི་སྤྱང་གྲུང་ ལྡན་པ་ལ།

ཞེས་བསྟོད་པའི་སྒྲ་བསྒྲགས་པས། རུས་སྦལ་གྱི་སེམས་

ལ༑ ཐབས་དེ་ངས་བཏོན་ཀྱང་བྱིས་པ་རྣམས་ཀྱིས། ངང་པས་བཏོན་ པ་རེད་ཟེར་གྱི་འདུག་སྙམ། ཡང་སོང་བ་ན།

ཡུལ་གཞན་ཞིག་ཏུ་སྐྱེས་པ་ཁག་ཅིག་གིས་

མཐོང་བས། ངང་པ་གཉིས་པོའི་བློ་རིག་བཀྲ་བ་ལ། ཞེས་འུར་བརྒྱབ་ པས། ཡང་རུས་སྦལ་གྱི་སེམས་ལ། འདི་ངའི་བློ་རིག་ཡིན་པ་སྐྱེས་ 109


110

པ་རྣམས་ཀྱིས་ཀྱང་མི་ཤེས་པར་འདུག

ད་དུང་འདི་ལྟར་བཤད་ན་

ཡང་འཕུར་ནས་སོང་སོང་བ་ན།

བུད་མེད་ལ་ལས་བཙས་མ་

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

གསལ་བཤད་ཅིག་བྱ་དགོས་སྙམ།

བརྔ་བ་དང་། ལ་ལས་དབོར་བཞིན་ཡོད་པ་དེ་དག་གིས་མཐོང་ནས་

110


111

སློབ་ཚན་བཅུ་ལྔ

སྔར་བཞིན་བསྟོད་པས། རུས་སྦལ་གྱིས་སྐད་ཤུགས་ཆེན་པོས། འདི་ ངང་པའི་བློ་རིག་མིན། ངའི་བློ་རིག་ཡིན། ཞེས་བཤད་པས། དབྱུག་ པ་ཁ་ནས་ཤོར་ཏེ་ས་ལ་ལྷུང་ནས་ཤིའོ། །

111


112

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

སྦྱོང་ཚན། དང་པོ། འགྲིག་ནོར་གྱི་རྟགས་རྒྱོབས། •

རྫིང་བུ་ཞིག་ན་རུས་སྦལ་གཉིས་དང་ངང་པ་ཞིག་གནས་ཡོད།

ངང་པས་རུས་སྦལ་ཁྲིད་ནས་གནམ་ལ་འཕུར།

• • • •

ལོ་ཤས་རིང་ཐན་པ་བྱུང་ནས་རྫིང་བུ་དེ་བསྐམས་པ་རེད། རྫི་བོ་ལ་སོགས་པས་རུས་སྦལ་གྱི་བློ་རིག་ལ་བསྟོད་པ་བྱས། ངང་པའི་བསླབ་བྱར་རུས་སྦལ་གྱིས་མ་ཉན་པ་རེད།

རུས་སྦལ་མཁའ་ནས་ལྷུང་སྟེ་མཚོའི་ནང་དུ་ཟགས།

གཉིས་པ། འདེམས་སྐོང་གྱིས། སྣེ་གཉིས། ཐབས། རུས་སྦལ། ངང་པ། ཐན་པ། སྡོད་ཐབས། འཁྲིད་རོགས། དབྱུག་པ། རྫིང་བུ་ཞིག་ན་

གཅིག་དང་།

བྱུང་ནས་རྫིང་བུ་དེ་བསྐམས།

ངེད་གཉིས་འདི་རུ་

གཉིས་གནས་ཡོད། ལོ་ཤས་རིང་

ངང་པ་གཉི ས ་ཀྱི ས །

མེད་པས། རྫིང་བུ་གཞན་དུ་འགྲོའ ོ ོ། །ཞེས་སྨྲས་པས། 112


113

རུས་སྦལ་ན་རེ། གྲོགས་པོ་གཉིས་ང་ཡང་ འཁྲིད།

སློབ་ཚན་བཅུ་ལྔ

ཞེས་བཤད་པས། ཁྱོད་ཇི་ལྟར་

མི་འདུག་ཟེར་བས། རུས་སྦལ་ན་རེ། ཐབས་ཡོད། ངས་

ཞིག་གི་དཀྱིལ་ལ་སོ་བཏབ། ཁྱོད་གཉིས་ཀྱིས་དབྱུག་པ་དེའི་ ན་མི་ལེགས་སམ་ཞེས་ཐབས་ཤེས་བཏོན།

ནས་བཏེགས་

གསུམ་པ། ཚིག་སྒྲུབ་བཟོས། རྫིང་བུ། ཐན་པ། མངགས་བཅོལ། བྱིས་པ། སྐྱེས་པ། ཕྱིན་ཆད། བར་སྣང་།

བཞི་པ། དྲི་བར་ལན་ཐོབས།

༡. རྫིང་བུའི་ནང་སྡོད་མཁན་སུ་དང་སུ་ཡིན་ནམ། ༢. རྫིང་བུ་དེ་བསྐམས་པའི་རྒྱུ་མཚན་གང་ཡིན།

༣. ངང་པ་དང་རུས་སྦལ་རྫིང་བུ་དེར་སྡོད་མ་ཐུབ་པའི་རྒྱུ་མཚན་ཅི། ༤. ངང་པ་གཉིས་ཀྱིས་རུས་སྦལ་ཇི་ལྟར་ཁྱེར་རམ། ༥. རུས་སྦལ་གཡང་ལ་ལྷུང་བའི་རྒྱུ་མཚན་ཅི།

༦. སློབ་ཚན་འདིའི་བརྗོད་དོན་གཙོ་བོ་གང་ཞིག་ཡིན་ནམ། 113


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

114

ལྔ་པ། ཚིག་ཁ་བསྐངས་ཏེ་ཕན་ཚུན་སྒྲིགས། ནགས་ཚལ་ཞིག་ན་

བྱུང་ནས་

གཉིས་ཡོད།

ངང་པ་གཉིས་ཀྱིས་

གཅིག་དང་

བསྐམས།

ལོ་ཤས་རིང་

དྲུག་པ།

ཁྱེར་ཏེ་

འཕུར་འགྲོ་བའི་ཚེ།

གོང་གི་གཏམ་རྒྱུད་འདིས་བསླབ་བྱ་བཟང་པོར་མ་ཉན་ན་མཇུག་

འབྲས་ངན་པ་ཞིག་འབྱུང་བའི་གནས་ལུགས་བསྟན་ཡོད།

གཤམ་

གྱི་སྒྲུང་ཐུང་འདི་བཀླགས་ཏེ་བསླབ་བྱ་བཟང་པོར་ཉན་ན་ཕན་ཐོགས་ གང་ཡོད་རྟོགས་པར་བྱེད་དགོས།

114


115

སློབ་ཚན་བཅུ་ལྔ

གནའ་སྔ་མོ་མི་ཞིག་ལ་ལུག་ཁྱུ་ཞིག་ཡོད་ཅིང་།

ཞོགས་པར་

ཁོས། ལུག་ལྷས་ནས་ལུག་འདོན་དུས་གཅིག་ཚང་མེད་པ་ཤེས། དེ་ནི་ མཚན་མོ་ལྷས་རའི་ཁུང་བུ་ནས་སྤྱང་ཀི་འཛུལ་ཏེ་ཁྱེར་བ་རེད།

ཁྱིམ་མཚེས་ཀྱིས་ཁོ་ལ་“ཁུང་བུ་དེ་འཕྲལ་མར་བཀག་ན་ལེགས་”

ཞེས་ཁ་ཏ་བྱས་ཀྱང་། ཁོས་“ལུག་བརླགས་ཟིན་པས་ད་ལྷས་རར་ཉམས་ གསོ་བྱས་ནས་ཅིས་ཕན་”ཞེས་བཤད་དེ་ཁུང་བུ་དེ་མ་བཀག

དེའི་ཕྱི་

ཉི ན་ཞོགས་པར་ལུག་འདོན་པར་འགྲོ་སྐབས་ཡང་ལུག་གཅི ག ་ཚང་ མེད། དེ་ཡང་གོང་ལྟར་སྤྱང་ཀིས་ཁྱེར་བ་རེད།

མི་དེའི་བསམ་པར་ཁྱིམ་མཚེས་ཀྱི་ཁ་ཏ་ལ་མ་ཉན་པ་དེ་འགྲིགས་

མི་འདུག

ད་ཁུང་བུ་དེ་མ་བཀག་ན་ལུག་གཞན་དེ་ཚོའང་བརླག་པ་

འདུག་སྙམ་ནས་ཁུང་བུ་དེ་བཀག་པས། ཀྱང་མ་བརླགས་སོ། །

115

དེ་ནས་བཟུང་ལུག་གཅིག་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

116

༡༦. སྤྲེའུས་ཟས་འཚོལ་བ། སྤྲེའུ་ཞིག་རི་འདབས་སུ་ཟས་འཚོལ་དུ་ཕྱིན་པ་རེད། ཁོ་སོང་སོང་བ་ ན༑ མ་རྨོས་ལོ་ཏོག་གི་ཞིང་ཁ་ཞིག་ཏུ་སླེབས། རིང་ཞིང་སྦོམ་པའི་

མ་རྨོས་ལོ་ཏོག་གི་འབྲས་བུ་མཐོང་བ་དང་། སེམས་པ་དགའ་སྟེ། མ་ རྨོས་ལོ་ཏོག་གཅིག་བཅད་དེ་ཁུར་ནས་སོང༌།

116


117

སློབ་ཚན་བཅུ་དྲུ

སྤྲེའུ་ཡིས་མ་རྨོས་ལོ་ཏོག་ཁུར་ནས་ཞིང་ར་ཞིག་ཏུ་འབྱོར་ཚེ།

ཁམ་བུའི་སྡོང་པོའི་ཐོག་དམར་ཞིང་ཟླུམ་པའི་ཁམ་བུ་ཡིས་ཁེངས་ ཡོད་པ་མཐོང་། སེམས་པ་ཤིན་ཏུ་དགའ་སྟེ། ཨ་ཙི་ཙི་... ཟེར་ནས། མ་རྨོས་ལོ་ཏོག་ཕར་གཡུགས་ཏེ། ཁམ་བུ་བཏོགས་པ་རེད།

སྤྲེའུ་ཡིས་ཁམ་བུ་འགའ་ཁྱེར་ནས་འགྲོ་སྐབས།

ཞིང་ཁ་ཞིག་

ཏུ་ལྗང་ཞིང་འཇོང་བའི་ཆུ་ག་གོན་མང་པོ་ཡོད་པ་མཐོང་། སེམས་པ་ཧ་ཅང་དགའ་ སྟེ༑

ཨ་ཧ་ཧ་... ཟེར་

ནས། ཁམ་བུ་བསྐྱུར་ཏེ་ ཆུ་ག་གོན་དེ་བཀོག

117

ཡང་ཁོ་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

118

སྤྲེའུ་ཡིས་ཆུ་ག་གོན་གཅིག་བཀྱགས་ཏེ་ནང་དུ་སྐྱོད་པའི་ལམ་

བར་དུ།

དཀར་ཞིང་གཙང་བའི་རི་བོང་ཞིག་ས་མཆོངས་གནམ་

མཆོངས་བྱེད་བཞིན་འགྲོ་བ་མཐོང༌ནས། སེམས་པ་དགའ་ཐག་ཆོད་

དེ༑ ཨ་ལ་ལ་... འདི་འདྲའི་སྙིང་རྗེ་བ་ལ། ཟེར་ནས། ཆུ་ག་གོན་དོར་ ནས་རི ་ བོ ང ་གི ་ རྗེ ས ་ སུ་བསྙེགས།

རི ་ བོ ང ་དཀར་ཆུང་ཤི ང ་ནགས་ནང་དུ་བྲོ ས ་ནས་མཐོ ང ་རྒྱུ་

མེད་པར་གྱུར། སྐབས་དེར་ཉི་མ་ཡང་ནུབ་པས། སྤྲེའུ་ཡི་མུག་སྟེ་ལག་

པ་སྟོང་པར་ ངུ ་ བ ཞི ན ་

ཕྱི ར ་ནང་དུ་ 118

ལོག་གོ །


119 གཏམ་དཔེ།

གླུ་གཞས།

119

སློབ་ཚན་བཅུ་དྲུ


120

སེམས་པ་ཤིན་ཏུ་དགའ།

ཨ་ཙི་ཙི་...

མ་རྨོས་ལོ་ཏོག་ཁུར། ཨ་ཧ་ཧ་...

ཁམ་བུ་འགའ་ཁྱེར།

མ་རྨོས་ལོ་ཏོག་བབཅད། ཁམ་བུ་བཏོགས།

སེམས་པ་དགའ།

དམར་ཞིང་ཟླུམ་པ།

ཨ་ལ་ལ་...

ཆུ་ག་གོན་གཅིག་བཀྱགས།

ཆུ་ག་གོན་བཀོག

སེམས་པ་ཧ་ཅང་དགའ་སྟེ།

ལྗང་ཞིང་འཇོང་བ།

སེམས་པ་དགའ་ཐག་ཆོད།

དཀར་ཞིང་གཙང་བ།

སྦྱོང་ཚན།

རིང་ཞིང་སྦོམ་པ།

དང་པོ། ཡང་ཡང་ཀློགས།

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

120


121

གཉིས་པ། ཕན་ཚུན་བསྡུར་ནས་དོན་ངེས་པར་གྱིས། ཕྱིན།

སོང་།

བཅད།

བཏོགས།

གཡུགས།

བསྐྱུར།

དགའ། ཁུར།

འགྲོ།

སྐྱིད།

དགའ་སྤྲོ།

ཁྱེར།

བཀྱགས།

བཀོག

སྐྱོད།

སྤྲོ་སྐྱིད།

དོར།

གསུམ་པ། ཕན་ཚུན་མཐུད་ནས་ཚིག་སྒྲུབ་བཞི་བཟོས། དཀར་ཞིང་གཙང་བའི་

མ་རྨོས་ལོ་ཏོག་

བཏོགས།

འཇོང་ཞིང་ལྗང་བའི་

རི་བོང་

བཀོག

དམར་ཞིང་ཟླུམ་པའི་ རིང་ཞིང་སྦོམ་པའི་

ཆུ་ག་གོན་ ཁམ་བུ་

བཞི་པ། དྲི་བར་ལན་བྲིས། •

སྤྲེའུ་རི་འདབས་སུ་ཅི་བྱེད་དུ་ཡོང་བ་རེད།

སྤྲེའུ་ཡི་མུག་པའི་རྒྱུ་མཚན་གང་ཡིན་ནམ།

སློབ་ཚན་བཅུ་དྲུ

སྤྲེའུས་ཁམ་སྡོང་མཐོང་ཚེ་ཅི་ཞིག་བྱས་སམ། 121

བཟུང་། བཅད།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

122

གསོམ་ཤིང་།

ལྔ་པ། རི་མོར་བལྟས་ནས་འོག་གི་རེའུ་མིག་མཐུན་སྦྱོར་བྱེད་དགོས།

ད་ཏྲིག

ཏ་ལ། བེ་ཏ།

ཨ་མྲའི་སྡོང་པོ། བེ་ཏའི་ཤིང་གི་

ནེ་ཙོ་

གསོམ་ཤིང་གི་

སྐོར་བ་བརྒྱབ་ འོག་

ད་ཏྲིག་ལ་

གསེང་

ཨ་མྲའི་སྡོང་པོའི་

སྟེང་

ཏ་ལའི་ཤིང་གི་

ཁྲོད་

122

ནས་ དུ་

འཕུར།

བབས།


123

སློབ་ཚན་བཅུ་བདུན

༡༧. ཞི་མི་ཟོག་པོ། ཞི་མི་བགྲེས་སོང་ཞིག

ཉིན་མང་པོར་ཟས་མ་རག་པས་གྲོད་ཁོག་

པ་ཞིག་གི་ནང་སླེབས།

ཁང་པ་དེའི་ནང་ཕུག་རོན་མང་པོས་ཚང་

ལྟོགས་པ་དང་ཁ་ཡང་སྐོམ་ནས་ཟས་འཚོལ་དུ་ཕྱིན། ཁོ་ཁང་པ་སྟོང་ བཅས་ནས་ཡོད། ཕུག་རོན་རྣམས་ཀྱིས་ཞི་མི་མཐོང་འཕྲལ། གཅིག་ རྗེས་གཉིས་མཐུད་དུ་འཕུར་ནས་གདུང་མའི་སྟེང་དུ་བབས།

123


་སློབ་དེབ།་ འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེ

124

ཞི་མིས་ཕུག་རོན་རྣམས་ལ་མགོ་བསྐོར་ཏེ་ཟ་དགོས་བསམས་

ནས། སྨྲས་པ། ཀྭ་ཡེ་གྲོགས་པོ་ཚོ། ཁྱོད་ཚོ་ང་ལ་ཞེད་སྣང་དེ་འདྲ་

བྱེད་མི་དགོས། སྔར་ངས་བྱ་དང་བྱིའུ་མང་པོ་བསད་པ་ཡིན། འོན་ ཀྱང་ད་ཆ་ངའི་ལུས་ཀྱི་སྟོབས་ཉམས།

སེམས་ཀྱི་དཔའ་ཞུམ། མཆེ་

བ་དང་སྡེར་མོའི་རྣོ་ངར་ཡང་ཟད། དེ་ཙམ་དུ་མ་ཟད། ངས་བླ་མའི་ མདུན་ནས་ཆོས་ཞུས་ཏེ། དཀར་ཟས་མ་གཏོགས་དམར་ཟས་སྤངས་ ཚར་བ་ཡིན།

ད་ངས་སེམས་ཅན་གཞན་ལ་གནོད་པ་མི་བྱེད་པར།

ཨམ

ཎིཔད ྨེཧཱུ

། .. .

རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། ཅེས་བཤད་དེ། ཞི་མིས་ཁ་ནས་

ཨ མཎིཔ

དྨེ །

ཧཱུཾ

124


125

སློབ་ཚན་བཅུ་བདུན

མ་ཎི་འདོན་བཞིན་མིག་བཙུམ་ནས་བསྡད།

ཕུག་རོ ན ་རྣམས་དོ ག ས་པ་ཟ་བཞི ན ་ས་ཐོ ག ་ཏུ་བབས་ནས་

ཚོད་ལྟ་བྱས།

ཞི་མི་ཞི་དུལ་གྱིས་ཚུལ་དུ་བསྡད། དེར་ཕུག་རོན་

རྣམས་ཡིད་ཆེས་ནས་སེམས་ལྷོད་ལྷོད་ངང་རྒུམ་བུ་འཐུ་བཞིན་པའི་ སྐབས། ཞི་མིས་གློ་བུར་དུ་མཆོང་ཐེངས་གཅིག་གིས་ཕུག་རོན་ཞིག་ བཟུང་ནས་བསད་དོ། །

125


126

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

སྦྱོང་ཚན།

དང་པོ། ཡང་ཡང་བཀླགས་ཏེ་ཤོད་རེས་བྱོས། སེམས་ལྷོད་ལྷོད།

མིག་ཧྲིག་ཧྲིག

རྣ་བ་ཀྲོང་ཀྲོང་།

ངག་འདར་འདར།

རྐང་པ་འཁུམ་འཁུམ།

གཉའ་ཞུམ་ཞུམ།

སྐེད་པ་སྒུར་སྒུར།

པུས་མོ་གུམ་གུམ།

ཁ་མུར་མུར།

གཉིས་པ། ཚིག་སྒྲུབ་བཟོས། གྲོད་པ།

སྟོབས་རྩལ།

ཕུག་རོན།

ཞེད་སྣང་།

མགོ་སྐོར།

ཟོག་པོ།

མགོ་གཡུག་གཡུག

གདུང་མ།

དམར་ཟས།

གསུམ་པ། ཡི་གེ་ནོར་བ་རྣམས་དག་བཅོས་བྱེད་དགོས། སྟོབ་རྩལ། མར་ཟས།

ཕུགས་རོན། ཁང་སྟོངས།

ས་འཐོག

126

གཏམ་རྙན་པོ།

ཡི་ཆས།


127

སློབ་ཚན་བཅུ་བདུན

བཞི་པ། གཏམ་དཔེ་རྣམས་བློ་ལ་བྱང་བར་གྱིས། གཡོ་ཅན་དྲང་བརྫུས།

ཁ་འཇམ་ཁོག་རྩུབ།

ཁ་དང་ཁོག་པ་དྲང་པོ་གྱིས།

ལུས་དང་ལག་པ་གཙང་མ་གྱིས།

ཁ་བལ་ལས་འཇམ་པ་དང་།

ཁོག་ཚེར་མ་ལས་རྩུབ།

ཁ་བདེ་པོ་མི་ཡི་དཔོན་པོ།

ལག་བདེ་པོ་མི་ཡི་གཡོག་པོ།

ལྔ་པ། གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

༡ ཞི་མི་དེའི་རང་བཞིན་གང་འདྲ་ཞིག་ཡོད་དམ། ༢ ཞི་མིས་ཕུག་རོན་ཇི་ལྟར་བཟུང་ངམ།

༣ སྒྲུང་དེས་ང་ཚོར་བསླབ་བྱ་གང་བསྟན་གྱི་འདུག་གམ།

དྲུག་པ། འདེམས་སྐོང་གྱིས།

ཞི་མིས་ཕུག་རོན་ལ་གཏམ་

ཕུག་རོན་གྱིས་ཞི་མིའི་སྐད་ཆ་

བཤད། (རྩུབ་པོ / སྙན་པོ)

གོ། (བདེན་པ / རྫུན་མ)

ཕུག་རོན་རྣམས་དོགས་པ་མེད་པར་

། (བབས / འཕུར)

ཞི་མིས་ཕུག་རོན་ལ་

(ཕན / གནོད)

ཞི་མིས་ཕུག་རོན་ཟིན་ནས་ །

(བཏང / ཟོས)

127


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

128

བདུན་པ། བྱེད་སྒོ།

(གཤམ་གྱི་ཚིག་དུམ་བེད་སྤྱད་དེ་བརྗོད་པ་རིང་པོ་དྲུག་བྲིས།) གཅིག་རྗེས་གཉིས་མཐུད།

གཅིག་ཕན་གཅིག་གྲོགས།

གཅིག་སེམས་གཅིག་འདྲེས།

གཅིག་རྒྱལ་གཅིག་ཕམ།

གཅིག་རྒྱབ་གཉིས་ལངས།

གཅིག་ལ་གཅིག་བརྟེན།

གླུ་གཞས།

དང་པོ་ཡིན་མདོག་ཁ་པོ། །སྲོག་གཅོད་སྤངས་ཡོད་ཟེར་གྱིས། །

གཉིས་པ་གྲོགས་པོ་བྱས་པས། །བྱ་སྤུས་ནམ་མཁའ་ཁེངས་སོང་། ། ཞི་མི་ཟོག་པོ་དེས་ད་དུང་བྱ་ངན་ཅི་བྱས་ཤེས་འདོད་ན། འཛིན་རིམ་ལྔ་པའི་སློབ་དེབ་ལ་གཟིགས།

128


129

སློབ་ཚན་བཅོ་བརྒྱད

༡༨ ཁྲོན་པའི་ནང་ནས་ཟླ་བ་ལེན་པ། སྔོན་ནགས་ཚལ་ཞིག་ན་སྤྲེའུ་ཁྱུ་ཞིག་ཡོད།

འགའ་ཤས་ཤིང་སྡོང་

སྟེང་དུ་རྩེད་མོ་རྩེ་བཞིན་པ་དང་། ཁ་ཤས་ས་སྟེང་དུ་བབས་ཏེ་དགའ་ པོའི་ངང་གནས་ཡོད།

དེ་དང་ཐག་མི་རིང་སར་ཁྲོན་པ་ཞིག་ཡོད་པ་དེར་སྤྲེལ་ཆུང་

ཞིག་རྩེད་མོ་རྩེ་རུ་ཕྱིན། ཁོས་ཁྲོན་པའི་ནང་མིག་ཅིག་བལྟས་པས། ཁྲོ ན ་པའི ་ ནང་ཟླ་གཟུགས་ཤར་བ་མཐོ ང ་བས་ཟླ་བ་དངོ ས ་གནས་ ཡིན་པར་བསམས་ཏེ།

“ཝ་ཡེ། གྲོགས་པོ་ཚོ།

གློ་བུར་དུ་སྐད་ཤུགས་ཆེན་པོའི་སྒོ་ནས།

ལྟོས་དང་། ཟླ་བ་ཁྲོན་པའི་ནང་ལ་ཟགས་ 129


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

130

འདུག” ཅེས་བོས།

སྤྲེ འུ ་ཆེ ་ བས་འབོ ད ་སྒྲ་ཐོ ས ་མ་ཐག་གང་མགྱོ ག ས་ཁྲོ ན ་པའི ་

སར་འོངས་ཏེ་བལྟས་ཚེ། ཁོ་ཡང་ཡ་མཚན་སྐྱེས་ཏེ། “འོ་ཛི། ད་དཔེ་

བསགས་སོང་། ནམ་མཁའི་ཟླ་བ་ཆུའི་ནང་དུ་ཟགས་འདུག” ཅེས་ སྐད་བརྒྱབ།

དེ་སྤྲེའུ་གཞན་གྱིས་ཐོས་ནས། སྤྲེའུ་མང་པོ་ཁྲོན་པའི་འགྲམ་དུ་

130


131

སློབ་ཚན་བཅོ་བརྒྱད

བརྒྱུགས་ཡོང་། ཁོང་ཚོས། “ད་ཚར་བཞག ངོ་མ་ནམ་མཁའི་ཟླ་བ་ ཆུའི་ནང་དུ་ཟགས་འདུག་”ཅེས་མཉམ་དུ་སྐད་བརྒྱབ།

སྐབས་དེར་སྤྲེལ་རྒན་གྱིས། “སྐད་ཅོར་མ་རྒྱག ང་ཚོས་ཟླ་བ་

མྱུར་དུ་ཕྱིར་འདོན་ཐབས་བྱེད་” ཅེས་བཤད། ཁོང་གི་གསུང་ལ་དང་ ལེན་ཞུ་རྒྱུ་དེ་སྤྲེའུ་གཞོན་པ་ཚོའི་འོས་འགན་ཡིན་པས། པ་ནས་ཕྱིར་འདོན་པར་མཉམ་ཞུགས་བྱས། 131

ཟླ་བ་ཁྲོན་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

132

ཐོག་མར་སྤྲེལ་རྒན་གྱིས་ཁྲོན་པའི་ཉེ་འཁྲིས་ན་ཤིང་སྡོང་ཞིག་

ཡོད་པ་དེའི་ཡལ་གར་འཇུས་ནས་བསྡད། དེ་ནས་སྤྲེའུ་རྣམས་གཅིག་ མཇུག་གཉིས་མཐུད་ཀྱིས་འཐམ་ནས་མགོ་བོ་ཆུ་ལ་མ་རེག་བར་དུ་ དེ་ལྟར་བྱ་དགོས་ཞེས་དང་།

སྤྲེལ་ཆུང་ལ་ཁྱོད་ལུས་པོ་ཡང་བས།

འོག་ཏུ་བསྡད་ནས་ལག་པ་བསྲིངས་ན་ཟླ་བ་ལོན་ཐུབ་ཅེས་སྨྲས།

སྤྲེལ་ཆུང་གིས་ཁྲོན་པའི་ནང་ལག་པ་བསྲིངས་ཏེ། འོད་འཚེར་

བའི་ཟླ་བ་ལེན་ཐབས་ཇི་ཙམ་བྱས་ཀྱང་།

ལག་ཏུ་ཆུ་ཐིགས་འགའ་

ལས་མ་ཐོབ། སྤྲེའུ་ཚོས་ཟླ་བ་ལེན་ཆེད་མུ་མཐུད་འབད་བརྩོན་བྱས་ ཀྱང་། ཟླ་བ་ལེན་མ་ཐུབ།

དེ་ནས་སྤྲེའུ་

རྣམས་ཐང་ཆད་

དེ ་ སེ མ ས་ཤུགས་ ཆག སྤྲེའུ་འགའ་ 132

ཤས་ཀྱིས་མགྱོགས་


133

སློབ་ཚན་བཅོ་བརྒྱད

ཙམ་གནང་དང་། ད་

དུང་ལེན་མི་ཐུབ་པ་ གང་ཡིན་ནམ། ཟེར།

སྤྲེའུ་འགའ་ཤས་ཀྱིས་ དཀོན་མཆོག་མཁྱེན།

ངོ་ཚ་བ་ལ་ཨང་ཞེས་འུར་བརྒྱབས།

སྤྲེལ་རྒན་དེ་སྐེད་པ་དང་རྐང་པ་ན་ནས་མགོ་ཡར་བཀྱགས་པ་ན།

ཟླ་བ་མཁའ་ལ་ཡོད་པ་མཐོང་།

དེ་མ་ཐག་ཁོས་“ལེན་དགོས་མི་འདུག

ལེན་དགོས་མི་འདུག ཟླ་བ་ནམ་མཁའི་དབྱིངས་སུ་འདུག་ག”

ཞེས་བཤད་པ་ན། སྤྲེའུ་རྣམས་ཧ་ལས་ཏེ། “ཟླ་བ་ནམ་མཁར་ཡོད་ན།

ཁན ྲོ ་པའི་ནང་ཇི་ལྟར་ཟགས་པ་རེད་དམ།” ཟེར་བཞིན་ཚང་མས་མགོ་ བོ་ཡར་བཀྱགས་ཏེ་བལྟས་པས་ཟླ་བ་ནམ་མཁར་སྔར་བཞིན་ཡོད་པ་ མཐོང་།

133


134

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

སྤྲེའུ་བླུན་པོ།

མཚོ་ཆེན་པོ་ཞིག་གི་ཉེ་སྐོར་དུ་སྤྲེའུ་ལྔ་བརྒྱ་ཐམ་པ་ཏག་ཏག་ཡོད། རྣམས་ཀྱི་འགོ་བྱེད་སྤྲེའུ་བླུན་པོ་བླུན་རྐྱང་ཞིག་ཀྱང་ཡོད་པ་རེད། འགོ་བྱེད་སྤྲེའུ་བླུན་པོ་དེས།

དེ་

ཆུ་ནང་གི་ཟླ་གཟུགས་མཐོང་བ་ལ་ཟླ་བ་

དངོས་གནས་དྲང་གནས་ཡིན་པར་འཁྲུལ་ཏེ། སྤྲེའུ་རྣམས་ལ་སྨྲས་པ། ནམ་ མཁའི་ཟླ་བ་དེ་ཆུའི་དཀྱིལ་རང་ན་ཟགས་འདུག རང་རེ་རྣམས་ཀྱིས་ཟླ་བ་ དེ་ཆུའི་དཀྱིལ་ནས་ལེན་ཐུབ་ན།

སྔར་རྩ་བ་ནས་བྱུང་མ་མྱོང་བའི་སྐད་

གྲགས་ཆེ་ཐག་ཆོད་ཅིག་ཡོང་ངེས་ལབ་རྐྱེན་ཟླ་བ་ལེན་པར་ཁ་འཆམ། སྤྲེའུ་རྣམས་མཚོ་འགྲམ་དུ་སོང་།

སྤྲེའུ་གཅིག་གིས་མཚོ་འགྲམ་གྱི་

ཤིང་གི་ཡལ་ག་ཞིག་ལ་དམ་པོར་འཇུས། དེ་ནས་སྤྲེའུ་ཚང་མས་གཅིག་གི་

ལག་པར་གཅིག་གིས་འཇུས་ཏེ་རིམ་བཞིན་མཐུད་ནས་མཚོ་ནང་བསྙབས་ གྲབས་ཡོད་སྐབས། སྤྲེའུ་མང་པོའི་ལྗིད་ཀྱིས་ཤིང་གི་ཡལ་ག་དེ་ཧྲུག་ཆག་ ཏུ་སོང་ནས་སྤྲེའུ་ཚང་མ་སྡེབ་གཅིག་ལ་མཚོ་ནང་དུ་ལྷུང་ངོ་། ། 134


135

སློབ་ཚན་བཅོ་བརྒྱད

སྦྱོང་ཚན། དང་པོ། ཚིག་གྲོགས་རེ་ཚོལ།

ཁྱུ། ཁྲོན། མཚན། འགྲམ། འོས། མཉམ། འཁྲིས། ཐིགས། འུར། མཁའ། ཧ།

གཉིས་པ། ཚིག་སྒྲུབ་བཟོས། ཟགས། བོས།

ཐོས།

འཐམ། བསྲིངས། འབད།

འདོན།

བཀྱགས།

གསུམ་པ། ཡང་ཡང་ཀློག་འདོན་གྱིས།

འཇུས།

གློ་བུར་དུ་འུར་བརྒྱབ།

བྱ་སྤྱོད་ངོ་མས་ར་སྤྲོད་བྱས།

རང་གི་འོས་འགན་བསྒྲུབས།

ལས་ཀར་མཉམ་ཞུགས་བྱས།

ཞེད་ཐག་ཆོད་ནས་སྐད་ཅོར་ཤོར།

ཅི་གསུངས་དང་ལེན་བྱེད།

སློབ་གྲྭར་ཐོག་མར་འབྱོར།

འོད་དུ་འཚེར་བའི་ཟླ་བ།

སློབ་གྲྭར་མུ་མཐུད་འགྲོ།

དེ་མ་ཐག་ནང་ལ་འབྱོར།

ལུས་སེམས་ངལ་ནས་ཐང་ཆད། 135

ནམ་མཁའི་དབྱིངས་སུ་ཟླ་བ་ཤར།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

བཞི་པ། • • • • • • • • •

136

ཡི་གེ་ཚོན་མདོག་ལྗང་ཁུ་ཅན་རྣམས་ཀྱིས་དོན་སྟོན་སྟངས་ལ་

ཉམས་སུ་མྱོང་དགོས།

སྤྲེའུ་ལྔ་བརྒྱ་ཐམ་པ་ཏག་ཏག་ཡོད།

འགོ་བྱེད་སྤྲེའུ་བླུན་པོ་བླུན་རྐྱང་ཞིག་ཀྱང་ཡོད།

ཟླ་གཟུགས་མཐོང་བ་ལ་ཟླ་བ་དངོས་གནས་དྲང་གནས་ཡིན་པར་འཁྲུལ། ནམ་མཁའི་ཟླ་བ་དེ་ཆུའི་དཀྱིལ་རང་ན་ཟགས་འདུག སྔར་རྩ་བ་ནས་བྱུང་མ་མྱོང་བའི་སྐད་གྲགས། སྐད་གྲགས་ཆེ་ཐག་ཆོད་ཅིག་ཡོང་ངེས། ཡལ་ག་ཞིག་ལ་དམ་པོར་འཇུས།

ཤིང་གི་ཡལ་ག་དེ་ཧྲུག་ཆག་ཏུ་སོང་།

སྤྲེའུ་ཚང་མ་སྡེབ་གཅིག་ལ་མཚོ་ནང་དུ་ལྷུང་།

136


137

སློབ་ཚན་བཅོ་བརྒྱད

ལྔ་པ། མཚུངས་བསྡུར་བྱེད་དགོས། ཁྲོམ་པའི་ནང་ནས་ཟླ་བ་ལེན་པ།

སྤྲེའུ་བླུན་པོ།

སྔོན་ནགས་ཚལ་ཞིག་ན་སྤྲེའུ་ཁྱུ་ཞིག་

མཚོ་ཆེན་པོ་ཞིག་གི་ཉེ་སྐོར་དུ་སྤྲེའུ་

ཁྲོན་པའི་ནང་ཟླ་གཟུགས་ཤར་བ་

ཆུ་ནང་གི་ཟླ་གཟུགས་མཐོང་བ་ལ་

ཡོད།

ལྔ་བརྒྱ་ཐམ་པ་ཏག་ཏག་ཡོད།

མཐོང་བས་ཟླ་བ་དངོས་གནས་ཡིན་

ཟླ་བ་དངོས་གནས་དྲང་གནས་ཡིན་

པར་བསམས་ཏེ།

པར་འཁྲུལ་ཏེ།

ཁྲོན་པའི་ནང་ན་ཟླ་བ་ཟགས་འདུག

ནམ་མཁའི་ཟླ་བ་དེ་ཆུའི་དཀྱིལ་

ཐོག་མར་སྤྲེལ་རྒན་རང་ཉིད་ཀྱིས་

སྤྲེའུ་གཅིག་གིས་མཚོ་འགྲམ་གྱི་

རང་ན་ཟགས་འདུག

ཁྲོན་པའི་ཉེ་འཁྲིས་ན་ཤིང་སྡོང་ཞིག་

ཤིང་གི་ཡལ་ག་ཞིག་ལ་དམ་པོར་

ཡོད་པ་དེའི་ཡལ་གར་འཇུས།

འཇུས།

སྤྲེའུ་རྣམས་གཅིག་མཇུག་གཉིས་ མཐུད་བྱས།

རིམ་བཞིན་མཐུད་ནས་མཚོ་ནང་ 137

བསྙབས་གྲབས་བྱས།


138

འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

༡༩. རྟེའུ་ཆུ་བརྒལ་བ།

བརྒལ།

སྐྱོལ།

ཆུ་འཐག

དངངས་འཚབ།

བརྐྱངས།

སྤོས།

གཏིང་། རྟ་ར།

138

ནུབ།

རྒོད་མ།

ཚོད་ལྟ།

ཁུར།

རས་ཕད། གོམ་པ།


139

རྟ་རའི་ནང་རྟེའུ་ཞིག་དང་།

རྒོད་མ་ཞིག་སྡོད་ཀྱི་ཡོད།

རྒོད་མས་རྟེའུ་ལ།

སློབ་ཚན་བཅུ་དགུ

ཁྱོད་ཆེན་པོ་ཆགས་ཡོད་པས།

པ་བྱ་བའི་དུས་ལ་སླེབས་པ་རེད།

འཐག་ལ་སྐྱོལ་དང་། ཞེས་བཤད།

ཉིན་ཞིག

ཨ་མར་རོགས་

སྲན་མ་རས་ཕད་ཕྱེད་ཀ་འདི་ཆུ་ རྟེའུ་ཡིས་རས་ཕད་སྒལ་པར་

ཁུར་ནས། བྱ་འཕུར་བ་ལྟར་ཆུ་འཐག་གི་ཕྱོགས་སུ་བརྒྱུགས། མདུན་དུ་ཆུ་བོ་ཞིག་གིས་འགྲོ་ལམ་བཅད་ཡོད་པས།

རྟེའུའི་

བསམ་པར། ཆུ་བོ་འདི་ངས་བརྒལ་ཐུབ་བམ། ད་ལྟ་ཨ་མ་ནི་འཁྲིས་ ལ་མེད།

ད་ཅི་དྲག་བསམ་པའི་སྐབས།

139

གླང་རྒན་ཞིག་གིས་ཆུའི་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

140

འགྲམ་དུ་རྩྭ་ཟ་བཞིན་ཡོད་པ་མཐོང་། རྟེའུ་ན་རེ། ཨ་ཁུ་གླང་རྒན་ ལགས། ཆུ་བོ་འདིར་བརྒལ་ཐུབ་བམ་ཞེས་དྲིས་པས། གླང་རྒན་གྱིས། ང་ད་ལྟ་ཆུའི་ཕར་ཕྱོགས་ནས་ཚུར་ཡོང་བ་ཡིན། མི་འདུག བརྒལ་ཐུབ་ཀྱི་འདུག ཅེས་བཤད།

ཆུ་གཏིང་རིང་པོ་

དེ་ནས་རྟེའུས་ཆུ་བོར་བརྒལ་རྩིས་བྱེད་སྐབས། ནགས་བྱི་ཞིག་

གིས་སྐད་ཆེན་པོས། རྟེའུ་ལགས། རྟེའུ་ལགས། ཆུ་གཏིང་ཧ་ཅང་ ཟབ་པས་མ་བརྒལ། ཁ་སང་ངའི་རོགས་པ་ཞིག་ཆུ་འདིས་ཁྱེར་ནས་ ཤི་སོང་། ཞེས་བཤད་པས།

140


141

སློབ་ཚན་བཅུ་དགུ

རྟེའུ་དངངས་འཚབ་ཆེན་པོ ས་ཕྱི ར ་རྒོད་མའི ་ སར་སོ ང་ནས། ཨ་མ་ལགས།

ཆུ་བོ་ཞིག་གིས་འགྲོ་ལམ་བཀག་འདུག་པས།

ངས་

བརྒལ་ཐུབ་ཀྱི་མི་འདུག ཅེས་བཤད། ཨ་མས་ཆུ་བོ་དེ་གཏིང་ཟབ་ ལོས་ཅི་ཙམ་འདུག་ཅེས་དྲིས་པར།

རྟེའུ་ཡིས།

ངས་ཤེས་མ་སོང་།

ཨ་ཁུ་གླང་རྒན་གྱིས་ཆུ་གཏིང་ཟབ་པོ་མ་རེད་གསུངས་བྱུང་།

འོན་

ཀྱང་། ནགས་བྱི་ཡིས་ཧ་ཅང་གཏིང་ཟབ་པོ་འདུག་ཟེར། གཉིས་ཀ་ ལ་རྒྱུ་མཚན་འདུག ཅེས་ལན་བཏབ།

རྒོད་མས་རྟེའུ་ལ། ཨ་ཙི། རང་ཉིད་ཀྱིས་བསམ་བློ་བཏང་ནས་

141


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

ཚོད་ལྟ་མི་བྱེད་པར།

142

གཞན་གྱིས་བཤད་པ་ཁོ་ནར་ཉན་པ་ནི་མ་

འགྲིག་པ་རེད། ཁྱོད་ཀྱིས་ཚོད་ལྟ་བྱས་ན་ཤེས་ཀྱི་རེད། ཅེས་གསུངས།

རྟེའུས་ཨ་མའི་གཏམ་དེ་བདེན་པར་གོ་ནས་ཆུ་ཁར་སོང་། ཁོས་ གཟབ་ནན་ངང་ལག་པ་སྔོན་ལ་བརྐྱངས་ནས་ཆུ་གཏིང་ཟབ་ལོས་ ལ་བལྟས། སླེབས།

དེ་རྗེས་གོམ་པ་རེ་རེ་སྤོས་ནས་ག་ལེར་ཆུའི་ཕ་རོལ་ཏུ་

རྟེའུ་དགའ་ནས་ཆུ་བོ་འདི་གླང་རྒན་གྱིས་བཤད་པ་བཞིན་ཆུ་ གཏིང་ཐུང་ཐུང་ཞིག་མ་རེད་ལ། ནགས་བྱི་ཡིས་བཤད་པ་ལྟར་གཏིང་ རིང་པོ་ཞིག་ཀྱང་རེད་མི་འདུག ཅེས་བཤད་དེ་སོང་ངོ་། །

142


143

སློབ་ཚན་བཅུ་དགུ

སྦྱོང་ཚན། དང་པོ། སྐད་ཆ་རྣམས་སུས་བཤད་ཡོད་པ་བཞིན་རེའུ་མིག་ནང་བྲིས།

ང་ད་ལྟ་ཆུའི་ཕར་ཕྱོགས་ནས་ཚུར་ཡོང་བ་ཡིན། / གཞན་གྱིས་བཤད་པ་ཁོ་ནར་

ཉན་པ་ནི་མ་འགྲིག་པ་རེད། / ཆུ་བོ་ཞིག་གིས་འགྲོ་ལམ་བཀག་འདུག / ཆུ་ གཏིང་རིང་པོ་མི་འདུག བརྒལ་ཐུབ་ཀྱི་འདུག / ཆུ་གཏིང་ཧ་ཅང་ཟབ་པས་མ་ བརྒལ། / གཉིས་ཀ་ལ་རྒྱུ་མཚན་འདུག / ཁ་སང་ངའི་རོགས་པ་ཞིག་ཆུ་འདིས་ ཁྱེར་ནས་ཤི་སོང་། / སྲན་མ་རས་ཕད་ཕྱེད་ཀ་འདི་ཆུ་འཐག་ལ་སྐྱོལ་དང་། རྒོད་མ།

རྟེའུ།

གླང་རྒན།

143

ནགས་བྱི།


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

144

གཉིས་པ། ཡང་ཡང་ཀློག་འདོན་གྱིས།

བྱ་འཕུར་བ་ལྟར་ཆུ་འཐག་གི་ཕྱོགས་སུ་བརྒྱུགས།

/

ཆུ་བོར་བརྒལ་རྩིས་བྱེད་

སྐབས། / སྐད་ཆེན་པོས། རྟེའུ་ལགས། / དངངས་འཚབ་ཆེན་པོས་ཕྱིར་ རྒོད་མའི་སར་སོང་། / གོམ་པ་རེ་རེ་སྤོས་ནས་ཆུའི་ཕ་རོལ་ཏུ་སླེབས།

གསུམ་པ། དྲི་བར་ལན་ཐོབས།

༡. རྟེའུ་ཡིས་སྲན་མ་རས་ཕད་སྒལ་པར་ཁུར་ནས་གང་དུ་སོང་ངམ། ༢. རྒོད་མས་རྟེའུ་ལ་ལས་ཀ་གང་ཞིག་བསྐུལ་ཡོད་དམ།

༣. གླང་རྒན་དེས་ཆུ་བོའི་འགྲམ་དུ་ཅི་ཞིག་བྱེད་བཞིན་ཡོད་དམ། ༤. ནགས་བྱི་ཡིས་རྟེའུ་ལ་རྫུན་བཤད་པ་རེད་དམ།

༥. ཨ་མས་རྟེའུ་ལ་བསླབ་བྱ་ཅི་ཞིག་གནང་ཡོད་དམ།

བཞི་པ། བསམ་གཞིག་བྱས་ནས་དྲི་བར་ལན་ཐོབས། ༡.

ཨ་ཁུ་གླང་རྒན་གྱིས་ཆུ་གཏིང་ཟབ་པོ་མ་རེད་ཅེས་བཤད་པ་དེ་བདེན་ནམ།

ཅིའི་ཕྱིར།

144


 ༢.

145

སློབ་ཚན་བཅུ་དགུ

ནགས་བྱི་ཞིག་གིས་ཆུ་གཏིང་ཧ་ཅང་ཟབ་པས་མ་བརྒལ་ཞེས་བཤད་པ་དེ་

བདེན་ནམ། ཅིའི་ཕྱིར།

༣. རྟེའུས་གཏིང་ཐུང་ཐུང་ཞིག་མ་རེད་ལ། བཤད་པ་དེ་བདེན་ནམ། ཅིའི་ཕྱིར།

ལྔ་པ། ཤར་མར་བཀླགས་ཏེ་ངག་རྩལ་སྦྱོངས། ཨ་མེད། མེད་དགུ།

ཁྱུང་དཀར་མཛོ་ལ་ཡ་སོ་མེད། ། འདོ་རིགས་རྟ་ལ་རྭ་ཅོ་མེད། ། ནག་པོ་ཁྱི་ལ་ཕྱི་རྟིང་མེད། །

མགོ་ནག་མི་ལ་རྔ་མ་མེད། །

ནམ་མཁའི་བྱ་ལ་གློ་བ་མེད། །

སྐྱ་ཀ་ཁྲ་མོར་མཁལ་མ་མེད། །

རི་བོང་ཁ་ཤོར་མཚེར་བ་མེད། །

གཡང་དཀར་ལུག་ལ་ཁལ་འགེལ་མེད། ། ཚེ་ཚེ་ར་ལ་མགོ་འཛིན་མེད། །

145

རིང་པོ་ཞིག་ཀྱང་མ་རེད་ཅེས་


འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ།

146

དྲུག་པ། དག་བཅོས་བྱོས། •

རྟ་རའི་ནང་སྟེའུ་ཞིག་སྡོད་ཀྱི་ཡོད།

བྱ་འཕུར་བ་ལྟར་ཆུ་འཐག་གི་ཁྱོགས་སུ་བརྒྱུགས།

• • • • • • • •

རྟེའུ་ཡིས་རས་ཕད་རྒལ་པར་ཁུར།

མདུན་དུ་ཆུ་བོ་ཞིག་གིས་འགྲོ་ལམ་བཅད་ཡོད། ད་ལྟ་ཨ་མ་ནི་འཕྲིས་ལ་མེད།

གླང་རྒན་ཞིག་གིས་ཆུའི་འགྲམ་དུ་རྩྭ་ཟ་བཞིན་ཡོད། ཆུ་སྟིང་རིང་པོ་མི་འདུག་བརྒལ་ཐུབ་ཀྱི་འདུག

ནགས་བྱི་ཞིག་གིས་རྐད་ཆེན་པོས་རྟེའུ་ལ་སྐད་བཏང་། ཆུ་གཏིང་ཧ་ཅང་གཟབ་པས་བརྒལ་མ་ཐུབ། ཆུ་བོ་ཞིག་གིས་མགྲོ་ལམ་སྐག་འདུག་པས།

146


༄༅། །དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ རྒྱས་པ་བཞུགས་སོ། ། (1)

ཀ་ར་ཀུ་ཤུའི་ཞལ་ཟས་དང༌། །ཀ་བ་ཀོ་བ་ཀ་རྐྱང་ཡིན། །སྐོར་བ་སྐོར་དང་སྐོར་མཛོད་དང༌། །ས་

མཐར་སྐོར་བ་ས་སྐོར་ཡིན། །རྒྱལ་བའི་སྐུ་ནི་ས་སྐུ་ལ། །རྐུན་མ་དག་ནི་ར་རྐུ་ཡིན། །ཀུ་ཅོ་བྱེད་

པ་ཀུ་རྐྱང་ལ། །ལྐུགས་པ་དག་ནི་ལ་ལྐུགས་ཡིན། །བཀྲ་ཤིས་ཚོན་བཀྲ་བ་བཀྲ་ལ། །མགོ་བོའི་སྐྲ་ ནི་ས་སྐྲ་ཡིན། །མགོ་མཇུག་མགོ་ནི་མ་མགོ་ལ། །ནད་སོགས་འགོ་བ་འ་འགོ་ཡིན། །དུས་ཚོད་སྔ་

བ་ས་སྔ་ལ། །ཐུགས་ལ་མངའ་བ་མ་མངའ་ཡིན། །བརྡུང་བྱའི་རྔ་ནི་ར་རྔ་ལ། །གྲངས་ཀྱི་ལྔ་ནི་ལ་ ལྔ་ཡིན། །གོང་མས་མངག་པ་མ་མངག་ལ། །སྔགས་འདྲེན་པ་དང་སྔགས་པ་རྣམས། །ས་སྔགས་

ཡིན་པས་ཤེས་པར་བྱ། །གོང་མའི་དྲུང་ནི་ད་དྲུང་ལ། །སྤྱང་གྲུང་འཛོམས་པ་ག་གྲུང་ཡིན། །དྲུང་

དུ་མཇལ་བ་མ་མཇལ་ལ། །བུ་ལོན་འཇལ་བ་འ་འཇལ་ཡིན། །འབྲུ་ཡི་གྲོ་ནི་ག་གྲོ་ལ། །མེ་དང་ ཉི་མ་ད་དྲོ་ཡིན། །ཤིང་གི་འཁན་པ་འ་འཁན་ལ། །མཁན་པོ་མཁས་པའི་དབང་པོ་དང༌། །མཁར་

གྱང་ལ་སོགས་མ་ཡིས་འཕུལ། །དུས་ལས་འདའ་བ་འ་འདའ་ལ། །ལུང་པའི་མདའ་དང་འཕེན་ པའི་མདའ། །མ་མདའ་ཡིན་པས་ཤེས་པར་བྱ། །གནམ་གྱི་ཟླ་བ་གྲོགས་ཀྱི་ཟླ། །ཟློག་པ་ཟླུམ་པོ་

ཟློ་བ་དང༌། །ཟློས་གར་ལ་སོགས་ཟ་ལ་འདོགས། །གངྒཱའི་ཀླུང་དང་ཆུ་ཀླུང་སོགས། །ཀ་ཀླུང་ཡིན་

པས་ཤེས་པར་བྱ། །ས་བདག་ཀླུ་ནི་ཀ་གཡེལ་ལ། །ལེན་པའི་གླུ་ནི་ག་གླུ་ཡིན། །བློན་པོ་དག་ནི་ བ་བློན་ལ། །ངན་པས་སླུ་བ་ས་སླུ་ཡིན། །འབྱུང་བའི་རླུང་ནི་ར་རླུང་ལ། །ཡི་གེ་ཀློག་པ་ཀ་ཀློག་ ཡིན། །གོན་པའི་སློག་པ་ས་སློག་ལ། །བློ་གྲོས་བློ་ལྡན་བ་བློ་ཡིན། །ལུས་ཀྱི་གློ་བ་ལེབ་མོར་གླེབ།

།གླེགས་བམ་གླེགས་ཤིང་གླེགས་ཐག་དང་། །གླིང་བུ་གླེན་པ་གློག་དམར་དང་། །གླ་བ་གླང་མ་ གླིང་བཞི་སོགས། །ག་ལ་ལ་འདོགས་ཤེས་པར་བྱ།། །། 147


ལེགས་བཤད་ལྗོན་དབང་།

༄༅།

དབྱངས་ཅན་གྲུབ་པའི་རྡོ་རྗེ།

།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི།

ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི།

།འཇམ་པའི་དབྱངས་

།སྙིང་པོ་མདོར་བསྡུས་བཤད་པར་

བྱ༑ ༑དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་

ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་ སྟེ༑ ༑ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་ དང་མཐའ་མེད་འོ ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་

དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་

ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་

དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་ འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་

མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ ནམ་བམ་མམ་འམ། མཚུངས།

།རམ་ལམ་སམ་ཏམ་འབྱེད་སྡུད་དེ །སྦྱོར་ཚུལ་སླར་བསྡུའི་སྐབས་དང་

།ར་རུ་འི་ཡི་འང་ཡང་རྣམས།

།རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་ 148


དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་

ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ ན་འཇུག།ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་ པའི་སྒྲ།

།དང་ནི་སྡུད་འབྱེད་རྒྱུ་མཚན་དང༌།

གི་ཐོག་མའི་དེ་སྒྲ་ནི།

།ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་

།ཐ་སྙད་འདས་མ་ཐག་པ་དང༌།

།རྣམ་གྲངས་གཞན་ཅན་གཉིས་ལ་

འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་

ཇི༑ ༑སུ་ནི་གང་ཟག་གང་ཀུན་ལའོ། །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་ མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་ པ་ཉིད་སྦྱོར་བ་ལེགས།

།མིང་མཐའི་པ་བའང་ཕལ་ཆེར་འདྲ།

།མ་ནི་ངེས་མེད་སྐབས་དང་

སྦྱར། །མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་

ལའང༌། །ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་

ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་ གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། ཅན་ལ་སྤང༌།

།ལྷུག་པའི་དོན་མང་མིང་མཚམས་དང༌།

།གུག་ཀྱེད་བརྩེགས་འདོགས་

།དོན་འབྲིང་འབྱེད་དང་དོན་ཉུང་

རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །ཚིགས་ བཅད་རྐང་མཐར་ཉིས་ཤད་འཐོབ།

།དོན་ཚན་ཆེན་མོ་རྫོགས་པ་དང༌།

།ལེ་འུའི་མཚམས་སུ་

བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །

ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་ དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །། 149


Turn static files into dynamic content formats.

Create a flipbook
འཛིན་གྲྭ་གསུམ་པའི་བོད་ཡིག་སློབ་དེབ། དབུ་ཅན། by Sherig Books - Issuu