Skip to main content

འཛིན་གྲྭ་ལྔ་པའི་སྤྱི་ཚོགས་རིག་གནས་སློབ་དེབ།

Page 1

འཛིན་རིམ་ལྔ་པའི་སྤྱི་ཚོགས་རིག་གནས་སློབ་དེབ།

ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་དང་གཏན་འབེབས་ཀྱིས་དཔར་འགྲེམས་བྱས། I


བསྐྱར་ཞིབ་ཐེངས་གསུམ་པ།

3rd Revised

Printed and Distributed by:

ཕྱི་ལོ་༢༠༡༤ ཟླ་བཅུ་པ།

Oct 2014

Sherig Parkhang

དཔར་གྲངས། ༤༠༠༠

4000 Copies

Laxmi Nagar New Delhi-110092

དཔར་ཐེངས་དང་པོ།

First Printing

R-28. Ramesh Park Ph: 2245 3672

Telefax: 2245 5634

® Department of Education, CTA

རྩོམ་སྒྲིག་འགན་འཁུར་བ། ཟུང་དྲུང་ཚེ་རིང་བསམ་འགྲུབ།

སློབ་དེབ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་།

རྩོམ་སྒྲིག་པ།

བུདྡྷཱ་སྐྱབས།

སྐལ་བཟང་དབང་འདུས། དྷ་སྟེང་བོད་ཁྱིམ།

ཞུ་སྒྲིག་པ།

བུདྡྷཱ་སྐྱབས།

ངག་དབང་ཚེ་བརྟན།

II

པདྨ་དབྱངས་སྒྲོན།

དྷ་སྟེང་བོད་ཁྱིམ།

བྱམས་པ་ལྷ་མོ།

བདེ་སྐྱིད་གླིང་ཉིན་སློབ།

སུ་ཇ་བོད་ཁྱིམ།


༄༅།

གླེང་བརྗོད།

།སྤྱིར་ཤེས་ཡོན་ནམ་སློབ་གསོ་ནི་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་ལམ་དུ་འཆོས་ཐབས་དང་ནུས་

པ་གོང་ནས་གོང་དུ་གཏོང་བར་མེད་དུ་མི་རུང་བའི་ཤེས་བྱ་ཞིག་ཡིན་པ་དང་། ཁྱད་པར་དུ་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་

དང། རིག་གཞུང། སྐད་ཡིག གོམས་སྲོལ་བཅས་ནི་བོད་ཀྱི་ངོ་བོ་ཡུན་གནས་ཡོང་ཐབས་ཙམ་དུ་མ་ཟད། འགྲོ་བ་མིའི་རིགས་ཀྱི་

ཤེས་ཡོན་དར་སྤེལ་གྱི་བྱུང་རབས་ཁྲོད་དུ་ཡང་རིན་ཐང་ལྡན་པ་ཞིག་ཡིན་སྟབས། ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་གཞིས་བྱེས་ གཉིས་སུ་གྱེས་ཤིང་བཙན་བྱོལ་དུ་གྱར་དགོས་བྱུང་སྟེ། ཕྱི་ནང་གི་དཀའ་ཚེགས་རབ་དང་རིམ་པར་གདོང་ལེན་བྱ་དགོས་བྱུང་བའི་

བརྒྱུད་རིམ་ཁྲོད། ཕྱི་ལོ་༡༩༦༠ ལོར་ཤེས་རིག་ལས་ཁུངས་ཆེད་འཛུགས་ཀྱིས་བཙན་བྱོལ་བོད་མིའི་ཁྱབ་ཁུལ་གྱི་གཏན་ཉིན་སློབ་ གྲྭ་ཁག་ཏུ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་ཤེས་ཡོན་ལག་བསྟར་དོན་སྨིན་ཡོང་བར་འབད་བརྩོན་ཅི་དགེ་གནང་ཡོད།

ཕྱི་ལོ་༡༩༦༤ ཟླ་༡ ཚེས་༢༨ ཉིན་བཞུགས་སྒར་དྷ་ས་རུ་ཤེས་རིག་སྐོར་གྱི་དམིགས་བསལ་ཚོགས་འདུ་ཐེངས་དང་པོའ ི་

སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཟུར་འཛུགས་བྱ་དགོས་པའི་དམིགས་ཡུལ་

དང་། རིམ་བཞིན་ཨིན་ཡིག་ཐོག་ཡོད་པའི་དེང་རབས་ཀྱི་ཤེས་བྱའི་རྣམས་གྲངས་དག་བོད་སྐད་ཡིག་ཐོག་བསྒྱུར་ཏེ། བོད་སྐད་ ཡིག་ཐོག་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱ་མཐའ་དག་སློབ་གཉེར་བྱ་ཐུབ་པ་ཡོང་བར་ཕྱོགས་ཡོངས་ནས་འབད་པ་གནང་

གལ་ཆེ་ཚུལ་གསུངས་པ་དང། ཕྱི་ལོ་༡༩༦༥ ལོ་ནས་དེ་སྔ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་བོད་ཀྱི་སྐད་ཡིག་སློབ་དེབ་རྩོམ་ སྒྲིག་བྱས་པར་བསྐྱར་ཞིབ་ཀྱི་བྱ་བ་འགོ་བརྩམས་ཐུབ་པ་བྱུང་།

དེ་ལྟར་ནའང་ཉེར་མཁོའ ི་ཆ་རྐྱེན་མ་འཛོམས་པའི་དུས་ཡུན་རིང་པོ་ཞིག་གི་རིང་། སྐྱབས་བཅོལ་བོད་མིའི་ཆེད་བཙུགས་

པའི་གཏན་ཉིན་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས། ཚན་རིག་དང་། ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་སློབ་ཚན་ གཞན་ཚང་མ་ཨིན་སྐད་ཐོག་བསླབས་དགོས་བྱུང་ཡོད། ཕྱི་ལོ་༡༩༧༢

ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཁྱིམ་དུ་ཁྱིམ་ཚང་གཉིས་པ་དབུ་འབྱེད་དུ་

ཆིབས་སྒྱུར་བཀྲིན་བསྐྱངས་གནང་སྐབས།

བོད་པའི་ཕྲུ་གུ་ཚོར་བོད་ཡིག་ཐོག་དེང་དུས་ཀྱི་སློབ་སྦྱོང་སྤྲོད་ཐབས་གནང་དགོས་

པའི་བཀའ་སློབ་ཟབ་ནན་གནང་བ་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་ཆེ་བཞེས་ ཀྱིས་ཕྱི་ལོ་༡༩༨༣

ནས་བོད་ཁྱིམ་དུ་གོང་སྨྲོས་སློབ་ཚན་དག་གི་སློབ་དེབ་རྣམས་བོད་བསྒྱུར་གྱི་ལས་གཞི་འགོ་འཛུགས་གནང་

ཞིང་། ཕྱི་ལོ་༡༩༨༥ ལོའ ཤ ི་ ེས་རིག་ལྷན་ཚོགས་ཐེངས་གསུམ་པའི་སྐབས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ སླར་ཡང་ལས་དོན་འདིའི་ཐོག་དགོངས་འཆར་བཀའ་སློབ་ནན་བསྟུད་གནང་དོན་བཞིན། ཁག་གི་ཐོག ལོ་༡༩༨༦

དེ་སྔ་ལས་གཞི་འགོ་བཙུགས་ཟིན་པ་

བོད་ཁྱིམ་ནས་དམིགས་བསལ་འགན་ཁུར་ཏེ་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་འབྲས་སུ་ཕྱི་

ལོར་བོད་ཕྲུག་ཁྱིམ་སྡེའི་མངར་གཏོགས་སློབ་གྲྭ་ཁག་གི་ནང་འཛིན་གྲྭ་དང་པོ་ནས་སློབ་ཚན་ཚང་མ་བོད་ཡིག་ཐོག་

སློབ་ཁྲིད་གནང་འགོ་བརྩམས་པ་དང། ཕྱི་ལོ་༡༩༨༨ ལོ་ནས་སློབ་དེབ་དཔར་བསྐྲུན་གྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཚང་མའི་ ནང་འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་ཨང་རྩིས་དང། ཚན་རིག སྤྱི་ཚོགས་རིག་གནས་བཅས་བོད་ཀྱི་སྐད་ཡིག་ཐོག་སློབ་འགོ་ འཛུགས་ཐུབ་པའི་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་པོ་བསྒྱུར།

III


ཕྱི་ལོ་༡༩༩༡ ལོར་<<བཙན་བྱོལ་བོད་མིའི་བཅའ་ཁྲིམས།>> ལེའུ་གསུམ་པའི་དོན་ཚན་བཅུ་བདུན་པའི་ནང་གསེས་

གཉིས་པའི་ནང་‘ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམ་པའི་ཤེས་ ཡོན་གྱི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ། ’ ཞེས་གཏན་འབེབས་བྱུང་བ་ལྟར། ཕྱི་ལོ་༢༠༠༤ ལོར་སྐབས་བཅུ་གསུམ་པའི་སྤྱི་འཐུས་ གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་<<བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས།>>

ལེའུ་བཅོ་ལྔ་ཡི་བདག་

ཉིད་ཅན་ཞིག་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དགོངས་དོན་བཞིན། ཕྱི་ལོ་༢༠༡༠ ལོར་སྔོན་འགྲོ་དང་། གཞི་རིམ་འོག་མ། གཞི་

རིམ་བར་མ་བཅས་ཀྱི་བསླབ་གཞི་རྩ་འཛིན་བཟོ་སྒྲིག་གཏན་འབེབས་གནང་བའི་ཁྲིམས་སྒྲིག་གི་རྩ་འཛིན་གསར་པའི་འོག གཞི་

རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་རིམ་བཞིན་བོད་ཡིག་ཐོག་རྩོམ་སྒྲིག་བྱས་པ་དང། ཕྱི་ལོ་༢༠༡༣ ལོར་གཞི་ རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་རྣམས་བོད་ཡིག་ཐོག་རྩོམ་སྒྲིག་དང་། བསྐྱར་ཞིབ། གཏན་འབེབས་བཅས་གནང་སྟེ་ དཔར་བསྐྲུན་དང་འགྲེམས་སྤེལ་བྱས།

ཕྱི་ལོ་༢༠༡༤ ཟླ་༥ ཚེས་༢༢ ཉིན་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་གཉིས་མོལ་བསྡུར་གྱིས། ད་ནས་བཟུང་བཙན་བྱོལ་

བོད་མིའི་སློབ་གྲྭ་ཁག་གི་སློབ་དེབ་ཚང་མ་ཤེས་རིག་ལས་ཁུངས་ངོས་ནས་རྩོམ་སྒྲིག་བྱ་གཏན་འཁེལ་སྟབས།

ཐེངས་འདིར་དེ་

སྔ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ངོས་ནས་རྩོམ་སྒྲིག་གནང་པའི་དམའ་རིམ་སྤྱི་ཚོགས་རིག་གནས་ཀྱི་སློབ་དེབ་རྣམས་ ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་དང་གཏན་འབེབས་ཀྱིས་དཔར་འགྲེམས་བྱས་པའོ།།

ཕྱི་ལོ་༢༠༡༤ ཕྱི་ཟླ་༡༢ ཚེས་༡ ཉིན་ཤེས་རིག་ལས་ཁུངས་ནས།།

IV


དགེ་རྒན་རྣམ་པས་རྩ་འཛིན་གནང་དགོས་པའི་ལམ་སྟོན།

སྤྱི་ཚོགས་རིག་གནས་སློབ་ཚན་གྱི་ནང་མིའི་སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན་སྐོར་གླེང་གི་ཡོད། སློབ་དེབ་ཀྱི་

ནང་དོན་ལ་གཞིགས་ཏེ་སློབ་ཁྲིད་བྱ་དགོས་པའི་དམིགས་ཡུལ་འཛིན་དགོས་པ་མ་ཟད། སྤྱི་ཚོགས་རིག་གནས་སློབ་ཁྲིད་

ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཏེ། ཤེས་ཡོད་སྤྲོད་པའི་དགོས་དམིགས་ཆེན་ པོ་བཞི་ཡང་ངེས་པར་དུ་འགྲུབ་ཐབས་གནང་དགོས། དགོས་དམིགས་དེ་དག་ནི། རང་དབང་དང་། གཞན་ཕན། རྒྱུན་

འཛིན། གསར་གཏོད་བཅས་ཡིན། དེ་ལྟ་བུའི་ཤེས་ཡོན་སློབ་གསོའ ི་དགོས་དམིགས་ཆེན་པོ་དག་འཛིན་གྲྭའི་ནང་ངེས་

པར་དུ་མངོན་དུ་འགྱུར་ཐབས་བྱ་དགོས། དེར་བརྟེན་ཤེས་ཡོན་སློབ་གསོའ ི་དགོས་དམིགས་དེ་དག་ལ་གཞི་བཅོལ་བའི་ སློབ་ཁྲིད་ཞིག་གོ་སྒྲིག་བྱ་བར་དགེ་རྒན་རྣམ་པས་ཐུགས་འགན་ཆེན་པོ་བཞེས་དགོས་ཀྱི་ཡོད།

གཞི་རིམ་འོག་མའི་སྤྱི་ཚོགས་རིག་གནས་སློབ་ཁྲིད་གནང་སྐབས། བྱེད་སྒོའ ི་ལམ་ནས་སློབ་ཕྲུག་ཚོའི་རྒྱུད་ལ་

རང་བྱུང་ཁོར་ཡུག་དང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྐོར་ལ་གོ་རྟོགས་ཟབ་མོ་སྐྱེ་ཐུབ་པ་བྱ་དགོས། གོ་རྟོགས་དེ་ ཡང་ལྟ་ཞིབ་དང་པར་རིས་སོགས་ཀྱི་ལམ་ནས་སྤེལ་ཐབས་བྱེད་པ་ལས། མཐོང་དུ་མེད་པའི་བསམ་བློའ ི་རྟོགས་ཞིབ་ཀྱི་ ཆ་དག་སྤྱོད་མི་འོས།

སྤྱི་ཚོགས་རིག་གནས་སློབ་ཁྲིད་བྱེད་པའི་དགོས་དམིགས་ཁག་ཅིག གཞི་རིམ་འོག་མར་སྤྱི་ཚོགས་རིག་གནས་སློབ་ཁྲིད་བྱེད་སྐབས། གཤམ་འཁོད་དགོས་དམིགས་རྣམས་འགྲུབ་ཐབས་བྱ་ དགོས།

• སློབ་ཕྲུག་ཚོའི་ལྟ་ཞིབ་དང་། ངོས་འཛིན། དབྱེ་ཞིབ་སོགས་ཀྱི་ནུས་པ་ཡར་རྒྱས་ཡོང་ཐབས། (རང་དབང་དང་གསར་ གཏོད།)

• སློབ་ཕྲུག་ཚོའི་དཔྱད་ཞིབ་ཀྱི་བསམ་བློའ ི་ནུས་པ་གོང་འཕེལ་ཡོང་ཐབས། (རང་དབང་དང་གསར་གཏོད།)

• སློབ་ཕྲུག་ཚོས་ཁོར་ཡུག་སྤྱི་དང་། ལྷག་པར་དུ་རང་བྱུང་ཁོར་ཡུག་དང་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་བར་གྱི་རྟེན་ཅིང་ འབྲེལ་བའི་གནས་ལུགས་སྐོར་ལ་ཕྱོགས་ཡོང་ནས་གོ་བ་ཟབ་མོ་རྙེད་ཐབས། (རྒྱུན་འཛིན།)

• སློབ་ཕྲུག་ཚོའི་རྒྱུད་ལ་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་ངོས་འཛིན་པའི་ཚོར་བ་རྣོན་པོ་སྐྱེད་ཐབས་དང་། དེ་བཞིན་མིའི་ སྤྱི་ཚོགས་མི་འདྲ་བ་སོ་སོའ ི་ཁྱད་པར་དང་སྣ་ཚོགས་པའི་རང་བཞིན་ལ་བསམ་ཤེས་དང་གུས་བཀུར་བྱེད་པའི་བློ་རྒྱ་ སྐྱེད་ཐབས། (གཞན་ཕན།)

• སློབ་ཕྲུག་ཚོར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཚན་པ་གལ་ཆེ་བའི་སྐོར་ལ་གོ་རྟོགས་སྤེལ་ཐབས། (རྒྱུན་འཛིན།) V


སློབ་ཚན་ཁྲིད་ཐབས། སློབ་ཕྲུག་རྣམས་སྤྱི་ཚོགས་རིག་གནས་ཀྱི་སློབ་ཁྲིད་ལ་མཉམ་ཞུགས་དང་སྦྱང་གཉེར་གང་ལེགས་ཡོང་སླད།

དགེ་རྒན་གྱིས་རྣམ་དཔྱོད་དང་ཐབས་ཤེས་འདྲ་མིན་སྤྱོད་པའི་ཐུགས་འགན་ཆེན་པོ་བཞེས་དགོས་ཀྱི་ཡོད།

གཤམ་དུ་

འཁོད་པའི་སློབ་ཁྲིད་ཐབས་ལམ་ཁག་ནི་ལམ་སྟོན་གྱི་ཚུལ་དུ་བཀོད་པ་ཡིན་མོད། དགེ་རྒན་རྣམ་པས་སློབ་ཁྲིད་ཀྱི་ཁོར་ ཡུག་འདྲ་མིན་དང་། དུས་དང་གནས་སྐབས་ལ་འཚམ་པའི་བསྒྱུར་བཅོས་དང་བབས་བསྟུན་གནང་རྒྱུ་གལ་ཆེ།

1. སྤྱི་ཚོགས་རིག་གནས་སློབ་དེབ་དག་གི་ནང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་འཁོད་ཡོད། འོན་ཀྱང་མི་རིགས་

སློབ་གསོ་དང་ཆབ་འབངས་སློབ་གསོའ ི་ཐད་དཔྱད་ཞིབ་ཀྱི་བསམ་བློ་འཚམ་པོ་ཡོང་དགོས། སྤྱི་ཚོགས་རིག་གནས་ སློབ་ཁྲིད་བྱ་དགོས་པའི་དམིགས་ཡུལ་ནི།

བོད་ཕྲུག་ཚོས་བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་ལ་གོ་

རྟོག་ཟབ་མོ་རྙེད་རྒྱུ་ཙམ་མིན་པར། དཔྱད་ཞིབ་དང་གསར་གཏོད་ཀྱི་བསམ་བློའ ི་རྨང་གཞི་ཡང་བརྟན་པོ་ཆགས་རྒྱུ་ དེ་ཡིན།

2. གཟུགས་རིས་ནི་སྤྱི་ཚོགས་རིག་གནས་སློབ་ཁྲིད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན།

གཟུགས་རིས་ལྟ་ཀློག་གིས་སློབ་

ཕྲུག་རྣམས་ལ་དགའ་ཚོར་སྐྱེད་པ་དང་དཔྱད་ཞིབ་ཀྱི་རིག་རྩལ་རྒྱས་པར་བྱེད་པ་མ་ཟད། དེས་སློབ་དེབ་དང་སྦྱང་

གཉེར་བྱེད་སྐབས་ཡིག་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་གི་ཡོད། སློབ་ཕྲུག་རྣམས་ཁག་བགོས་ཀྱིས་གཟུགས་རིས་ ལ་ལྟ་ཀློག་བྱེད་པའི་བྱེད་སྒོའ ི་ཁྲོད། སྤྱི་ཚོགས་ནང་འབྲེལ་འདྲིས་བྱེད་སྟངས་ཡར་རྒྱས་གཏོང་བ་དང་སྦྲགས། སློབ་ མའི་རྒྱབ་ལྗོངས་ལ་གཞིགས་པའི་ཤེས་བྱ་དང་གོ་རྟོགས་གསར་པ་སྐྱེད་པའི་གོ་སྐབས་ཀྱང་སྐྲུན་གྱི་ཡོད།

3. མྱོང་གོམ་གྱི་བྱེད་སྒོ་ལ་སློབ་ཕྲུག་ཚོས་དགའ་མོས་ཆེན་པོ་བྱེད་པ་མ་ཟད། དེ་དག་བརྒྱུད་གོ་རྟོགས་དང་སྦྱང་འབྲས་ ཀྱང་ལེགས་པ་ཡོང་གི་ཡོད། དེར་བརྟེན་སློབ་ཕྲུག་ཚོར་ས་གནས་སུ་ཡོད་པའི་རྒྱུ་ཆ་བེད་སྤྱད་དེ་ཅ་དངོས་རིགས་སྣ་

ཚོགས་བཟོ་འཇུག་པ་དང་། ཅ་དངོས་དང་ས་ཁྲའི་རིས་མོ་འབྲི་རུ་འཇུག་དགོས་ལ། དེ་བཞིན་སྒྱུ་རྩལ་དང་ལག་རྩལ་ གྱི་བྱེད་སྒོ་སོགས་གང་མང་སྤེལ་དགོས། སློབ་ཕྲུག་ཚོའི་རིག་རྩལ་དང་གསར་གཏོད་ཀྱི་ཐབས་རྩལ་ལ་ངེས་པར་དུ་ དོ་སྣང་དང་བསྔགས་བརྗོད་བྱ་དགོས།

4. སློབ་ཕྲུག་ཚང་མར་སོ་སོའ ི་ཉམས་མྱོང་དང་གོ་སྐབས་ལ་གཞིགས་པའི་སྦྱང་འདོད་ཀྱི་བློ་དང་ནུས་པ་རང་ཆས་སུ་ ཡོད།

ཁོ་ཚོས་རང་རང་གི་རྒྱུད་ཀྱི་ཤེས་བྱ་ལ་གཞིགས་ཏེ་གནས་ལུགས་གསར་པ་རྟོགས་པར་འཇུག་ཐབས་བྱེད་

ཀྱི་ཡོད་པས། སློབ་ཕྲུག་ཚང་མས་སྦྱང་གཉེར་བྱེད་སྟངས་གཅིག་མཚུངས་ཡེ་ནས་མིན། འོན་ཀྱང་སློབ་མ་ཚོས་

བསམ་བློ་གཏོང་སྟངས་དང་སྦྱང་སྟངས་མི་འདྲ་དེ་དག་འཛིན་གྲྭའི་ནང་སློབ་ཁྲིད་སྐབས་སུ་མཐུན་པའི་རྐྱེན་དང་གོ་ སྐབས་ལྟ་བུ་ཞིག་ལ་བརྩི་དགོས། སློབ་མ་སོ་སོར་ཉམས་མྱོང་མི་འདྲ་བ་ཡོད་པ་དེ་རིགས། སློབ་ཚན་ཁྲིད་སྐབས་ཀྱི་

བསླབ་གཞི་དེར་ཕྱོགས་འདྲ་མིན་ནས་གོ་བ་ལེན་ཐབས་སུ་སྤྱོད་ཆོག། སློབ་མ་ནང་ཁུལ་བསམ་ཚུལ་དང་གོ་རྟོགས་ སྤེལ་རེས་བྱེད་པ་དེ། གནས་ལུགས་ཤིག་ལ་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པར་ཕན་རླབས་ཆེན་པོ་ཡོད། VI


བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བས་ནི་སྦྱང་འབྲས་གི་སྤུས་ཚད་མཐོ་རུ་གཏོང་གི་ཡོད། དེར་བརྟེན། དགེ་རྒན་རྣམ་པས་

དྲི་ལན་གཅིག་ཁོ་ནར་ཐུགས་རེ་དང་ཐུགས་ཡིད་ཚིམས་ནས་མི་བཞུགས་པར། སློབ་མ་ཚོར་རང་རང་གི་བསམ་ཚུལ་ རང་དབང་ངང་བཤད་རྒྱུའི་གོ་སྐབས་སྐྲུན་ཐབས་གནང་དགོས།

5. དགེ་རྒན་རྣམ་པས་སློབ་དེབ་ཀྱི་ནང་དོན་དང་སློབ་ཕྲུག་གི་ཉིན་རེའི་འཚོ་བ་དངོས་གཉིས་འབྲེལ་ཆགས་པ་བཟོ་དགོས། སློབ་མ་ཚོས་གང་དག་ཤེས་པ་དེ་དག་སྤྱད་ནས་མ་ཤེས་པའི་རིགས་ཤེས་པར་བྱ་དགོས། དཔེར་ན། ས་ཆའི་ཆགས་ བབ་སྐོར་ལ་སློབ་ཁྲིད་བྱེད་སྐབས། སློབ་མ་རྣམས་འཛིན་གྲྭའི་ཕྱི་རོལ་དུ་ཁྲིད་དེ། ཉེ་འཁོར་གྱི་སའི་ཆགས་བབ་ལ་

ལྟ་ཞིབ་བྱ་འཇུག་དགོས་པ་ལྟ་བུ་ཡིན། ཤེས་བྱ་གང་ཞིག་ལ་གོ་རྟོགས་གསར་པ་སྐྱེད་པའི་རྒྱུད་རིམ་དུ་སློབ་མ་ཚོས་ མཉམ་ཞུགས་ནི་མེད་དུ་མི་རུང་བ་ཞིག་ཡིན།

དེས་སློབ་མ་སོ་སོའ ི་རང་རྒྱུད་ཀྱི་ཤེས་བྱ་དང་སློབ་གྲྭའི་ཁོར་ཡུག་

ནས་སྦྱང་གཉེར་བྱེད་པའི་ཤེས་བྱ་གཉིས་མཐུན་སྦྱོར་ཡག་པོ་བྱ་ཐུབ། དེང་དུས་ཀྱི་ཤེས་ཡོན་སློབ་གསོའ ི་ལག་ལེན་

ལྟར་ན། སློབ་མའི་བསམ་ཚུལ་དང་དྲི་ལན་ཕྱོགས་བསྡུས་བྱེད་པ་དེས། སློབ་མ་རྣམས་སློབ་ཚན་ཁྲིད་སྐབས་མཉམ་ ཞུགས་ཐུབ་པ་མ་ཟད། ཁོ་ཚོའི་བསམ་བློ་དང་དཔྱད་ཞིབ་ཀྱི་རིག་པའི་སྒོ་མོ་འབྱེད་ཐུབ། དགེ་རྒན་གྱི་འཆད་ཁྲིད་ཁོ་

ནར་གཞི་བཅོལ་བ་ལས་ལྡོག་ཏེ། སློབ་ཚན་རྣམས་སློབ་མ་ཚོའི་བསམ་ཚུལ་དང་། གྲོས་བསྡུར། བགྲོ་གླེང་སོགས་ཀྱི་ ལམ་ནས་སྦྱང་གཉེར་བྱེད་ཐབས་གོང་འཕེལ་གཏོང་ཐུབ་པ་དགོས།

6. གཞི་རིམ་འོག་མར། རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འབྲེལ་བའི་ཤེས་བྱ་དག་སྐད་ཡིག་གི་ཆ་ཤས་ལྟ་བུར་

བཟུང་སྟེ་སློབ་ཁྲིད་བྱ་དགོས། སྐད་ཡིག་ནི་གནས་ལུགས་གང་ཞིག་གི་ཟབ་དོན་རྟོགས་པར་གསང་བའི་སྒོ་མོ་འབྱེད་ པར་བྱེད་པའི་ལྡེ་མིག་ལྟ་བུ་ཡིན། དེར་བརྟེན་ང་ཚོས་སྐད་ཡིག་གཙོར་འཛིན་གྱི་བསླབ་གཞི་དང་སློབ་ཁྲིད་ཀྱི་ལག་

ལེན་དེ་གལ་ཆེན་དུ་འཛིན་གྱི་ཡོད། སྤྱི་ཚོགས་རིག་གནས་སློབ་དེབ་ཀྱི་ནང་དོན་རྣམས་འཚམ་པོར་སྤྱད་དེ། སློབ་ མའི་བོད་ཡིག་གི་ཆུ་ཚད་ཡར་རྒྱས་གཏོང་རྒྱུར་ངེས་པར་དུ་གཞོགས་འདེགས་བྱ་དགོས།

སྤྱི་ཚན་དགེ་རྒན་རྣམ་

པས་སློབ་ཁྲིད་ཀྱི་རྒྱུད་རིམ་དུ་སློབ་མ་ཚོར་བོད་ཡིག་ཐོག་འབྲི་ཀློག་བྱ་བའི་གོ་སྐབས་གང་མང་བསྐྲུན་དགོས།

དེ་

བཞིན་སློབ་མའི་འཛིན་ལས་དང་ནང་ལས་ལ་ཞིབ་འཇུག་གནང་སྐབས་དག་ཆ་དང་ཡིག་གཟུགས་སོགས་ལ་ངེས་

པར་དུ་ཐུགས་སྣང་གནང་དགོས། དེས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ཆེན་པོ་ “རྒྱུན་འཛིན་” འགྲུབ་པར་ ཕན་ཐོགས་ཡོང་ངེས།

མདོར་བསྡུས་ན། སྤྱི་ཚོགས་རིག་གནས་སློབ་ཁྲིད་བྱེད་པའི་རྒྱུད་རིམ་ཁྲོད། སློབ་ཕྲུག་ཚོས་སློབ་ཚན་གྱི་ནང་དོན་

ཤེས་པར་བྱ་དགོས་པ་ཙམ་དུ་མ་ཟད། ཁོ་ཚོར་རྒྱུད་རིམ་འགའ་ཤས་ཀྱི་ཐོག་ལ་མྱོང་བ་གཏིང་ཟབ་སྤེལ་དགོས་ཀྱི་ཡོད།

སྤྱི་ཚོག་རིག་གནས་སྦྱོང་སྐབས་སློབ་ཚན་གྱི་ནང་དོན་དང་སྦྲགས། གཤམ་འཁོད་རྒྱུད་རིམ་ཁག་ལའང་སྦྱང་པ་དགོས་རྒྱུ་ ཤིན་ཏུ་ནས་གལ་ཆེའ།ོ །

• དྲི་ཞིབ་ཀྱི་རྒྱུད་རིམ།

དྲི་ཞིབ་ཀྱི་རྒྱུད་རིམ་འདིར་སློབ་མ་ཚོས་དྲི་བར་གཞིགས་ཏེ་གནས་ཚུལ་བསྡུ་རུབ་དང་དཔྱད་

ཞིབ་ཀྱིས། གྲུབ་དོན་རྣམས་སློབ་གྲོགས་ཕན་ཚུན་ལ་སྤེལ་རེས་བྱ་དགོས། VII


• བསམ་ཞིབ་ཀྱི་རྒྱུད་རིམ། བསམ་ཞིབ་ཀྱི་རྒྱུད་རིམ་འདིར་སློབ་མའི་འཚོལ་ཞིབ་དང་། འབྲེལ་མཐུད། ལག་བསྟར། ཕྱོགས་བསྡོམས། དཔྱད་ཞིབ་སོགས་ཀྱི་ནུས་རྩལ་གོང་མཐོར་གཏོང་ཐབས་བྱ་དགོས།

• སྐད་ཡིག་གི་རྒྱུད་རིམ། སྐད་ཡིག་གི་རྒྱུད་རིམ་འདིར་སློབ་མའི་ཀློག་རྩལ་དང་། འབྲི་རྩལ། འཆད་རྩལ། ཉན་རྩལ་ སོགས་གོང་མཐོར་གཏོང་ཐབས་བྱ་དགོས།

• གཟུགས་རིས་དང་སྒྱུ་རྩལ་གྱི་རྒྱུད་རིམ། གཟུགས་རིས་དང་སྒྱུ་རྩལ་གྱི་རྒྱུད་རིམ་འདིར་སློབ་མ་རྣམས་སྒྱུ་རྩལ་ལ་ དགའ་མོས་ཡོང་ཐབས་དང་། རང་ཉིད་ཀྱི་མྱོང་ཚོར་བརྗོད་པར་སྒྱུ་རྩལ་གྱི་ཐབས་རྩལ་སྤྱོད་ཐུབ་པ་བྱ་དགོས།

• མཉམ་ཞུགས་ཀྱི་རྒྱུད་རིམ། མཉམ་ཞུགས་ཀྱི་རྒྱུད་རིམ་འདིར་སློབ་མ་ཚོས་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དང། གཞན་དང་མཉམ་རུབ་ཀྱིས་ལས་དོན་གཉེར་བ། བཅས་བྱ་དགོས།

དེ་བཞིན་ཧུར་བརྩོན་ཆེ་བའི་ཆབ་འབངས་ཤིག་ཏུ་འགྱུར་ཐབས་

VIII


A Note to the Teacher

Social studies education addresses diverse concerns of human societies. Apart from the content-based objectives, the teaching of social studies at the primary level must addresses the aims of education highlighted in the Basic Education Policy for Tibetans in Exile, namely Freedom, Altruism, Upholding the heritage, and Innovation. These higher goals of education must come alive in the classrooms in some forms or shapes. This issue has been given serious thought while conceiving and designing the textbook, its content and the activities. Therefore, the onus now lay with the teacher to facilitate a meaningful classroom interaction, taking into consideration these goals of education. Children should be engaged in activities that would help them in promoting an understanding about the natural and social environment. Understanding at this level should be based on observation and illustration rather than abstractions. Goals of teaching social studies The objectives of teaching social studies at the primary stage should be: • To develop in the child skills of observation, identification, and classification (Freedom, Innovation). • To develop in the child critical thinking ability (Freedom, Innovation). • To develop in the child a holistic understandingof the environment with emphasis on the interrelationship of the natural and the social environments (Upholding the heritage). • To sensitize the child to social issues and develop in him/her a respect for differenceand diversity (Altruism). • To develop in the child understanding of important aspects of Tibetan history and culture (Upholding the heritage). Some pedagogical considerations The teacher has an immense responsibility to think creatively to engage children in the social studies lessons. Following approaches to teaching are suggestive in nature, and the teacher must reinvent them on the basis of specific situations arising out of varied teaching-learning contexts. 1. This textbook carries contents related with Tibetan history and culture. The nation building perspective and citizenship education should be balanced with the critical perspectives. It is important to reinstate the significance of the social studies by not IX


1. only highlighting its role in providing Tibetan children with a strong cultural and historical orientation to our Tibetan heritage, but by pointing to its indispensability in laying the foundations for an analytical and creative mindset. 2. Visuals play a major role in social studies learning. Reading of visuals not only provides joy and develops critical thinking and analyzing skills but also supplement the text to reduce the content load. Picture reading activities in group with peers improve social interaction and provide more opportunities for construction of knowledge. 3. Children enjoy and learn more with hands-on activities i.e. creating materials with locally available material, drawing pictures of objects/maps, art and craft activities. Children feel validated and respond with enthusiasm when their creative ventures are appreciated rather than being rejected or left unnoticed by elders. 4. Each child has an innate capacity to learn about things owing to the experiences and the information available to him/her. The child constructs new meanings based on previous knowledge and builds upon his/her understanding. Also, all the children do not learn in a uniform manner. However, children’s unique ways of thinking and learning can become an opportunity as a learning resource in a classroom. Different children’s experiences can serve as the beginning to explore multiple facets of ideas in the lesson. Sharing ideas and insights amongst peers provide for rich ‘scaffolding’ opportunities, rather than arrive at a ‘right’ answer. Difference of opinions and varied perspectives enrich the learning process and add quality to what is learnt. As such, the teacher must provide opportunities for children share their views and ideas freely, and there must not be a focus on the answer. 5. As far as possible, the teacher should contextualize the contents of the textbook to the child’s life. Efforts should be made to use what children already know to help them understand the unknown. For example, while teaching about the physical features, teachers must take children outside the classroom and let them observe the landforms that surround their area. Active participation of children is crucial in constructing knowledge, using environment as a learning resource that would provide meaningful learning as it relate the child’s local knowledge with the school knowledge. From a constructivist pedagogical point of view, elicitation of views and answers from the students is extremely important to keep them engaged, stimulate their thinking and critical faculties, and allow them to construct knowledge based on their existing understanding (schema). Instead of teachers telling them, as far as possible, there is a need to develop the lesson from students’ responses by asking probing questions or creating classroom ethos for discussion and sharing. 6. At the primary stage, the natural and social environment should be taught as an integral part of language. Language is the key to the process of meaning-making. We recX


ommend a language across the curriculum approach in which social studies contents are skillfully used to help children develop proficiency in the Tibetan language. The social studies teachers must create ample opportunities for children to engage in reading and writing exercises. They must pay regular attention to spelling and handwriting while correcting students’ works. This approach potentially addresses the BEP’s aims of education that pertains to upholding the heritage. To sum up, in addition to facilitating children to learn concepts, generalizations, human stories and facts, social studies teaching should improves students’ ability in several processes. The processes related to social studies, that students should master as they learn the content of the curriculum, can be categorized as follows: • Inquiry processes, in which children formulate questions, gather data, analyze what they have found and share what they have learned. • Thinking processes, in which children develop the ability to explore, connect, apply, synthesize and evaluate information. • Language processes, in which children develop their competencies in reading, writing, speaking and listening skills. • Visual and performing arts processes, in which children learn to appreciate arts and use arts for expression. • Participation processes, in which children express personal views, work collaboratively with others, and become active citizens.

XI


དཀར་ཆག ༡ འཕྲེད་ཐིག་དང་གཞུང་ཐིག ���������������������������������������������������� 1 ༢ གནམ་གཤིས། ������������������������������������������������������������������� 9 ༣ ས་ཁྲ། ����������������������������������������������������������������������������� 20 ༤ མཉམ་འབྲེལ་རྒྱལ་ཚོགས། �������������������������������������������������� 32 ༥ བོད། ������������������������������������������������������������������������������� 42 ༦ བོད་མིའི་སྒྲིག་འཛུགས། ���������������������������������������������������� 57 ༧ བོད་ཀྱི་གནའ་བོའ་ཤ ི ུལ་བཞག ���������������������������������������������� 62 ༨ ནང་པའི་གནས་ཆེན། ���������������������������������������������������������� 73 ༩ མི་སྣ་གྲགས་ཅན། ��������������������������������������������������������������81 XII


སློབ་ཚན།

།

ས

ོ ་ཚན ླབ

1

འཕྲེད་ཐིག་དང་གཞུང་ཐིག (Latitude & Longitude)

ང་ཚོ་གནས་སའི་གོ་ལ་འདི་ང་རང་ཚོའི་སྣང་ཚུལ་ལ་ལེབ་ལེབ་ཅིག་ཏུ་མཐོང་གི་ཡོད། དེ་ནི་སའི་གོ་ལ་

འདི་རྒྱ་ཆེན་པོ་ཡིན་སྟབས་ཚོད་དཔག་བྱེད་མ་ཐུབ་པས་རེད། འོན་ཀྱང་དོན་དངོས་ཐོག་ཚན་རིག་པ་ཚོས་འཕུར་

གྲུ་ལ་བརྟེན་ཏེ་བར་སྣང་ནས་ཚུར་ལྟ་དུས། ལེབ་ལེབ་མ་ཡིན་པར་ཟླུམ་གཟུགས་པོ་ལོ་ལྟ་བུ་ཞིག་ཏུ་སྣང་གི་ཡོད། དཔེར་ན། ད་ལྟ་ང་ཚོས་མཐོང་བཞིན་པའི་ཉི་མ་དང་། ཟླ་བ་ལྟ་བུ་རེད།

སའི་གོ་ལའི་དཔེ་དབྱིབས། (Globe) གང་འདྲ་ཞིག་ལ་སའི་གོ་ལའི་དཔེ་དབྱིབས་ཟེར་རམ། སའི་གོ་ལའི་དབྱིབས་བཀོད་མཚོན་པར་བྱེད་པའི་

འདྲ་དཔེ་པོ་ལོ་ལྟ་བུ་ཞིག་ལ་སའི་གོ་ལའི་དཔེ་དབྱིབས་ཟེར། ང་ཚོ་གནས་ སའི ་ གོ ་ ལ་འདི ་ ཧ་ཅང་ཆེ ན ་པོ ་ ཡི ན ་པས་ལམ་སང་རྟོ ག ས་ཁག་ པོ་ཡོད།

དེ་རྟོགས་སླ་བའི་ཆེད་དུ་སའི་གོ་ལའི་དཔེ་དབྱིབས་

འདི་བེད་སྤྱོད་བཏང་ན།

སའི་གོ་ལའི་གཟུགས་དབྱིབས་ཆ་

ཚང་ཞིག་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

དེ་ཡང་

ལྟ་ཐེ ང ས་གཅི ག ་ལ་གོ ་ ལའི ་ ངོ ས ་ཡོ ང ས་རྫོ ག ས་མཐོ ང ་མི ་

ཐུབ་ཀྱང་། སའི་གོ་ལའི་དཔེ་དབྱིབས་དེ་ཕར་ཚུར་འགུལ་སྐྱོད་

བཏང་ན་རིམ་པས་མཐོང་ཐུབ། སའི་གོ་ལའི་དཔེ་དབྱིབས་ཀྱི་སྒང་

དེ་བྱང་སྣེ་དང་། འོག་དེ་ལྷོ་སྣེ་ཡིན། སའི་གོ་ལའི་དཔེ་དབྱིབས་ཀྱི་ངོས་

ལ་བསམ་ཚོད་ཀྱི་ཐིག་རིགས་མི་འདྲ་བ་གཉིས་ཡོད། གཅིག་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འཕྲེད་ལ་འཐེན་

པའི་འཕྲེད་ཐིག་ཡིན་པ་དང། གཞན་དེ་ནི་བྱང་སྣེ་ནས་ལྷོ་སྣེ་རུ་གཞུང་ལ་འཐེན་པའི་གཞུང་ཐིག་ཡིན། འཕྲེད་ ཐིག་རྣམས་ནི་སྒོར་མོ་ཡིན་པ་དང་། གཞུང་ཐིག་རྣམས་ནི་སྒོར་ཕྱེད་ཡིན། 1


འཕྲེད་ཐིག (Latitude) བྱང་སྣེ།

བྱང་60°

སའི་གོ་ལའི་ངོས་ཀྱི་ཤར་ནས་ནུབ་ཏུ་འཐེན་པའི་བསམ་ཚོད་ ཀྱི་སྒོར་ཐིག་རྣམས་ལ་འཕྲེད་ཐིག་ཟེར།

བྱང་40°

བྱང་20°

རྣམས་ཕན་ཚུན་ནམ་ཡང་ཐུག་གི་མེད།

ཐིག་དམར 0°

འཕྲེད་ཐིག་

ཕན་ཚུན་བར་གྱི་རྒྱང་ཁད་ཆེ་ཆུང་གཅིག་པ་ཡིན་ནའང།

ལྷོ་20°

འཕྲེད་ཐིག་སོ་སོའ ི་རིང་ཚད་མི་འདྲ་བ་ཡོད།

ལྷོ་40°

འཛམ་

གླིང་གི་སྐེད་པའི་ངོས་ལ་ཡོད་པའི་ཐིག་དེ་ལ་སྐེད ་ཐི ག་

ལྷོ་60° ལྷོ་སྣེ།

ཐིག་རིང་ཤོས་ཀྱང་ཡིན།

འཕྲེད་ཐིག་

(Equator) གམ་ཐིག་དམར་ཟེར། དེ་ནི་སའི་གོ་ལའི་ལྷོ་བྱང་

གཉིས་ཀྱི་ཚད་འཛིན་ས་ཡིན། དེའི་འཕྲེད་ཚད་ནི་ 0° ཡིན། དེ་ནི་འཕྲེད་

དེས་སའི་གོ་ལ་ཆ་སྙོམས་དུམ་

བྱང་སྣེ།

བུ་གཉིས་སུ་ཕྱེས་ཡོད། དུམ་བུ་དེ་གཉིས་ལས་སྟེང་

གོ་ལ་ཕྱེད་བྱང་ མ། Northern Hemisphere

ཕྱོགས་དེར་གོ་ལ་ཕྱེད་བྱང་མ་དང་། འོག་ཕྱོགས་ དེར་གོ་ལ་ཕྱེད་ལྷོ་མ་ཟེར། གོ་ལ་ཕྱེད་བྱང་མའི་

ཐིག་དམར0°

ངོས་མང་ཆེ་བ་སྐམ་ས་ཡིན་ལ། གོ་ལ་ཕྱེད་ལྷོ་

མའི་ངོས་མང་ཆེ་བ་རྒྱ་མཚོ་ཡིན། ཐིག་དམར་

གོ་ལ་ཕྱེད་ལྷོ་ མ། Southern Hemisphere

གྱི་བྱང་ངོས་ལ་འཕྲེད་ཐིག་༩༠ ཡོད་པ་དང་། ལྷོ་

ངོས་ལ་འཕྲེད་ཐིག་༩༠ ཡོད་པས། ཁྱོན་བསྡོམས་འཕྲེད་

ལྷོ་སྣེ།

ཐིག་180 ཡོད། དཔེར་ན། རྒྱ་གར་གྱི་རྒྱལ་ས་དིལླི​ི་ནི་བྱང་འཕྲེད་ཐིག་28° ཀྱི་ཉེ་འགྲམ་དུ་ཆགས་ཡོད་པ་དང་།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནི་བྱང་འཕྲེད་ཐིག་39° ཡི་ཉེ་འགྲམ་ལ་ཆགས་ཡོད། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་ ནི་བྱང་འཕྲེད་ཐིག་29.40° ཡི་ཉེ་འགྲམ་ལ་ཆགས་ཡོད་པ་ལྟ་བུ་རེད།

2


བྱང་སྣེ།

འཛིན་བྱེད་ས་ཡིན་པ་མ་ཟད།

ཤར་80°

བརྒྱུད་བྲིས་པའི་གཞུང་ཐིག་དེ་ནི་རྒྱལ་སྤྱིའི་དུས་ཚོད་ཚད་

ཤར་20°

wich)

(Green-

གཞུང་ཐིག་ 0°

ཌོན་གྱི་ཉེ་འགྲམ་ལ་ཡོད་པའི་གྲོང་གསེབ་གྷི་རིན་ཝི་ཆི​ི་

ནུབ་20°

བསམ་ཚོད་ཀྱི་ཐིག་རྣམས་ལ་གཞུང་ཐིག་ཟེར། ཨིན་ཇིའི་རྒྱལ་ས་ལོན་

ནུབ་80° ནུབ་60 ° ནུབ་40°

སའི ་ གོ ་ ལའི ་ བྱང་སྣེ ་ དང་ལྷོ ་ སྣེ ་ གཉི ས ་ལ་ཕན་ཚུན་ཐུག་པའི ་

ཤར་60°

གཞུང་ཐིག་ 180°

ཤར་40°

གཞུང་ཐིག (Longitude)

ཤར་ནུབ་གཉིས་ཀྱི་ཚད་འཛིན་སའང་

ཡིན། ཐིག་དེ་ནི་གཞུང་ཐིག་0° ཡིན། ཐིག་དེ་ལ་ཐོག་མའི་གཞུང་ཐིག་

(Prime Meridian) ཟེར། ཤར་ངོས་སུ་གཞུང་ཐིག་180° དང་། ནུབ་ངོས་

སུ་གཞུང་ཐིག་180° ཡོད་པས། ཁྱོན་བསྡོམས་གཞུང་ཐིག་360° ཡོད། གཞུང་ཐིག་0° དང་

180° གཉིས་མཐུད་པས། འཛམ་གླིང་འདི་གོ་ལ་ཕྱེད་ཤར་མ་དང་གོ་ལ་ཕྱེད་ནུབ་མ་བཅས་དབྱེ་བ་གཉིས་སུ་ ཕྱེས་ཡོད། གཞན་ཡང་གཞུང་ཐིག་འབྲི་དགོས་དོན་ནི། འཛམ་གླིང་གི་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་སུ་ ཡོད་པའི་ལུང་པ་རྣམས་ཕྱོགས་གང་དུ་ཡོད་མེད་ཤེས་ཆེད་ཡིན། དཔེར་ན།

གོ་ལ་ཕྱེད་ནུབ་མ།

བྱང་སྣེ། གོ་ལ་ཕྱེད་ཤར་མ།

གོ་ལ་ཕྱེད་ཤར་མ།

ཐོག་མའི་གཞུང་ཐིག

རྒན་ལགས།

གོ་ལ་ཕྱེད་ནུབ་མ།

ཐོག་མའི་གཞུང་ཐིག

རྒྱ་གར་གྱི ་ གྲོ ང ་ཁྱེ ར ་དི ལླི ་ ནི ་ཤར་གཞུང་ཐི ག ་ 77.2°

ཡི་ཉེ་འགྲམ་ལ་ཆགས་ཡོད་པ་དང།

བོ ད ་ཀྱི ་ རྒྱལ་ས་ལྷ་ས་ནི ་ཤར་གཞུང་ཐི ག ་91° ཉེ་འགྲམ་ལ་ཆགས་ཡོད།

ལྷོ་སྣེ།

སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ནས་ལུང་པ་འདྲ་མིན་དང་། ཡང་ན། སོ་སོའ ི་སྤུན་

མཆེད་ཀྱི་ས་ཁུལ་སོགས་འཕྲེད་ཐིག་དང་གཞུང་ཐིག་གང་གི་བར་དུ་ཡོད་མེད་འཚོལ་དུ་ འཇུག་རོགས།

3


ས་ཁུལ་འཚོལ་སྟངས། ང་ཚོས་འཛམ་གླིང་གི་ས་ཁུལ་ཁག་ས་ཁྲའི་སྟེང་ནས་འཚོལ་བ་ལ།

གོང་དུ་བཤད་པའི་འཕྲེད་ཐིག་

དང་གཞུང་ཐིག་གི་འགྲོ་སྟངས་ཤེས་པ་ཙམ་གྱིས་མི་འགྲིག་པར། འཕྲེད་ཐིག་དང་གཞུང་ཐིག་གཉིས་ཕན་ཚུན་

མཉམ་དུ་ཐུག་ས་གང་དུ་ཡོད་མེད་དང་། དེའི་ཉེ་འགྲམ་གྱི་ཚད་གཞི་གང་དུ་འཁེལ་ཡོད་མེད་བཅས་ལ་བལྟས་ ནས་ས་གནས་ཁག་འཚོལ་དགོས།

ས་ཁུལ་གང་ཞིག་འཕྲེད་ཐིག་དང་གཞུང་ཐིག་གང་གི་གནས་སུ་ཡོད་པ་

ཤེས་ཀྱི་ཡོད་ན་ས་ཁུལ་དེ་ལས་སླ་པོར་འཚོལ་ཐུབ་ཀྱི་ཡོད། འོན་ཀྱང་། ས་ཁུལ་འགའ་ཤས་འཕྲེད་ཐིག་དང་

གཞུང་ཐིག་གཉིས་མཉམ་དུ་བསྣོལ་སའི་ཉེ་འགྲམ་ཙམ་དུ་ཡོད་པ་རྟོགས་ཀྱང། ཏག་ཏག་རེད་ཅེས་བཤད་ཁག་ པོ་ཡོད། དཔེར་ན། ལྷ་ས་ནི་ཤར་གཞུང་ཐིག་91° དང་། བྱང་འཕྲེད་ཐིག་29.40° ཉེ་འགྲམ་ལ་གནས་ཡོད། དེ་

ས་ཁྲའི་སྟེང་ནས་ཇི་ལྟར་སྟོན་ཐུབ་བམ་སྙམ་ན། ཐོག་མར་ང་ཚོས་ཤར་གཞུང་ཐིག་91° དང་། བྱང་འཕྲེད་ཐིག་ 29.40° གཉིས་ཀྱི་སྣོལ་མཚམས་དེ་གང་དུ་ཡོད་བཙལ་དགོས། སྣོལ་མཚམས་དེ་གང་དུ་ཡོད་ཤེས་ཚེ། དེའི་ཉེ་ འགྲམ་དུ་ལྷ་ས་ཡོད་པ་ཤེས་ཐུབ།

41 40 39 38 37 36 35 34 33

45°N

32 31

ལྷ་ས།

30°N

15°N

30°N 29 28 27

60°E

75°E

90°E

105°E

120°E

135°E

26 25 78 79 80

81 82 83 84 85

86 87

88 89

90°E

4

91 92 93

94 95 96 97 98

99 100 101 102 103 104

105°E

24


དོ་སྣང་བྱ་དགོས་པ། སའི་གོ་ལའི་དབྱིབས་བཀོད་མཚོན་པར་བྱེད་པའི་འདྲ་དཔེ་པོ་ལོ་ལྟ་བུ་ཞིག་ལ་ཟླུམ་གཟུགས་ས་ཁྲའམ་ སའི་གོ་ལའི་དཔེ་དབྱིབས་ཟེར།

སའི་གོ་ལའི་ངོས་ཀྱི་ཤར་ནས་ནུབ་ཏུ་འཐེན་པའི་བསམ་ཚོད་ཀྱི​ི་ཐིག་དེ་ཚོར་འཕྲེད་ཐིག་ཟེར། འཕྲེད་ཐིག་ དེ་ཚོ་ཕན་ཚུན་ནམ་ཡང་ཐུག་གི་མེད།

འཛམ་གླིང་གི་སྐེད་པའི་ངོས་ལ་ཡོད་པའི་ཐིག་དེ་ལ་སྐེད་ཐིག་གམ་ཐིག་དམར་ཟེར་ཞིང། དེ་ནི་ལྷོ་བྱང་ གཉིས་ཀྱི་ཚད་འཛིན་ས་ཡིན།

སའི་གོ་ལའི་བྱང་སྣེ་དང་ལྷོ་སྣེ་གཉིས་མཐུད་པའི་ཐིག་དེ་ཚོར་གཞུང་ཐིག་ཟེར། ཁྱོན་བསྡོམས་གཞུང་ཐིག་360 ཡོད་པ་ཚང་མ་རིང་ཐུང་གཅིག་པ་ཡིན།

འཕྲེད་ཐིག་རྣམས་རིང་ཐུང་འདྲ་མིན་ཡོད་ཀྱང་། འཕྲེད་ཐིག་རྣམས་ཀྱི་བར་ལ་ཕན་ཚུན་རྒྱང་ཁད་ཆེ་ཆུང་ གཅིག་པ་ཡིན།

གྷི་རིན་ཝི་ཆི​ི་བརྒྱུད་ནས་འཐེན་པའི་གཞུང་ཐིག་དེས་སའི་གོ་ལ་ཤར་ནུབ་གཉིས་སུ་དབྱེ་ཡོད། འཕྲེད་ཐིག་རིང་ཤོས་ནི་སྐེ་ཐིག་གམ་ཐིག་དམར་ཡིན།

འཕྲེད་ཐིག་དང་གཞུང་ཐིག་གཉིས་སྦྱངས་པའི་དགོས་པ་གཙོ་བོ་ནི། འཚོལ་ཐུབ་པའི་ཆེད་དུ་ཡིན།

སྦྱོང་ཚན།

ས་བཀྲའི་སྟེང་ནས་ས་ཁུལ་ཁག་

ཀ༽ གཤམ་གསལ་ཌིག་རི་གསལ་བའི་གྲོང་ཁྱེར་ཁག་ས་ཁྲའི་ཐོག་བཙལ་ཏེ་སྟོན་དགོས། ༡། བྱང་འཕྲེད་ཐིག་27° དང་ཤར་གཞུང་ཐིག་85° (བལ་ཡུལ) ༢། བྱང་འཕྲེད་ཐིག་48° དང་ཤར་གཞུང་ཐིག་2° (ཕ་རན་སི) ༣། ལྷོ་འཕྲེད་ཐིག་33° དང་ནུབ་གཞུང་ཐིག་70° (ཅི་ལི)

༤། ལྷོ་འཕྲེད་ཐིག་41° དང་ཤར་གཞུང་ཐིག་174° (ནེའུ་ཛི་ལན་ཌི) 5


ཁ༽ གཤམ་གསལ་དྲི་བ་རྣམས་ལ་ལན་འདེབས་དགོས།

༡། བོད་ནི་གོ་ལ་ཕྱེད་བྱང་མའི་ཁུལ་དུ་ཆགས་ཡོད་དམ། ཡང་ན། གོ་ལ་ཕྱེད་ལྷོ་མའི་ཁུལ་དུ་ཡོད། ༢། ས་ཁྲའི་སྟེང་གཞུང་ཐིག་དང་འཕྲེད་ཐིག་འབྲི་དགོས་དོན་གང་ཡིན་ནམ།

༣། གང་འདྲ་ཞིག་ལ་ཟླུམ་གཟུགས་ས་ཁྲའམ་སའི་གོ་ལའི་དཔེ་དབྱིབས་ཟེར།

༤། སའི་གོ་ལའི་ངོས་སུ་གཞུང་ཐིག་དང་འཕྲེད་ཐིག་གཉིས་དངོས་སུ་མཐོང་རྒྱུ་ཡོད་དམ། ༥། གོ་ལ་ཕྱེད་བྱང་མ་ལ་སྐམ་ས་མང་བ་ཡོད་དམ་རྒྱ་མཚོ་མང་བ་ཡོད། ༦། གཞུང་ཐིག་དང་འཕྲེད་ཐིག་གཉིས་ལ་ཁྱད་པར་གང་ཡོད་དམ།

༧། སའི་གོ་ལའི་བྱང་སྣེ་ནས་ལྷོ་སྣེ་བར་ལ་འཕྲེད་ཐིག་ག་ཚོད་ཡོད་དམ།

༨། རྒྱལ་སྤྱིའི་དུས་ཚོད་ཚད་འཛིན་བྱེད་སའི་གཞུང་ཐིག་དེ་གང་ཡིན་ནམ།

རྒན་ལགས།

གོང་གི་སྦྱོང་ཚན་ཀ་པའི་ཆེད་དུ། སློབ་ཕྲུག་རྣམས་སྡེ་ཚན་ཁག་ཏུ་བགོས་ནས་མཐུན་རྐྱེན་

ལ་དཔགས་པའི་ས་ཁྲ་མཁོ་འདོན་གནང་དགོས་པ་དང། གོང་དུ་བསྟན་པའི་གྲོང་ཁྱེར་ཁག་ འཚོལ་དུ་འཇུག་དགོས།

ག༽ འཛམ་གླིང་གི་ས་ཁྲ་ཞིག་ལ་བལྟས་ནས་བར་སྟོང་སྐོངས།

༡། ལྷ་ས་ནི་གཞུང་ཐིག་……………………………དང་འཕྲེད་ཐིག་……………………………ལ་གནས་ཡོད། ༢། ལྷོ་20° དང་ཤར་20° ཡིན་པའི་ས་ཁུལ་དེ་གླིང་ཆེན་……………………………………ནང་ལ་འདུག ༣། བྱང་40° དང་ཤར་90° ཡིན་པའི་ས་ཁུལ་དེ་རྒྱལ་ཁབ་……………………………………………རེད། ༤། གླིང་ཆེན་…………………………དང་…………………………………ནི་གོ་ལ་ཕྱེད་ལྷོ་མ་ལ་ཡོད། 6


༥། ལྷོ་20° དང་ཤར་140° ཡིན་པའི་ས་ཁུལ་དེ་གླིང་ཆེན་……………………………………ནང་ཡོད། ༦། གྷི་རི་ནི་ཅི་ཞེས་པའི་གྲོང་གསེབ་དེ་…………………………………………………………ལ་ཡོད།

ང༽ སྟོང་ཆ་སྐོངས།

7


ཅ༽ བསམ་བློ་བཏང་ནས་འགྲིག་རྟགས་དང་ནོར་རྟགས་གང་འོས་རྒྱོབས། ༡། འཕྲེད་ཐིག་རིང་ཤོས་ནི་ཐིག་དམར་ཡིན།

༢། གཞུང་ཐིག་རྣམས་རིང་ཐུང་གཅིག་པ་མིན།

༣། འཕྲེད་ཐིག་ཚང་མ་རིང་ཐུང་གཅིག་པ་ཡིན།

༤། འཕྲེད་ཐིག་གིས་ཤར་དང་ནུབ་ཀྱི་ཕྱོགས་སྟོན་གྱི་ཡོད། ༤། ལྷ་ས་ནི་ཤར་གཞུང་ཐིག་90° ལ་ཆགས་ཡོད།

བྱེད་སྒོ།

ཀ༽ མཁོ་ཆས། ༡ སའི་གོ་ལའི་དཔེ་དབྱིབས།

༢ སྐུད་པ།

༣ ཐིག་ཤང ི ་།

སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ཏེ། སའི་གོ་ལའི་དཔེ་དབྱིབས་ཐོག་གི་འཕྲེད་ཐིག་གང་རུང་ལྔའི་རིང་

ཚད་སྐུད་པས་ཚད་འཇལ་ནས་གཏུབས་ཏུ་ཆུགས། སྐུད་པ་དེ་དག་ལ་འཕྲེད་ཐིག་གི་མིང་མ་ནོར་བར་བྲིས། དེ་རྗེས་དངོས་སུ་ཐིག་ཤང ི ་བེད་སྤྱོད་བཏང་སྟེ།

སྐུད་པ་དེ་དག་གི་རིང་ཚད་བཅལ་ནས་རིང་ཤས ོ ་དང་ཐུང་

ཁ༽ སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ཏེ།

འཕྲེད་ཐིག་དང་གཞུང་ཐིག་ཡོད་པའི་སའི་གོ་ལའི་དཔེ་

ཤོས་གང་དང་གང་ཡིན་བྲིས།

དབྱིབས་རེ་བཟོ་བཅུག་ནས་འཛིན་གྲྭའི་ནང་འགྲེམས་སྟོན་བྱ་འཇུག་དགོས།

རྒན་ལགས།

གོང་གི་བྱེད་སྒོ་ཀ་པའི་ཆེད་དུ་སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ནས་སྡེ་ཚན་རེ་ལ་ མཁོ་ཆས་ཆ་ཚང་རེ་སྔ་ས་ནས་གྲ་སྒྲིག་གནང་རོགས།

8


ོ ་ཚན ླབ

།

ས

གནམ་གཤིས། (Weather)

2

འཛམ་གླིང་གི་ས་ཁུལ་གང་སར་གནམ་གཤིས་མི་འདྲ་བ་སྣ་ཚོགས་ཡོད། དེར་བརྟེན་་མིའི་འཚོ་བ་སྐྱེལ་

སྟངས་ལ་ཡང་ཁྱད་པར་ཆེན་པོ་ཡོང་གི་ཡོད། དཔེར་ན། ང་ཚོའི་ཟས་དང་། གོས། སྡོད་གནས་སོགས་ཀྱི་གནས་

སྟངས་མི་འདྲ་བ་མང་པོ་ཞིག་གནམ་གཤིས་ལ་རག་ལས་ཡོད། དེ་བཞིན་ས་ཁུལ་སོ་སོའ ི་རྩྭ་དང་རྩི་ཤིང་སོགས་

སྐྱེ་དངོས་ཀྱི་རིགས་དང་། སྲོག་ཆགས་མང་ཉུང། ཡག་ཉེས་ཀྱི་ཁྱད་པར་དེ་ཚོ་ཡང་གནམ་གཤིས་ལ་བརྟེན་ནས་ ཡོང་གི་ཡོད།

དཔྱིད་ཀ།

དབྱར་ཁ།

སྟོན་ཀ།

དགུན་ཁ། 9


གནམ་གཤིས་དང་ནམ་ཟླ། (Weather and Climate)

ས་ཁུལ་གཅི ག ་དུས་ཡུན་ཐུང་ངུའི ་ རི ང ་གི ་ རླུང་ཁམས་ཀྱི ་ གནས་སྟངས་ལ་འགྱུར་ལྡོ ག ་སྣ་

ཚོགས་འབྱུང་གི་ཡོད་པ་དེ་ལ་གནམ་གཤིས་ (weather) ཟེར། དཔེར་ན། ཞོགས་པ་ཉི་མ་ཤར་བ་དང། ཉིན་གུང་ཆར་པ་འབབ་པ།

དགོང་དྲོ་རླུང་འཚུབ་ལྡང་བ་སོགས་དུས་ཡུན་ཐུང་ངུའི་རིང་འགྱུར་ལྡོག་སྣ་

ཚོགས་འགྲོ་བ་ཞིག་ལ་གོ་བ་རེད། དེ་བཞིན། ཁ་སང་གནམ་གཤིས་གང་འདྲ་རེད་ཅེས་དྲིས་ན། ཞོགས་པ་ཉི་ མ་ཤར་སོང་། ཉིན་གུང་ཆར་པ་བབས་སོང་། དགོང་དྲོ་རླུང་འཚུབ་ལྡང་སོང་ཟེར་བ་ལྟ་བུ་རེད།

ས་ཁུལ་གཅི ག ་གི ་ དུས་ཡུན་རི ང ་པོ འ་ི གནམ་གཤི ས ་འགྱུར་ལྡོ ག ་གི ་ གནས་ཚུལ་ལ་ནམ་ཟླ་

(climate) ཟེར། དཔེར་ན། རྒྱ་གར་ནང་ཕྱི་ཟླ་༡༡ ནས་ལོ་རྗེས་མའི་ཕྱི་ཟླ་༢ བར་གྱི་ནམ་ཟླ་གྲང་མོ་དང། ཕྱི་ཟླ་༣ ནས་ཕྱི་ཟླ་༥ བར་གྱི་ནམ་ཟླ་ཚ་པོ། ཕྱི་ཟླ་༦ ནས་ཕྱི་ཟླ་༩ བར་ཆར་དུས་ཡིན་པ་ལྟ་བུ་རེད།

གནམ་གཤིས་དང་ནམ་ཟླ་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་ནི་གཅིག་མཚུངས་ཡིན།

འགྱུར་ལྡོག་འགྲོ་བར་གཙོ་བོ་ཕྱིའི་ཆ་རྐྱེན་དྲུག་ལ་རག་ལས་ཡོད། དེ་དག་ནི།

དེ་འདྲའི་

༡། ཚ་དྲོད། (temperature)

༢། རླུང་ཁམས་ཀྱི་གནོན་ཤུགས། (atmospheric pressure) ༣། ལྷགས་པ། (wind)

༤། བཞའ་ཚན། (humidity) ༥། སྤྲིན་པ། (cloud)

༦། འབབ་ཞོད། (precipitation) བཅས་ཡིན། ཆ་རྐྱེན་དང་པོ་གསུམ་ནི་རླུང་གི་འགུལ་སྐྱོད་དང་འབྲེལ་བ་ ཡོད་ལ། དེ་མིན་གཞན་པ་གསུམ་ནི་རླུང་ནང་གི་རླན་གཤེར་མང་ཉུང་དང་འབྲེལ་བ་ཆགས་ཀྱི་ཡོད། 10


ནམ་ཟླའི་ཁྱད་པར། (Difference in climate) ནམ་ཟླ་ལ་ཁྱད་ཆོས་ངེས་ཅན་ཁ་ཤས་ཡོད། ནམ་དུས་གཅིག་གི་དུས་ཡུན་ལ་ས་ཁུལ་འདྲ་མིན་ལ་ནམ་

ཟླ་མི་འདྲ་བ་ཡོད། རྒྱ་གར་ལ་ཆ་བཞག་ན། ཆར་དུས་ཀྱི་སྐབས་སུ་ས་ཁུལ་ཁ་ཤས་ལ་ཆར་ཤུགས་ཆེན་པོ་འབབ་ ཀྱང་། ས་ཁུལ་ཁ་ཤས་ལ་ཆར་པ་ཉུང་ཉུང་ལས་འབབ་ཀྱི་མེད་པ་དང་། དེ་བཞིན་དབྱར་དུས་ས་ཁུལ་ཁ་ཤས་ལ་

ཚ་བ་ཆེན་པོ་ཡོད་ཀྱང་། འགའ་ཤས་ལ་བརླན་གཤེར་ཆེན་པོ་ཡོད་པ། དེ་བཞིན་འཛམ་གླིང་གི་ས་ཁུལ་ལའང་

ནམ་ཟླ་འདྲ་མིན་སྣ་ཚོགས་ཡོད་པ། དཔེར་ན། དབྱར་དུས་ས་ཁུལ་འགའ་ཤས་ལ་ཚ་བ་ཆེ་ཞིང་རླུང་སྐམ་པ་དང།

ཁ་ཤས་ལ་ཆར་ཤུགས་ཆེན་པོ་ཡོད་པ། ཡང་། ས་ཁུལ་ཁ་ཤས་གངས་ཀྱིས་བཀབ་པ་དང་། ཁ་ཤས་ལོ་ཧྲིལ་པོར་ རླན་གཤེར་ངང་གནས་ཀྱི་ཡོད། དེར་བརྟེན་ང་ཚོས་ནམ་ཟླ་འདྲ་མིན་སྣ་ཚོགས་ཡོད་པ་ཤེས་ཐུབ། ས་ཁུལ་ཞིག་ གི་ནམ་ཟླར་འགྱུར་ལྡོག་འགྲོ་བར་རྒྱུ་རྐྱེན་(factors) མང་པོ་ཞིག་ལ་རག་ལས་ཡོད།

༡། སའི་གོ་ལའི་ཐིག་དམར་ནས་བར་ཐག་རིང་ཐུང་གི་ཁྱད་པར། (distance from equator or latitude) ང་ཚོས་ཤེས་གསལ་ལྟར་སའི་གོ་ལའི་འཁོར་ལམ་གསེག་ནས་ཡོད་པར་བརྟེན།

ཁུལ་ཚང་མར་ཉི་མའི་འོད་ཕོག་སྟངས་གཅིག་པ་མེད།

ས་གཞིའི་ངོས་ཀྱི་ས་

ཐིག་དམར་གྱི་ཉེ་འགྲམ་ལ་ཡོད་པའི་ས་ཁུལ་ཚོར་ཉི་

འོད་ཐད་ཀར་ཕོག་པས་ཚ་བ་ཆེ་བ་དང་། ཐིག་དམར་ནས་ཇི་ཙམ་རྒྱང་ཐག་རིང་བ་ཡོད་པ་དེ་ཙམ་གྱིས་ཉི་དྲོད་ ཆུང་བ་ཡོད། དེའི་རྒྱུ་མཚན་ནི། གསེག་ལོག་པའི་ཉི་འོད་ཀྱི་དྲོད་ས་རྒྱ་ཆེ་བར་ཁྱབ་དུས་དྲོད་ཚད་གྲམས་པར་མ་ ཟད། རྒྱང་ཐག་རིང་དུ་འགྲོ་དུས་རིམ་པས་

ཉི་མ།

སེག

ག

དོ །

ོའ ི་འ ་འཕྲ

ཐད་འཕྲོའ ི་འོད།

དྲོད་ཚད་ཆུང་དུ་ཆུང་དུ་འགྲོ་གི་ཡོད། དེར་

འཛམ་གླིང། ཐིག་དམར།

11

བརྟེན་ཐིག་དམར་གྱི་ཉེ་འཁོར་ལ་ཡོད་པའི་

ས་ཁུལ་ཚོར་དྲོད་ཚད་ཆེ་ཤོས་དང་། བྱང་སྣེ་ དང་ལྷོ་སྣེ་གཉིས་སུ་འཛམ་གླིང་གི་ས་ཁུལ་ གྲང་ཤོས་རྣམས་ཡོད།


༢།

རྒྱ་མཚོའི་ངོས་ལས་མཐོ་ཚད་ཀྱི་ཁྱད་པར། (Height above sea level or altitute) མཚོ་ངོས་ས་བབས་ཇི་ཙམ་མཐོ་ན་དེ་ཙམ་གྱིས་རླུང་ཉུང་བ་དང་། ཇི་ཙམ་དམའ་ན་དེ་ཙམ་གྱིས་རླུང་

མང་བ་ཡོད། དེར་བརྟེན་ས་དམའ་སར་རླུང་མང་བས་ཚ་དྲོད་ཆེ་བ་དང་། ས་མཐོ་སར་རླུང་ཉུང་བས་གྲང་བ་ ཡོད། དཔེར་ན། ཨ་ཧྥེ་རི་ཁའི་གངས་རི་ཀི་ལི་མན་ཇ་རོ་(kilimanjaro) ཟེར་བ་དེ་ཐིག་དམར་དང་ཉེ་སར་ཡོད་ ཀྱང་གངས་ཀྱིས་བཏུམས་ནས་ཡོད། དེའི་རྒྱུ་མཚན་ནི། མཚོ་ངོས་ནས་ས་བབ་མཐོ་པོ་ཡོད་པས་ཡིན།

ས་མཐོ་སར་རླུང་ཉུང་བས་གྲང་བ་ཡོད།

ས་དམའ་སར་རླུང་མང་བས་ཚ་བ་ཡོད།

༣། མཚོ་ཁུལ་དང་རྒྱང་ཐག་ཉེ་རིང་གི་ཁྱད་པར། (Distance from the sea) རྒྱ་མཚོའི་ཉེ་འགྲམ་གྱི་ས་ཁུལ་ལ་དབྱར་དགུན་གྱི་གནམ་གཤིས་ཚ་གྲང་སྙོམས་པོ་ཡོད། དེའི་རྒྱུ་མཚན་

ནི། རྒྱ་མཚོའི་ཆུ་དང་སྐམ་ས་གཉིས་ཀ་ཉི་མས་མཉམ་དུ་དྲོས་ཀྱི་ཡོད་ཀྱང་། དབྱར་དུས་སྐམ་སའི་ཁུལ་ནི་རྒྱ་

མཚོའི་ཁུལ་ལས་མགྱོགས་པ་ཚ་པོ་ཆགས་ཀྱི་ཡོད། རླུང་ཚ་པོ་ཆགས་སྐབས་རླུང་འཁོར་སྐྱོད་བྱེད་པའི་རྒྱ་ཆེ་རུ་ འགྲོ་ཡི་ཡོད། རྒྱ་མཚོའི་ངོས་ཀྱི་རླུང་གྲང་མོ་སྐམ་ས་རུ་རྒྱུ་སྐབས་སྐམ་སའི་ས་ཁུལ་གྱི་ཚ་དྲོད་ཆུང་དུ་འགྲོ་བཞིན་ ཡོད་པས་ཚ་དྲོད་སྙོམས་པོ་ཆགས་ཀྱི་ཡོད།

12


རྒྱ་མཚོའི་རླུང།

སྐམ་སའི་རླུང།

རྒྱ་མཚོའི་བསིལ་རླུང།

སྐམ་སའི་བསིལརླུང།

ཡང་དགུན་དུས་གོང་གི་ལྡོག་ཕྱོགས་ཏེ། དགུན་དུས་སྐམ་སའི་ཁུལ་ནི་རྒྱ་མཚོའི་ཁུལ་ལས་མགྱོགས་པ་

གྲང་མོ་ཆགས་ཀྱི་ཡོད། དེར་བརྟེན་སྐམ་སའི་རླུང་གྲང་མོར་གྱུར་པ་དང། རྒྱ་མཚོའི་སྟེང་གི་རླུང་སྐམ་ས་ལས་ ཚ་དྲོད་ཆེ་བར་སྡོད་ཀྱི་ཡོད་པས། རྒྱ་མཚོའི་ཉེ་འགྲམ་གྱི་ས་ཁུལ་དུ་ཚ་གྲང་སྙོམས་པོ་ཡོད། དཔེར་ན། རྒྱ་གར་

གྱི་གྲོང་ཁྱེར་མོམ་བྷེ་(Mumbai) ནི་རྒྱ་མཚོའི་ཉེ་འགྲམ་དུཡོད་པས་དབྱར་དགུན་གཉིས་ཀར་ཚ་དྲོད་སྙོམས་ པོ་ཡོད་ཡོད་པ་དང་།

རྒྱ་གར་གྱི་རྒྱལ་ས་དིལླི་ནི་རྒྱ་མཚོ་དང་ཁ་ཐག་རིང་པོ་ཡོད་པས་དབྱར་ཁ་ཚ་བ་ཤིན་ཏུ་

ཆེ་བ་དང་། དགུན་ཁ་གྲང་མོ་ཡོད། ༤།

ལྷགས་པ་ལྡང་ཕྱོགས་ཀྱི་ཁྱད་པར། (Direction of wind) ས་ཁུལ་གཅིག་ནས་གཞན་ཞིག་ལ་གཡོ་བར་བྱེད་པའི་རླུང་དེ་ལ་ལྷགས་པ་ཟེར། ས་ཁུལ་གང་རུང་ཞིག་

གི་ནས་ལྷགས་པ་ལྡང་བ་དེས། ས་ཁུལ་ཞིག་གི་གནམ་གཤིས་ལ་ཁྱད་པར་བཟོ་གི་ཡོད། རླུང་ལ་དྲོད་རྒྱས་སྐབས་ རླུང་འཁོར་སྐྱོད་བྱེད་པའི་རྒྱ་ཆེ་རུ་འགྲོ་བ་མ་ཟད།

ལྗིད་ཚད་ཀྱང་ཡང་དུ་གྱུར་ཏེ་ས་བབས་མཐོ་སར་ལྡིང་གི་

ཡོད། ས་ཆ་གྲང་ས་ནས་ལྡང་བའི་ལྷགས་པས་ས་ཁུལ་དེའི་གནམ་གཤིས་གྲང་མོར་སྒྱུར་བ་དང་། ས་ཆ་དྲོ་ས་

ནས་ལྡང་བའི་ལྷགས་པས་ས་ཁུལ་དེའི་གནམ་གཤིས་དྲོན་པོར་སྒྱུར་གྱི་ཡོད། དེ་མིན་རི་རྒྱུད་ཀྱི་ཁ་ཕྱོགས་དང་། བཞའ་ཚན། ཆར་པ་སོགས་ཀྱིས་ཀྱང་གནམ་གཤིས་ལ་ཁྱད་པར་བཟོ་གི་ཡོད། ཀ༽

གནམ་གཤིས་ཚ་གྲང་ལ་བརྟེན་ནས་སའི་གོ་ལ་འདི་ས་ཁུལ་ཆེ་ཁག་གསུམ་དུ་དབྱེ་ཡོད་པ་ནི། ཚ་ཁུལ། (Torrid zone)

13


ཁ༽

དྲོད་ཁུལ། (Temperate zone)

ག༽

གྲང་ཁུལ། (Frigid zone) བཅས་ཡིན། བྱང་66.5°

བྱང་སྣེ།

བྱང་སྣེའི་མུ་འཁྱུད། Arctic Circle

བྱང་23.5°

Tropic of Cancer

ལྷོ་23.5°

Tropic of Capricorn

བྱང་ཉི་ལྡོག་ཐིག

བྱང་གྲང་ཁུལ།

བྱང་དྲོད་ཁུལ།

ཐིག་དམར། Equator

0°

ཚ་ཁུལ།

ལྷོ་ཉི་ལྡོག་ཐིག

ལྷོ་སྣེའི་མུ་འཁྱུད། Antarctic Circle

ལྷོ་66.5°

ལྷོ་སྣེ།

ཀ༽ ཚ་ཁུལ།

ལྷོ་དྲོད་ཁུལ།

ལྷོ་གྲང་ཁུལ།

ཐིག་དམར་ཁུལ་གྱི་བྱང་འཕྲེད་ཐིག་23.5°

དང།

ལྷོ་འཕྲེད་ཐིག་23.5° བར་གྱི་ས་ཁུལ་ལ་ཉི་འོད་ཐད་ཀར་

འཕྲོ་བས་ལོ་ཧྲིལ་པོར་གནམ་གཤིས་ཚ་དྲོད་ཆེན་པོ་ཡོད། དེར་བརྟེན་ས་ཁུལ་དེར་ཚ་ཁུལ་(Torrid zone) ཟེར། ཁ༽

དྲོད་ཁུལ།

ཚ་ཁུལ་དང་གྲང་ཁུལ་གཉི ས ་ཀྱི ་ བར་ལ་

དྲོད་ཁུལ་ཡོད།

དྲོད་ཁུལ་ལ་བྱང་དྲོད་ཁུལ་དང་ལྷོ་

དྲོད་ཁུལ་གཉིས་ཡོད། བྱང་དྲོད་ཁུལ་ནི​ི་བྱང་འཕྲེད་ ཐིག་23.5° ནས་བྱང་འཕྲེད་ཐིག་66.5° བར་གྱི་ས་

14


ཁུལ་ལ་ཟེར་བ་དང་། ལྷོ་དྲོད་ཁུལ་ནི་ལྷོ་འཕྲེད་ཐིག་23.5° ནས་ལྷོ་འཕྲེད་ཐིག་66.5° བར་གྱི་ས་ཁུལ་ལ་ཟེར། ས་ ཁུལ་དེ་དག་གི་གནམ་གཤིས་ཚ་གྲང་སྙོམས་པོ་ཡོད་པས་དྲོད་ཁུལ་ཟེར། ག༽

གྲང་ཁུལ། བྱང་སྣེའི་མུ་འཁྱུད་ནས་བྱང་སྣེ་བར་ལ་བྱང་གྲང་ཁུལ་དང་། ལྷོ་སྣེའི་མུ་འཁྱུད་ནས་ལྷོ་སྣེ་བར་ལ་ལྷོ་གྲང་

ཁུལ་ཡོད། ས་ཁུལ་དེ་དག་ལ་ལོ་ཧྲིལ་པོར་གནམ་གཤིས་ཤིན་ཏུ་གྲང་མོ་ཡོད་པ་མ་ཟད། ས་ཁུལ་དེ་དག་ལ་ དབྱར་དུས་ཐུང་ལ་གྲང་བ་དང་། དགུན་དུས་རིང་ལ་ཤིན་ཏུ་གྲང་མོ་ཡོད་པས་གྲང་ཁུལ་ཟེར།

རྒན་ལགས།

གོང་གི་ཤོག་གྲངས་༡༤ ཡི་དཔེ་རིས་ལྟར། ས་ཁུལ་ཆེ་ཁག་ལྔའི་ནང་

གི་རྒྱལ་ཁབ་གང་རུང་རེའི་ནང་ལ་སེམས་ཅན་དང། རྩི་ཤིང། འཚོ་

བའི་གནས་སྟངས། ནམ་དུས་ཇི་ཡོད་བཅས་མཐུན་རྐྱེན་ལ་དཔགས་ པའི་སློབ་ཕྲུག་ཚོར་ལས་འཆར་བཟོ་རུ་འཇུག་རོགས། 15


དོ་སྣང་བྱ་དགོས་པ། རྒྱ་མཚོའི་འགྲམ་དུ་ཡོད་པའི་ས་ཁུལ་དང་། རྒྱ་མཚོ་ནས་རྒྱང་ཐག་རིང་བའི་ས་ཁུལ་གྱི་བར་ལ་ཚ་གྲང་གི་ ཁྱད་པར་ཧ་ཅང་ཆེན་པོ་ཡོད།

རྒྱ་མཚོའི་ངོས་ལས་མཐོ་བའི་ས་ཁུལ་དེ་ཚོར་ཚ་དྲོད་ཆུང་བ་ཡོད།

ཐིག་དམར་ནས་ཇི་ཙམ་གྱིས་ལྷོ་སྣེ་དང་བྱང་སྣེའི་ཕྱོགས་སུ་ཕྱིན་ན། དེ་ཙམ་གྱིས་ཚ་དྲོད་ཆུང་དུ་འགྲོ་གི་ ཡོད།

ཚ་དྲོད་ལ་གཞིགས་ཏེ་སའི་གོ་ལ་འདི་དུམ་བུ་གསུམ་ལ་དབྱེ་ཡོད་པ་ནི། ཚ་ཁུལ་དང་། དྲོད་ཁུལ། གྲང་ ཁུལ་བཅས་ཡིན།

གནམ་གཤིས་ཀྱི་ཁྱད་པར་ནི་ནམ་དུས་ཙམ་མ་ཡིན་པར་རི་རྒྱུད་སོགས་ས་བབ་ཀྱིས་ཀྱང་ཁྱད་པར་བཟོ་ ཡི་ཡོད།

ཚ་དྲོད་དང་། བཞའ་ཚན། འབབ་ཞོད། སྤྲིན་པ། ལྷགས་པ། རླུང་གི་གནོན་ཤུགས་བཅས་ནི་གནམ་གཤིས་ འགྱུར་ལྡོག་གཏོང་མཁན་གཙོ་བོ་དེ་ཡིན།

ས་ཁུལ་ཁག་གི་གནམ་གཤིས་ཀྱི་ཁྱད་པར་དེ་ཡང་རླུང་ཡོང་ཕྱོགས་ཀྱི་ས་ཁུལ་དེར་རག་ལས་ཡོད།

ས་ཁུལ་སོ་སོའ ི་སྔོ་རིགས་དང་། སྟོན་འབྲས། སྲོག་ཆགས་སོགས་ས་ཁུལ་དེའི་ནམ་ཟླ་ལ་བརྟེན་ནས་ཡོང་ གི་ཡོད།

སྦྱོང་ཚན།

ཀ༽ གཤམ་གསལ་དྲི་བ་ཁག་ལ་ལན་བྲིས།

༡། གནམ་གཤིས་དང་ནམ་ཟླ་གཉིས་ཀྱི་ཁྱད་པར་བྲིས།

༢། སའི་གོ་ལ་འདི་བཞིན་ས་ཁུལ་ཆེ་ཁག་གསུམ་དུ་དབྱེ་བ་ཕྱེས་ཡོད་པ་རྣམས་ཀྱི་མིང་བྲིས། ༣། གནམ་གཤིས་འདྲ་མིན་འབྱུང་རྐྱེན་གང་དང་གང་ཡིན་ནམ། ༤། ཉིན་རེའི་གནམ་གཤིས་ཀྱི་འགྱུར་ལྡོག་ཡོང་རྐྱེན་དྲུག་བྲིས།

༥། ཐིག་དམར་གྱི་ཉེ་འཁོར་ལ་ཚ་དྲོད་ཆེན་པོ་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།

༦། གནམ་གཤིས་ཚ་གྲང་སྙོམས་པོ་ཡོད་པའི་རྒྱ་གར་གྱི་ས་ཆ་གཉིས་ཀྱི་མིང་བྲིས། 16


༧། དགུན་ཁའི་དུས་སུ་མོམ་བྷེ་ལས་དིལླི་གྲང་བ་ཡོད་པའི་རྒྱུ་མཚན་གང་ཡིན་ནམ། ༨། བྱང་དྲོད་ཁུལ་དང་ལྷོ་དྲོད་ཁུལ་གཉིས་གང་དུ་ཆགས་ཡོད་དམ།

༩། ས་ཁུལ་ཞིག་གི་གནམ་གཤིས་ལ་ལྷགས་པ་ལྡང་ཕྱོགས་ཀྱིས་ཁྱད་པར་ཅི་ཞིག་འབྱུང་གི་ཡོད་དམ། ༡༠། བྱང་སྣེ་དང་ལྷོ་སྣེའི་ཁུལ་གྲང་མོ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ། ཁ༽ གཤམ་གསལ་རྣམས་ལ་འགྲིག་རྟགས་དང་ནོར་རྟགས་གང་འོས་རྒྱོབ། ༡། ས་ཆ་ཇི་ཙམ་མཐོ་བ་ཡོད་པ་དེ་ཙམ་གྱིས་ཚ་བ་ཆེ་བ་ཡོད། ༢། སའི་གོ་ལའི་འཁོར་ལམ་གསེག་ནས་ཡོད།

༣། ཐིག་དམར་ཕྱོགས་ནས་ལྡང་བའི་ལྷགས་པ་ཚ་པོ་ཡོད།

༤། ཉི་མའི་འོད་ཐད་ཀར་ཕོག་པའི་ས་ཁུལ་རྣམས་གྲང་མོ་ཡོད།

༥། ཉིན་གཅིག་གི་གནམ་གཤིས་ཀྱི་གནས་སྟངས་ལ་ནམ་ཟླ་ཟེར།

༦། རྒྱ་མཚོའི་ཕྱོགས་ནས་ལྡང་བའི་ལྷགས་པ་ལ་བཞའ་ཚན་ཡོད་པས་ཆར་པ་འབྱུང་། ༧། སའི་གོ་ལ་ནི་གཟའ་སྐར་གྲང་ཤོས་དེ་ཡིན།

༨། བོད་ནི་སའི་གོ་ལའི་དྲོད་ཁུལ་དུ་ཆགས་ཡོད།

༩། བལ་ཡུལ་ནི་སའི་གོ་ལའི་ཚ་ཁུལ་དུ་ཆགས་ཡོད།

༡༠། འཛམ་གླིང་གི་ས་ཁུལ་ཚང་མར་སྔོ་རིགས་དང་། སྟོན་འབྲས་གཅིག་མཚུངས་ཐོན་གྱི་ཡོད། ག༽ གཤམ་གྱི་དཔེ་རིས་གཉིས་ལ་ཁྱད་པར་དྲུག་ཡོད་པ་རྣམས་བཙལ་ནས་བྲིས།

17


བྱེད་སྒོ། ༡།

འཛམ་གླིང་གི་ས་ཁྲ་ཞིག་གི་སྟེང་ལ་གནམ་གཤིས་ཚ་གྲང་དབྱེ་འབྱེད་བྱས་པའི་ས་ཁུལ་རྣམས་ལ་ཚོན་

མི་འདྲ་བ་བཏང་སྟེ་འབྲི་དེབ་ནང་སྦྱོར།

༢།

སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ནས་སྡེ་ཚན་རེ་རེར་ས་ཁུལ་གང་རུང་ཞིག་གི་ཚ་དྲོད་ཀྱི་རེའུ་མིག་

བཟོ་རུ་འཇུག་རྒྱུ། དཔེར་ན། གསར་ཤོག རླུང་འཕྲིན། བརྙན་འཕྲིན་སོགས་གང་རུང་ནས་གནས་ཚུལ་བསྡུ་ རུབ་བྱ་རྒྱུ།

༣།

དགེ་རྒན་གྱི་ལམ་སྟོན་འོག་གཤམ་གསལ་རེའུ་མིག་ལྟར། སློབ་ཕྲུག་ཚོས་ཚ་གྲང་གི་རེའུ་མིག་བཟོས་ཏེ་

ཉིན་གྲངས་ལྔའི་རིང་འཛིན་གྲྭའི་ཁོར་ཡུག་གི་ཚ་དྲོད་ཁ་སྐོང་བྱ་འཇུག་རྒྱུ།

དཔེར་ན། སྔ་དྲོ་ 7:30am

སྔ་དྲོ་10:30am

དགོང་དྲོ་1:20pm

དགོང་དྲོ་4:00pm

ཟླ་ཚེས།

ཚ་དྲོད།

ཟླ་ཚེས།

ཚ་དྲོད།

ཟླ་ཚེས།

ཚ་དྲོད།

ཟླ་ཚེས།

ཚ་དྲོད།

4/9

10°C

4/9

13°C

4/9

20°C

4/9

19°C

18


༤།

བདུན་ཕྲག་གཅིག་གི་རྗེས་སུ་འཛིན་གྲྭ་ཐུན་མོང་ནས་གོང་གི་ཚ་ཚད་ལ་གཞི་བཞག་ནས་གཤམ་གྱི་རེའུ་

མིག་བསྐང་དགོས།

ཟླ་ ཚེས། 4/9

ཚ་དྲོད་ཆེ་ཤོས། 20°

ཚ་དྲོད་ཆུང་ཤོས། 10°

རྒན་ལགས།

བྱེད་སྒོ་གསུམ་པ་དེ་སོ་སོའ ི་སློབ་གྲྭའི་དུས་ཚོད་དང་། བསྟུན་ནས་གནང་དགོས།

༥།

ཁོར་ཡུག་ལ་

ཁྱེད་རང་གི་སློབ་གྲྭ་ཡོད་སའི་ས་ཁུལ་དེ།

༡། རྒྱ་མཚོའི་ངོས་ནས་མཐོ་ཚད་ག་ཚོད་རེད་འདུག

༢། གནམ་གཤིས་ཚ་གྲང་ལ་ཁྱད་པར་གསུམ་དུ་དབྱེ་བའི་ས་ཁུལ་རྣམས་གང་དུ་ཡོད་དམ། ༣། དབྱར་དགུན་གཉིས་ཀྱི་གནམ་གཤིས་ལ་ཁྱད་པར་གང་འདུག་གམ།

19


།

ས

ོ ་ཚན ླབ

3

ས་ཁྲ། (Map)

ས་ཁྲ་ནི་སའི་གོ་ལའི་ཆགས་དབྱིབས་སམ། ས་ཆ་ཞིག་གི་ཆགས་དབྱིབས་ཤོག་བུའམ་ནག་པང་སོགས་

ངོས་ལེབ་ཏུ་བཀོད་པའི་དཔེ་མཚོན་ཞིག་ལ་ཟེར། འཛམ་བུ་གླིང་གི་དབྱིབས་ནི་ཟླུམ་གཟུགས་ཤིག་ཡིན་སྟབས། དེའི་ངོས་ཀྱི་སའི་ཆགས་ཚུལ་ཤོག་བུ་ཆུང་ཆུང་ཞིག་གི་སྟེང་ལ་འབེབ་རྒྱུ་ཁག་པོ་ཡོད། གལ་ཏེ། འཛམ་གླིང་དེ་

ཟླུམ་གཟུགས་མ་ཡིན་པར་ལེབ་ལེབ་ཅིག་ཡིན་ན་དེའི་ས་ཁྲ་འབྲི་རྒྱུ་ལས་སླ་པོ་ཡོད། སྔར་མི་ཚོས་ཐབས་ཤེས་ སྣ་ཚོགས་བྱས་ཏེ་འཛམ་གླིང་གི་ས་ཁྲ་འབྲི་ཚུལ་ཁ་ཤས་བསྟན་ཡོད་ཀྱང་། ཚད་ལྡན་གྱི་ས་ཁྲ་ཞིག་བཟོ་ཐུབ་མེད། དེང་སང་ཚན་རིག་ཡར་རྒྱས་ལ་བརྟེན་ནས་འཕྲུལ་ཆས་སྣ་ཚོགས་བཟོ་ཤེས་པ་དང་། སོགས་བརྒྱུད།

མེ་ཤུགས་འཕུར་མདའ་

བར་སྣང་ནས་ས་ཁུལ་ཚང་མའི་འདྲ་པར་བླངས་པ་དང་འབྲི་འགོད་བྱས་ནས་འཛམ་གླིང་གི་ས་

ཁྲ་ཚད་ལྡན་ཞིག་སྟོན་ཐུབ་ཀྱི་ཡོད། དཔེར་ན། གོང་གི་དཔེ་རིས་ལྟ་བུ་རེད།

སའི་གོ་ལའི་དཔེ་དབྱིབས་ནི་སའི་གོ་ལའི་རྣམ་པ་ཆ་ཚང་གསལ་པོར་སྟོན་པའི་དཔེ་རིས་ལེགས་ཤོས་

ཤིག་ཡིན། འོན་ཀྱང། ངོས་ལེབ་ས་ཁྲ་ནི་གང་སར་འཁྱེར་བདེ་བ་དང། རྒྱུན་དུ་དུས་དེབ་དང་ཚགས་པར་སོགས་ སུ་འགོད་བདེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད། ས་ཁྲ་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད། དཔེར་ན། 20


༡།

༢། ༣། ༤།

གཞུང་ལམ་གྱི་ས་ཁྲ། (Road Maps) ལམ་ཐག་རིང་ཐུང་དང་ལམ་ཞེང་ཆེ་ཆུང་གསལ་བར་སྟོན།

སྲིད་དོན་གྱི་ས་ཁྲ། (Political Maps) གྲོང་རྡལ་དང་། གྲོང་ཁྱེར། རྒྱལ་ཁབ་ཀྱི་ས་མཚམས་སོགས་ གསལ་བར་སྟོན།

ས་དབྱིབས་ཀྱི་ས་ཁྲ། (Physical Maps) རི་རྒྱུད་དང་། མཐོ་སྒང་། བདེ་ཐང་། གཙང་པོ། རྒྱ་མཚོ་སོགས་ སའི་གོ་ལའི་ཕྱི་ངོས་ཆགས་སྟངས་སྟོན།

བྱེ་བྲག་སྟོན་པའི་ས་ཁྲ། (Thematic maps) ཆར་ཆུ་འབབ་ཚད་དང་། ནགས་ཚལ་ཁྱབ་སྟངས། བཟོ་གྲྭ་ ཁྱབ་སྟངས། མི་འབོར་ཁྱབ་སྟངས་སོགས་གསལ་བར་སྟོན། གཞུང་ལམ་གྱི་ས་ཁྲ།

སྲིད་དོན་གྱི་ས་ཁྲ། ཤར་ཏུར་ཀིསྟཱན།

བོད།

ལྷ་ས།

རྒྱ་གར།

ས་དབྱིབས་ཀྱི་ས་ཁྲ།

བ་ཡུལ།

རྒྱ་ནག

ལྷ་ས།

འབྲུག

བངྒ་ལ་དེཤ

འབར་མ།

བྱེ་བྲག་སྟོན་པའི་ས་ཁྲ།

Cu

Cu

Cu

Cu

Cu Cu

Bauxite chromite Tin Gold

Cu Copper

Coal Iron Uranium Lithium

Petroleum & Gas

གནས་ཚུལ་འདྲ་མིན་ཕྱོགས་བསྡུས་བྱས་པའི་ས་བཀྲའི་དེབ་ལ་ས་ཁྲ་ཕྱོགས་བསྒྲིགས་(Atlas)

ཟེར། དེས་ལུང་པའི་གནས་སྟངས་དང་། མི་འབོར། གནམ་གཤིས། ཐོན་ཁུངས་སོགས་ཀྱི་གནས་ཚུལ་ཞིབ་ ཕྲ་སྟོན་ཐུབ་ཀྱི་ཡོད།

21


ས་ཁྲ་བེད་སྤྱོད།

ས་ཁྲ་ཞེ ས ་པ་ནི ་ མི འི ་ འདྲ་པར་དང་མཚུངས་པས་གནས་ཚུལ་མང་པོ ་ ཞི ག ་ས་ཁྲ་ནས་རྟོ ག ས་ཐུབ།

དཔེར་ན། མི་ཞིག་གི་འདྲ་པར་ལ་བལྟས་ནས་མི་དེའི་གཟུགས་དབྱིབས་དང་། གྱོན་ཆས་སོགས་གང་གྱོན་ཡོད་

མེད། གཟུགས་ཀྱི་འཁྱེར་སོ་སོགས་རྟོགས་ཐུབ་པ་བཞིན། ས་ཁྲ་ལ་བལྟས་ནས་ས་ཁུལ་སོ་སོའ ི་གནས་ཚུལ་མང་ པོ་ཞིག་རྟོགས་ཐུབ་ཀྱི་ཡོད། དེ་འདྲའི་གནས་ཚུལ་རྟོགས་པ་ལ་རྟགས་དང་། ཚོན་མདོག མཚོན་དོན་བཅས་བེད་

སྤྱོད་བྱེད་ཀྱི་རེད། དེ་ཚོ་ནི་ས་བཀྲའི་སྐད་ཡིག་ལྟ་བུ་ཡིན། ས་བཀྲ་ལྟ་ཀློག་ཡག་པོ་ཤེས་པ་ལ་གཤམ་གསལ་ གནད་དོན་རྣམས་ངེས་པར་དུ་ཤེས་དགོས།

༡། ས་ཁྲའི་ཁ་ཕྱོགས། (Direction of map)

གྲོགས་པོ་ཆུང་ཆུང་ཚོ། ང་ཚོ་རྒྱུན་དུ་རང་ཁྱིམ་

ནས་སློབ་གྲྭར་འགྲོ་དུས།

བྱང་།

སྐབས་རེ་གཡས་སུ་དཀྱོག་

པ་དང། སྐབས་རེ་གཡོན་དུ་དཀྱོག་པ། སྐབས་རེ་ཐད་

ཀར་འགྲོ་བ་དེ་ཚོས་ཀྱང་ཁ་ཕྱོགས་རེ་སྟོན་གྱི་ཡོད། ས་

ཁྲ་ལྟ་ཀློག་བྱེད་པའི་སྐབས་སུ། ཁ་ཕྱོགས་ཤེས་པ་བྱ་རྒྱུ་

ཧ་ཅང་གལ་ཆེན་པོ་ཡིན། ཕྱོགས་གཙོ་བོ་བཞི་ནི། ཤར་ དང་། ལྷོ། ནུབ། བྱང་བཅས་ཡིན། ཁྱེད་ཀྱིས་ས་ཁྲ་ལྟ་

ཤར།

ས་ཁྲའི་སྟེང་དེ་

བྱང་དང་། འོག་དེ་ལྷོ། རང་གི་གཡས་ཕྱོགས་དེ་ཤར།

གཞན་

ཡང་ཕྱོ ག ས་བཞི འི ་ བར་ལ་ཡོ ད ་པའི ་ མཚམས་བཞི ་

གི་བར་ལ་ནུབ་བྱང་བཅས་ཡིན།

22

ོ། ་ལྷ

ལྷོ་ཤར། ལྷོ་དང་ནུབ་ཀྱི་བར་ལ་ལྷོ་ནུབ། ནུབ་དང་བྱང་

ཤར།

ནུབ། ཤར

དང་ཤར་གྱི་བར་ལ་བྱང་ཤར། ཤར་དང་ལྷོ་ཡི་བར་ལ་

ང།

བྱང་

་བྱ

དག་ནི་གཡས་ཀྱི་དཔེ་རིས་ལ་བསྟན་པ་བཞིན།

དེ་

ནུབ

ཡོད་པ་དེ་ཡང་ཤེས་པར་བྱ་རྒྱུ་གལ་ཆེན་པོ་ཡིན།

བྱང་།

་ཤ ར།

ལྷོ།

ལྷོ་ ནུབ །

རང་གི་གཡོན་ཕྱོགས་དེ་ནུབ་ཏུ་བརྩི་དགོས།

བྱང

བའི་སྐབས་སུ་ག་དུས་ཡིན་ན་ཡང་།

ནུབ།

ལྷོ།


༢། ཐིག་ཚད་དང་རྒྱང་ཐག། (Scale and distance)

ས་ཁྲའི་ཐོག་བེད་སྤྱོད་བཏང་བའི་ཐིག་ཚད་ཀྱིས་དངོས་སུ་ས་ཆའི་སྟེང་ལ་བར་ཐག་ག་ཚོད་ཡོད་པ་སྟོན་

གྱི་ཡོད། དཔེར་ན། ས་ཁྲའི་ཐོག་བསྟན་པའི་ཐིག་ཚད་1cm:25km ཡིན་ན། ས་ཁྲའི་སྟེང་གི་སན་ཊི་མི་ཊར་1cm གི་རྒྱང་ཐག་གིས། དངོས་སུ་ས་ཆའི་ཐོག་གི་ཀི་ལོ་མི་ཊར་25km མཚོན་གྱི་ཡོད་པ་སྟོན་གྱི་ཡོད། ཐིག་ཚད་ཁ་ ཤས་སན་ཊི་མི་ཊར་(centimeter) དང་། ཁ་ཤས་ལ་ཨིན་ཅི་(inch) སོགས་ཀྱི་ལམ་ནས་འབྲི་སྲོལ་ཡོད། སན་

ཊི་མི་ཊར་1 གིས་ཀི་ལོ་མི་ཊར་100 ཡང་ན་1000 མཚོན་པ་སོགས་ས་ཁྲ་སོ་སོའ ི་ཐིག་ཚད་རྩི་སྟངས་སྣ་ཚོགས་ ཡོད།

དཔེར་ན། འོག་ལ་བསྟན་པའི་ས་ཁྲ་གཞིར་བཟུང་སྟེ། གྲོང་སྡེ་ཀ་པ་དང་ཁ་པ་གཉིས་ཀྱི་བར་ལ་རྒྱང་ཐག་ག་ཚོད་

ཐིག་ཚད། 1cm = 5km

ཡོད་དམ་ཟེར་ན། ཐོག་མར་ཐིག་ཚད་གང་ཡིན་ཤེས་དགོས། ཐིག་ཚད་སན་ཊི་མི་ཊར་1 གིས་ཀི་ལོ་མི་ཊར་

5 མཚོན་གྱི་ཡོད། དེ་རྗེས་ཐིག་ཤིང་ཞིག་ཁྱེར་ནས་དཔེ་རིས་ཐོག་བཀོད་པའི་གྲོང་སྡེ་དེ་གཉིས་ཀྱི་བར་ཐག་རིང་ ཐུང་ཚད་རྒྱག་དགོས། ༣།

ཚོན་མདོག (colour)

སའི་གོ་ལའི་ངོས་ཚང་མ་གཅིག་པ་མ་ཡིན་པར། ཁ་ཤས་དམའ་བའི་ལུང་གཤོང་དང་། འགའ་ཤས་

ཐང། འགའ་ཤས་རི། འགའ་ཤས་གངས་རི་སོགས་སྒང་གཤོང་མང་པོ་ཡོད། དེ་དག་ས་ཁྲའི་ཐོག་འགོད་སྐབས་ སྒང་གཤོང་མཐོ་དམའ་དང་། ཆུ་སོགས་མཚོན་བྱེད་གཅིག་གྱུར་གྱི་ཚོན་མདོག་གཞིར་བཟུང་ས་ཁྲའི་ཐོག་བེད་ 23


སྤྱོད་བྱེད་ཀྱི་ཡོད། སྔོན་པོ།

ཚོན་མདོག

མཚོན་དོན།

རྒྱུག་ཆུ། གཙང་པོ། འཁྱིལ་ཆུ། མཚོ། རྒྱ་མཚོ།

སྔོ་དཀར།

མཚོ་མཐའ་སོགས་ཆུའི་གཏིང་ཚད་ཐུང་བ།

ལྗང་ཁུ།

ས་བབ་དམའ་བ།

སྔོ་ནག

གཏིང་ཚད་རིང་བའི་ཆུ།

སེར་པོ།

ཐང།

རྒྱ་སྨུག

གཞན་ཡང།

ཪི།

ས་ཁྲའི་ཐོག་ས་ཁུལ་སོ་སོར་མི་འབོར་མང་ཉུང་དང་། རྩི་ཤིང་ནགས་ཚལ་མང་ཉུང་།

ཆར་ཞོད་ཆེ་ཆུང་སོགས་ཀྱི་མཚོན་དོན་ཀྱང་ཚོན་མདོག་གི་ལམ་ནས་སྟོན་སྲོལ་ཡོད། ༤། མཚོན་རྟགས། (signs and symbols)

ས་ཁྲའི་ཐོག་གྲོང་ཁྱེར་དང་། ནགས་ཚལ་སོགས་ཇི་མ་ཇི་བཞིན་འབྲི་རྒྱུ་ཁག་པོ་ཡིན་པས། དེ་དག་མཚོན་

བྱེད་དུ་མཚོན་རྟགས་འདྲ་མིན་སྣ་ཚོགས་བེད་སྤྱོད་གཏོང་གི་ཡོད།

མཚོན་རྟགས་ནི་ས་ཁྲ་ལྟ་ཀློག་བྱེད་པའི་ལྡེ་

མིག་ལྟ་བུ་ཡིན། མཚོན་རྟགས་འདྲ་མིན་སྣ་ཚོགས་ཡོད་པ་དང་། དེ་དག་ས་ཁྲ་སོ་སོའ ི་འོག་ལ་སྟོན་སྲོལ་ཡོད།

ང་ཚོས་ས་ཁྲ་བལྟ་བར་སྔོན་ལ་ས་ཁྲ་སོ་སོའ ི་མཚོན་རྟགས་ཀྱིས་ག་རེ་མཚོན་གྱི་ཡོད་མེད་བལྟ་དགོས། མཚོན་ རྟགས་ཀྱིས་ག་རེ་མཚོན་གྱི་ཡོད་མེད་ཤེས་ན། ས་ཁྲར་བལྟས་ཏེ་གནད་དོན་མང་པོ་ཞིག་ལས་སླ་པོའ ི་ངང་ཤེས་ ཐུབ་ཀྱི་ཡོད། གཤམ་དུ་དཔེ་རིས་ཐོག་མཚོན་རྟགས་ཁ་ཤས་བསྟན་ཡོད་པར་དོ་སྣང་བྱ་དགོས། རྒྱལ་ཁབ་ཀྱི་ས་མཚམས།

མངའ་སྡེའི་ས་མཚམས།

གཞུང་ལམ།

མེ་འཁོར་ལྕགས་ལམ།

རྒྱལ་ས།

གྲོང་ཁྱེར།

གྲོང་སྡེ།

ཟམ་པ།

མཚོ།

རྒྱུག་ཆུ།

གནམ་ཐང།

24

སྣུམ་འཁོར་འབབ་ཚུགས།


ས་ཁྲར་ལྟ་བ།

གཤམ་གསལ་ནི་གྲོང་སྡེ་ཞིག་གི་ས་ཁྲ་ཡིན། ས་ཁྲ་དེར་བལྟས་ནས་ང་ཚོས་གནས་ཚུལ་སྣ་ཚོགས་རྟོགས་ཐུབ། དཔེར་ན། ༡།

གྲོང་སྡེ་ལྕང་གྲོང་གི་ལྷོ་ནུབ་ཕྱོགས་ལ་རི་རྒྱུད་དང་ཤར་ཕྱོགས་ལ་མཚོ་ཞིག་འདུག

༣།

ལྕང་གྲོང་གི་ཤར་ལ་དགོན་པ་ཞིག་དང་བྱང་ནུབ་ལ་སྣུམ་འཁོར་འབབ་ཚུགས་ཤིག་འདུག

༢། ༤།

༥།

༦།

གྲོང་སྡེ་ལྕང་གྲོང་དང་མེ་ཏོག་ཚལ་བར་རྒྱ་ལམ་ཐོག་ཀི་ལོ་མི་ཊར་༨༠ འདུག

པད་མ་སྒང་གི་ལྷོ་ལ་མཚོ་ཞིག་ཡོད་པ་དང་དེ་ནས་རྒྱུག་ཆུ་ཞིག་ཀྱང་ཐོན་གྱི་འདུག གཡར་སྐྱིད་ཀྱི་ལྷོ་ནུབ་ཕྱོགས་ལ་ཤིང་ནགས་མང་པོ་འདུག

བྱང་།

གྲོང་སྡེ་རྣམས་ཕན་ཚུན་རྒྱ་ལམ་གྱིས་མཐུད་འདུག

ནུབ།

ཤར། ལྷོ།

དཔལ་སྡེ།

པད་མ་སྒང།

མེ་ཏོག་ཚལ།

ལྕང་གྲོང།

ཐིག་ཚད། 1cm = 10km

གཡར་སྐྱིད།

མཚོན་རྟགས།

གྲོང་སྡེ།

མེ་འཁོར་ ལྕགས་ལམ།

སྣུམ་འཁོར་ འབབ་ཚུགས།

རྒྱ་ལམ།

དགོན་པ།

25

མཚོ།

རི་རྒྱུད།

ནགས་ཚལ།

རྒྱུག་ཆུ།


བོད་ཀྱི་ས་ཁྲ།

བོད་ནི་ཨེ་ཤི་ཡའི་དཀྱིལ་དུ་ཆགས་ཡོད་པ་དང། དེ་ནི་ཐིག་དམར་གྱི་བྱང་ཕྱོགས་ལ་ཁེལ་ཡོད། བོད་

ཀྱི་ས་བབ་ནི་ཁྱིམ་མཚེས་རྒྱལ་ཁབ་གཞན་ལས་མཐོ་བ་ཡོད་སྟབས་མཐོ་སྒང་ས་ཁུལ་ཞིག་ཡིན།

བོད་ཀྱི་ས་

ཆའི་རྒྱ་ཁྱོན་ནི་ཀི་ལོ་མི་ཊར་གྲུ་བཞི་ཁ་གང་མ་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ཡིན། དེ་ནི་རྒྱ་གར་སྤྱིའི་ས་ཁྱོན་གྱི་ བྱང་། ནུབ།

རེབ་གོང་།

ན་གོར་མོ།

རུ་ཐོག

སྒར་རྫོང།

སྤུ་ཧྲེང།

སྒེར་རྩེ།

ཨ་མདོ་རྫོང་། ནག་ཆུ།

ངམ་རིང། གཞིས་ཀ་རྩེ།

འགྲམ།

རྒྱལ་རྩེ།

གྲོ་མོ།

ལྷ་ས། ཆུ་ཤུར།

རྫ་སྟོད།

གཏེར་ལེན་ཁ།

རྩེད་ཐང།

ཆབ་ཆ།

སྐྱེ་རྒུ་མདོ།

ནང་ཆེན། ཀོང་པོ།

སྟག་འཚེར།

ཟི་ལིང།

སྐུ་འབུམ།

ཤར། ལྷོ།

བླ་བྲང་བཀྲ་ཤིས་འཁྱིལ། རྔ་བ།

དཀར་མཛེས། འབར་ཁམས། སྡེ་དགེ།

ཆབ་མདོ།

དཔའ་ཤོད།

རྟའུ།

ལི་ཐང། དར་རྩེ་མདོ།

སྨར་ཁམས།

རྒྱལ་ཐང།

གསུམ་ཆ་གཉིས་ཡིན། བོད་ནང་ལ་གྲོང་ཁྱེར་དང་གྲོང་སྡེ། གྲོང་གསེབ་སོགས་ཧ་ཅང་མང་པོ་ཡོད། བོད་ནང་གི་ ས་ཁུལ་ཁ་ཤས་ནི། བྱང་ཤར་ལ།

སྐུ་འབུམ། ཟི་ལིང་། བླ་བྲང་བཀྲ་ཤིས་འཁྱིལ། སྟག་འཚེར། རེབ་གོང་།

ལྷོ་ཕྱོགས་ལ།

ལྷ་ས། གཞིས་ཀ་རྩེ། ཀོང་པོ། རྩེད་ཐང་། གྲོ་མོ།

ཤར་ཕྱོགས་ལ། ནུབ་ཕྱོགས་ལ།

ཆབ་མདོ། དར་རྩེ་མདོ། དཀར་མཛེས། རྟའུ། ལི་ཐང་།

སྒར་རྫོང། སྤུ་ཧྲེང་། མཐོ་གླིང་། རུ་ཐོག སྒེར་རྩེ། བཀྲ་ཤིས་སྒང་སོགས། 26


དོ་སྣང་བྱ་དགོས་པ།

འཛམ་གླིང་ངམ་ས་ཆ་ཞིག་གི་ས་དབྱིབས་ཆགས་ཚུལ་ངོས་ལེབ་ཏུ་བཀོད་པ་དེ་ལ་ས་ཁྲ་ཟེར།

གནས་ཚུལ་འདྲ་མིན་ཕྱོགས་བསྡུས་བྱས་པའི་ས་བཀྲའི་དེབ་ལ་ས་ཁྲ་ཕྱོགས་བསྒྲིགས་(Atlas) ཟེར། ས་དབྱིབས་ཀྱི་ས་ཁྲ་ལས་ངོས་ལེབ་ས་ཁྲ་བེད་སྤྱོད་གཏོང་བདེ་བ་ཡོད།

ས་ཁྲ་བལྟ་བ་ལ་ངེས་པར་དུ་ས་བཀྲའི་མཚོན་དོན་རྣམས་གསལ་པོར་ཤེས་དགོས།

ས་ཁྲའི་ཐོག་བེད་སྤྱོད་བཏང་བའི་ཚོན་མདོག་དེ་ཚོ་རྒྱལ་སྤྱིའི་ནང་གཅིག་གྱུར་ཐོག་བེད་སྤྱོད་གཏོང་གི་ ཡོད།

ས་བཀྲའི་ཐོག་བཏང་བའི་ཚོན་མདོག་གར་པོ་དང་སླ་པོས་ས་ཆའི་མཐོ་དམའ་དང་རྒྱ་མཚོའི་གཏིང་ཚད་ སོགས་མཚོན་ཐུབ་ཀྱི་ཡོད།

སྦྱོང་ཚན། ཀ༽

གཤམ་གསལ་རྣམས་ལ་རྒྱུ་མཚན་བྲིས།

༡། ས་ཁྲའི་སྟེང་མཚོན་རྟགས་འདྲ་མིན་སྣ་ཚོགས་བེད་སྤྱོད་གཏོང་དགོས་དོན་གང་ཡིན་ནམ། ༢། ས་དབྱིབས་ཀྱི་ས་ཁྲ་ལས་ངོས་ལེབ་ས་ཁྲ་བེད་སྤྱོད་ཆེ་བ་ཡོད་དོན་གང་ཡིན་ནམ། ༣། ས་ཁྲ་ལྟ་ཀློག་བྱེད་པ་ལ་ཁ་ཕྱོགས་ངོས་འཛིན་སྟངས་ཤེས་དགོས་དོན་གང་ཡིན། ༤། ས་ཁྲ་ལྟ་ཀློག་ཤེས་ན་ཕན་ཐོགས་ཅི་ཞིག་ཡོད་དམ།

༥། ཕྱོགས་བཞི་ཙམ་མ་ཡིན་པར་མཚམས་བཞི་ཡང་ཤེས་དགོས་དོན་གང་ཡིན་ནམ། ཁ༽ གཤམ་གསལ་རྣམས་ལ་ལན་ཚིག་གཅིག་གི་ཐོག་བྲིས།

༡། སའི་གོ་ལ་མཚོན་པར་ངོས་ལེབ་ས་ཁྲ་དང་ས་དབྱིབས་ཀྱི་ས་ཁྲ་གཉིས་ལས་གང་ལེགས་པ་ཡོད་དམ། ༢། ས་ཁྲའི་སྟེང་རི་མཚོན་བྱེད་ཀྱི་ཚོན་མདོག་དེ་གང་ཡིན་ནམ།

༣། ས་ཁྲའི་ཐོག་ཆུ་མཚོན་བྱེད་ཀྱི་ཚོན་མདོག་དེ་གང་ཡིན་ནམ། 27


༤། ས་ཁྲ་མང་པོ་ཕྱོགས་བསྡུས་བྱས་པའི་དེབ་ལ་གང་ཟེར་རམ། ༥། ས་ཁྲའི་སྒང་དེ་ཕྱོགས་གང་ཡིན་ནམ།

༦། གྲོང་རྡལ་དང་གྲོང་ཁྱེར། རྒྱལ་ཁབ་ཀྱི་ས་མཚམས་སོགས་སྟོན་པའི་ས་ཁྲ་དེ་གང་ཡིན་ནམ། ༧། ཁྱེད་རང་གི་སློབ་གྲྭ་ཆགས་ཡུལ་དེ་རྒྱ་གར་གྱི་རྒྱལ་ས་དིལླི་ཡི་ཕྱོགས་གང་དུ་ཡོད་དམ། ༨། བོད་ཀྱི་ཤར་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་དེ་གང་རེད་དམ།

༩། བྱང་དང་ནུབ་ཀྱི་བར་ལ་ཡོད་པའི་མཚམས་དེ་ལ་གང་ཟེར་རམ། ག༽ གཤམ་གསལ་རྣམས་ཀྱི་མཚོན་རྟགས་གང་ཡིན་པ་དཔེ་རིས་ཐོག་བྲིས། ༡། རྒྱུག་ཆུ།

༢། རྒྱལ་ས།

༣། རྒྱ་ལམ།

༤། མེ་འཁོར་ལྕགས་ལམ།

༥། རྒྱལ་སྤྱིའི་ས་མཚམས། ༦། ཟམ་པ།

༧། སྣུམ་འཁོར་འབབ་ཚུགས། ༨། མཚོ།

ང༽ གཡས་ཀྱི་སློབ་གྲྭའི་ས་ཁྲར་བལྟས་ནས་དྲི་བ་ཁག་ལ་ལན་བྲིས། ༡། ཁྱེད་རང་སློབ་གྲྭའི་རྒྱལ་སྒོར་ཡོད་པ་ཡིན་ན། དེ་ནས་སློབ་གྲྭའི་ཡིག་ཚང་ཕྱོགས་གང་དུ་འདུག་གམ། ༢། སློབ་གྲྭའི་རྩེད་ཐང་དེ་རྒྱལ་སྒོའ ི་ཕྱོགས་གང་དུ་འདུག་གམ།

༣། སློབ་གྲྭའི་ཉལ་ཁང་གི་ལྷོ་ཕྱོགས་སུ་གང་དང་གང་འདུག་གམ།

༤། རྩེད་ཐང་དུ་རྩེད་མོ་བརྩེས་རྗེས་སློབ་གྲྭའི་ཟ་ཁང་དུ་འགྲོ་དགོས་ན་ཕྱོགས་གང་དུ་འགྲོ་དགོས་སམ། ༥། རྩེད་ཐང་ནས་སློབ་གྲྭའི་འཛིན་ཁང་རྣམས་ཕྱོགས་གང་དུ་འདུག་གམ།

༦། ད་ལྟ་ཁྱེད་རང་སློབ་གྲྭའི་རྩེད་ཐང་དུ་ཡོད་ན་གཤམ་གསལ་རྣམས་ཁྱེད་རང་གི་ཕྱོགས་གང་དུ་འདུག་གམ། 28


༡ སློབ་གྲྭའི་དཔེ་མཛོད་ཁང་།

༢ ཉལ་ཁང་། ༣ རིག་གཞུང་ཁང་།

༤ ཡིག་ཚང་།

བྱང་།

ནུབ།

ཤར། ལྷོ།

བྱིས་པའི་རྩེད་ར།

་ཁང།

འཛིན

རིག་གཞུང་ཁང།

སྨན་ཁང།

ཁང།

ཉལ་

རྩེད་ཐང་།

དཔེ་མཛོད།

ཡིག་ཚང

།

སློབ་གྲྭའི་རྒྱལ་སྒོ།

29

ཟ་ཁང།


བྱེད་སྒོ། ཀ༽ འོག་གི་ས་ཁྲར་བལྟས་ནས་ལན་རྒྱོབས།

༡། སྒྲོལ་མ་གླིང་ནས་མཁར་སྟོད་རྫོང་བར་མེ་འཁོར་བརྒྱུད་ནས་ཀི་ལོ་མི་ཊར་ག་ཚོད་ཡོད་དམ། ༢། བཀྲ་ཤིས་གླིང་ནས་བདེ་སྐྱིད་གླིང་བར་ས་ཐག་རིང་ཐུང་ག་ཚོད་འདུག་གམ། ༣། བདེ་སྐྱིད་གླིང་ནས་བསྟན་འཛིན་གླིང་བར་རྒྱང་ཐག་ག་ཚོད་འདུག་གམ། ༤། པད་མ་གླིང་ནས་བདེ་སྐྱིད་གླིང་བར་གྱི་རྒྱང་ཐག་དང་། ཐག་དེ་གཉིས་ལས་གང་རིང་བ་འདུག་གམ། ཕུན་ཚོགས་གླིང།

པད་མ་གླིང་ནས་བཀྲ་ཤིས་གླིང་བར་གྱི་རྒྱང་ བྱང་།

བསྟན་འཛིན་གླིང།

ནུབ།

ཤར། ལྷོ།

བདེ་སྐྱིད་གླིང།

བཀྲ་ཤིས་གླིང།

མཚོན་རྟགས།

གྲོང་སྡེ།

ལྕགས་ལམ། གཞུང་ལམ། རྒྱ་ལམ།

པདྨ་གླིང།

རྒྱུག་ཆུ། མཚོ།

སྒྲོལ་མ་གླིང།

ཐིག་ཚད། 1cm = 5km

མཁར་སྟོད་རྫོང།

30


ཁ༽ སོ་སོའ ི་དེབ་ཀྱི་ནང་གཤམ་གསལ་ས་ཁྲ་ལྟ་བུ་ཞིག་བྲིས་ནས་འོག་གི་ས་ཁུལ་རྣམས་མ་ནོར་བར་བསྐང་ དགོས།

བྱང་། ནུབ།

ཤར། ལྷོ།

༡། ལྷ་ས།

༢། སྟག་འཚེར།

༤། རྒྱལ་ཐང་།

༦། རུ་ཐོག

༣། ཆབ་མདོ། ༧། ལི་ཐང་།

༩། བླ་བྲང་བཀྲ་ཤིས་འཁྱིལ།

༤། རྩེད་ཐང་།

༨། དཀར་མཛེས། ༡༠། ཟི་ལིང་།

ག༽ སློབ་ཕྲུག་རེ་རེའི་ངོས་ནས་གོང་དུ་སྦྱངས་ཟིན་པའི་ས་ཁྲ་དང་། ས་ཁྲའི་མཚོན་དོན་སོགས་ཚང་བའི་ས་ཁྲ་

རེ་བཟོ་དགོས་པ་དང་། སློབ་ཕྲུག་གཉིས་རེ་ཕན་ཚུན་སོ་སོས་བཟོས་པའི་ས་ཁྲར་འགྲེལ་བཤད་རྒྱག་རེས་ བྱ་འཇུག་དགོས།

31


།

ས

ོ ་ཚན ླབ

4

མཉམ་འབྲེལ་རྒྱལ་ཚོགས། United Nations (UN)

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནི་དམག་ཆེན་གཉིས་པའི་རྗེས་སུ་ཐོག་མར་ཕྱི་ལོ་༡༩༤༥ ལོའ ི་ཟླ་

༡༠ ཚེས་༢༤ ཉིན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་(San Francisco) ལ་དབུ་བརྙེས་པ་རེད། སྐབས་དེ་

དུས་ཚོགས་ཞུགས་རྒྱལ་ཁབ་༥༠ ཡོད། རྗེས་སུ་རིམ་པས་ཚོགས་མིའི་རྒྱལ་ཁབ་མང་དུ་ཕྱིན་པས་དེང་སང་རྒྱལ་ ཁབ་༡༩༠ ལྷག་ཙམ་ཡོད།

32


མཉམ་འབྲེལ་རྒྱལ་ཚོགས་འཛུགས་དགོས་དོན།

འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་། མཐུན་སྒྲིལ། བདེ་འཇགས། འཚོ་བའི་གནས་སྟངས། ཤེས་ཡོན།

འཕྲོད་བསྟེན། མི་རིགས་དབྱེ་འབྱེད་འགོག་ཐབས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ཡར་རྒྱས་

ཡོང་ཐབས་སུ་དམིགས་པ་ཞིག་ཡིན། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་གཙོ་བོ་དེ་ ཨ་རིའི་ནེའུ་ཡོག་ཏུ་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་གཞི་སྔོ་དཀར་ཡིན་པ་ལ། དཀྱིལ་

ངོས་སུ་འཛམ་གླིང་གི་ས་ཁྲ་དཀར་པོའ ི་མཐའ་སྐོར་དུ་ཞི་བདེ་མཚོན་བྱེད་ཨོ་ལིབ་ (olive) ཡལ་གས་བསྐོར་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རྟགས་ (emblem) ཀྱང་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཁག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་དྲུག་ངོ་སྤྲོད། ༡། རྒྱལ་སྤྱིའི་གྲོས་ཚོགས། (The General Assembly)

འདི་ནི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་གཙོ་བོ་དེ་ཡིན། ཛ་དྲག་གི་གནས་ཚུལ་ཕུད། དེ་མིན་ཕྱི་ཟླ་༩ པའི་

ནང་ལོ་ལྟར་ཚོགས་ཞུགས་རྒྱལ་ཁབ་རྣམས་ལྷན་འཛོམས་ཐེངས་རེ་བྱེད་ཀྱི་ཡོད།

དེའི་སྐབས་འཛམ་གླིང་གི་

དཀའ་རྙོག་རྣམས་སེལ་ཐབས་དང་། བདེ་དོན་གྱི་ཆེད་དུ་གྲོས་སྡུར་གནང་གི་ཡོད། ཚོགས་ཞུགས་རྒྱལ་ཁབ་རེ་ ནས་མང་མཐར་ཚོགས་བཅར་བ་ལྔ་རེ་ཡོང་ཆོག་ཀྱང་། གཅིག་མ་གཏོགས་འཕེན་མི་ཆོག།

33

འོས་འཕེན་སྐབས་སུ་རྒྱལ་ཁབ་རེ་རེ་ནས་འོས་ཤོག་


༢།

བདེ་སྲུང་ལྷན་ཁང་། (The Security Council)

ལྷན་ཁང་འདིར་ཁྱོན་བསྡོམས་ཚོགས་ཞུགས་རྒྱལ་ཁབ་༡༥

ཡོད་པ་དང། དེ་ལས་ཨ་རི་དང་། ཨིན་ཡུལ། ཨུ་རུ་སུ། རྒྱ་ནག

ཧྥ་རན་སི་བཅས་རྒྱལ་ཁབ་ལྔ་པོ་ནི་གཏན་སྡོད་ཚོགས་ཞུགས་ རྒྱལ་ཁབ་(permanent members) ཡིན། གཞན་དག་

ཚོགས་ཞུགས་རྒྱལ་ཁབ་བཅུ་པོ་ནི་ལོ་གཉིས་རེའི་མཚམས་ སུ་འོས་བསྡུའི་ལམ་ནས་གསར་འདེམས་བྱེད་ཀྱི་ཡོད།

ལྷན་

ཁང་འདིའི་ལས་འགན་གཙོ་བོ་ནི། འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱ་རྒྱུ་དེ་ཡིན། ལྷན་ཁང་ འདིར་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་ཆེ་ཤོས་དེ་ཡོད།

གནད་དོན་རྣམས་ཐག་གཅོད་བྱེད་སྐབས།

གཏན་སྡོད་ཚོགས་ཞུགས་རྒྱལ་ཁབ་ལྔ་གཙོས་ཚོགས་ཞུགས་རྒྱལ་ཁབ་དགུས་མོས་མཐུན་བྱ་དགོས། ༣།

དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་། (The Economic & Social Council)

འཕྲོད་བསྟེན་དང་ཤེས་ཡོན་ལ་འབྲེལ་བའི་གནད་དོན་

ཁག་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་དང་། ཛ་དྲག་གི་རང་

བྱུང་གོད་ཆག་བྱུང་སྐབས། ས་ཁུལ་ཁག་ལ་རོགས་རམ་བྱ་རྒྱུ་ དང་། གཞན་ཡང་ཡན་ལག་ཕན་ཚུན་ལས་དོན་ཚགས་ཚུད་ ཡོང་རྒྱུར་འབྲེལ་མཐུད་བྱེད་ཀྱི་ཡོད།

༤། རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཁང་། (The International Council of Justice) འདིའི་ལས་འགན་གཙོ་བོ་ནི། རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་རྙོག་

སེལ་ཐབས་བྱ་རྒྱུ་དེ་ཡིན། དེར་ཁྲིམས་དཔོན་༡༥ ཡོད། དེ་དག་གྲོས་ཚོགས་

ནས་བསྐོ་གཞག་བྱེད་ཅིང་། ཁོང་ཚོའི་ལས་ཡུན་ནི་ལོ་༩ ཡིན། ཁྲིམས་ཁང་ དེར་རྒྱལ་ཚོགས་ཀྱི་ཚོགས་ཞུགས་ཡིན་པའི་རྒྱལ་ཁབ་དང་ཚོགས་ཞུགས་ 34


མིན་པའི་རྒྱལ་ཁབ་སུས་ཀྱང་ཁྲིམས་གཏུག་བྱེད་ཆོག། ཁྲིམས་ཁང་འདི་ནི་ནེ་ཐར་ལན་ཌི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ ཧེག་(Hague) ལ་བཙུགས་ཡོད།

༥། ཡིད་ཆེས་དགེ་རྩ་ལྷན་ཁང་། (The Trusteeship Council) མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་སྐབས།

རྒྱལ་

ཁབ་གཞན་གྱི་བཙན་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མི་མང་ གི་འཚོ་བའི་གནས་བབ་ཡར་རྒྱས་དང་།

ཆབ་སྲིད་ཀྱི་འགན་

དབང་ཐག་གཅོད། མི་མང་ལ་རང་ཐག་རང་གཅོད་བྱ་རྒྱུའི་གོ་ སྐབས་སྤྲོད་རྒྱུ།

འོས་བསྡུ་དང་རང་དབང་དྲང་བདེན་གྱི་ལམ་

ནས་བཟོ་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན། ལོ་རེ་བཞིན་ལྷན་

ཁང་འདིའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་འདེམས་སྐོ་བྱེད་ཀྱི་ཡོད་ལ། ལོ་རེའི་ཕྱི་ཟླ་དང་པོ་དང་དྲུག་པ་ སོ་སོར་ཚོགས་འདུ་ཐེངས་རེ་འཚོག་གི་ཡོད།

༦། ཚོགས་དྲུང་ལྷན་ཁང་། (The Secretariat)

འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་

ལྷན་ཁང་གཙོ་བོ་དེ་ཡིན།

ལྷན་ཁང་འདིས་

ཉིན་རེའི་འཛིན་སྐྱོང་གི་ལས་ཀ་དང་། འཆར་

གཞི་བཟོ་རྒྱུ། ཡིག་ཆ་ཉར་རྒྱུ་སོགས་ཀྱི་ལས་ འགན་འཁུར་གྱི་ཡོད། ལྷན་ཁང་འདིའི་དབུ་ ཁྲི ད ་གཙོ ་ བོ ་ ནི ་ མཉམ་འབྲེ ལ ་རྒྱལ་ཚོ ག ས་

ཀྱི་སྤྱི་ཁྱབ་དྲུང་ཆེ་(General Secretary) ཡིན།

སྤྱི་ཁྱབ་དྲུང་ཆེ་ནི་རྒྱལ་སྤྱིའི་གྲོས་

ཚོགས་ཀྱིས་འོས་འདེམས་བྱས་ཏེ། དུས་ཡུན་ལོ་ལྔ་རིང་ཕྱག་ལས་གནང་དགོས་ཀྱི་ཡོད། ལྷག་པར་དུ་འཛམ་ གླིང་ཞི་བདེར་གནོད་པའི་གནས་ཚུལ་ཛ་དྲག་འབྱུང་ཉེའི་སྐབས་སུ།

སྤྱི་ཁྱབ་དྲུང་ཆེས་རྒྱལ་སྤྱིའི་བདེ་སྲུང་ལྷན་

ཁང་གི་ཚོགས་མི་རྣམས་སྐོང་ཚོགས་ཀྱིས་དཀའ་རྙོག་སེལ་ཐབས་དང་། ཞི་བདེ་ཡོང་བའི་ལས་འགུལ་སྤེལ་གྱི་ ཡོད། ཚོགས་ཆེན་ཚང་མའི་གཙོ་སྐྱོང་ནི་སྤྱི་ཁྱབ་དྲུང་ཆེས་གནང་གི་ཡོད། 35


སློབ་ཕྲུག་ཚོ།

ཁྱེད་རང་ཚོས་གཤམ་གྱི་གནད་དོན་རྣམས་ཤེས་ཀྱི་ཡོད་དམ།

* འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བེད་སྤྱོད་བྱེད་པའི་སྐད་ཡིག་

དྲུག་ནི། ཨིན་སྐད་དང་། ཨུ་རུ་སུའི་སྐད། སི་པཱན་གྱི་སྐད། རྒྱ་སྐད། ཧྥ་རན་སིའི་ སྐད། ཨ་རབ་ཀྱི་སྐད་བཅས་ཡིན།

* ལོ་ལྟར་ཕྱི་ཟླ་༡༠ ཚེས་༢༤ ནི་རྒྱལ་སྤྱིའི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཡན་ལག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁག་ཚགས་ཚུད་ཡོང་སླད། ཡན་ལག་ཚོགས་ཆུང་མང་པོ་ཞིག་

ཡོད་པའི་ནང་ནས་ཁ་ཤས་ཤིག་གཤམ་དུ་ངོ་སྤྲོད་ཞུ་རྒྱུ།

༡ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཛ་དྲག་མ་དངུལ་ལྷན་ཚོགས། (UNICEF)

དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཡོངས་ཀྱི་ཕྲུ་གུའི་ཐོབ་ཐང་དང་། དགོས་མཁོ་སོགས་བསྒྲུབ་

རྒྱུ་དེ་ཡིན་པས། ཕྲུ་གུའི་འཕྲོད་བསྟེན་དང་། ཟས་བཅུད། ཤེས་ཡོན།

བདེ་དོན་སོགས་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་གི་ཡོད། འགྲོ་ གྲོན་གྱི་ཡོང་ཁུངས་ནི་རྒྱལ་ཁབ་དང་ཚོགས་པ་སྒེར་སོགས་ཀྱིས་ཞལ་

འདེབས་ཕུལ་བའི་རིགས་ཡིན། དེ་མིན་ཚོགས་པ་འདིས་དཔལ་འབྱོར་ བཟོ་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད། དཔེར་ན། ཁྱེད་རང་གིས་ ཚོགས་པ་འདིའི་ལས་འགུལ་ལ་རྒྱབ་སྐྱོར་ག་རེ་བྱེད་ཐུབ་བམ་ཟེར་ན།

ཚོགས་པ་འདིས་བཟོས་པའི་འཚམས་ཤོག་(Greeting card) ཞིག་ ཉོས་པ་ཡིན་ན་ཡང་།

དངུལ་དེ་འཛམ་གླིང་གི་ཕྲུ་གུའི་ཆེད་དུ་ལས་

འགུལ་སྤེལ་བར་བེད་སྤྱོད་བྱེད་པས་ཕན་ཐོགས་ཆེན་པོ་ཡོད། ཡོད།

36

དེའི་ལས་ཁུངས་གཙོ་བོ་དེ་ཨ་རིའི་ནེའུ་ཡོག་ཏུ་


༢ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ལྷན་ཚོགས། (UNESCO) འདི འི ་ ལས་འགན་གཙོ ་ བོ ་ ནི ་ འཛམ་གླི ང ་གི ་ མི ་

རྣམས་ཀྱི་ཤེས་ཡོན་གྱི་ཆུ་ཚད་མ་མཐར་འབྲི་ཀློག་ཤེས་པ་

བཟོ་རྒྱུ་དེ་ཡིན་པ་དང་། ཚོགས་ཞུགས་རྒྱལ་ཁབ་ཕན་ཚུན་ གྱི་ཚན་རིག ཤེས་ཡོན། རིག་གཞུང་སོགས་ནང་ཁུལ་སྤེལ་ རེས་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི། ཚོགས་ ཞུགས་རྒྱལ་ཁབ་ཕན་ཚུན་གྱི་གནས་ལུགས་ཤེས་པ་དང། མཐུན་ལམ་བཟང་དུ་གཏོང་བ།

ལྷག་པར་དུ་འཛམ་གླིང་

འདི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་ཤེས་པ་བྱ་རྒྱུ་དང་། འཛམ་གླིང་གི་གནའ་ཤུལ་གྲགས་ཅན་རྣམས་སྲུང་སྐྱོབ་ བྱ་རྒྱུ་དེ་ཡིན། དེའི་ལས་ཁུངས་གཙོ་བོ་ནི་ཧྥ་རན་སིའི་རྒྱལ་ས་པེ་རི་སི་(Paris) ལ་བཙུགས་ཡོད། ༣ འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས། (WHO) ལས་ཁུངས་འདིས་ནད་རིགས་སྤྱི་དང་། ལྷག་པར་

དུ་ནད་ཡམས་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་གཙོ་འདོན་

བྱེད་པ་དང་། འཐུང་ཆུ་གཙང་མ་ཡོང་ཐབས། གད་སྙིགས་ གསོག་ས་དང་། བཙོག་ཆུ་རྒྱུག་ལམ་ཚད་ལྡན་བཟོ་རྒྱུ། ཕྲུ་

གུར་ནད་རིགས་སྔོན་འགོག་གི་སྨན་ཁབ་དུས་ཐོག་རྒྱག་ རྒྱུ་སོགས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་ ལས་འགུལ་སྤེལ་གྱི་ཡོད།

དེའི་ལས་ཁུངས་ནི་ཇི་ནི་ཝ་

(Geneva) ལ་ཡོད། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ ལ་ཟས་རིགས་དང་ཞིང་ལས་ལྷན་ཁང་(FAO)

དང་།

འཛམ་གླིང་དངུལ་ཁང་སོགས་སྤྱི་དོན་སྒྲུབ་པའི་ཡན་ལག་ལྷན་ཚོགས་མང་པོ་ཡོད།

37


དོ་སྣང་བྱ་དགོས་པ།

མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན།

ཚོགས་པ་འདི་འཛམ་གླིང་གི་རྒྱལ་ཁབ་མང་པོས་མཉམ་དུ་བཙུགས་པ་ཞིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚང་མ་ལྷན་ཁང་དྲུག་བརྒྱུད་ནས་བྱེད་ཀྱི་ཡོད། ལྷན་ཁང་ནང་ནས་གཙོ་ཆེ་ཤོས་ནི་བདེ་སྲུང་ལྷན་ཁང་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་རེའི་ལས་དོན་རྣམས་ཚོགས་དྲུང་ལྷན་ཁང་བརྒྱུད་ནས་བྱེད་ཀྱི་ཡོད།

བདེ་སྲུང་ལྷན་ཁང་ལ་གཏན་སྡོད་ཚོགས་ཞུགས་རྒྱལ་ཁབ་ལྔ་དང་། འོས་འདེམས་བྱས་པའི་ཚོགས་ཞུགས་ རྒྱལ་ཁབ་བཅུ་ཡོད།

ཡུ་ནི་སེབ་(UNICEF) ཀྱིས་ཕྲུ་གུའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཌབ་ལུ་ ཨེ་ཆི་ ཨོ་(WHO) ཡིས་འཕྲོད་བསྟེན་དང་འབྲེལ་བའི་ལས་འགུལ་རྩོམ་གྱི་ཡོད།

ཡུ་ནེ་སི་ཁོ་(UNESCO) ཡིས་ཤེས་ཡོན་དང་། ཚན་རིག རིག་གཞུང་སོགས་གོང་འཕེལ་གཏོང་རྒྱུར་ ལས་འགུལ་སྤེལ་བ་དང་། བྱེད་ཀྱི་ཡོད།

འཛམ་གླིང་ནང་ལོ་རྒྱུས་ལྡན་པའི་གནའ་ཤུལ་གྲགས་ཅན་རྣམས་སྲུང་སྐྱོབ་

སྦྱོང་ཚན། ཀ༽

ལན་གནད་བསྡུས་རེ་བྲིས། ༡།

རྒྱལ་སྤྱིའ་ི གྲོས་ཚོགས་ཀྱི་གཏན་སྡོད་ཚོགས་ཞུགས་རྒྱལ་ཁབ་རྣམས་གང་དང་གང་ཡིན་ནམ།

༣།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་གང་དུ་ཡོད་དམ།

༢། ༤།

༥།

༦།

བདེ་སྲུང་ལྷན་ཁང་གི་ལས་འགན་གཙོ་བོ་གང་ཡིན་ནམ།

རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཁང་དུ་ཁྲིམས་དཔོན་ག་ཚོད་ཡོད་དམ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སུས་འདེམས་ཀྱི་ཡོད་དམ། མཉམ་འབྲེལ་རྒྱལ་ཚོགས་ཕྱི་ལོ་ག་དུས་དབུ་བརྙེས་སམ། 38


༧།

རྒྱལ་སྤྱིའི་གྲོས་ཚོགས་ག་དུས་འཚོག་གི་ཡོད་དམ།

༩།

ཕྲུ་གུའི་བདེ་སྡུག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་སུས་འགན་འཁུར་གྱི་ཡོད་དམ།

༨།

ཁ༽

གཤམ་གསལ་རྣམས་ཀྱི་མིང་བྲིས། ༡།

བདེ་སྲུང་ལྷན་ཁང་གི་གཏན་སྡོད་ཚོགས་ཞུགས་རྒྱལ་ཁབ་ལྔ།

༣།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བེད་སྤྱོད་གཏོང་བའི་སྐད་ཡིག་དྲུག

༢། ༤། ག༽

ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སུ་ཡིན་ནམ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་དྲུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཡན་ལག་བཞི།

མཐུན་སྦྱོར་གྱིས། ལྷན་ཁང།

གྲོང་ཁྱེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ།

པེ་རི་སི།

རྒྱལ་སྤྱིའི་ཁྲིམས་ཁང་།

ནེའུ་ཡོག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག་དང་། རིག་གཞུང་ལྷན་ཁང།

ཧེག

འཛམ་གླིང་འཕྲོད་བསྟེན་ལྷན་ཁང།

ནེའུ་ཡོག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཛ་དྲག་མ་དངུལ་ལྷན་ཁང། 39

ཇི་ནི་ཝ།


ང༽

འགྲིག་རྟགས་དང་ནོར་རྟགས་གང་འོས་འབྲི་དགོས། ༡།

རྒྱལ་སྤྱིའི་གྲོས་ཚོགས་ལོ་ལྟར་ཐེངས་བཞི་རེ་འཛོམས་ཀྱི་ཡོད།

༢། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་ཡུན་ལོ་ལྔ་རེ་ཡིན།

༣། ལོ་ལྟར་ཕྱི་ཟླ་༡༠ ཚེས་༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེསཔའི་ཉིན་མོར་སྲུང་བརྩི་ཞུ་ ༤།

༥། ཅ༽

གི་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་ཚོས་གཞི་ལྗང་ཁུ་ཡིན།

རྒྱལ་སྤྱིའི་ཚོགས་ཞུགས་རྒྱལ་ཁབ་ཚང་མར་འོས་ཤོག་འཕེན་པའི་ཐོབ་ཐང་འདྲ་མཉམ་ཡིན།

གཤམ་གསལ་རྣམས་ལ་ལན་ཐོབས། ༡།

མཉམ་འབྲེལ་རྒྱལ་ཚོགས་བཙུགས་དགོས་དོན་གང་ཡིན་ནམ།

༢། གཤམ་གསལ་རྣམས་ཀྱི་ལས་འགན་གཉིས་རེ་བྲིས།

ཀ) དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང།

ག) མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག། རིག་གཞུང་ལྷན་ཚོགས།

ཀ༽

ཁ) མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཛ་དྲག་མ་དངུལ་ལྷན་ཚོགས། ང) རའཛམ་གླིང་འཕྲོད་བསྟེན་ལྷན་ཚོགས།

བྱེད་སྒོ།

༡། འཛམ་གླིང་གི་ས་ཁྲ་ཞིག་ལ་བལྟས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་སྡོད་ཚོགས་ཞུགས་ རྒྱལ་ཁབ་ལྔ་གང་དུ་ཡོད་པ་སྟོན་དགོས།

༢། འཛམ་གླིང་གི་ས་ཁྲ་ཞིག་ལས་གཤམ་གསལ་ལས་ཁུངས་རྣམས་གང་དུ་ངོས་བཟུང་སྟེ་རྟགས་ རྒྱོབས།

40


ཀ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ། ཁ རྒྱལ་སྤྱིའི་ཁྲིམས་ཁང་། ཁུངས། ཁ༽

ག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག

རིག་གཞུང་བཅས་ཀྱི་ཚོགས་པའི་ལས་

ང འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས།

གཤམ་གསལ་རྣམས་འཛིན་གྲྭའི་ནང་བྱ་དགོས། ༡།

མཉམ་འབྲེ ལ ་རྒྱལ་ཚོ ག ས་ཀྱི ་ གྲོ ས ་ཚོ ག ས་འཚོ ག ་པའི ་ དཔེ ་ མཚོ ན ་བྱས་ནས་གཤམ་གསལ་

གནད་དོན་ཁག་ལ་གྲོས་སྡུར་བྱ་དགོས།

ཀ འགྲོ་བ་མིའི་ཐོབ་ཐང་།

ག འཕྲོད་བསྟེན་དང་། ཁོར་ཡུག་སྲུང་སྐྱོབ།

ཁ ཕྲུ་གུའི་ཐོབ་ཐང་དང་དགོས་མཁོ། ང

ཤེས་ཡོན།

༢། གཤམ་གྱི་ཨིན་ཡིག་གི་བསྡུས་མིང་ལྟར་ལྷན་ཚོགས་ཁག་གི་མཚོན་རྟགས་རི་མོར་འབྲི་དགོས།

ཀ UNO

ཁ

ག WHO

རྒན་ལགས།

ང

UNESCO UNICEF

གོ ང ་གི ་ བྱེ ད ་སྒོ ་ ཁག་མ་གནང་གོ ང ་ལ་སློ བ ་ཕྲུག་ཚོ ར ་སོ ་ སོ འ་ི འཛི ན ་གྲྭ་

དང། སློབ་གྲྭའི་ཁོར་ཡུག སློབ་ཕྲུག་གི་ཤེས་ཡོན། སྤྱོད་པ། གཙང་སྦྲ་སོགས་ ཡར་རྒྱས་གཏོང་ཕྱོགས་ལ་གོ་སྡུར་བྱ་རྒྱུའི་གོ་སྐབས་གནང་རོགས།

41


ོ ་ཚན ླབ

།

ས

བོད།

5

རྒྱལ་རྒྱུད་ཀྱི་དུས་རབས། ང་ཚོའི་བོད་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡོད་ལ། ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་པའི་རྒྱལ་ཁབ་

ཅིག་ཀྱང་ཡིན། དེ་ཡང་རྒྱལ་ཁབ་གཞན་དག་ལྟར་བོད་ལའང་ཐོག་མར་རྒྱལ་རྒྱུད་དར་ཡོད། བོད་སྤྱི་ལ་དབང་ བའི་རྒྱལ་པོ​ོའ ི་ཐོག་མ་ནི་གཉའ་ཁྲི་བཙན་པོ་ཡིན།

ཁོང་རྒྱལ་པོའ ི་ཁྲི་ལ་འཁོད་པའི་ལོ་ནི་ཕྱི་ལོ་སྔོན་གྱི་ལོ་༡༢༧

ཡིན་པས། ད་ལྟ་ཕྱི་ལོ་༢༠༡༤ བར་ལོ་༢༡༤༡ ཕྱིན་ཡོད། གཉའ་ཁྲི་བཙན་པོ་ནས་གླང་དར་མ་བར་རྒྱལ་པོ་༤༡ བྱུང་

ཡོད། བོདཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། རྒྱ་ནག་དབར་སྐབས་རེར་མཐུན་སྒྲིལ་བྱུང་ཡོད་ ལ་སྐབས་རེར་དམག་འཁྲུག་ཡང་བྱུང་ཡོད། ལྷག་པར་དུ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། ཁྲི་རལ་

པ་ཅན་ཏེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ། བོད་རྒྱལ་ཁབ་ཀྱི་དམག་དཔུང་ནི་སྟོབས་ཤུགས་ཧ་ཅང་ ཆེན་པོ་ཡོད་པ་དང་། ཆོས་དང་རིག་གཞུང་། དཔལ་འབྱོར་བཅས་ཕུན་སུམ་ཚོགས་པོ་ཡོད་པས། ཨེ་ཤི་ཡའི་ དབུས་ཁུལ་གྱི་རྒྱལ་ཁབ་གྲགས་ཅན་ཞིག་ཡིན།

42


བོད་སིལ་བུའི་དུས་རབས།

ཕྱི་ལོ་༨༤༢ ལོར་རྒྱལ་པོ་གླང་དར་མ་འུ་དམ་བཙན་པོ་འདས་རྗེས་ནང་འཁྲུག་བྱུང་སྟེ། རྒྱལ་པོའ ི་

རྒྱལ་རྒྱུད་ཉམས་པ་དང་། བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ལོ་༤༡༡ ཙམ་གྱི་རིང་བོད་སིལ་བུར་འཐོར་བ་

རེད། སྐབས་དེར་ཡུལ་ལུང་འགའ་ཤས་ལ་དཔོན་པོ་རེ་ཟུང་གིས་བདག་སྐྱོང་བྱེད་པ་དང་། ཡུལ་ལུང་འགའ་ཤས་ ལ་དཔོན་པོ་སོགས་མེད་པའི་གནས་སྟངས་ཆགས་པ་རེད།

བོད་གཞུང་དགའ་ལྡན་ཕོ་བྲང་།

ཕྱི་ལོ་༡༦༤༢

ལོར་༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཆོལ་ཁ་གསུམ་གྱི་ཆབ་

སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་། བོད་རྒྱལ་ཁབ་ཀྱི་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཤིང་། རིམ་

པས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་རྒྱལ་ཁབ་ཀྱི་འཛིན་སྐྱོང་གནང་ཡོད། ཕྱི་ལོ་༡༩༤༩ ལོར་རྒྱ་དམར་

གྱིས་བོད་ལ་བཙན་འཛུལ་བྱས་ཏེ། ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་དགོས་བྱུང་ ཡོད། ལོ་དེར་༸གོང་ས་མཆོག་གཙོས་བོད་མི་འབུམ་གཅིག་ལ་ཉེ་བ་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ ཀྱི་ནང་བཙན་བྱོལ་ལ་འབྱོར་ནས། གསར་འཛུགས་གནང།

དེ་བཞིན་ཕྱི་ལོ་༢༠༡༡

བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་སྲོལ་དང་མཐུན་པར་

ལོ་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་ཕྱོགས་ཀྱི་

སྐུ་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་སྟེ།

དེ་སྔ་དགའ་

ལྡན་ཕོ་བྲང་གིས་བོད་གཞུང་གི་སྲིད་འགན་བཞེས་པའི་ལམ་ལུགས་མཇུག་བསྡུས་ནས་མང་གཙོ་ཚད་ལྡན་གྱི་ ལམ་དུ་སྐྱོད་བཞིན་ཡོད།

རྒྱ་ནག་གིས་བོད་བཙནབཟུང་བྱས་པའི་བརྒྱུད་རིམ་ནང།

རྗེས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་རྣམས་

དུམ་བུ་ལྔ་ལ་ཁ་བཀྲལ་ཡོད། དེ་ཡང་བོད་ཀྱི་བྱང་ཤར་དང་། ཤར་ཕྱོགས་ཀྱི་ས་ཁུལ་རྣམས་བོད་དང་ས་འབྲེལ་

ཡིན་པའི་རྒྱ་ནག་གི་ཞིང་ཆེན་ཁག་ལ་ཟླ་སྒྲིལ་བཏང་ནས། རྒྱ་ནག་གི་མངའ་ཁོངས་སུ་བཙན་བཟུང་བྱ་རྒྱུའི་ཇུས་

ངན་བཏིང་བ་ཞིག་རེད། དེ་ནི་དུམ་བུར་བགོས་ནས་དབང་སྒྱུར་(divide and rule)བ་ཟེར་བ་དེ་རེད། ཁ་ཕྲལ་ བའི་དུམ་བུ་ལྔ་ནི།

༡། བོད་རང་སྐྱོང་ལྗོངས།

༢། ཟི་ཁྲོན་ཞིང་ཆེན།

43

༣། ཀན་སུའུ་ཞིང་ཆེན།

༤། ཡུན་ནན་ཞིང་ཆེན།


༥། མཚོ་སྔོན་ཞིང་ཆེན་བཅས་ཡིན། བྱང་།

རྒྱ་མིས་བོད་བཙན་བཟུང་བྱས་རྗེས།

ནུབ།

ཤར། ལྷོ།

མཚོ་སྔོན་ཞིང་ཆེན།

བོད་རང་སྐྱོང་ལྗོངས།

ཀན་སུའུ་ཞིང་ཆེན།

ཟི་ཁྲོན་ཞིང་ཆེན།

ཡུན་ན

ན་ཞིང ་ཆེན།

བོད་དང་རྒྱ་ནག་གཉིས་ཐ་དད་ཡིན་ཚུལ། ༡།

བོད་དང་རྒྱ་གཉིས་མི་རིགས་ཐ་དད་ཡིན།

༢།

བོད་དང་རྒྱ་གཉིས་ཀྱི་སྐད་ཡིག་ཐ་དད་ཡིན།

༤།

བོད་དང་རྒྱ་གཉིས་ཀྱི་ཡུལ་སྲོལ་གོམས་གཤིས་ཐ་དད་ཡིན།

༦།

བོད་དང་རྒྱ་གཉིས་ཀྱི་རྒྱལ་རྟགས་ཐ་དད་ཡིན།

༣། ༥།

བོད་དང་རྒྱ་གཉིས་ཀྱི་རིག་གཞུང་ཐ་དད་ཡིན།

བོད་དང་རྒྱ་གཉིས་ཀྱི་རྒྱལ་དར་ཐ་དད་ཡིན།

44


༧།

བོད་དང་རྒྱ་གཉིས་ཀྱི་རྒྱལ་གླུ་ཐ་དད་ཡིན།

༩།

བོད་དང་རྒྱ་གཉིས་ཀྱི་མངའ་ཁོངས་ཐ་དད་ཡིན།

༨།

བོད་དང་རྒྱ་གཉིས་ཀྱི་དངུལ་ཐ་དད་ཡིན།

༡༠། བོད་དང་རྒྱ་གཉིས་ཀྱི་སྲིད་གཞུང་ཐ་དད་ཡིན།

མཐའ་དོན། རྒྱ་ནག་གཞུང་གི་དྲག་ཤུགས་དང་བཙན་ཤེད་ཀྱིས་བོད་ལ་དབང་སྒྱུར་བྱས་པ་ལས།

རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་།

ལོ་རྒྱུས་ནང་བོད་

དེང་སང་རྒྱ་ནག་གཞུང་གི་འོག་ཏུ་བོད་མི་ཚོར་བདེ་སྐྱིད་ལྡན་ཚུལ་གྱི་ཁྱབ་

བསྒྲགས་བྱེད་པ་ནི་ཁུངས་མི་འཁྱོལ་བའི་རྫུན་གཏམ་ཁོ་ན་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་འཛམ་གླིང་ཡོངས་ལ་ཁྱབ་བཞིན་ནས། འཛམ་གླིང་

ནང་དྲང་བདེན་དང་། ཡར་ཐོན། མང་གཙོ་ལ་དགའ་བའི་མི་མང་པོ་ཞིག་གིས་བོད་ཀྱི་དཀའ་ངལ་སེལ་བར་རྒྱབ་ བྱེད་ཀྱི་ཡོད་པས། བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་ཧུར་བརྩོན་བྱས་ ཚེ། གང་མགྱོགས་བོད་ཀྱི་བདེན་མཐའ་སེལ་བར་ནུས་པ་ཆེན་པོ་ཐོན་ངེས།

རྒྱ་ནག་གིས་བོད་བཙན་བཟུང་བྱེད་དོན། ༡།

རྒྱ་ནག་གིས་བོད་བཙན་བཟུང་བྱེད་པའི་དམིགས་ཡུལ་ནི།

བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་རྒྱ་ནག་ནི་མི་འབོར་ཤིན་ཏུ་ཆེན་པོ་ཡིན་སྟབས། རྒྱ་མི་མང་པོ་

བོད་ལ་གནས་སྤོར་བྱས་ཏེ། རྒྱ་མི་ཚོའི་འཚོ་བ་དང་སྡོད་གནས་ཀྱི་དཀའ་ངལ་སེལ་ཆེད་ཡིན། ༢།

བོད་ཀྱི་རང་བྱུང་གཏེར་ཁ་དང་། ནགས་ཚལ། ཆུ་སོགས་ནི་ཕུན་སུམ་ཚོགས་པོ་ཡོད་པས། དེ་དག་བེད་ 45


སྤྱོད་བཏང་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས་ཡིན། ༣།

བོད་ནི་ཨེ་ཤི་ཡའི་དབུས་སུ་ཆགས་པ་དང་ས་བབས་མཐོན་པོ་ཡོད་པས།

ཨེ་ཤི་ཡའི་ཁུལ་དུ་དྲག་པོའ ི་

དམག་འཐབ་བྱེད་པར་ཕར་རྒོལ་སླ་ལ་ཚུལ་རྒོལ་དཀའ་བའི་རང་བྱུང་གི་འཐབ་ར་བཙན་པོ་ཞིག་ཡིན་ པས་ཡིན།

༤།

དམར་ཤོག་རིང་ལུགས་ཁྱབ་སྤེལ་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་རྣམས་རྩ་

མེད་བཟོ་ཆེད་བོད་ཡུལ་བཙན་བཟུང་བྱས་པ་རེད།

རྒྱ་མིས་བོད་བཙན་བཟུང་བྱས་པས་བོད་ལ་གཏོར་སྐྱོན་གང་དང་གང་བཏང་ཡོད་དམ།

རྒྱ་མིས་བོད་བཙན་བཟུང་བྱས་ནས་གཏོར་སྐྱོན་ཤུགས་ཆེན་བཏང་ཡོད། ༡། ༢། ༣།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་མི་ས་ཡ་གཅིག་ལྷག་གི་སྲོག་ཤོར་ཡོད་ལ། རྒྱ་རིགས་

ས་ཡ་མང་པོ་བོད་ལ་གནས་སྤོར་བྱས་ཏེ། དེང་སང་བོད་དུ་བོད་མི་ལས་རྒྱ་མི་མང་བ་ཆགས་ཡོད།

བོད་ཀྱི་དགོན་པ་དང་ལྷ་ཁང་༦༠༠༠ ལྷག་ལ་གཏོར་སྐྱོན་བཏང་བས། བོད་ཀྱི་ཆོས་དང་རིག་གཞུང་ཉམས་

རྒུད་དུ་གྱུར་ཡོད།

བོད་ཀྱི་སྲོལ་རྒྱུན་ཞིང་ལས་དང་། འབྲོག་ལས། ཤིང་ནགས། ཆུ། གཏེར་ཁ། གཅན་གཟན་རི་དྭགས་སོགས་

ཀྱི་གནས་སྟངས་ཀྱང་ཉམས་རྒུད་དུ་གྱུར་ཡོད།

46


དོ་སྣང་བྱ་དགོས་པ། ང་ཚོའི་བོད་ལ་ལོ་སྟོང་ཕྲག་མང་པོའ ི་ལོ་རྒྱུས་ཡོད།

ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བོད་ནི་ཨེ་ཤི་ཡའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན། ཕྱི་ལོ་༡༩༤༩ ལོར་རྒྱ་མིས་བོད་ལ་བཙན་འཛུལ་བྱས།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པས་བོད་མི་ས་ཡ་གཅིག་ལྷག་གིས་སྲོག་ཤོར་ཡོད།

བོད་དང་རྒྱ་གཉིས་ནི་མི་རིགས་དང། ཡུལ་སྲོལ་གོམས་གཤིས། སྐད་ཡིག་སོགས་ཐ་དད་ཡིན། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས། བོད་ཆོལ་ཁ་གསུམ་དུམ་བུ་ཆེ་ཁག་ལྔ་ལ་དབྱེ་ཡོད། བོད་ས་དུམ་བུ་ཆེ་ཁག་ལྔ་ལ་དབྱེ་དོན་ནི་བོད་མི་རྣམས་ཁ་འཐོར་གཏོང་བའི་ཆེད་དུ་ཡིན།

སྦྱོང་ཚན། ཀ༽ གཤམ་གསལ་དྲི་བ་རྣམས་ལ་ལན་འདེབས་དགོས། ༡།

བོད་ཀྱི་རྒྱལ་པོ་བཞི་བཅུ་ཞེ་གཅིག་པ་དེ་སུ་ཡིན་ནམ།

༢། ཆོས་རྒྱལ་མེས་དབོན་རྣམ་གསུམ་སུ་དང་སུ་ཡིན་ནམ།

༣། ད་བར་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ག་ཚོད་བྱུང་ཡོད་དམ། ༤།

རྒྱ་མིས་བོད་ལ་བཙན་འཛུལ་བྱེད་དགོས་དོན་གང་ཡིན་ནམ།

༥། རྒྱ་མིས་བོད་ལ་གཏོར་སྐྱོན་གང་དང་གང་བཏང་ཡོད་དམ། 47


༦། བོད་གཞུང་དགའ་ལྡན་ཕོ་བྲང་༸རྒྱལ་དབང་སུའི་སྐུ་དུས་སུ་དབུ་བརྙེས་སམ། ༧། བོད་དང་རྒྱ་ནག་གཉིས་ཐ་དད་ཡིན་པའི་རྒྱུ་མཚན་ལྔ་ཤོད། ཁ༽ གཤམ་གསལ་བར་སྟོང་རྣམས་སྐོངས། ༡། རྒྱ་མིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་ས་ཡ་………………………ལྷག་གི་སྲོག་ཤོར་ཡོད། ༢། བོད་གཞུང་དགའ་ལྡན་ཕོ་བྲང་ནི་ཕྱི་ལོ་ …………………………… ལ་དབུ་བརྙེས་པ་རེད།

བྱེད་སྒོ། ཀ༽ བོད་ཀྱི་ས་ཁྲ་ཞིག་གི་སྟེང་རྒྱ་མིས་བོད་ས་དུམ་བུར་བཏང་བའི་ཞིང་ཆེན་ངོས་བཟུང་སྟེ་ཚོན་ཐོངས། ག༽ གྲོས་སྡུར་བྱ་རྒྱུ།

༡། སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས་རྒྱ་མིས་བོད་ལ་གཏོར་སྐྱོན་གང་དང་གང་བཏང་ཡོད་པའི་སྐོར་ འཛིན་གྲྭའི་སློབ་ཕྲུག་ནང་ཁུལ་བགྲོ་གླེང་བྱ་དགོས།

༢། སློབ་ཕྲུག་རྣམས་སྡེ་ཚན་གཉིས་ལ་བགོས་ནས་བོད་དང་རྒྱ་ནག་གཉིས་ཐ་དད་ཡིན་ཚུལ་ཐད་བགྲོ་གླེང་ བྱ་དགོས།

ང༽ སློབ་ཕྲུག་ཚོས་རྒྱ་ནག་སྐོར་གྱི་གནས་ཚུལ་བསྡུ་རུབ་ཀྱིས་ཡིག་ཕྲེང་བཅུ་ལས་མི་ཉུང་བ་རེ་འབྲི་དགོས།

48


།

ས

ོ ་ཚན ླབ

6

བོད་མིའི་སྒྲིག་འཛུགས།

(Central Tibetan Administration)

འཛམ་གླིང་འདིར་རྒྱལ་ཁབ་མང་པོ་ཡོད་པ་བཞིན་གཞུང་ཡང་མང་པོ་ཡོད་ལ།

གཞུང་སོ་སོའ ི་འཛིན་

སྐྱོང་བྱེད་པའི་ལམ་ལུགས་ཀྱང་སྣ་ཚོགས་ཡོད། དཔེར་ན། རྒྱལ་པོས་འཛིན་པའི་གཞུང་དང་། དམག་མིས་ འཛིན་པའི་གཞུང་། མང་གཙོའི་གཞུང་སོགས་ཡོད་པ་ལྟ་བུ་རེད། དེང་སང་འཛམ་གླིང་རྒྱལ་ཁབ་མང་ཆེ་བའི་

སྲིད་གཞུང་ནི་མང་གཙོའི་ལམ་ལུགས་ལྡན་པའི་སྲིད་གཞུང་ཡིན། རྒྱལ་ཁབ་མང་པོ་ཞིག་གི་ནང་མང་ཚོགས་ ཀྱིས་མང་གཙོའི་ལམ་ལུགས་ལ་དགའ་པོ་བྱས་ཏེ་སྲིད་གཞུང་གི་ལམ་ལུགས་མང་གཙོ་ལ་སྒྱུར་ཐབས་བྱེད་ཀྱི་ ཡོད། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱང་མང་གཙོའི་ལམ་ལུགས་ལྡན་པའི་སྒྲིག་འཛུགས་ཚད་ལྡན་ཞིག་ཡིན། 49


གང་འདྲ་ཞིག་ལ་མང་གཙོའི་གཞུང་ཟེར་རམ།

མི་མང་མང་ཆེ་བས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་འཛིན་སྐྱོང་བྱེད་པའི་གཞུང་དེ་ལ་མང་ གཙོའི་གཞུང་ཟེར།

གང་འདྲ་ཞིག་ལ་བཙན་བྱོལ་གཞུང་ཟེར་རམ།

རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱས་ཏེ།

བཙན་འཛུལ་བྱ་ཡུལ་རྒྱལ་

ཁབ་དེ འི ་ སྲི ད ་གཞུང་གནས་མ་ཐུབ་པར་ཡུལ་ལུང་གཞན་ལ་སོ ང ་ནས་སྐྱབས་བཅོ ལ ་གྱི ་ གནས་ སྟངས་འོག་བཙུགས་པའི་གཞུང་ཞིག་ལ་བཙན་བྱོལ་གཞུང་ཟེར།

ང་ཚོའི་བཙན་བྱོལ་གཞུང་ངམ། བོད་མིའི་སྒྲིག་འཛུགས་ནི་ཕྱི་ལོ་༡༩༥༩ ཟླ་༤ ཚེས་༢༩ ཉིན་རྒྱ་གར་

བྱང་ཕྱོགས་མ་སུ་རི་ལ་དབུ་བརྙེས་པ་དང་། ཕྱི་ལོ་༡༩༦༠ ལོར་རྒྱ་གར་ཧི་མ་ཅལ་མངའ་ཁོངས་རྡ་རམ་ས་ལར་

གནས་སྤོར་བ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བགསུམ་ནི་སྤྱི་འཐུས་དང། བཀའ་ཤག ཁྲིམས་ ཞིབ་བཅས་ཡིན།

རྒྱ་གར་དུ་བོད་མིའི་སྒྲིག་འཛུགས་བཙུགས་པ་ནས་ད་བར་འགྱུར་བ་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་

ཕྱིན་ཡོད།

བོད་མིའི་སྒྲིག་འཛུགས་ནི་དེང་དུས་མང་གཙོའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་ལམ་ལུགས་ལྡན་

པའི་སྒྲིག་འཛུགས་ཤིག་ཡིན།

མ་སུ་རི།

50

རྡ་རམ་ས་ལ།


བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི།

ཆེས་མཐོའ ི་ཁྲིམས་ཞིབ་ཁང།

བཀའ་ཤག

བཀའ་དྲུང་ཡིག་ཚང།

སྤྱི་ཁྱབ་འོས་ བསྡུ་ལས་ ཁང།

འཆར་འགོད་ལས་ཁུངས།

ཆོས་རིག་ ལས་ ཁུངས།

ནང་སྲིད་ ལས་ ཁུངས།

དཔལ་ འབྱོར་ལས་ ཁུངས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ཤེས་རིག་ ལས་ ཁུངས།

51

བདེ་སྲུང་ ལས་ ཁུངས།

ལས་བྱེད་ འདེམས་བསྐོ་ ལྷན་ཁང།

སྤྱི་ཁྱབ་རྩིས་ ཞིབ་ལས་ ཁང།

ཕྱི་དྲིལ་ ལས་ ཁུངས།

འཕྲོད་ བསྟེན་ལས་ ཁུངས།


བོད་མིའི་སྒྲིག་འཛུགས་འདི་སྡེ་ཁག་གཙོ་བོ་གསུམ་ལ་དབྱེ་དགོས་དོན།

བོད་མིའི་སྒྲིག་འཛུགས་ལ་མང་གཙོའི་ཀ་བ་གསུམ་མམ། དབང་ཚད་འདྲ་མཉམ་ཡིན་པའི་སྒྲིག་

འཛུགས་གསུམ་ཡོད་པ་ནི། བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། ཁྲིམས་ཞིབ་ཁང་བཅས་ཡིན།

དེ་ལྟར་སྡེ་ཁག་གཙོ་བོ་གསུམ་དུ་དབྱེ་དོན་ནི། དེ་དག་ཕན་ཚུན་དབང་ཚད་དང་ལས་འགན་ཆ་བགོས་ ཀྱིས། ཕན་ཚུན་ལྟ་རྟོག་དང་ལས་དོན་ཚགས་ཚུད་ཡོང་ཆེད་ཡིན།

བཀའ་ཤག

བཀའ་ཤག་(Cabinet)

གིས་དེ་སྔ་

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་

དབུ་ཁྲིད་འོག་འཛིན་སྐྱོང་གི་འགན་ཁུར་གྱི་ཡོད་ཀྱང། ཕྱི་ལོ་༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གིས་སྲིད་ཕྱོགས་ཀྱི་ཐུགས་འགན་ཆ་ཚང་མི་ མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་

སྤྲོད་གནང་སྟེ། ད་ཆ་སྲིད་སྐྱོང་གི་དབུ་ཁྲིད་འོག་བཀའ་

ཤག་གིས་འཛིན་སྐྱོང་གི་འགན་ཁུར་བཞེས་ཀྱི་ཡོད།

དེ་སྔ་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་གོང་། བོད་གཞུང་གི་བཀའ་ཤག་ལ་བཀའ་བློན་སེར་མོ་

བ་གཅིག་དང་། སྐྱ་བོ་གསུམ་ཡོད། བཙན་བྱོལ་ནང་དགོས་མཁོར་གཞིགས་པའི་སྐབས་སོ་སོའ ི་བཀའ་བློན་གྱི་ གྲངས་འབོར་ལ་འགྱུར་བ་སྣ་ཚོགས་བྱུང་ཡོད། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན། སྲིད་སྐྱོང་ནི་མི་མང་གིས་ ཐད་ཀར་འོས་འདེམས་བྱེད་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་རྣམས་ལག་ལེན་བསྟར་བདེ་བའི་ཆེད་དུ།

ཤག་གི་འོག་ལ་ལས་ཁུངས་ཆེ་ཁག་བདུན་ཡོད། ༡། ཆོས་རིག་ལས་ཁུངས།

ཆོས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་བོད་ཀྱི་ཆོས་དང་། 52

འཛིན་སྐྱོང་བཀའ་

རིག་གཞུང་མི་ཉམས་གོང་སྤེལ་


དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཡིན། ལས་ཁུངས་དེའི་ཁྱབ་ཁོངས་སུ་ དགོན་སྡེ་ཁག་དང་། རིག་གཞུང་གི་ལྟེ་གནས་ཁག་ཡོད།

༢། ནང་སྲིད་ལས་ཁུངས།

ནང་སྲི ད ་ལས་ཁུངས་ཀྱི ་ ལས་འགན་གཙོ ་ བོ ་ ནི ་ རྒྱ་གར་

དང། བལ་ཡུལ། འབྲུག་ཡུལ་སོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་

ཁག་དང། ལག་ཤེས་བཟོ་གྲྭ་སོགས་ལ་འཛིན་སྐྱོང་དང་གཟིགས་རྟོག་གནང་ གི་ཡོད། ༣།

དཔལ་འབྱོར་ལས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་ཡོང་འབབ་དང་འགྲོ་གྲོན་ཚང་མ་

ལས་ཁུངས་འདིས་བདག་སྐྱོང་བྱ་དགོས་པ་དང་། བཙན་བྱོལ་ དུ་གནས་པའི ་ བོ ད ་མི ་ ལོ ་ དྲུག་ཡན་གྱི ་ རྒྱལ་གཅེ ས ་དང་བླང་ དཔྱ་ཁྲལ་མ་དངུལ་གསོག་ཉར་དང།

གཞུང་ཕྱོགས་སུ་བྱུང་

བའི་ཡོང་འབབ་ཇི་ཡོད་རྣམས་གཞུང་ཕྱོགས་ཀྱི་འགྲོ་གྲོན་ཆེད་ གཏོང་གི་ཡོད། ༤།

ཤེས་རིག་ལས་ཁུངས།

བཙན་བྱོ ལ ་དུ་ཡོ ད ་པའི ་ བོ ད ་ཕྲུག་རྣམས་ལ་ཕྱི ་ ནང་གི ་ རི ག ་

གནས་སྦྱང་སའི་སློབ་གྲྭ་འཛུགས་གཉེར་དང་། སློབ་གྲྭ་ཁག་ལ་མཐུན་རྐྱེན་ སྦྱར་ཏེ་འཛིན་སྐྱོང་བྱེད་ཀྱི་ཡོད།

53


༥། བདེ་སྲུང་ལས་ཁུངས།

ལས་ཁུངས་འདིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

གི་སྐུ་ཕྱྭར་ཉེན་སྲུང་ཞུ་རྒྱུ་དང་། བོད་ནས་ཕེབས་པ་ཚོར་སྣེ་ལེན་ཞུ་རྒྱུ། དེ་

བཞིན་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་ཕྱག་ལས་རྣམས་གནང་གི་ ཡོད།

༦། ཕྱི་འབྲེལ་ལས་ཁུངས།

ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་དང་།

བོད་དོན་སྐོར་

འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུ། བོད་ནང་གི་གནས་སྟངས་ལ་ རྟོག་ཞིབ་བྱ་རྒྱུ། དོན་གཅོད་ཁག་ལ་ལས་དོན་བཀོད་སྒྲིག་བྱ་རྒྱུ་བཅས་ ཡིན།

༧།འཕྲོད་བསྟེན་ལས་ཁུངས། བཙན་བྱོལ་བོད་མི་ཡོངས་ཀྱི་འཕྲོད་བསྟེན་ཡར་རྒྱས་

གཏོང་ཆེད་དེང་དུས་སྨན་ཁང་དང་།

བོད་ཀྱི་གསོ་རིག་སྨན་

ཁང་འཛུགས་རྒྱུ་སོགས་བོད་མིའི་འཕྲོད་བསྟེན་གོང་འཕེལ་གྱི་ ལས་འགུལ་སྣ་ཚོགས་སྤེལ་རྒྱུ་དེ་ཡིན།

54


བོད་མི་མང་སྤྱི་འཐུས་ལྷན་ཚོགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི། བཙན་

བྱོ ལ ་དུ་ཡོ ད ་པའི ་ བོ ད ་མི ་ མང་གི ས ་འོས ་འདེ མ ས་

བྱས་པའི་ཁྲིམས་བཟོའ ི་ལྷན་ཚོགས་ཤིག་ཡིན། དེ་ཡང་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་

འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ལམ་སྲོལ་འདི་

བཞིན་ཕྱི་ལོ་༡༩༦༠ ཕྱི་ཟླ་༩ ཚེས་༢ ཉིན་དབུ་འཛུགས་གནང་པ་ཞིག་ཡིན།

གང་འདྲ་ཞིག་ལ་སྤྱི་འཐུས་(Parliament Member) ཟེར་རམ།

མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱི་འཐུས་མི་དེ་ཚོར་སྤྱི་འཐུས་ཟེར།

སྤྱི་འཐུས་སུས་འདེམས་ཀྱི་ཡོད་དམ།

སྤྱི་འཐུས་ནི་མི་མང་གིས་འོས་འདེམས་བྱེད་ཀྱི་ཡོད། སྤྱི་འཐུས་ཀྱི་གྲངས་འབོར། ༡།

ཆོལ་ཁ་གསུམ། མདོ་སྟོད། ༡༠

མདོ་སྨད། ༡༠

55

དབུས་གཙང་། ༡༠


༢།

ཆོས་བརྒྱུད་ལྔ་། རྙིང་མ།

བཀའ་བརྒྱུད།

༢

• •

༢

ས་སྐྱ། ༢

དགེ་ལུགས། ༢

གཡུང་དྲུང་བོན། ༢

ཨ་རི་དང་ཁེ་ན་ཌ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འཐུས་མི་གཉིས་དང།

ཡུ་རོབ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འཐུས་མི་གཉིས།

• ཨོ་སི་ཁྲོ་ལི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འཐུས་མི་གཅིག་བཅས་ཡིན།

སྤྱི་འཐུས་ལྷན་ཚོགས་ཀྱི་དབང་ཚད་དང་ལས་འགན་གང་ཡིན་ནམ།

ཁྲིམས་ལུགས་བཟོ་འགོད་དང། བཅའ་ཁྲིམས་གཏན་འབེབས། གཞུང་གི་ལོ་འཁོར་སྔོན་

རྩིས་གཏན་འབེབས་དང་སྟངས་འཛིན་གནང་རྒྱུ།

འཛིན་སྐྱོང་ལ་རྟོག་ཞིབ་དང་སྟངས་འཛིན་གནང་རྒྱུ།

སྲིད་སྐྱོང་གི་ཕྱག་རོགས་བཀའ་བློན་རྣམ་པ་དང་ཁྲིམས་དཔོན་རྣམ་པ་འདེམས་བསྐོ་

གནང་རྒྱུ།

མི ་ མང་གི ་ མངོ ན ་འདོ ད ་ལ་འགན་ཁུར་ཏེ ་ གཞུང་དང་མི ་ མང་བར་གྱི ་ ཟམ་པ་ལྟ་བུ་

གནང་རྒྱུ་བཅས་ཡིན།

56


ཁྲིམས་ཞིབ། (Judiciary)

དབུས་བོ ད ་མི འི ་ སྒྲི ག ་འཛུགས་དང་མི ་ མང་གི ་

དམིགས་བསལ་དགོས་མཁོ་དང་འཚམས་པའི་ཆེས་མཐོའ ི་ ཁྲིམ་ཞིབ་ཁང་ཞིག་བཙུགས་ཡོད།

ཁྲིམས་ཞིབ་ཁང་ནང་

ཁྲིམས་དཔོན་ཆེ་བ་གཅིག་དང་ཁྲིམས་ཞིབ་པ་གཞན་གཉིས་ ཡོད།

ཆེས་མཐོའ ི་ཁྲིམས་ཞིབ་ཁང་གི་འོག་ཏུ་ས་གནས་

ཁྲིམས་ཞིབ་པ་དང་སྐོར་སྐྱོད་ཁྲིམས་ཞིབ་པ་བཅས་ཡོད།

ཁྲིམས་ཞིབ་ཁང་གི་ལས་འགན། བཙན་བྱོལ་དུ་གནས་པའི་རིང་གནས་ཡུལ་རྒྱལ་ཁབ་སོ་སོའ ི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་

ཉེས་རིགས་ལ་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད། འོན་ཀྱང་། བོད་མིའི་བཅའ་ཁྲིམས་ནང་གསལ་གྱི་གནད་དོན་ དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སམ་ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གནད་

དོན། དེ་བཞིན་བོད་མི་ནང་ཁུལ་གྱི་རྩོད་གླེང་ཁག་ཅིགབཅས་ཐག་གཅོད་བྱེད་པར་འགན་འཁུར་གྱི་ཡོད། མདོར་ ན་བོད་མིའི་བཅའ་ཁྲིམས་ལག་ལེན་དུ་བསྟར་རྒྱུ་དང་། བཅའ་ཁྲིམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན།

57


དོ་སྣང་བྱ་དགོས་པ། མང་གཙོའི་གཞུང་ནི་མི་མང་གིས་བསྐོ་གཞག་བྱས་པའི་གཞུང་ཞིག་ཡིན། ཕྱི་ལོ་༡༩༥༩ ལོར་བོད་མིའི་སྒྲིག་འཛུགས་དབུ་བརྙེས།

བོད་མིའི་སྒྲིག་འཛུགས་ལ་བཀའ་ཤག་དང་། སྤྱི་འཐུས། ཁྲིམས་ཞིབ་བཅས་སྒྲིག་འཛུགས་ཆེ་ཁག་གསུམ་ ཡོད།

ཕྱི་ལོ་༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསི་སྲིད་ཕྱོགས་ཀྱི་སྐུ་དབང་ཆ་ཚང་མི་མང་ གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་དབུ་ཁྲིད་ནི་སྲིད་སྐྱོང་ཡིན། བཀའ་ཤག་གི་འོག་ལ་ལས་ཁུངས་ཆེ་ཁག་བདུན་ཡོད།

ཕྱི་ལོ་༡༩༦༠ ཕྱི་ཟླ་༩ ཚེས་༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས།

ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་ལག་བསྟར་དང་། བཅའ་ཁྲིམས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།

སྦྱོང་ཚན།

ཀ༽ གཤམ་གསལ་རྣམས་ལ་འོས་འཚམ་གྱི་ལན་འདེམས། ༡། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ཕྱི་ལོ་……….....................……ལ་དབུ་བརྙེས་པ་རེད།

58

(༡༩༤༩/༡༩༥༩/༡༩༦༢)


༢། བོད་མི་མང་སྤྱི་འཐུས་ཀྱི་གྲངས་ནི་……….....................……ཡིན།

(༤༠། ༤༥། ༤༤།)

(གསུམ། /གཉིས།/ ལྔ།)

(དཔལ་འབྱོར། /ནང་སྲིད།/ བདེ་སྲུང།)

༣། ཨ་རི་དང་ཁེ་ན་ཌ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་……….....................……ཡོད། ༤། ……….....................….......ལས་ཁུངས་ཀྱིས་གཞིས་ཆགས་སོགས་ལ་གཟིགས་རྟོག་གནང་གི་ཡོད། ༥། ……….......................................……ལོར་༸གོང་ས་མཆོག་གིས་སྲིད་ཕྱོགས་ཀྱི་ཐུགས་འགན་ཆ་

ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ལ་རེད།

ཁ༽

(༢༠༡༠ /༢༠༡༢ /༢༠༡༡)

གཤམ་གསལ་རྣམས་ལ་ལན་བྲིས། ༡།

གཞུང་སོ་སོའ ི་འཛིན་སྐྱོང་བྱེད་པའི་ལམ་ལུགས་མི་འདྲ་བ་གསུམ་གྱི་མིང་བྲིས།

༣།

རྒྱ་གར་གྱི་ས་གནས་གང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙུགས་ཡོད་དམ།

༢། ༤།

༥།

༦།

༧།

མང་གཙོའི་གཞུང་ལ་མི་མང་གིས་དགའ་མོས་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གང་དང་གང་ཡིན་ནམ། སྤྱི་འཐུས་ཡོང་ཁུངས་གང་དང་གང་ཡིན་ནམ།

བཀའ་ཤག་གི་འོག་ལ་ལས་ཁུངས་ཆེ་ཁག་གང་དང་གང་ཡོད་དམ། དཔལ་འབྱོར་ལས་ཁུངས་ཀྱི་ལས་འགན་གང་ཡིན་ནམ།

59


ག༽

གཤམ་གསལ་རྣམས་མཐུན་སྦྱོར་གྱིས།

ལས་ཁུངས་ཀྱི་མིང་།

ལས་འགན།

ཤེས་རིག་ལས་ཁུངས།

ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་

འཕྲོད་བསྟེན་ལས་ཁུངས།

བོད་མིའི་ཆེད་དུ་འཕྲོད་བསྟེན་གྱི་ལས་འགུལ་སྣ་ཚོགས་

ཆོས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས།

༡། ༣། ༤།

སླར་གསོ་བྱེད་རྒྱུ། བྱེད་ཀྱི་ཡོད།

༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཞུ་རྒྱུ།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་འཛིན་སྐྱོང་བྱ་རྒྱུ།

བྱེད་སྒོ།

སློབ་ཕྲུག་ཚོར་གྲོས་ཚོགས་དང་། འོས་བསྡུ་སོགས་གཞུང་འབྲེལ་གནས་ཚུལ་བརྙན་འཕྲིན་གྱི་ལམ་ནས་

སྟོན་རྒྱུ།

སློབ་མ་རྣམས་སྡེ་ཚན་གསུམ་(སྤྱི་འཐུས། བཀའ་ཤག ཁྲིམས་ཞིབ།)ལ་བགོས་ཏེ་གྲོས་ཚོགས་འཚོག་པའི་

རྣམ་པའི་ཐོག་གྲོས་གཞི་གང་རུང་ཞིག་སྤྲད་དེ་བགྲོ་གླེང་གི་འཁྲབ་སྟོན་བྱ་རུ་འཇུག་དགོས། འཚོ་བའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པའི་ཁྱིམ་ཚང་ཞིག་ལ་ཕྲུ་གུ་གསུམ་ཡོད། 60

ཟས་བཅུད་དང་


འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་ཡག་པོ་མེད་པར་བརྟེན་ལུས་གཅོང་ཡིན་པར་མ་ཟད། གོ་སྐབས་ཀྱང་ཐོབ་མེད།

སློབ་སྦྱོང་གི་

ཀ གོང་གི་ཁྱིམ་ཚང་དེའི་དཀའ་ངལ་སེལ་ཐབས་སུ་གཞུང་གི་ལས་ཁུངས་གང་དང་གང་ལ་འབྲེལ་བ་ བྱེད་དགོས་མིན་གྲོས་སྡུར་བྱ་དགོས།

ཁ གལ་སྲིད་སློབ་ཕྲུག་རང་ཉིད་ལས་ཁུངས་དེའི་འགན་འཛིན་ཡིན་ན་དཀའ་ངལ་དེ་སེལ་ཐབས་གང་ དང་གང་བྱེད་མིན་འཛིན་གྲོགས་རྣམས་ལ་རེས་མོས་བྱས་ནས་བཤད་རྒྱུ།

༢།

གཤམ་གསལ་རེའུ་མིག་ནང་ལས་ཐོག་མི་སྣའི་མཚན་འབྲི་དགོས། ལས་ཁུངས།

བཀའ་བློན།

ཆོས་རིག ནང་སྲིད།

དཔལ་འབྱོར། ཤེས་རིག བདེ་སྲུང། ཕྱི་དྲིལ། འཕྲོད་བསྟེན། 61


།

ས

ོ ་ཚན ླབ

7

བོད་ཀྱི་གནའ་བོའ་ཤ ི ུལ་བཞག

འཛམ་གླིང་གི་ཡང་ཐོག་ཏུ་གནས་པའི་བོད་ནི་རང་བྱུང་ས་བབ་ཀྱི་བཀོད་པ་མཛེས་ལ་རླུང་ཁམས་

གཙང་བ། འགྲོ་བ་མིའི་བྱུང་རབས་སྔ་ལ་ཤེས་ཪིག་གི་དཔལ་ཡོན་དར་སྔ་བ། རིག་གཞུག་གི་རྨང་གཞི་བརྟན་ ལ་ཁྱབ་ཚད་ཆེ་བ། བཟོ་བཀོད་རིག་རྩལ་གྱི་རྣམ་གྲངས་མང་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་

བསམ་ཡས་གཙུག་ལག་ཁང།

ཡུམ་བུ་བླ་སྒང།

བླ་བྲང་བཀྲ་ཤིས་འཁྱིལ།

ཅོ་ནེ་དཔར་ཁང།

སྣར་ཐང་དཔར་ཁང།

སྡེ་དགེ་དཔར་ཁང།

པ། འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་ལ་མི་རབས་གོང་མ་ཚོའི་ཕྱག་རྗེས་ཧ་ཅང་མང་བ། འཛམ་གླིང་ ནང་སྐད་གྲགས་ཆེ་བའི་བོད་ཀྱི་གནའ་བོའ ཤ ི་ ུལ་བཞག་གིས་འདས་ཟིན་པའི་བོད་མི་ཚོའི་ཕུལ་དུ་བྱུང་བའི་རྣམ་ དཔྱོད་ཀྱི་རྩལ་མཚོན་གྱི་ཡོད། ཤས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན།

དེར་བརྟེན་གྲོགས་པོ་ཆུང་ཆུང་ཁྱེད་རང་ཚོར་བོད་ཀྱི་གནའ་བོའཤ ི་ ུལ་བཞག་ཁ་ 62


བསམ་ཡས་གཙུག་ལག་ཁང། གཙུག་ལག་ཁང་འདི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ལྷོ་ཤར་ཕྱོགས་སུ་ཀི་ལོ་མི་ཊར་༡༤༤ ས་ན་ཡོད་པའི་ལྷོ་

ཁ་གྲ་ནང་རྫོང་ཁོངས་བསམ་ཡས་ཞེས་པའི་ལུང་པ་དེར་ཡོད། འདི་ནི་དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་ པོ་ཁྲི་སྲོང་ལྡེའུ་བཙན་དང། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་གསུམ་གྱིས་བཞེངས་པའི་ལྷ་

ཁང་ཞིག་ཡིན། བསམ་ཡས་གཙུག་ལག་ཁང་གི་འཛུགས་སྐྲུན་ནི། བོད་དང་རྒྱ་ནག། རྒྱ་གར་བཅས་ཀྱི་ལུགས་ སུ་བྱས་ཡོད། དེ་བཞིན་གནས་འདི་ནི་བོད་ཀྱི་ལོ་རྒྱུས་ནང་རབ་བྱུང་གི་སྡེ་ཐོག་མར་དར་ཡུལ་ཡང་ཡིན། གཏོར་བཤིག་དང་གསར་སྐྲུན།

བོད་རྒྱ་ནག་གིས་བཙན་བཟུང་བྱེད་སྐབས་རིག་གནས་གསར་བརྗེ་ཞེས་པའི་དུས་སུ་བོད་ཀྱི་དགོན་སྡེ་

ཁག་དང། གསུང་རབ་དཔེ་ཆ། སྐུ་རྟེན། གྲྭ་བཙུན་བཅས་མེད་པར་བཟོས་ཏེ། གཙུག་ལག་ཁང་གི་ཕྱིའི་བཟོ་བཀོད་

དང་ནང་གི་རྟེན་གཙོ་བཅས་ལ་ཉམས་ཆག་ཚབས་ཆེན་ཕོག་ནས་རྩ་བརླག་ཏུ་འགྲོ་ལ་ཉེ་བར་སླེབས་ཡོད། ཡིན་ ན་ཡང་དེང་སང་དད་ལྡན་མང་ཚོགས་ཀྱིས་བསྐྱར་བཞེངས་བྱས་པས་སྔ་མ་དང་འདྲ་ཙམ་ཞིག་མཇལ་རྒྱུ་ཡོད།

63


ཡུམ་བུ་བླ་སྒང།

རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་སྒང། ཞིང་ལ་སྔ་བ་ཟོ་དང་རིང་མོ།

ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས་གྲགས་པ་ལྟར། བོད་ཀྱི་ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་ནི་བོད་ཀྱི་རྒྱལ་

ཐོག་དང་པོ་གཉའ་ཁྲི་བཙན་པོས་བཞེངས་སྐྲུན་མཛད་ཅིང། བོད་དུ་འཛུགས་སྐྲུན་གྱི་སྣང་བརྙན་ཐོག་མ་དེ་ཡིན་

ལ། བོད་དུ་ནང་པའི་བསྟན་པ་དབུ་བརྙེས་སའི་གནས་ཐོག་མའང་འདི་ཡིན་པ་རེད། ཕོ་བྲང་འདི་ནི་ལྷོ་ཁ་ཁུལ་དུ་ ཡོད།

ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་རྗེས། ཡུམ་བུ་བླ་སྒང་གི་ཕྱི་ནང་

ཡོངས་སུ་རྫོགས་པ་ཤུལ་མེད་བཟོས་མོད། བོད་མི་ཚོས་བསྐྱར་བསྐྲུན་བྱས་ཏེ། དེང་སྐབས་སྔར་གྱི་རྣམ་པ་ཆ་ ཚང་མཐོང་རྒྱུ་ཡོད་པ་ཞིག་བཟོས་ཡོད།

64


བླ་བྲང་བཀྲ་ཤིས་འཁྱིལ།

བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་

ཁོངས་སུ་ཆགས་ཡོད། སྤྱི་ལོ་༡༧༠༩ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་ འགྲུས་ཀྱིས་ཕྱག་བཏབ་པ་ཡིན། ལོ་ངོ་༢༨༠ ལྷག་ཙམ་གྱི་རིང་དགོན་པ་འདི་བཟོ་བསྐྲུན་དང་རྒྱ་བསྐྱེད་རྒྱུན་མ་

ཆད་པས། གྲྭ་ཚང་ཆེན་པོ་དྲུག་དང་། ལྷ་ཁང་དང་གནས་ཆེན་བཞི་བཅུ་ཞེ་བརྒྱད། གྲྭ་ཤག་ལྔ་བརྒྱ་ལྷག་ཙམ་ བཅས་ཡོད་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར།

བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་ཆེན་པོ་དྲུག་ནི། རྨད་བྱུང་ཐོས་བསམ་གླིང་དང་། དཔལ་ལྡན་

སྨད་རྒྱུད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། ཨེ་ཝཾ་ཆོས་འཁོར་གླིང་། སྨན་པ་གྲྭ་ཚང་། གསོ་རིགས་གཞན་ཕན་གླིང་། ཀྱེཻ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་། རྒྱུད་སྟོང་གྲྭ་ཚང་གསང་ཆེན་རྡོ་རྗེ་གླིང་བཅས་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི།

གསུང་དང་ཐུགས་ཀྱི་རྟེན་རྣམ་

གྲངས་མང་ཞིང་ཉར་ཚགས་ཡག་པོ་བྱས་ཡོད་པ་དེ་ཡིན། ལྷག་པར་དུ་བསམ་ཡིད་ལས་འདས་པའི་འཇིག་རྟེན་ ན་དཀོན་པའི་རྟེན་ཁྱད་ཁར་ཅན་སྟེ། ཚོན་མདངས་སྣ་ཚོགས་ཀྱི་སྐར་རྡོ་དང་བྱ་རྔ་མོང་གི་འགྱུར་རྡོ། བྱི་རུའི་སྡོང་

པོ། བོད་ཡིག་གི་སའི་གོ་ལའི་དཔེ་དབྱིབས། བེ​ེཊུཏྰ རྱ་རྡོ་རྗེ་ཕ་ལམ། མརྒད། པད་རག་སོགས་རིན་པོ་ཆེས་བརྒྱན་ པའི་མཆོད་རྟེན། རུས་རྒྱན། འབྲུག་གི་མགོ་རུས་སོགས་ཡོད་པ་དེ་ཡིན་ནོ།། 65


སྣར་ ཐང་།

༡ སྣར་ཐང་དཔར་ཁང།

གྲོགས་པོ་ཆུང་ཆུང་ཚོ།

ང་ཚོའི་བོད་ཁ་བའི་ལྗོངས་འདིར་དུས་རབས་༡༥

པའི་དཀྱིལ་ཙམ་ནས་སངས་རྒྱས་ཀྱི་

བཀའ་དང་བསྟན་བཅོས་རྣམས་ཡིག་ཐོག་ཏུ་དཔར་སྐྲུན་གནང་བའི་དོན་དུ་སྣར་ཐང་དཔར་ཁང་

དང་། སྡེ་དགེ་དཔར་ཁང་དང། ཅོ་ནེ་དཔར་ཁང་སོགས་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་ དཔར་ཁང་ཆེ་འབྲིང་ཆུང་གསུམ་རིམ་པར་དར་ཁྱབ་བྱུང་ཡོད་པ་ལས་དཔར་ཁང་ཆེན་མོ་གསུམ་ གྱི་སྐོར་ངོ་སྤྲོད་ཞུ་བར་བྱའོ།།

སྣར་ཐང་དཔར་ཁང་ནི་གཙང་གཞིས་ཀ་རྩེ་ནས་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་༡༥ ཙམ་གྱི་སར་ཡོད། དེ་ཡང་རི་

བོ་གླང་པོ་ཆེའི་སྣ་ཞགས་བརྐྱངས་པ་འདྲ་བའི་འདབས་སུ་ཆགས་ཡོད་པས་མིང་འདི་ལྟར་ཐོགས་པ་ཡིན། དཔར་ ཁང་འདི་ནི་སྣར་ཐང་དགོན་པའི་ནང་དུ་ཡོད་ཅིང། བོད་ཀྱི་དཔར་ཁང་རྙིང་ཤོས་ཤིག་ཡིན། སྣར་ཐང་དགོན་པའི་ མཁས་པ་ཆེན་པོ་བཅོམ་ལྡན་རིག་པའི་རལ་གྲི་སོགས་ཀྱིས་བོད་དུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་ 66


མ་དཔེ་ཡོད་ཚད་ཕྱོགས་སྒྲིག་གནང་བ་ཞིག་དགོན་པ་དེར་ཡོད་པ་དང། དུས་རབས་བཅོ་བརྒྱད་པའི་ནང་། ལོར་ བཀའ་འགྱུར་པོད་བརྒྱ་ཐམ་པའི་དཔར་ཤིང་དང། བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་དཔར་ཤིང། འཁྲུངས་ རབས་ཐང་ཀའི་དཔར་ཤིང་སོགས་ཧ་ཅང་འབོར་ཆེན་བསྐྲུན་ཡོད།

བོད་རྒྱ་ལག་ཏུ་ཤོར་རྗེས་རྒྱ་མིས་རྩ་གཏོར་བཏང་བས་ད་ལྟ་ཆགས་ཤུལ་ཙམ་ལས་མེད། འོན་ཀྱང་དེང་

སང་སྔོན་གྱི་དགོན་ཤུལ་དེར་དགོན་པ་ཆུང་ངུ་ཞིག་དད་ལྡན་མང་ཚོགས་ཀྱིས་རང་འགུལ་ངང་བཞེངས་ནས་ མཇལ་སྐོར་བྱེད་ས་ཡོད་པ་ཙམ་ལས་དེ་སྔའི་ཟུར་ཙམ་ཡང་མེད། སྡེ་ དགེ།

༢ སྡེ་དགེ་དཔར་ཁང།

སྡེ་དགེ་དཔར་ཁང་ནི་དགེ་སྡེ་དགོན་ཆེན་གྱི་ནང་དུ་ཡོད་ཅིང། དཔར་ཁང་གི་མིང་ལ་ཆོས་མཛོད་ཆེན་

མོ་བཀྲ་ཤིས་སྒོ་མང་ཟེར། དུས་རབས་བཅོ་བརྒྱད་པའི་ནང་སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་

པ་ཚེ་རིང་གི་སྐུ་དུས་སུ་བཞེངས་པའི་བཀའ་བསྟན་འགྱུར་དང། ས་དགེ་བཀའ་རྙིང་གི་གསུང་འབུམ་སྣ་ཚོགས་ དང་མདོ་སྔགས་རིག་གནས་དང་བཅས་པའི་དཔར་ཤིང་འབོར་ཆེན་ཡོད་པའི་དཔར་ཁང་ཞིག་ཡིན། 67


༣ ཅོ་ནེ་དཔར་ཁང།

ཅོ་ནེ།

ཅོ་ནེ་དཔར་ཁང་ནི་དུས་རབས་༡༦ པར་ཅོ་ནེ་

དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་ པོའ ི་སྐབས་སུ་བཙུགས་པ་ཞིག་ཡིན་ལ།

དེ་ནི་

ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ཁོངས་སུ་ཡོད་པའི་ ཅོ་ནེ་དགོན་པའི་ནང་ཡོད།

ཐོག་མར་དེར་ཆེད་དུ་བཀའ་འགྱུར་གྱི་དཔར་

བརྐོ་བའམ་བཤུ་འབྲི་བྱས་པ་དང། ཁྱོན་བསྡོམས་ པོད་༡༠༨ དང་དཔར་ཤིང་ཁྲི་༨ ལྷག་ཡོད། ཕྱི་

ལོ་༡༧༥༣ ལོར་ཅོ་ནེ་དཔོན་རབས་བཅུ་གསུམ་ པ་བསྟན་སྲུང་ཚེ ་ རི ང ་གི ་ སྐབས་བསྟན་འགྱུར་

དཔར་ཁང་བཙུགས་པ་དང་། དེར་པོད་༣༡༧ དང་ དཔར་ཤིང་ཁྲི་༡༢ ཙམ་ཡོད། བསྟན་འགྱུར་ཆ་

ཚང་ཞིག་དཔར་བར་བཟོ་བ་༧༠ ཡིས་ཟླ་༥ ལྷག་ འགོར་གྱི་ཡོད།

ཅོ་ནེ་བཀའ་འགྱུར་དཔར་ཁང་ལ་ཕྱི་ལོ་༡༧༢༡

ལོ་ནས་ཕྱི་ལོ་༡༩༢༨ ལོའ ི་བར་ཁྱོན་བསྡོམས་ལོ་ ངོ་༢༠༧ གྱི་ལོ་རྒྱུས་ཡོད་པ་དང་། ཅོ་ནེ་བསྟན་ འགྱུར་དཔར་ཁང་ལ་ཕྱི་ལོ་༡༧༥༣ ལོ་ནས་ཕྱི་ལོ་

༡༩༢༨ ལོའ ི་བར་ཁྱོན་བསྡོམས་ལོ་ངོ་༡༧༥ ཡི་ལོ་ རྒྱུས་ལྡན།

ཅོ་ནེ་དཔར་ཁང་འདི་གཉིས་ཀྱི་ནང་

བོ ད ་ཀྱི ་ རི ག ་གནས་ཆེ ་ ཆུང་བཅུ་ཡི ་ བརྩམས་ ཆོས་དཔེ་ཆ་ཁྲི་ལྷག་དཔར་སྐྲུན་མཛད་མྱོང་ཡོད། 68


དོ་སྣང་བྱ་དགོས་པ།

བོད་ལ་བསམ་ཡས་གཙུག་ལག་ཁང་དང། ཡུམ་བུ་བླ་སྒང་སོགས་གནའ་ཤུལ་མང་པོ་ཡོད།

བསམ་ཡས་གཙུག་ལག་ཁང་ནི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང། མཁན་ཆེན་ཞི་བ་འཚོ། སློབ་ དཔོན་པདྨ་འབྱུང་གནས་གསུམ་གྱིས་བཞེངས།

བསམ་ཡས་གཙུག་ལག་ཁང་ནི་ལྷ་སའི་ལྷོ་ཕྱོགས་སུ་ཡོད་པའི་ལྷོ་ཁ་གྲ་ནང་རྫོང་ཁོངས་བསམ་ཡས་ཞེས་ པའི་ལུང་པ་དེར་ཡོད།

བོད་རྒྱལ་གཉའ་ཁྲི་བཙན་པོས་བཞེངས་པའི་ཕོ་བྲང་ཡུམ་བུ་བླ་སྒང་ནི་བོད་ཀྱི་མཁར་གྱི་ཐོག་མ་ཡིན།

བོད་ནང་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་རྣམས་དཔར་སྐྲུན་བྱེད་སའི་དཔར་ཁང་ཆེ་ཁག་གསུམ་ ནི་སྣར་ཐང་དཔར་ཁང། སྡེ་དགེ་དཔར་ཁང་དང། ཅོ་ནེ་དཔར་ཁང་བཅས་ཡིན།

རྒྱ་མིས་བོད་ནང་བཙན་འཛུལ་བྱས་རྗེས་བོད་ཀྱི་མི་རབས་གོང་མ་ཚོའི་ཕྱག་རྗེས་རྣམས་ལ་ཉམས་ཆག་ ཚབས་ཆེན་ཕོག་ནས་རྩ་བརླག་ཏུ་འགྲོ་ལ་ཉེ་བར་སླེབས་ཡོད།

སྦྱོང་ཚན།

ཀ༽

གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། ༡།

བོད་ནང་གི་གནའ་བོའཤ ི་ ུལ་བཞག་ཁ་ཤས་ཀྱི་མིང་བྲིས།

༣།

བསམ་ཡས་གཙུག་ལག་ཁང་གི་བཟོ་དབྱིབས་རྒྱལ་ཁབ་གང་དང་གང་ནས་དཔེ་བླངས་ཡོད་

༢།

༤།

བསམ་ཡས་གཙུག་ལག་ཁང་གང་དུ་གནས་ཡོད་དམ། དམ།

ཡུམ་བུ་བླ་སྒང་རྒྱལ་པོ་སུས་བཞེངས་པ་རེད་དམ། 69


༥།

༦། ཁ༽

སྔ་མོའ ི་དཔར་ཁང་དང་དེང་དུས་ཀྱི་དཔར་ཁང་ལ་ཁྱད་པར་གང་ཡོད་དམ།

བར་སྟོང་འགེངས་དགོས། ༡།

ཡུམ་བུ་བླ་སྒང་ནི་…………………………… ཡིན།

༣།

ཅོ་ནེ་དཔར་ཁང་ནི་དུས་རབས་……………………………ནང་ཕྱག་བཏབ།

༢། ༥།

ག༽

དཔར་ཁང་བཞེངས་དགོས་པའི་རྒྱུ་མཚན་བྲིས།

……………………………ནི་བོད་ཀྱི་དཔར་ཁང་རྙིང་ཤོས་ཤིག་ཡིན།

བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེནས་མཁན་ནི་……………………………ཡིན།

གཤམ་གསལ་ཀ་སྡེ་དང་ཁ་སྡེ་གཉིས་ཕན་ཚུན་མཐུན་སྦྱོར་བྱ་དགོས། ཀ་སྡེ།

ཁ་སྡེ།

དཔར་ཁང་།

འདམ་ལས་བཟོས་པའི་སྐུ།

མེས་པོ།

སངས་རྒྱས་ཀྱི་བཀའ་བསྟན་དཔར་སྐྲུན་བྱེད་ས་ཡིན།

སྐུ་མཁར། འཇིམ་སྐུ།

མི་རབས་གོང་མ། ཕོ་བྲང་། 70


བྱེད་སྒོ། ཀ༽

རང་གི་གྲོགས་པོ་ལ་ཡིག་ཆུང་ཞིག་བྲིས་ཏེ་དེའི་ནང་བོད་ཀྱི་གནའ་ཤུལ་སྐོར་འགྲེལ་བཤད་བྲིས།

ཁ༽ སློབ་ཕྲུག་རྣམས་སྡེ་ཚན་ཁག་ཏུ་བགོས་ཏེ་གཤམ་གསལ་བོད་ཀྱི་དགོན་སྡེ་དང་དཔར་ཁང་དག་གི་ སྐོར་བསྡུ་རུབ་བྱོས། ༡།

དཔལ་འཁོར་མཆོད་རྟེན།

༣།

ནོར་བུ་གླིང་ག

༥།

ར་ས་འཕྲུན་སྣང་གཙུག་ལག་ཁང་།

༢། ༤།

ཞོལ་དཔར་ཁང་།

སྐུ་འབུམ་བྱམས་པ་གླིང་།

ག༽ དགེ་རྒན་གྱིས་ས་ཁྲའི་མཐུན་རྐྱེན་སྦྱར་ཏེ་གཤམ་གྱི་གནའ་ཤུལ་རྣམས་གང་དུ་གནས་པའི་ཡུལ་སྟོན་ དགོས། ༡།

བསམ་ཡས་བཙུག་ལག་ཁང།

༣།

ཕོ་བྲང་པོ་ཏ་ལ།

༢།

ཡུམ་བུ་བླ་སྒང།

71


༤།

བླ་བྲང་བཀྲ་ཤིས་འཁྱིལ།

༦།

སྣར་ཐང་དཔར་ཁང།

༥།

༧། ང༽

སྡེ་དགེ་དཔར་ཁང། ཅོ་ནེ་དཔར་ཁང་།

འཛམ་གླིང་ནང་གི་གནའ་ཤུལ་གྲགས་ཅན་ལྔའི་སྐོར་དང་པར་རིས་འཚོལ་སྒྲུབ་ཀྱིས་རང་ཉིད་ཀྱི་དེབ་ ནང་སྦྱར་རྒྱུ།

72


ོ ་ཚན ླབ

།

ས

ནང་པའི་གནས་ཆེན།

8

འཛམ་གླིང་ནང་ཆོས་ལུགས་སྣ་ཚོགས་ཡོད་པ་བཞིན་ཆོས་ལུགས་སོ་སོའ་ི གནས་ཀྱང་ས་གནས་སྣ་

ཚོགས་ལ་མཇལ་རྒྱུ་ཡོད། ང་ཚོ་ནང་པ་རྣམས་ལ་ཡང་གནས་མང་པོ་ཡོད། དེ་དག་ནི་ནང་པའི་ཆོས་ཁྱབ་ཡུལ་ གྱི་ས་ཆ་ཁག་ལ་ཡོད། དཔེར་ན། བོད་ནང་ལ་ཙ་རི་དང། བྲག་ཡེར་པ། གངས་རིན་པོ་ཆེ་སོགས་ལྟ་བུ་དང། རྒྱ་

ནག་ནང་ལ་རི་བོ་རྩེ་ལྔ་ལྟ་བུ། བལ་ཡུལ་དུ་ཡང་འཕགས་པ་ཤིང་ཀུན་དང། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ ཡོད་པ་ལྟ་བུ་རེད། རྒྱ་གར་དུ་ཡང་སྟོན་པ་བཅོམ་ལྡན་འདས་འཁྲུངས་སའི་གནས་ལུམྦི་ནི​ི་ཚལ་དང་། སངས་

རྒྱས་སའི་གནས་རྡོ་རྗེ་གདན། ཆོས་འཁོར་དང་པོ་བསྐོར་སའི་གནས་ཝཱ་རཱ་ཎ་སི། མྱ་ངན་ལས་འདའ་སའི་གནས་ རྩྭ་མཆོག་གྲོང་། དཔལ་ལྡན་འབྲས་སྤུངས་དང། ནཱ་ལེནྡྲ་སོགས་ཧ་ཅང་མང་པོ་ཡོད། རྡོ་རྗེ་གདན་ནི་རྒྱ་གར་གྱི་བྷི་ཧར་ (Bi-

har) མངའ་སྡེའི་གྲོང་ཁྱེར་གྷ་ཡ་ (Gaya) ནང་དུ་ཡོད།

ནང་པའི་གནས་ཚང་མའི་ནང་

ནས་གཙོ ་ བོ ་ དེ ་ ཡི ན ་པས་གནས་མཆོ ག ་རྡོ ་ རྗེ་གདན་ཞེས་ཀྱང་ཟེར།

རྡོ་རྗེ་གདན་གྱི་བྱང་

ཆུབ་ཀྱི་ཤིང་དྲུང་དུ་སྟོན་པ་བཅོམ་ལྡན་འདས་

མངོན་པར་རྫོགས་པར་སངས་རྒྱས་ཤིང། དེང་ སང་ལོ ་ དྲུག་དཀའ་བ་སྤྱད་པའི་གནས་ཆུ་བོ་

ནཻ་རཉྫ་ནའི་འགྲམ་དང། མཆོད་རྟེན་ཆེན་པོའ ི་ གཡས་སྒོ་རུ་ཡོད་པའི་སྒྲོལ་མ་ལྷ་ཁང།

ལྷོ་

ངོས་སུ་ཀླུའི་རྒྱལ་པོ་ལ་ཆོས་གསུང་སའི་མཚོ་ རྫིང།

མཚོ་རྫིང་གི་ཕྱི་ལོགས་སུ་ཆོས་རྒྱལ་

མྱ་ངན་མེད་ཀྱིས་བཞེངས་པའི་རྡོ་རིང་བཅས་ མཇལ་རྒྱུ་ཡོད།

73


ནཱ་ལེནྡྲ། ནཱ་ལེནྡྲ་ནི་གནས་མཆོག་རྡོ་རྗེ་གདན་ལྟར་བྷི་ཧར་གྱི་གྲོང་ཁྱེར་གྷ་ཡ་ནང་ཆགས་ཡོད།

རྡོ་རྗེ་གདན་ནས་

ལྷོ་ནུབ་ཕྱོགས་སུ་ཕྱིན་ན་ཀི་ལོ་མི་ཊར་༡༦༤ ཙམ་ནས་ནཱ་ལེནྡྲར་སླེབས་ཀྱི་ཡོད། ནཱ་ལེནྡྲ་ནི་རྒྱ་གར་གྱི་ནང་པའི་ དགོན་པ་ཆེ་ཤོས་སམ།

ནང་ཆོས་ཆོས་སློབ་གཉེར་བྱ་ས་ཆེ་ཤོས་དང་སྐད་གྲགས་ཆེ་ཤོས་དེ་ཡིན།

དེ ་ ཆགས་ཡུལ་ནི ་ འཕགས་པ་ཤཱ་རི འི ་ བུ་

དགོན་པ་

འཁྲུངས་ཡུལ་ཡིན་པས། དྲན་གསོའ ི་ཆེད་

དུ་དུས་རབས་ལྔ་པ་ཙམ་གྱི་ནང་བཞེངས་ པ་ཞིག་ཡིན།

དགོན་པ་འདིར་སྔོན་དུས་

གཙུག་ལག་ཁང་བརྒྱད་བཅུ་ཅ་བཞི་ཡོད་

ཅིང། དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ གསལ་བས་གཞི ་ རྒྱ་ཧ་ཅང་ཆེ ན ་པོ ་ ཡོ ད །

མགོན་པོ་ཀླུ་སྒྲུབ་དང། ཨཱརྱ་དེ་ཝ། མཁན་ ཆེན་ཞི་བ་འཚོ།

སློབ་དཔོན་ཟླ་བ་གྲགས་

པ་སོ ག ས་སྔོ ན ་གྱི ་ པཎྜི ་ ཏ་ཆེ ན ་པོ ་ ཚང་མ་

དགོན་པ་འདི་རུ་སློབ་གཉེར་གནང་མྱོང་མཁན་ཤ་སྟག་ཡིན།

བོད་དང་རྒྱ་ནག་ཏུ་ནང་ཆོས་དར་བའི་བརྒྱུད་པ་

གཙོ་བོ་ཡང་དགོན་པ་འདི་ནས་ཡིན། དེར་བརྟེན་ད་ལྟའི་ང་ཚོ་བོད་ཀྱི་ནང་པའི་ཆོས་ཀྱི་འབྱུང་ཁུངས་ཡང་དཔལ་ ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན།

མཆོད་རྟེན་བྱ་རུང་ཁ་ཤོར། མཆོད་རྟེན་བྱ་རུང་ཁ་ཤོར་ནི་བལ་ཡུལ་དུ་ཡོད་ལ་བོད་པ་ཚོས་ཀྱང་ཉམས་གསོ་བྱས་མྱོང་བའི་ལོ་རྒྱུས་

ཡོད། མཚོད་རྟེན་ནང་ལ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ཡོད་པས། ནང་པའི་གནས་གལ་ཆེན་ཞིག་ཡིན། 74


མཆོད་རྟེན་འདི་བཞེངས་པའི་ལོ་རྒྱུས་དང་འབྲེལ་བའི་སྒྲུང་ཐུང་ངུ་ཞིག

སྔོན་ལྷ་ཡུལ་གྱི་བུ་མོ་གང་ཆུང་མ་ཞེས་པ་མི་ཡུལ་དུ་སྐྱེ་བ་ལེན་སྐབས། བལ་ཡུལ་དུ་བྱ་རྫི་མ་ཞིག་གི་

བུ་མོར་སྐྱེས། བུ་མོ་དེའ་ི མིང་ལ་བྱ་རྫིའ་ི བུ་མོ་བདེ་མཆོག་མ་ཟེར། བྱ་རྫིའ་ི བུ་མོ་བདེ་མཆོག་མས་བྱ་འཚོ་བའི་ ལས་ཀ་རྒྱུན་རིང་བྱས་ཏེ་གླ་ཆ་བསགས་པས་ཕྱུག་ཙམ་ཆགས་པ་དང།

རྗེས་སུ་བྱ་རྫི་མ་ལ་ཨ་ཕ་མི་གཅིག་

པའི་བུ་བཞི་བྱུང་། དེ་དག་ནི་རྟ་རྫིའ་ི བུ་དང། ཕག་རྫིའ་ི བུ། ཁྱི་རྫིའ་ི བུ། བྱ་རྫིའ་ི བུ་བཅས་ཡིན། ཁོ་ཚོ་བུ་བཞི་པོ་ དང་ཨ་མས་ཡུན་རིང་བྱ་རྫི་བྱས་པས།

འཚོ་བའི་དཀའ་ངལ་མེད་པར་གྱུར་བ་མ་ཟད་ཧ་ཅང་ཕྱུག་པོ་ཆགས་

པ་རེད། དེ་ནས་བྱ་རྫི་ཨ་མ་དེའ་ི སེམས་སུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྟེན། རང་གི་ཡི་དམ། འགྲོ་བ་ སེམས་ཅན་རྣམས་ལ་བསོད་ནམས་གསོག་པའི་མཆོད་རྟེན་ཆེན་པོ་ཞིག་བཞེང་བར་འདོད་ནས།

སྐབས་དེའ་ི

བལ་ཡུལ་གྱི་རྒྱལ་པོ་ལ་ཞུས་པས། རྒྱལ་པོས། བྱ་རྫི་མ་ཞིག་གིས་རང་གི་བུ་བཞི་པོར་ལྟ་སྐྱོང་ཡག་པོ་བྱས་པ་ མ་ཟད། ད་དུང་མཆོད་རྟེན་ཞིག་བཞེང་འདོད་ཡོད་པ་དེ་ཧ་ཅང་ཡག་པོ་རེད་དགོངས་ནས་དེ་ལྟར་བྱ་རུང་ཞེས་

ཐག་བཅད། དེ་ནས་མ་བུ་ལྔ་དང་གཡོག་པོ་གཅིག་བཅས་པས། གླང་ཆེན་གཅིག་དང་བོང་བུ་གཅིག་བཀོལ་ 75


ནས་མཆོད་རྟེན་རྩིག་པའི་སྐབས། མཆོད་རྟེན་གྱི་བང་རིམ་གསུམ་པར་སླེབས་པའི་ཚེ། ཡུལ་མི་རྣམས་ཀྱིས་ཕྲག་

དོག་བྱས་ཏེ་རྒྱལ་པོ་ལ་མཆོད་རྟེན་བཞེང་དུ་མི་འཇུག་པའི་ཞུ་བ་ཕུལ་ཀྱང། རྒྱལ་པོས། ཨ་མ་བྱ་རྫི་མ་ཞིག་གིས་ རང་གི་ཕྲུ་གུ་བཞི་གསོ་སྐྱོང་ལེགས་པ་བྱས་པ་མ་ཟད་མཆོད་རྟེན་ཆེན་པོ་འདི་ལྟ་བུ་བཞེངས་པ་ངོ་མཚར་ཆེ། དེར་

བརྟེན་ངས་བྱ་རུང་ཞེས་ཁ་ནས་ཤར ོ ་རོ། ། ང་རྒྱལ་པོའ ི་སྨྲ་བ་ལན་གཅིག་ཡིན་ཞེས་བཞེངས་བཅུག མཆོད་རྟེན་གྱི་ མཚན་ལའང་བྱ་རུང་ཁ་ཤར ོ ་དུ་གྲགས།

དེ་ནས་མུ་མཐུད་ནས་བཞེངས་པས་ལོ་བཞི་ལ་བུམ་པ་མན་ཆད་གྲུབ།

དེ་ནས་མ་བྱ་རྫི་མ་གྲོངས། གྲོངས་ཁར་བུ་བཞི་དང་གཡོག་པོ་བཅས་ལྔ་ལ། ཁྱེད་ཚོས་མཆོད་རྟེན་ཆེན་པོ་འདིའ་ི

ལྷག་འཕྲོ་བཞེངས་ནས། དེའ་ི ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་འཇོག་པ་དང། རབ་གནས་རྒྱ་ཆེན་པོ་

བྱ་དགོས་ཞེས་མངགས། དེ་ནས་མུ་མཐུད་ནས་ལྷག་འཕྲོ་རྣམས་བཞེངས་པས་ལོ་གསུམ་གྱི་རྗེས་སུ་ལེགས་པར་ གྲུབ། ཁྱོན་བསྡོམས་མཆོད་རྟེན་ཆེན་པོ་འདི་བཞེང་བ་ལ་ལོ་བདུན་འགོར་བ་ཡིན་ཟེར་སྲོལ་ཡོད་དོ།། མཆོད་རྟེན་བཞེངས་གྲུབ་ནས་རབ་གནས་བྱེད་སྐབས།

མདུན་གྱི་ནམ་མཁའ་ལ་སངས་རྒྱས་འོད་སྲུང་

དང། བྱང་ཆུབ་སེམས་དཔའ་མང་པོ་བྱོན་ནས་མེ་ཏོག་གཏོར་ཞིང། བཀྲ་ཤིས་པའི་རྟགས་མཚནམང་པོ་བསྟན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས།

བསོད་ནམས་དང་སྐལ་བ་ལྡན་པའི་རིགས་ཀྱི་བུ་རྣམས་

ཉོན་ཅིག ཁྱེད་རྣམས་ཀྱི་ལྷག་པའི་བསམ་པས་མཆོད་རྟེན་ཆེན་པོ་འདི་བཞེངས་པས། སོ་སོས་སྨོན་ལམ་ཅི་ཞིག་

བཏབ་ཀྱང་འགྲུབ་པར་འགྱུར་བས། སྨོན་ལམ་ཐོབས་ཤིག་ཅེས་བཀའ་སྩལ། དེ་ནས་ཚང་མས་སོ་སོའ ི་འདོད་པ་ ལྟར་སྨོན་ལམ་བཏབ་པས་སྨོན་ལམ་ཡོངས་སུ་འགྲུབ་པར་བརྗོད་སྲོལ་ཡོད།

དུས་རྒྱུན་ང་ཚོས་ཀྱང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་དུ་དད་པ་གཙང་མས་གསོལ་བ་སྨོན་ལམ་

བཏབ་ཚེ། སོ་སོའ ི་བསམ་དོན་ཇི་བཞིན་འགྲུབ་པའི་བཤད་སྲོལ་ཡོད།

ལོ་འཁོར་བཅུ་གཉིས་ཀྱི་ནང་ནས་བྱ་ལོ་ནམ་ཡིན་ལ། གནས་འདིའི་དུས་ཆེན་ཡིན་པས་འཛམ་གླིང་གི་

ཡུལ་གྲུ་གང་ས་ནས་གནས་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད། རྒྱུན་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་ བ་བྱེད་མཁན་དང། བརྐྱང་ཕྱག་འབུལ་མཁན། སྦྱིན་པ་གཏོང་མཁན་མང་པོ་ཡོད།

གངས་རིན་པོ་ཆེ། གངས་རིན་པོ་ཆེ་ལ་གངས་ཏི་སེ་ཡང་ཟེར། ཏི་སེ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་པ་དང། དེའི་དོན་ 76


ནི་བོད་སྐད་དུ་གངས་རི་ཞེས་པའོ། །འདི་ནི་བདེ་མཆོག་ (ལྷའི་མཚན་) ལ་སྐུ་གསུང་ཐུགས་ཀྱི་གནས་གསུམ་ ཡོད་པ་ལས་སྐུའི་གནས་དེ་ཡིན།

སྟོན་པ་བཅོམ་ལྡན་འདས་དང་དགྲ་བཅོམ་པ་ལྔ་བརྒྱ་རྫུ་འཕྲུལ་གྱིས་ནམ་

མཁར་འཕུར་ནས། གངས་རིན་པོ་ཆེའི་ནུབ་ཕྱོགས་བྲག་རྡོག་གི་སྟེང་དུ་བབས་ཏེ་ཞབས་རྗེས་བཞག་པ་དང། དེ་ བཞིན་གངས་རིན་པོ་ཆེའི་ཕྱོགས་བཞི་ལ་ཞབས་རྗེས་རེ་བཞག་པས། ཏི་སེའི་མི་འགྱུར་བའི་གཟེར་ཆེན་བཞི་ཟེར། རབ་བྱུང་དང་པོའ ི་ཆུ་རྟ་ཕྱི་ལོ་༡༠༤༢ ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་སྐབས། གངས་རིན་པོ་ཆེར་ ཕེབས་ནས་གནས་བསྟན་བཅུ་དྲུག་དང་མཇལ་བའི་ལོ་རྒྱུས་ཡོད་ལ།

མར་པ་ལོ་ཙཱ་བས་མི་ལ་རས་པར་ཏི་སེ་

ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་རི་བོ་གངས་ཅན་ཡིན་པས་དེར་སྒོམས་ཤིག་གསུངས་པ་ལྟར། མི་ལ་རས་ པ་རབ་བྱུང་གཉིས་པའི་ཆུ་བྱ་ཕྱི་ལོ་༡༠༩༣

ལོར་དངོས་སུ་གངས་རིན་པོ་ཆེར་ཕེབས་ནས་བོན་པོའ ི་བླ་མ་ན་རོ་

བོན་ཆུང་དང་རྫུ་འཕྲུལ་སྣ་ཚོགས་འགྲན་རེས་བྱས་པའི་ལོ་རྒྱུས་ཡོད་པ་དང། རྗེས་སུ་མི་ལ་རས་པ་གངས་རིན་ པོ་ཆེ་དང་མཚོ་མ་ཕམ་གཉིས་ཀྱི་གནས་བདག་ཏུ་གྱུར་པ་རེད་ཟེར། གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཉིས་ ནི་ནང་པ་དང། ཧིན་དུ། བོན་པོ་གསུམ་གྱི་གནས་ཁྱད་པར་ཅན་ཞིག་ལ་བརྩིས་ནས་གནས་མཇལ་ལ་མཉམ་དུ་ འཛོམས་ཀྱི་ཡོད།

77


གནས་འདི་ནི་བོད་ཀྱི་ལྷོ་ནུབ་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཡོད། གངས་རིན་པོ་ཆེའི་མཐོ་ཚད་

ལ་རྒྱ་མཚོའི་ངོས་ལས་མི་ཊར་༦༦༦༠ ཡོད་པ་དང། ལྷ་ས་ནས་གངས་རིན་པོ་ཆེ་བར་ལམ་ཐག་ཀི་ལོ་མི་ཊར་ ༡༣༣༨ ཙམ་ཡོད།

ལོ་འཁོར་བཅུ་གཉིས་ཀྱི་ནང་ནས་རྟ་ལོ་ནམ་ཡིན་ལ་གངས་རིན་པོ་ཆེའི་དུས་ཆེན་ཡིན་པས།

གནས་

སྐོར་བ་ཧ་ཅང་མང་པོ་འཛོམས་ཀྱི་ཡོད། ནམ་རྒྱུན་གངས་རིན་པོ་ཆེར་སྐོར་བ་རྒྱག་པའི་སྐོར་ཚད་༡ ལ་སྐོར་ ཐེངས་༡༢ ཡིན་ཡང། རྟ་ལོ་ལ་སྐོར་ཐེངས་༡ དང་ནམ་རྒྱུན་གྱི་སྐོར་ཚད་གཅིག་གི་ཕན་ཡོན་གཅིག་པ་ཡིན།

རྒྱུན་དུ་ལོ་རེའི་ས་ག་ཟླ་བའི་ཚེས་༡༥ ཉིན་གངས་རིན་པོ་ཆེའི་མདུན་དུ་དར་ཆེན་སྐུ་བཞེངས་ཟེར་བའི་དུས་ཆེན་ ཡིན་སྟབས་གནས་སྐོར་བ་ཧ་ཅང་མང་པོ་འཛོམས་སྲོལ་ཡོད།

དོ་སྣང་བྱ་དགོས་པ། སྟོན་པའི་གནས་ཆེན་བཞི་ནི་བཅོམ་ལྡན་འདས་འཁྲུངས་གནས་ལུམྦིུ་ནི་དང།

སངས་རྒྱས་པའི་གནས་

རྡོ་རྗེ་གདན་དང། ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ས་ཝཱ་རཱ་ཎ་སི། མྱ་ངན་ལས་འདའ་ས་རྩྭ་མཆོག་གྲོང་ བཅས་ཡིན།

རྡོ་རྗེ་གདན་ནི་ནང་པའི་གནས་ཚང་མའི་ནང་ནས་གཙོ་བོ་ཞིག་ཡིན།

གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཉིས་ནི་བོད་ཀྱི་ལྷོ་ནུབ་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཡོད།

ནཱ་ལེནྡྲ་ནི་རྒྱ་གར་གྱི་ནང་པའི་དགོན་པ་ཆེ་ཤོས་སམ། ནང་ཆོས་སློབ་གཉེར་བྱེད་ས་སྐད་གྲགས་ཆེ་ཤོས་དེ་ ཡིན།

མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ནི་བལ་ཡུལ་དུ་ཡོད།

ལོ་འཁོར་བཅུ་གཉིས་ཀྱི་ནང་ནས་བྱ་ལོ་ནམ་འཁེལ་ལ་བྱ་རུང་ཁ་ཤོར་དང། རྟ་ལོ་ནམ་འཁེལ་ལ་གངས་ རིན་པོ་ཆེ་ཡི་དུས་ཆེན་ཡིན་པས། གནས་སོ་སོར་གནས་སྐོར་བ་ཧ་ཅང་མང་པོ་འཛོམས་ཀྱི་ཡོད། 78


གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཉིས་ནི་ནང་པ་དང། ཧིན་དུ། བོན་པོ་གསུམ་གྱི་ཐུན་མོང་གི་གནས་ ཁྱད་པར་ཅན་ཞིག་ལ་བརྩི་ཡི་ཡོད།

སྦྱོང་ཚན། ཀ༽

གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། ༡།

རྡོ་རྗེ་གདན་ལ་གནས་མཆོག་རྡོ་རྗེ་གདན་ཞེས་པའི་མཚན་གསོལ་དགོས་དོན་གང་ཡིན་ནམ།

༣།

རྡོ་རྗེ་གདན་མཆོད་རྟེན་གྱི་ལྷོ་ངོས་སུ་གང་ཡོད་དམ།

༢། ༤།

༥།

༦།

༧། ༨།

བྱང་ཆུབ་ཤིང་དེ་རྩ་ཆེན་ཡིན་པའི་རྒྱུ་མཚན་བྲིས། ནཱ་ལེནྡྲ་གང་དུ་ཆགས་ཡོད་དམ།

ནཱ་ལེནྡྲ་རུ་སློབ་གཉེར་གནང་བའི་མཁས་པ་ལྔའི་མཚན་བྲིས།

བྱ་རྫི་མ་ལ་མཆོད་རྟེན་བཞེངས་རོགས་བྱེད་མི་སུ་དང་སུ་ཡོད་དམ། མཆོད་རྟེན་གྱི་མཚན་ལ་བྱ་རུང་ཁ་ཤོར་ཅི་ལྟར་ཐོགས་པ་ཡིན་ནམ། བོད་དུ་ཡོད་པའི་གནས་ཆེན་ཁ་ཤས་ཀྱི་མིང་བྲིས།

ཁ༽ གཤམ་གསལ་རྣམས་ལ་འགྲིག་རྟགས་དང་ནོར་རྟགས་གང་འོས་རྒྱོབས།

༡། རྡོ་རྗེ་གདན་ནི་རྒྱ་གར་གྱི་མངའ་སྡེ་ཀར་ན་ཊ་ཀའི་ནང་ཡོད།

༢། ཕྱི་ལོ་༢༠༠༦ ལོར་༸གོང་ས་མཆོག་ནས་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་

འཁོར་དབང་ཆེན་གནང།

༣། ནཱ་ལེནྡྲའི་གཙུག་ལག་ཁང་ནི་ཉམས་ཆག་སོང་མེད་པར་ད་ལྟའང་མཇལ་རྒྱུ་ཡོད། ༤། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བའི་བརྒྱུད་པ་ནཱ་ལེནྡྲ་ནས་ཡིན། 79


བྱེད་སྒོ། ༡། ༢།

༣། ༤།

སློབ་མ་རྣམས་སྡེ་ཚན་ཁག་ཏུ་བགོས་ཏེ་སློབ་ཚན་ནང་མེད་པའི་བོད་དང། རྒྱ་གར། རྒྱ་ནག་བཅས་ཀྱི་ནང་

པའི་གནས་ཆེན་གང་རུང་རེའི་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཏེ་ལས་འཆར་གྱི་དེབ་བཟོ་དགོས། ནང་པའི་གནས་ཆེན་གང་རུང་ལྔ་ཡི་མིང་དང་། པར། ཡང་ན་རི་མོ་བྲིས་ཏེ་འབྲི་དེབ་ནང་སྦྱོར།

སློབ་མ་རྣམས་སྡེ་ཚན་སོ་སོར་བགོས་ཏེ། སྡེ་ཚན་རེ་རེས་སྦྱངས་ཟིན་པའི་གནས་ཆེན་རེའི་སྐོར་གྲོས་སྡུར་

བྱས་རྗེས་སྡེ་ཚན་གྱི་སྐུ་ཚབ་ནས་སློབ་གྲོགས་ཚང་མར་འགྲེལ་བཤད་རྒྱག་དགོས།

གཤམ་གསལ་ཆོས་ལུགས་ཁག་གི་སྟོན་པ་དང། གནས་ཆེན་རེའི་མིང་། གནས་ཡུལ་བཅས་བཙལ་ནས་

འབྲི་དགོས།

ཆོས་ལུགས། བོན་ཆོས།

སྟོན་པའི་མཚན།

གནས་ཆེན་གྱི་མིང།

གང་དུ་ཡོད།

ཡི་ཤུ།

ཧིན་དུ། སིག

ཁ་ཆེ། ཇེན། ༥།

ཨེ་ཤི་ཡའི་ས་ཁྲའི་སྟེང་གཤམ་གསལ་གནས་ཆེན་རྣམས་གང་དུ་ཡོད་སྟོན། ༡ གངས་རིན་པོ་ཆེ།

༢ ནཱ་ལེནྡྲ

༣ བྱ་རུང་ཁ་ཤོར། 80

༤ རྡོ་རྗེ་གདན།

༥ ཝཱ་རཱ་ཎ་སི།


ོ ་ཚན ླབ

།

ས

མི་སྣ་གྲགས་ཅན།

9

འཛམ་གླིང་འདིར་མི་སྣ་གྲགས་ཅན་ཧ་ཅང་མང་པོ་བྱུང་ཡོད།

མི་སྣ་གྲགས་ཅན་དེ་དག་གིས་དཀའ་

སྤྱད་འབད་བརྩོན་གྱིས་འཛམ་གླིང་སྤྱི་ལ་ཕན་པའི་རླབས་ཆེན་གྱི་བྱ་གཞག་བསྒྲུབ་པར་མཛད་རྗེས་ཆེན་པོ་ ཀོབ་ཇེ།

ཀན་ཊག་ཀི

བཞག་ཡོད། ཁོང་རྣམས་ཀྱི་མཛད་རྗེས་དང། ལམ་སྟོན་གནང་བ་རྣམས་ང་ཚོས་ཤེས་པ་བྱ་རྒྱུ་དང། ཁོང་ཚོར་ གུས་བཀུར་རྗེས་དྲན་ཞུ་རྒྱུ།

ཁོང་ཚོར་མིག་དཔེ་བལྟས་ནས་མི་བཟང་དོན་བཟང་སྒྲུབ་མཁན་ཞིག་བྱ་རྒྱུ་ནི་ཧ་

ཅང་གལ་ཆེ་བས། གཤམ་དུ་སྙན་གྲགས་ཅན་གྱི་མི་སྣ་གཉིས་ཀྱི་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།

81


ཨ་མ་ཊེ་རེ་ས།

ཨ་མ་ཊེ་རེ་ས་ནི་ཕྱི་ལོ་༡༩༡༠ ཕྱི་ཟླ་༨ ཚེས་༢༧ ཉིན་ཡུ་གྷོ་སི་

ལ་ཝི་ཡ་ Yugoslavia རྒྱལ་ཁབ་ཀྱི་གྲོང་གསེབ་ཀོབ་ཇེ་(Skopje) ཞེས་པ་ཞིག་ཏུ་འཁྲུངས། ཁོང་མོ་ནི་ཨལ་བྷ་ནི་ཡའི་ Albania རིགས་རྒྱུད་ཡིན་པ་དང། ཁོང་མོའ ི་ཡབ་ཡུམ་གཉིས་ནི་ཡེ་ཤུའི་

གནམ་བདག་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་བརྟན་པོ་བྱེད་ མཁན་ཞིག་ཡིན་ལ། རྒྱུན་དུ་ཉམ་ཐག་དང་དབུལ་ཕོངས་རྣམས་ལ་ ལྟ་སྐྱོང་དང་རོགས་རམ་གང་ཐུབ་གནང་གི་ཡོད།

ཆུང་དུས་ཁོང་

མོའ ི་མིང་ལ་ཨེག་ནི་ས་ གྷོ་ན་ཛ་ བྷོ་ཇོག་ཧུ་ (Agnes Gonxha Bojaxhui) ཟེར། ཁོང་མོས་གཅེན་པོ་དང་ གཅེན་མོ་གཉིས་ལྷན་དུ་གཞི་རིམ་གྲྭ་རུ་སློབ་སྦྱོང་བྱས་ཤིང་།

ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་ལ་རྒྱུན་

ཞུགས་བྱས། ཁོང་མོ་ཆུང་ངུའི་དུས་ནས་ཡེ་ཤུའི་བཙུན་མ་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པས། རང་ལོ་༡༨ ལ་སོན་ སྐབས། ཕྱི་ལོ་༡༩༢༩ ལོར་མཚོ་ཐོག་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ (Kolkata) རུ་ཡོང་ནས། ཕྱི་ལོ་ ༡༩༣༡ ལོར་ལོ་རེ་ཊོ་བཙུན་མའི་སྡོམ་པ་བཞེས་ཏེ་དགེ་རྒན་གྱི་ཕྱག་ལས་གནང་།

རྡོར་གླིང་ལ་བཞུགས་སྐབས་ལས་ཞོར་དུ་ཨིན་ཇི་དང་བངྒལ་གྱི་སྐད་ཡིག་སློབ་སྦྱོང་གནང་བ་མ་ཟད།

དགེ་རྒན་འོས་སྦྱོང་གི་སློབ་གཉེར་ཡང་གནང། རྗེས་སུ་རྡོར་གླིང་ནས་ཕྱིར་ཀོལ་ཀ་ཊར་ཕེབས་ཏེ་མུ་མཐུད་དགེ་ རྒན་གྱི་ཕྱག་ལས་གནང། ཁོང་མོས་མི་ལོ་༡༩ ཙམ་ལ་དགེ་རྒན་གྱི་ཕྱག་ལས་གནང་བ་དང། ཕྱག་ལས་གནང་ སའི་ཉེ་འཁོར་གྱི་ཁྱིམ་ཚང་དབུལ་པོ་ཚོའི་ཉམ་ང་བའི་གནས་སྟངས་གཟིགས་པས།

ཁོང་མོར་སེམས་འགུལ་

ཆེན་པོ་ཐེབས་མྱོང་ཡོད། ཕྱི་ལོ་༡༩༤༢ ལོར་བངྒལ་ནང་མུ་གེ་བྱུང་བ་དང། ཕྱི་ལོ་༡༩༤༧ ལོར་ཆབ་སྲིད་ཀྱི་འགྱུར་

ལྡོག་དབང་གིས་རྒྱ་གར་དང་པ་ཀི་སི་ཏན་གཉིས་སོ་སོར་ཁ་དགྱེས་བས། ཡུལ་མི་དཀྱུས་མ་རྣམས་དཀའ་སྡུག་ ལ་འཕྲད་པའི་གནས་ཚུལ་ཡ་ང་བ་དག་གཟིགས་ཤིང། དེ་སེལ་ཐབས་གང་ཡོང་གནང་རྒྱུའི་ཐུགས་ཐག་བཅད།

ཕྱི་ལོ་༡༩༤༨ ལོར་ཁོང་མོས་ལོ་རེ་ཊོ་བཙུན་མའི་དགོན་པ་ནས་རྩ་དགོངས་ཞུས་ཏེ། དཀའ་ངལ་ལ་འཕྲད་པའི་ ཡུལ་མི་ཚོའི་ཆེད་དུ་ཞབས་ཞུའི་ཕྱག་ལས་གནང་འགོ་བཙུགས། ལོ་དེར་ཁོང་མོས་ཁྲིམས་ཐོག་ནས་རྒྱ་གར་གྱི་ མི་སེར་བཟོས་ཤིང་། ནད་པ་དང་ཉམ་ཐག་རྣམས་ཀྱི་སྡུག་བསྔལ་སེལ་ཆེད་འཕྲོད་བསྟེན་གལ་ཆེན་དུ་དགོངས་ ཏེ། རེ་ཞིག་སྨན་ཞབས་ཀྱི་ལས་རིགས་སློབ་སྦྱོང་བྱེད་དུ་ཕེབས། 82


ཉམ་ཐག་དང་དབུལ་པོ་ཚོའི་ཆེད་དུ་དང་བླང་གིས་ཞབས་ཞུ་བསྒྲུབ་རྒྱུ་ནི་ཁོང་མོའ ི་དམིགས་ཡུལ་ཡིན་

པས། ཐོག་མར་ལས་དོན་ཆུང་ས་ནས་འགོ་བཙུགས་ཏེ་རིམ་བཞིན་རྒྱ་ཆེ་རུ་བཏང་ཡོད། དཔེར་ན། ཐོག་མར་མོ་

རི་ཇིལ་ (Moti Jheel) ཞེས་པའི་དབུལ་གྲོང་དེར་སློབ་གྲྭ་ཞིག་བཙུགས་ནས་ནད་པ་དང། དྭ་ཕྲུག བདག་མེད་ མང་པོར་ཟས་གོས་དང། འཕྲོད་བསྟེན། ཤེས་ཡོན་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱོར་ཐབས་གནང་ཡོད་པ་ལྟ་ བུ་རེད།

དེ་ལྟར་ན་ཡང་ནད་པ་དང་ཉམ་ཐག་མང་པོ་ཞིག་གི་ཟས་གོས་སྡོད་གནས་སོགས་ཀྱི་དཀའ་ངལ་ད་དུང་

སེལ་ཐབས་ཡོང་གི་མེད་པས།

ཁོང་མོས་མོ་ཏི་ཇིལ་ཞེས་པའི་ས་གནས་དེར་ནིར་མལ་ཧི་རི་ཌའེ་

(Nirmal

Hriday) ཞེས་པའི་ཉམ་ཐག་ལྟ་སྐྱོང་ཁང་ཞིག་བཙུགས་པར་མ་ཟད། བཙོན་ཁང་དང་སྲང་ལམ་སོགས་སུ་

བདག་མེད་ངང་འཁྱམ་པའི་ཕྲུ་གུ་མང་པོའ ི་འཚོ་གནས་དང་མི་ཚེའི་མདུན་ལམ་ལ་ལྟ་སྐྱོང་ཆེད། ཕྲུ་གུའི་ཁྱིམ་ ཚང་གི་ཐོག་མ་བྱིས་པའི་ཁྱིམ་ (Shishu Bhawan) ཞེས་པ་དེ་བཙུགས་གནང་ཡོད།

ཀོལ་ཀ་ཊ་ནས་མ་ལེ་༢༠༠ ཙམ་གྱི་སར་ཞི་བའི་གྲོང་ (Shantinagar) ཞེས་པ་ཞིག་ཡོད་པ་དེར། མཛེ་

ནད་ཀྱིས་མནར་བའི་ནད་པ་ཚོར་སྨན་བཅོས་བྱེད་ས་དང། དེ་དག་སྡོད་གནས། དེ་དག་གི་འཚོ་རྟེན་གྱི་ཆེད་དུ་ བཟོ་གྲྭ་དང་ས་ཞིང་འདེབས་ལས་སོགས་ཀྱི་མཐུན་རྐྱེན་འཛོམས་པའི་ལྟེ་གནས་ཆེན་པོ་ཞིག་བཙུགས་ཤིང། ལྟེ་ 83


གནས་དེའི་མིང་ལ་གྷན་དྷི་ པེ་རེམ་ ནི་ཝ་ས་ Gandhi Prem Niwas ཟེར། དེའི་ནང་གི་ལས་བྱེད་པ་མང་ཆེ་ བའང་གྲོང་སྡེ་དེའི་ནང་གི་མཛེད་ནད་དྲག་སྐྱེད་བྱུང་བ་རྣམས་ཡིན།

ཨ་མ་ཊེ་རེ་ས་ཡིས་ཉམ་ཐག་དང་དབུལ་པོ་ཚོའི་ཆེད་དུ་ཐོག་མར་ལས་འགོ་རྩོམ་སྐབས་སྨན་ཞབས་

པ་བཙུན་མ་བཞི་ལས་མེད་ཀྱང།

དེང་སྐབས་བཙུན་མ་སྟོང་ཕྲག་གསུམ་ལྷག་ཙམ་གྱིས་ཕྱག་ལས་གནང་

བཞིན་ཡོད། ཁོང་མོས་བཙུགས་པའི་དྭ་ཕྲུག་ཁང་དང། སྨན་སྦྱིན་ཁང། སློབ་གྲྭ་སོགས་ཧ་ཅང་མང་པོ་ཡོད་

ལ། དེ་དག་ནང་ཡོད་པའི་མཛེ་ནད་ཅན་དང། ནད་པ་གཞན། དྭ་ཕྲུག་སོགས་ཉམ་ཐག་སྟོང་ཕྲག་མང་པོས་བདེ་

སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད། ཁོང་མོ་ལྟ་བུའི་སྙིང་རྗེ་དང་ལྷག་བསམ་ཅན་ཧ་ཅང་དཀོན་པས། ཁོང་མོའ ི་ མཛད་རྗེས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་དང་ཚོགས་པ་མང་པོ་ཞིག་གིས་ཁོང་ མོར་གཟེངས་བསྟོད་ཀྱི་བྱ་དགའ་མང་པོ་ཕུལ་ཡོད། དཔེར་ན།

༡། ཕྱི་ལོ་༡༩༦༢ ལོར་རྒྱ་གར་གྱི་པདྨ་ཤྲ ི་ (Padma Shri) ཞེས་པའི་གཟེངས་རྟགས་དང། ༢། ཕྱི་ལོ་༡༩༦༢ ལོར་མག་སེ་སེ་གཟེངས་རྟགས། (Magsaysay Award)

༣། ཕྱི་ལོ་༡༩༧༩ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས། (Nobel Peace Prize)

༤། ཕྱི་ལོ་༡༩༨༠ ལོར་རྒྱ་གར་གྱི་ཆེས་མཐོའ ི་གཟེངས་རྟགས་བྷ་ར་ཊི་ ར་ན། (Bharat Ratna Award) ༥། ཕྱི་ལོ་༡༩༨༤ ལོར་ཨོ་ཌར་ ཨོབ་ཕུ་ མེ་རི་ཊ་ (Order of Merit) ༦། ཕྱི་ལོ་༡༩༩༣ Award)

ལོར་རྒྱ་གར་གྱི་རཱ་ཇིབ་གྷན་དྷི་གཟེངས་རྟགས།

(Rajiv

Gandhi

Sadhbhavana

༧། ཨལ་བྷ་ནི་ཡའི་གྷོལ་ཌེན་ཧོ་ནར་ ཨོབ་ཕུ་ དྷ་ ན་ཤོན་ (Albania Golden Honour of the Nation) བཅས་ཐོབ་ཡོད་པ་ལྟ་བུ་རེད།

ཕྱི་ལོ་༡༩༩༧ ཕྱི་ཟླ་༩ ཚེས་༥ ཉིན་ཉམ་ཐག་དང་དབུལ་པོ་ཚོར་གཟིགས་སྐྱོང་བླ་མེད་གནང་

མཁན་བྱམས་བརྩེའི་བདག་ཉིད་ཆེན་མོ་རླབས་ཆེན་གྱི་མ་ཡུམ་ཁོང་། དགོངས་པ་རྫོགས་པ་དང།

རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་རུ་

སྐུ་ཕུང་གདན་ཞུའི་སྐབས་འཛམ་གླིང་ཡུལ་གྲུ་སྣ་ཚོགས་ནས་དཔོན་རིགས་

མང་པོ་ཁོང་མོར་ཆེ་མཐོང་དང་གུས་བཀུར་ཞུ་བར་ཆེད་ཕེབས་གནང་ཡོད། 84


ཨ་རིའི་སྲིད་འཛིན་ཨབ་རཱ་ཧམ་ ལིན་ཀོན།

ཨ་རིའི་སྲིད་འཛིན་བཅུ་དྲུག་པ་ཨབ་རཱ་ཧམ་

ལིན་ཀོན་

(Abraham Lincoln) ནི་ཕྱི་ལོ་༡༨༠༩ ཟླ་༢ ཚེས་༡༢ ཉིན་

ཨ་རིའི་མངའ་སྡེ་ཀན་ཊག་ཀི་ (Kentucky) རུ་སོ་ནམ་པའི་ མི་ཚང་ཕལ་པ་ཞིག་ཏུ་འཁྲུངས།

ཁོང་ཆུང་ངུའི་དུས་སུ་ཨ་མ་

ལགས་གྲོངས་པ་དང། ཁྱིམ་ཚང་གི་འཚོ་བའི་གནས་སྟངས་ཧ་

ཅང་ཞན་པོ་ཡིན་སྟབས། སློབ་གྲྭར་འགྲོ་བའི་གོ་སྐབས་ཧ་ལམ་ ཐོབ་མེད་ལ།

འདུག་སའང་ཤིང་ཁང་གོག་ཏོ་ཞིག་ལས་མེད།

རྗེས་སུ་ཁོང་གི་པཱ་ལགས་ཀྱིས་ཁྱིམ་ཐབ་གསར་པ་ཞིག་བཙལ་

བ་ཁོང་གི་མ་ཚབ་ཏུ་གྱུར། མ་ཚབ་དེར་ཕྲུ་གུ་གསུམ་ཡོད་པས་ ད་གཟོད་ཁོང་གིས་སྤུན་མཆེད་ཡོད་པའི་ཁྱིམ་ཚང་གི་དྲོ ་ སྐྱིད་ ཚོར་ཐུབ་པ་བྱུང།

པཱ་ལགས་ཀྱིས་ཁོང་སློབ་གྲྭར་གཏོང་འདོད་

དེ་ཙམ་མེད་པས། དུས་ཚོད་ཕལ་ཆེ་བར་ངལ་རྩོལ་བྱེད་ཀྱི་ཡོད། འོན་ཀྱང་། ཁོང་ལ་གཅེས་སྐྱོང་གནང་བའི་མ་ ཚབ་ཀྱིས་རྟག་པར་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས།

སྐབས་རེར་སློབ་གྲྭར་འགྲོ་བའི་གོ་སྐབས་རག་གི་ཡོད།

འོན་ཀྱང་། ལས་བྲེལ་ཆེ་བའི་སྐབས་སུ་སློབ་གྲྭར་འགྲོ་མཚམས་བཞག་ནས་ནང་ལས་དང། ཞིང་ལས་སོགས་ བྱེད་དགོས་ཀྱི་ཡོད། ཁོང་ནི་མི་ཚེ་ཧྲིལ་པོར་དུས་ཡུན་ལོ་གཅིག་ཙམ་ལས་སློབ་གྲྭར་འགྲོ་མྱོང་མེད། ལིན་ཀོན་ནི་ཤེས་བྱ་སྣ་ཚོགས་སྦྱོང་རྒྱུར་དགའ་པོ་ཡོད་ལ།

ལྷག་པར་དུ་དཔེ་དེབ་བལྟ་ཀློག་བྱ་རྒྱུར་ཧ་

ཅང་དགའ་པོ་ཡོད། ཁྱིམ་ཚང་དབུལ་པོ་ཡིན་པས། དུས་རྒྱུན་ཁོང་ལ་བཀླག་རྒྱུའི་དཔེ་དེབ་མེད་སྟབས། སྐབས་

རེ་གྲོགས་པོ་དང་དཔེ་མཛོད་སོགས་སུ​ུ་ཐག་རིང་པོར་དཔེ་དེབ་གཡར་བར་འགྲོ་ཡི་ཡོད། སྐབས་དེར་ཁོང་སྡོད་

སའི་ཤིང་ཁང་ནང་གློག་མེད་པས། བཞུ་མར་ཁོ་ན་ལ་བརྟེན་དགོས་ཀྱི་ཡོད་ནའང། ཁོང་གིས་དཔེ་ཀློག་བྱེད་པའི་ བརྩོན་པ་རྒྱུན་ཆད་མ་མྱོང་།

ཁོང་ནི་མི་དྲང་པོ་དང། འཇོན་པོ། གྲུང་པོ། སྐད་ཆ་བཤད་མཁས་པོ། སྒྲུང་གཏམ་བཤད་མཁས་པོ། སྙིང་

རུས་ཆེན་པོ།

ལྷག་པར་དུ་མི་མང་པོའ ི་བསམ་བློར་ཤུགས་རྐྱེན་སྤྲོད་ཐུབ་པའི་འཇོན་ཐང་དང་ནུས་པ་ཅན་ཞིག་

ཡིན། ཁོང་གིས་དུས་རྒྱུན་ང་རྒྱལ་མི་བྱེད་པ་མ་ཟད། ཡག་སྡུག་དང་ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་ལས་རིགས་ 85


འདྲ་མིན་གནང་གི་ཡོད།

ཅ་ལག་བདག་གཉེར་དང།

དཔེར་ན། ཡིག་

སྐྱེལ། གྲུ་གཡོག དོ་པོ་དབོར་འདྲེན་

སོགས་ལས་རིགས་འདྲ་མིན་གནང་ མྱོང་ཡོད་པ་ལྟ་བུ་རེད། རྗེས་སུ་རིམ་ བཞིན་་ཁྲིམས་རྩོད་པ་

(Lawyer)

ཞིག་གི་དྲུང་ཡིག་གནང་བ་དང། ཞོར་ དུ་སྙིང་རུས་ཆེན་པོས་ཁྲིམས་ལུགས་

སློབ་སྦྱོང་གནང་བ་མ་ཟད། ཤེས་བྱའི་

རིགས་གཞན་དང་གཞན་ལ་སྦྱང་བརྩོན་བྱས་པས། མཐར་ཁོང་ཁྲིམས་རྩོད་པ་ཞིག་ཆགས་པ་རེད། སྐབས་དེར་ མི་རིགས་ནག་པོ་རྣམས་ཅ་ལག་བཞིན་ཉོ་ཚོང་བྱེད་པ་དང།

རང་དབང་སྤུ་ཙམ་མེད་པའི་ཡ་ང་བའི་གནས་

ཚུལ་རྣམས་མཐོང་བས། ཁོ་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐོབ་ཆེད་དཀའ་ངལ་ལ་གདོང་ལེན་བྱེད་ པའི་སེམས་ཐག་བཅད།

ཕྱི་ལོ་༡༨༣༤ ལོར་ཨིལ་ལི་ནོ་སི་ (Illinois) ཞེས་པའི་མངའ་སྡེའི་གྲོས་ཚོགས་སུ་འོས་འདེམས་བྱུང་

ཞིང། དེ་ནས་ཁྲིམས་རྩོད་པ་དང་ཆབས་ཅིག་ཆབ་སྲིད་ཀྱི་ལས་ཀའི་ནང་མཉམ་ཞུགས་ཏེ། ལས་དོན་ག་རེ་ཡིན་ ཡང་དྲང་པོ་དང། སྐྱོ་བོ་རྣམས་ལ་ལྟ་སྐྱོང། རྒྱལ་ཁབ་ལ་ལྷག་བསམ་ཆེན་པོས་བྱ་གཞག་བསྒྲུབས་པ་སོགས་

བྱས་པས་གྲུབ་འབྲས་ཆེན་པོ་ཐོབ་ཏེ། ཕྱི་ལོ་༡༨༤༦ ལོར་ཨ་རི་དབུས་གཞུང་གི་གྲོས་ཚོགས་ནང་འོས་འདེམས་ བྱུང་། དེ་ནས་མི་རིགས་ནག་པོ་རྣམས་བྲན་གཡོག་ལམ་ལུགས་ཀྱི་གཉའ་གནོན་འོག་ནས་ཐར་ཆེད། ཁོང་གིས་

སྔར་བས་འབད་བརྩོན་གནང་བ་དང། ཕྱི་ལོ་༡༨༦༠ ལོར་ཨ་རིའི་སྲིད་འཛིན་གྱི་འོས་གཞིར་སླེབས་པ་མ་ཟད། ཕྱི་ལོ་༡༨༦༡ ཕྱི་ཟླ་༣ ཚེས་༤ ཉིན་དངོས་སུ་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་རེད།

སྐབས་དེར་ཨ་ཧྥེ་རི་ཁའི་མི་རིགས་ནག་པོ་རྣམས་བྲན་གཡོག་ཏུ་ཉར་ཆོག་མིན་གྱི་གནད་དོན་ཐད། ཨ་

རིའི་ལྷོ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་ནང་འཁྲུག་ཆེན་པོ་བྱུང་ཞིང་།

ལྷོ་ཕྱོགས་པ་རྣམས་ཀྱིས་བྲན་གཡོག་

ལམ་ལུགས་ལ་རྒྱབ་སྐྱོར་བྱས་པ་དང། བྱང་ཕྱོགས་པ་མང་ཆེ་བས་དེ་ལ་དགག་པ་བརྒྱབ་པས། གནད་དོན་ འདིའི་ཐད་མི་ལོ་བཞི་ཙམ་རིང་ནང་འཁྲུག་ཤོར་བས་རྒྱལ་ཁབ་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁར་ཐུག

སྐབས་

དེར་སྲིད་འཛིན་ལིན་ཀོན་གྱིས་བྲན་གཡོག་ལམ་ལུགས་ནི་ཡང་དག་མིན་པ་དང། མི་རིགས་ནག་པོ་ལའང་མི་ 86


རིགས་དཀར་པོ་དང་འདྲ་མཉམ་གྱི་ཐོབ་ཐང་དགོས་

པ་གལ་ཆེར་དགོངས་ནས། བྱང་ཕྱོགས་པ་ཚོའི་འཐབ་

རྩོད་ལ་དབུ་ཁྲིད་གནང་བས་རྒྱལ་ཁ་ཐོབ། ཕྱི་ལོ་༡༨༦༢ ལོ ར ་ཨ་རི འི ་ བྲན་གཡོ ག ་ལམ་ལུགས་མེ ད ་པར་

བཟོས་ནས། མི་རིགས་ནག་པོ་འབུམ་ཕྲག་མང་པོར་

རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ རྒྱུ་ཡོད་པར་གྱུར། ཕྱི་ལོ་༡༨༦༣

ལོའ ི་ལོ་གསར་སྐབས་མི་རིགས་ནག་

པོ་རྣམས་ལ་མི་རིགས་དཀར་པོ་དང་འདྲ་མཉམ་གྱི་རང་དབང་དང་ཐོབ་ཐང་ཡོད་པ་ཁྲིམས་ཐོག་ནས་ཁྱབ་

བསྒྲགས་བྱས་པས། མི་མང་འབུམ་ཕྲག་གིས་བསྔགས་བརྗོད་བྱས་པ་དང། ཕྱི་ལོ་༡༨༦༥ ལོར་བསྐྱར་དུ་ཨ་ རིའི་སྲིད་འཛིན་ལ་འོས་འདེམས་བྱུང་། ཁོང་གིས་ལྷག་བསམ་དང་ནུས་པ་ཡོད་ཚད་ཀྱིས་སྔར་བཞིན་བྱ་གཞག་

བསྒྲུབ་པར་ཧུར་བརྩོན་གནང་བཞིན་པའི་སྐབས། ལོ་དེའི་ཕྱི་ཟླ་༤ ཚེས་༡༤ ཉིན་འཁྲབ་སྟོན་ཁང་ཞིག་ལ་གཟིགས་ མོར་ཕེབས་པ་དང་བསྟུན་ནས།

སྐད་གྲགས་ཅན་གྱི་འཁྲབ་སྟོན་པ་ཞིག་གིས་ཁོང་ལ་མེ་མདའ་བརྒྱབ་སྟེ་སྐུ་

བཀྲོངས་པ་རེད། ཁོང་བཀྲོངས་དོན་ནི། མི་རིགས་དཀར་པོ་ཚོས་མི་རིགས་ནག་པོ་རྣམས་མུ་མཐུད་བྲན་གཡོག་

ཏུ་ཉར་ཐབས་མ་བྱུང་བའི་སྙིང་ནད་ཀྱིས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

87


དོ་སྣང་བྱ་དགོས་པ།

ཨ་མ་ཊེ་རེ་ས་དང་འབྲེལ་བའི་གནས་ཚུལ། ཨ་མ་ཊེ་རེ་ས་ཡིས་དབུལ་པོ་དང་ཉམ་ཐག་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད།

ཁོང་ཡུ་གྷོ་སི་ལ་ཝི་ཡར་སྐྱེས་པའི་ཨལ་བྷ་ནི་ཡའི་མི་རིགས་ཤིག་ཡིན་ཡང་། ཕྱི་ལོ་༡༩༤༨ ལོར་རྒྱ་གར་གྱི་ མི་སེར་དུ་གྱུར་པ་རེད།

ཁོང་གིས་རྒྱ་གར་ཙམ་མིན་པར་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་ནང་དྭ་ཕྲུག་དང། དབུལ་པོ། ཉམ་ ཐག ནད་པ་རྣམས་སྡུག་བསྔལ་ལས་གྲོལ་ཆེད་ལས་འགུལ་མང་པོ་སྤེལ་མྱོང་ཡོད།

ཁོང་བཙུན་དགོན་དུ་བཞུགས་སྐབས་དགེ་རྒན་གྱི་ཕྱག་ལས་གནང་བ་མ་ཟད།

ཉེ་འཁོར་གྱི་ཕྲུ་གུ་བདག་

མེད་རྣམས་དང། མི་དབུལ་པོ་ཚོས་དཀའ་སྡུག་མྱོང་བཞིན་པ་སེམས་ཀྱིས་མ་བཟོད་པར། རྩ་དགོངས་ ཞུས་ཏེ་དང་བླངས་ཞབས་ཞུའི་ལས་སྒོར་ཞུགས།

ཁོང་མོའ ི་ཕྱག་ལས་ཀྱིས་ནད་པ་དང། དྭ་ཕྲུག ཉམ་ཐག་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་པས། མངའ་ སྡེ་དང། རྒྱལ་ཁབ། རྒྱལ་སྤྱིའི་ཚོགས་པ་སྣ་ཚོགས་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་གཟེངས་ རྟགས་སྣ་ཚོགས་ཕུལ་ཡོད།

ལིན་ཀོན་དང་འབྲེལ་བའི་གནས་ཚུལ།

མི་ཚེའི་ནང་སློབ་གྲྭར་ལོ་གཅིག་ཙམ་ལས་འགྲོ་མྱོང་མེད་ཀྱང། རང་གི་སྙིང་རུས་ལ་བརྟེན་ནས་ཁྲིམས་ རྩོད་པ་ཞིག་ཆགས།

ཨ་རིའི་ནང་ལོ་བཞིའི་རིང་ནང་འཁྲུག་ཤོར་བས་རྒྱལ་ཁབ་ཁ་འཐཔར་དུ་འགྲོ་ཉེན་ཆེ་ཡང་། ལིན་ཀོན་གྱི་ ཐབས་བྱུས་ལ་བརྟེན་ནས་གཅིག་གྱུར་ངང་གནས་ཐུབ་པ་བྱུང།

མི་རིགས་ནག་པོ་འབུམ་ཕྲག་མང་པོ་བྲན་གཡོག་ལམ་ལུགས་ལས་ཐར་ཏེ། འགྲོ་བ་མིའི་ཐོབ་ཐང་བྱུང་ བ་དང་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཐེབས།

ལིང་ཀོན་མཆོག་ལ་སྒྲུང་ཤོད་པ་དང། དཔེ་འདྲེན་པ་སོགས་མང་ཚོགས་ལ་གཏམ་བཤད་བྱེད་པའི་རྩལ་ ཁྱད་པར་བ་ལྡན་པས། མི་མང་གི་བློ་ཡིད་འགུགས་པའི་ནུས་པ་ལྡན། 88


ཨ་མའི་བུ་ལ་ཡོན་ཏན་ཡོད་ན།

དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་ལྟར།

ཁང་གོག་ཏོ་ཞིག་ཏུ་སྡོད་པའི་མི་ཚང་ཕལ་བ་ཞིག་ལ་སྐྱེས་ཀྱང་།

བཞུགས་པའི་སྲིད་འཛིན་གྱི་གོ་གནས་བཞེས་ཐུབ་པ་བྱུང་བ་རེད།

ལིང་ཀོན་མཆོག་ཤང ི ་

མཐར་ཨ་རིའ་ི ཕོ་བྲང་དཀར་པོའ ི་ནང་

སྦྱོང་ཚན།

ཀ༽ གཤམ་གསལ་དྲི་བ་རྣམས་ལ་ལན་ཐོབས། ༡། ཨ་མ་ཊེ་རེ་ས་གང་དུ་འཁྲུངས་སམ།

༢། ཨབ་རཱ་ཧམ་ལིན་ཀོན་ནི་མི་གང་འདྲ་ཞིག་ཡིན་ནམ།

༣། ཨ་མ་ཊེ་རེ་སའི་སྐོར་སྦྱངས་ནས་ཁྱེད་ལ་སེམས་འགུལ་གང་ཐེབས་བྱུང་ངམ།

༤། ལིན་ཀོན་སྲིན་འཛིན་གནང་བའི་སྐབས་ཨ་རིའི་གནས་སྟངས་གང་འདྲ་ཞིག་ཡིན་ནམ། ༥། ཨ་མ་ཊེ་རེ་ས་ཡིས་སྨན་ཞབས་མའི་སྦྱོང་བརྡར་གནང་དགོས་དོན་གང་ཡིན་ནམ། ༦། མ་རྡར་ཊེ་རེ་ས་ལ་རྒྱ་གར་གྱི་གཟེངས་རྟགས་གང་དང་གང་ཕུལ་ཡོད་དམ།

༧། ལིན་ཀོན་ཁྲིམས་རྩོད་པ་མ་ཆགས་གོང་ལ་འཚོ་ཐབས་ཀྱི་ལས་ཀ་གང་དང་གང་བྱས་ཡོད་དམ། ༨། ཁྱོད་ཀྱིས་བསམ་ན་ཨབ་རཱ་ཧམ་ལིན་ཀོན་གྱི་བྱས་རྗེས་གཙོ་བོ་གང་ཡིན་ནམ། ཁ༽

གཤམ་གསལ་རྣམས་མཐུན་སྦྱོར་གྱིས།

ཕྱི་ལོ།

གཟེངས་རྟགས།

༡༩༦༢ བྷ་ར་ཊི་ ར་ན། Bharat Ratna ༡༩༩༣

ཨོ་ཌར་ ཨོབ་ཕུ་ མེ་རི་ཊ། (Order of Merit)

༡༩༨༤

ནོ་བྷེལ་ཞི་བདེའི་གཟེངས་རྟགས། (Nobel Peace Prize)

༡༩༧༩ ༡༩༨༠

མག་སེ་སེ་གཟེངས་རྟགས། (Magsaysay Award)

རཱ་ཇིབ་གྷན་དྷི་གཟེངས་རྟགས། (Rajiv Gandhi Sadbhavana Award) 89


ག༽ གཤམ་གསལ་བར་སྟོང་རྣམས་སྐོངས། ༡། ཨ་མ་ཊེ་རེ་ས་ཆུང་དུས་ནས་………………………………… བྱེད་འདོད་ཡོད།

༢། ཁོང་ལ་………………………………… ལོར་ནོ་བྷེལ་གཟེངས་རྟགས་ཕུལ་བ་རེད། ༣། ཁོང་ཨ་རིའི་སྲིད་འཛིན་སྐབས་………………………………… པ་དེ་རེད།

༤། ………………………… ལོར་ཁོང་གིས་ལོ་རེ་ཊོ་བཙུན་དགོན་ནས་རྩ་དགོངས་ཞུས།

༥། ཨ་མ་ཊེ་རེ་ས་ཡི་ལས་འགུལ་ནི་དམིགས་བསལ་…………………………དང། ………………………… ཡི་ཆེད་དུ་ཡིན།

༦། ཨབ་ར་ཧམ་ལི ན ་ཀོ ན ་སློ བ ་སློ བ ་སྦྱོ ང ་གནང་རྒྱུར་རྒྱབ་སྐྱོ ར ་གནང་མཁན་གཙོ ་ བོ ་ དེ ་ ཁོ ང ་གི ་ ………………………………… རེད།

༧། རང་ཉིད་ལ་རང་དབང་མེད་ཅིང་སྦྱིན་བདག་ལ་དངོས་པོ་ལྟར་བདག་པའི་གླ་མེད་གཡོག་པོ་རྒྱུག་ མཁན་དེ་ཚོར་………………………………… ཟེར།

ང༽

འགྲིག་རྟགས་དང་ནོར་རྟགས་གང་འོས་རྒྱོབས། ༡།

ལིན་ཀོན་ནི་མི་གདུག་རྩུབ་ཅན་ཞིག་ཡིན།

༢། ལིན་ཀོན་གྱིས་ཁྲིམས་རྩོད་པ་མ་བྱས་གོང་དགེ་རྒན་གྱི་ཕྱག་ལས་གནང། ༣། ཁོང་སློབ་སྦྱོང་ལ་བརྩོན་ཞིང་དེབ་ཀློག་རྒྱུར་ཧ་ཅང་དགའ་པོ་ཡོད། ༤། ཁོང་ནི་ལས་རིགས་ཆེ་ཆུང་གི་དབྱེ་བ་མི་འབྱེད་མཁན་ཞིག་ཡིན།

༥། ལིན་ཀོན་གྱི་ཐབས་བྱུས་ལ་བརྟེན་ནས་མི་རིགས་དཀར་ནག་གཉིས་མ་མཐུན་པ་རེད།

90


བྱེད་སྒོ། ༡། ༢། ༣། ༤། ༥། ༦། ༧།

སློབ་ཕྲུག་རྣམས་སྡེ་ཚན་ཁག་ལ་བགོས་ནས་སོ་སོའ ི་སློབ་གྲྭའི་ཉེ་འཁོར་གྱི་ཉམ་ཐག་དང། རྒས་འཁོགས།

ནད་གཅོང་རྣམས་ལ་གཞན་ཕན་གྱི་ལས་འགུལ་བརྩམ་རྒྱུ།

སློབ་ཕྲུག་རྣམས་སྡེ་ཁག་ཏུ་བགོས་ནས་སྙན་གྲགས་ཅན་གྱི་མི་སྣ་ཚོའི་མཛད་རྗེས་ལ་གྲོས་སྡུར་བྱ་རུ་

འཇུག་རྒྱུ།

སློབ་ཚན་འདིའི་ནང་མེད་པའི་སྙན་གྲགས་ཅན་གྱི་མི་སྣ་གཞན་གྱི་སྐོར་རང་མོས་ལས་འཆར་བཟོ་རུ་

འཇུག་རྒྱུ།

གཞན་ཕན་གྱི་ཆེད་ཕྱག་ལས་གནང་མྱོང་མཁན་སྙན་གྲགས་ཅན་གྱི་མི་སྣའི་པར་རིས་བསྡུ་རུབ་བྱས་ཏེ་ལོ་

རྒྱུས་མདོར་བསྡུས་རེ་འབྲི་རྒྱུ།

སློབ་ཚན་འདི་སློབ་སྐབས་ ‘གཞན་ཕན་གྱི་བདུན་ཕྲག’ ཅེས་པའི་བདུན་གཅིག་གི་དུས་ཡུན་ནང་སློབ་ཕྲུག་

སོ་སོས་གཞན་ལ་ཕན་པའི་བྱ་བ་རེ་ངེས་པར་དུ་བསྒྲུབ་ཏེ་འཛིན་གྲྭའི་ནང་གནས་ཚུལ་སྤེལ་རེས་བྱ་དགོས། གཞན་ཕན་གྱི་ཆེད་དུ་བྱ་བ་སྒྲུབ་མཁན་གྱི་སློབ་ཕྲུག་གཅིག་གི་ལོ་རྒྱུས་བསྡུ་རུབ་ཀྱིས་དེའི་སྐོར་འཛིན་

གྲྭའི་ནང་འགྲེལ་བརྗོད་བྱ་རྒྱུ།

སློབ་ཕྲུག་རྣམས་སྡེ་ཚན་ཁག་ཏུ་བགོས་ནས་བོད་པའི་སྙན་གྲགས་ཅན་གྱི་མི་སྣ་ཁ་ཤས་ཀྱི་སྐོར་འཛིན་

གྲྭའི་ནང་འགྲེལ་བརྗོད་བྱ་འཇུག་དགོས།

91


Pr i nt edandDi s t r i but edby : Sher i gPar k hang R28,Rames hPar k ,Lax mi Nagar ,Del hi -1 10092 Phone:01 122453672 T el ef ax :01 122455634 Emai l :t c r pc @r edi f f mai l . c om,s hepar del hi @gmai l . c om


Turn static files into dynamic content formats.

Create a flipbook
འཛིན་གྲྭ་ལྔ་པའི་སྤྱི་ཚོགས་རིག་གནས་སློབ་དེབ། by Sherig Books - Issuu