Skip to main content

བུ་ཉི་མ་དང་གླང་ཆེན།

Page 1

༄༅། །བུ་ཉི་མ་དང་གླང་ཆེན། ཀུན་དགའ་རྒྱལ་མཚན་གྱིས་བརྩམས།

ཤེས་རིག་ལས་ཁུངས། ༢༠༡༢


རྩོམ་སྒྲིག་འགན་འཛིན།

ཨཱཙཱརྱ་ཀརྨ་སྨོན་ལམ།

ཞུ་དག་པ།

ཆུང་ཚེ་རིང༌།

རྩོམ་སྒྲིག་པ། རི་མོ་བ།

ཇུས་འགོད་པ།

པར་སྐྲུན་དང་འགྲེམས་སྤེལ་བྱེད་པོ།

ཀུན་དགའ་རྒྱལ་མཚན། ཚེ་བརྟན།

ཀུན་དགའ་རྒྱལ་མཚན། ཤེས་རིག་པར་ཁང་།

Copyright © 2012 Department of Education All rights reserved First Edition 2012 ISBN 978-93-80091-32-7 Acknowledgement: Financial support from ARTIC(Association For Rengein Tanjouji International Cooperation), Japan has made this publication possible. Published by: Publication Cell Department of Education, Central Tibetan Administration, Gangchen Kyishong, Dharamshala -176215 Distt. Kangra(H.P.) INDIA

Printed by: Sherig Parkhang /TCRPC


སྔོན་གླེང༌། ༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པས༌ལོ་མང་རིང་རང་ རིགས་གཞོན་སྐྱེས་ཚོར་རྩོམ་ཡིག་འབྲི་སྦྱོང་བྱེད་རྒྱུས་མཚོན། དཔྱད་གཞིར་མཁོ་བའི་དུས་ཆེན་ངོ་སྤྲོད་དང་།

ཟུར་བལྟའི་

ྋརྒྱལ་མཆོག་ཡབ་སྲས་ཀྱི་

མཛད་རྣམ། དེ་བཞིན་མུ་སྦྲེལ་སྒྲུང་གཏམ་གྱི་དེབ་རིགས་ཁག་ཅིག་དང༌། ཕྱི་གླིང་ གི་སྒྲུང་གཏམ། རྒྱུན་ཆགས་ལྔ་པ། མཚར་གཏམ་སོགས་ཀྱི་ཕྱོགས་བསྒྲིགས་

དེབ་ཕྲེང་ ༥༡ པར་སྐྲུན་དང་འགྲེམས་སྤེལ་ཞུས་པ་ལྟར། རྒྱ་ཆེའི་ཀློག་པ་པོ་སྤྱི་ དང༌། བྱེ་བྲག་ཏུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དང༌།

གདན་ས་ཁག་གི་གྲྭ་

གཞོན་རྣམས་ཀྱིས་དགའ་མོས་ཆེན་པོས་ལྟ་ཀློག་གནང་བཞིན་པ་མ་ཟད། ང་ཚོར་

ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་ཡ་ལན་གནང་མཁན་རབ་དང་རིམ་ པ་བྱུང་བར་བརྟེན། ལས་དོན་འདི་དག་མུ་མཐུད་བྱེད་རྒྱུར་དགོས་མཁོ་དང་ཕན་ འབྲས་ཡོད་པར་མངོན་པ་མ་ཟད།

སྤྱིར་བཙན་བྱོལ་ནང་རང་རེའི་སློབ་ཕྲུག་ཆེ་

འབྲིང་ཆུང་གསུམ་རྣམས་ལ་བོད་ཡིག་གི་ཟུར་བལྟའི་ཀློག་དེབ་ཧ་ཅང་ཉུང་སྐྱོན་


ཡོད་པས། སྟོང་ཆ་དེ་ཉིད་སྐོང་ཐབས་ལ་འབད་བརྩོན་ཞུས་དང་ཞུ་མུས་ལྟར། འདི་

གའི ་ བརྙན་དེ བ ་<<ཕ་ཡུལ་ཤེ ས ་བྱའི ་ བང་མཛོ ད ་>>ཀྱི ་ སྤྱི འི ་ འདོ ན ་ཐེ ང ས་ ༡༡༩ ནས་ ༡༢༥ བར་དུ། 《བུ་ཉི་མ་དང་གླང་ཆེན།》 ཞེས་པ་རིམ་པས་བཏོན་ ཟིན་པ་ཁག་ཐེངས་འདིར་ཕྱོགས་བསྒྲིགས་ཞུས་ཏེ།

ཕ་ཡུལ་ཕྱོགས་བསྒྲིགས་

དེབ་ཕྲེང་ ༥༢ པ་འདི་ཉིད་པར་སྐྲུན་དང་འགྲེམས་སྤེལ་ཞུས་པ་ལགས་ན། རྒྱ་ཆེའི་ ཀློག་པ་པོ་རྣམས་དང༌། ལྷག་པར་དུ་སློབ་མ་རྣམས་ཀྱིས་སྤྲོ་བ་ཆེན་པོས་ལྗགས་ ཀློག་གནང་བའི་རེ་འདུན་དང་བཅས།

ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པ་ནས།

བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ཉིན།

II


གནའ་སྔ་མོ་ཡུལ་བཟང་ལྡན་ཞེས་པའི་ནང་བུ་ཉི་མ་ཞེས་པ་ཞིག་ཡོད། ཁོ་ རང་ཡུལ་དེར་ཕ་མའི་མཉམ་དུ་སྡོད་ཀྱི་ཡོད། ཉུལ་ལ་དགའ་པོ་དང༌།

ཆུང་ངུའི་དུས་ནས་འཁྱམ་

ལྷག་པར་ཏུ་བྱ་བྱིའུ་སོགས་མཐོང་སྐབས་སྲོག་

ཆགས་སེམས་ཅན་དེ་དག་གི་ལད་ཟློས་བྱེད་རྒྱུར་དགའ་པོ་བྱེད་ཀྱི་ཡོད།

1


སོས་ཀ་ཉི་མ་ཚ་དྲོད་ཆེ་བའི་སྐབས་ཤིག་སུ། ལུང་པའི་གཡས་གཡོན་ལ་ ཞིང་ཆུ་འདྲེན་པའི་ཡུར་བ་མང་ཙམ་ཡོད་པ་མ་ཟད། རིགས་ཀྱང་ཡོད་པ་བཞིན།

མཚོ་དང་མཚེའུའི་

ཕྲུ་གུ་རྣམས་རྐྱལ་རྩལ་དང་ཆུ་རྩེད་ལ་རོལ་

རྒྱུར་དགའ་པོ་ཡོད། ལན་གཅིག་བུ་ཉི་མས་ཀྱང་ཕྲུ་གུ་གཞན་དང་མཉམ་དུ་ མཚེའུ་ནང་དུ་རྐྱལ་བརྒྱབ་པར་བསྐྱོད།

2


དེའི་སྐབས་སུ་མཚེའུའི་ནང་དུ་ཉ་མོ་རྣམས་དལ་པོའ ་ི ངང་རྐྱལ་རྒྱག་པ་

མཐོང༌། བུས་ཀྱང་དེ་ལ་རིག་པ་ཕྲན་བུ་བསྒྲིམས་ཏེ་བལྟས་པས། ཉ་མོའ ་ི

རྐྱལ་རྒྱག་སྟངས་ཀྱིས་ཡིད་དབང་འཕྲོག་སྟེ། ཁོས་ཀྱང་ཉ་མོའ ་ི རྐྱལ་རྩལ་ ལ་དཔེ་བླངས་ཏེ་རྐྱལ་སྦྱོང་བྱས།

3


ཐེ ང ས་གཅི ག ་བུ་ཉི ་ མ་ནང་གི ་ བར་འཁྱམ་དུ་རྩེ ད ་མོ ར ་མགོ ་ འཁོ ར ་བའི ་

སྐབས། ཁང་པའི་ཐོག་ནས་མཆིལ་པས་ཅིབ་ཅིབ་ཅེས་སྐད་བརྒྱབ་པ་དང༌།

བུས་ཀྱང་ཅིབ་ཅིབ། ཅིབ་ཅིབ། ཅེས་ལད་མོ་བྱས། ཡང་ཡུད་ཙམ་རྗེས་ ལ་བྱ་རྒོད་ནམ་མཁའི་མཐོངས་ལ་ལྡིང་བ་མཐོང་བ་དང༌།

ཁོས་ཀྱང་ལག་

གཉིས་འཕྱར་ཏེ་ལྡིང་སྐོར་རྒྱག་ཐབས་བྱེད་བཞིན་བསམ་བློ་ཞིག་འཁོར།

4


ང་ལ་གཤོག་རྩལ་ཅན་གྱི་བྱ་རྒོད་དེ་ནང་བཞིན་འཕུར་རྩལ་ཞིག་བྱུང་ན།

རང་ཉིད་ལོ་ན་ཆེ་རུ་འགྲོ་རིམ་བཞིན་ལུང་པའི་གཡས་གཡོན་ཙམ་མིན་ པར་དེ་ལས་ཐག་རིང་ཙམ་ལ་འཁྱམ་དུ་ཕྱིན་ཏེ།

ཡིད་དུ་འོང་བའི་ཡུལ་

ལྗོངས་ཀྱི་བཀོད་པ་དང༌། སེམས་ཅན་ཇི་སྙེད་ཅིག་གི་ཐུན་མོང་མིན་པའི་ སྤྱོད་པ་སོགས་ལྟད་མོ་སྣ་ཚོགས་བལྟ་ཐུབ་སྙམ།

5


ཉིན་གཅིག་ལོ་ན་བཅུ་ལ་སོན་པའི་བུ་ཉི་མ་འཁྱམ་ཉུལ་དུ་འགྲོ་བའི་ལམ་དུ་ རྒྱུག་ཆུ་ཆེ་ཙམ་ཞིག་འཕྲད།

རང་ཉིད་ཆུ་བོའ ་ི ཕ་རོལ་ཏུ་འགྲོ་འདོད་ཡོད་

ཀྱང༌། ཆུ་བོའ ་ི གཏིང་རང་ཉིད་ཀྱི་གཟུགས་ཚད་ལས་ཟབ་པས། ཆུ་བརྒལ་ བར་ཞེད་སྣང་སྐྱེས་ཏེ་འགྲོ་མ་ཐུབ།

6


དེ་ལྟར་རང་ཉིད་ཀྱི་འདུན་པ་བཞིན་ཆུའི་ཕ་རོལ་ཏུ་འགྲོ་མ་ཐུབ་སྟབས། ཆུ་ ཁར་སེམས་སྐྱོ་ནས་བསྡད། དུས་ཡུན་གང་འཚམས་སོང་བའི་རྗེས་སུ་གླང་

ཆེན་ཞིག་དེར་སླེབས། གླང་ཆེན་གྱིས་བུ་དེ་སེམས་སྐྱོ་བར་ཤེས་ཏེ་ཁོའ ་ི ཉེ་ འགྲམ་ལ་ཕྱིན།

7


དེ ་ བཞི ན ་བུ་ཉི ་ མས་ཀྱང་གོ མ ་སྒྲ་ཞི ག ་ཐོ ས ་མ་ཐག་གཡས་གཡོ ན ་དུ་ བལྟས་པས།

གཟུགས་སྟོབས་ཆེ་བའི་གླང་ཆེན་ཞིག་རང་གི་འཁྲིས་སུ་

སླེབས་པ་མཐོང་འཕྲལ། རང་ཉིད་ལ་གནོད་པ་སྐྱེལ་མི་འོང་ངམ་སྙམ་པའི་ ཞེད་སྣང་སྐྱེས།

8


འོན་ཀྱང་གླང་ཆེན་གྱིས་གནོད་སྐྱེལ་རྒྱུ་ཕར་བཞག ད་དུང་བུ་དང་འདྲིས་ གོམས་ཆེ་མདོག་གིས། སྣ་རིང་པོ་དེ་མདུན་ཕྱོགས་སུ་ལན་གསུམ་གཡུག་

གཡུག་བྱས། ལད་ཟློས་ལ་དགའ་བའི་བུས་ཀྱང་ཞེད་བཞིན་དུ་གླང་ཆེན་གྱི་ བྱེད་སྟངས་ལྟར། ལག་གཡས་པ་མར་ཕབ་སྟེ་ལད་ཟློས་བྱས།

9


དེའི་རྗེས་ལ་གང་བྱེད་འདི་བྱེད་མེད་པར་གླང་ཆེན་ལ་མིག་ཅེར་ཏེ་བསྡད། གླང་ཆེན་གྱིས་ཡང་བསྐྱར་སྔར་བཞིན་བསྐྱར་ལྡབ་བྱས་པས། བུའི་བསམ་

པར་རང་ཉི ད ་གང་དུ་འགྲོ ་ མཁན་ཡི ན ་མི ན ་སྐད་ཆ་དྲི ས ་པ་མི ན ་ནམ་ བསམས་ཏེ།

10


གནོད་བསྐྱལ་མི་འོང་ངམ་སྙམ་པའི་ཞེད་སྣང་དང༌། སེམས་སྐྱོ་བའི་བཞིན་ རས་ཅུང་ཉམས་དམས་པའི་རྣམ་འགྱུར་འདྲེས་མའི་ངང༌། ཕྱོགས་སུ་འགྲོ་ཡི་ཡིན། མཛུབ་མོ་བཙུགས།

ཆུའི་ཕར་

ཞེས་བརྗོད་པའི་ཞོར་ལ་ཆུའི་ཕར་ཕྱོགས་ལ་

11


དེ་ནས་གླང་ཆེན་གྱིས་ཆུའི་ཕར་ཕྱོགས་སུ་འགྲོ་མཁན་ཡིན་པ་ཤེས་ཏེ།

བུ་ཉི་མའི་སྐེད་པར་སྣ་རིང་དཀྲིས་ཏེ། ཆུ་བོའ ་ི ཕར་ཕྱོགས་སུ་བསྐྱོད་འགོ་

བཙུགས། ཆུའི་དཀྱིལ་ཙམ་དུ་སླེབས་པའི་སྐབས། བུའི་རྐང་པ་སྐབས་རེ་ ཆུ་ལ་ཐུག་གི་ཡོད།

12


དེ་འདྲའི་སྐབས་སུ་བུའི་སེམས་ལ་གླང་ཆེན་གྱིས་སྣ་ནས་གློད་མི་འོང་ངམ་

སྙམ་པའི་དངངས་སྐྲག་ཕྲན་བུ་སླེབས་ཀྱང༌། རིག་པ་རྣོ་བའི་གླང་ཆེན་གྱིས་

བུ་ཆུ་ལ་མ་ཐུག་པའི་སླད་དུ། སྣ་ཕྲན་བུ་མཐོ་རུ་བཏང་བ་དང་སྦྲགས། མགོ་ བོ་གཟེངས་ཏེ་འགྲོ་ཐབས་བྱས།

13


མཐར་ཕར་ཕྱོགས་ཀྱི་ཆུ་ཁར་འབྱོར་བ་དང་གླང་ཆེན་གྱིས་སྣ་གློད་ཅིང། བུས་རང་ཉིད་ཀྱི་འདོད་པ་ལྟར་ཆུ་བོའ ་ི ཕར་ཕྱོགས་སུ་སླེབས་སྟབས་དགའ་

སྣང་ཆེན་པོས། གླང་ཆེན་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ལྷན་དུ། དགའ་ འཛུམ་དང་བཅས་གྲོགས་པོ་བཟོ་ཐབས་སུ་རང་ཉིད་ཀྱི་ལག་པ་བསྐྱངས།

14


གླང་ཆེ ན ་གྱི ས ་ཀྱང་ལྡེ མ ་ཉམས་ལྡན་པའི ་ རང་ཉི ད ་ཀྱི ་ སྣ་བརྐྱངས་ཏེ ། གྲོགས་པོ་བཟོས།

དེའི་ཉིན་ཧྲིལ་པོ་བུ་དང་གླང་ཆེན་གཉིས་ཆུའི་ཕར་

ཕྱོགས་སུ་འཁྱམ་ཉུལ་བྱས། དགོང་མོ་ཆགས་ལ་ཉེ་བ་དང་གླང་ཆེན་གྱིས་ བུ་ཉི་མ་ཆུའི་ཚུར་རོལ་ཏུ་བསྐྱལ།

15


སང་ཉིན་ཡང་གླང་ཆེན་ཐུག་འདོད་དང་བཅས་ཆུའི་འགྲམ་དུ་འཁྱམ་ཉུལ་

ལ་ཕྱིན། བུ་ཉི་མ་ཆུ་བོའ ་ི ཉེ་འགྲམ་ལ་འབྱོར་བའི་སྐབས་སུ། གླང་ཆེན་སྔོན་ ཚུད་ནས་སླེབས་ཏེ་སྒུག་བསྡད་པ་མཐོང་བ་དང༌། བུ་དགའ་ཐག་ཆོད་ནས་ གླང་ཆེན་གྱི་ཕྱོགས་སུ་རྒྱུགས།

16


དེ འི ་ སྐབས་གློ ་ བུར་དུ་གླང་ཆེ ན ་གྱི ས ་སུག་ལག་བསྐུམས་ཏེ ་ སར་ཉལ་ བ་ན།

དེ་རིང་ངའི་གྲོགས་པོ་གླང་ཆེན་ན་བ་མིན་ནམ་བསམ་བཞིན་དུ་ཉེ་

འགྲམ་དུ་སོང༌། སྐབས་སུ།

འོན་ཀྱང་བུ་ཉི་མ་གང་བྱེད་འདི་བྱེད་མེད་པར་ལྷག་པའི་

གླང་ཆེན་གྱིས་རྒྱབ་ཏུ་བཞོན་ཤོག་ཅེས་པའི་རྣམ་འགྱུར་དུ་

སྣས་རང་ཉིད་ཀྱི་རྒྱབ་ཕྱོགས་སུ་བརྡ་སྟོན་བྱས།

17


གཞི་ནས་བུས་གླང་ཆེན་དེ་ས་ལ་ཉལ་དགོས་པའི་རྒྱུ་མཚན་ཤེས་ཏེ། གླང་ ཆེན་གྱི་སྟེང་དུ་བཞོན་ནས་གཡས་གཡོན་ལ་འཁྱམ་ཞིང༌།

ལྟོགས་པའི་སྐབས་སུ་ཤིང་ཏོག་ལས་སླ་པོའ ་ི ངང་བཏོགས་ཏེ།

གྲོད་ཁོག་ གླང་ཆེན་

ལ་སྤྲད་པ་མ་ཟད། རང་གིས་ཀྱང་གྲོད་ཁོག་རྒྱགས་རྒྱགས་བཟས། དེ་ནས་ དགོང་དྲོའ ་ི དུས་སུ་ཁ་བྲལ་ཏེ་མི་འདོད་བཞིན་དུ་ནང་ལ་ལོག

18


ཉིན་རྗེས་མར་ཡང་བུས་གླང་ཆེན་ལ་བཞོན་ཏེ། འཁྲིད་དེ་འོང་བའི་སྐབས།

རང་ཉིད་ཀྱི་ཡུལ་ལ་

ནམ་རྒྱུན་གླང་ཆེན་གྱིས་ཞིང་ཁར་གནོད་

སྐྱེལ་བ་སོགས་ཀྱི་གནས་ཚུལ་ཤེས་མཁན་རྣམས་ཞེད་སྣང་ཡང་སྐྱེ་ཞིང་ ཧོན་ཡང་ཐོར་བ་མ་ཟད། བུ་ཉི་མ་དང་གླང་ཆེན་གཉིས་ཇི་ལྟར་འཆམ་པོ་ ཆགས་མིན་སྐོར་བསམ་བློ་སྣ་ཚོགས་འཁོར་བ་ལྟར། མི་ཚོས་ཕན་ཚུན་ ལབ་གླེང་འདྲ་མིན་བྱས།

19


དེ་ནས་བུས་རང་ཉིད་ཀྱི་ནང་ལ་ཁྲིད། སྣང་ཆེ་མདོག་གིས།

ནང་དུ་འབྱོར་མ་ཐག་ཕ་མས་ཞེད་

བུ་ལ་གླང་ཆེན་ནང་ལ་ག་རེ་བྱས་ནས་ཁྲིད་ཡོང་བ་

ཡིན་ནམ་ཞེས་བཀའ་བཀྱོན་གནང༌། འོན་ཀྱང་བུས་གླང་ཆེན་འདི་གླང་ཆེན་ གཞན་དང་མི་འདྲ་སྟེ། ཕ་མ་གཉིས་ཀྱིས་ཐུགས་ཡིད་མ་ཆེས་ན་གཟིགས་ ཨང་ཞེས་ཞུས་ཏེ།

20


གླང་ཆེན་གྱི་སྟེང་ནས་མར་འབབ་རྒྱུའི་བརྡ་སྟོན་དུ། གླང་ཆེན་གྱི་རྒྱབ་ལ་ ཐུག་ཙམ་ཐུག་ཙམ་ལན་གསུམ་བཞུས་པ་བཞིན། གླང་ཆེན་གྱིས་ཀྱང་མར་ བསྡད་པས།

ཕ་མ་གཉིས་ཧོན་ཐོར་ཅིང་ཧང་སངས་ཏེ་ལབ་ཚོད་མ་ཐིག

མཐར་དོ་ནུབ་འཇོག་རུང་ཡང་ཕྱིན་ཆད་འཁྲིད་མི་ཆོག་པའི་བཀའ་བཏང༌།

21


སང་ཉི ན ་དེ ར ་བུ་ཉི ་ མ་དང་གླང་ཆེ ན ་གཉི ས ་དང་ཐོ ག ་མཚོ ་ ཡོ ད ་སར་ འཁྱམ་དུ་ཕྱིན། དེ་ཉིན་ཕྲུ་གུ་གཞན་ཡང་ཆུ་བརྒལ་བར་སླེབས་ཏེ། སྣང་བ་ སྐྱིད་མདོག་ངང་རྐྱལ་རྒྱག་བཞིན་ཡོད། བུས་ཀྱང་གླང་ཆེན་གྱི་གཟུགས་ པོ་བཀྲུས་ཤིང་བྱིལ་བྱིལ་བཏང༌བར། བའི་རྣམ་འགྱུར་བསྟན།

22

གླང་ཆེན་གྱིས་ཀྱང་སྐྱིད་པོ་བྱུང་


དེ་འདྲའི་སྐབས་ཤིག་ལ་ཕྲུ་གུ་ཞིག་ཆུའི་ནང་དུ་དིམ་བཞིན་དངངས་སྐྲག་ ངང་ང་སྐྱོབས་དང༌། ང་སྐྱོབས་དང༌། ཞེས་ཆོ་ངེ་འདེབས་ཀྱི་ཡོད་ཀྱང་། རྐྱལ་རོགས་ཚང་མ་ཕྲུ་གུ་ཤ་སྟག་ཡིན་པས་སྐྱོབ་པའི་ནུས་པ་མེད་པར་

བརྟེན། ཕྲུ་གུ་རྣམས་ཀྱིས་གཡས་གཡོན་ལ་རོགས་པ་བྱོས་དང༌། ཞེས་ སྐད་བརྒྱབ།

23


ཡང་ཕྲུ་གུ་འགའ་ཤས་གཡས་གཡོ ན ་དུ་ཞི ང ་ཁར་ལྟ་རྟོ ག ་བྱེ ད ་མཁན་ མི་རྣམས་སྐད་གཏོང་བར་ཕྱིན། འོན་ཀྱང་ཞིང་ཆུ་འདྲེན་པའི་མི་གཅིག་ ཀྱང་དུས་ཐོག་ཏུ་སླེབས་མ་ཐུབ།

དེ་འདྲའི་དངངས་སྐྲག་ཁྲོད་དུ་ལུས་

པའི་སྐབས།

24


བུས་འཚབ་འཚུབ་ངང་གླང་ཆེན་ལ་ཕྲུ་གུ་དེ་ཆུ་ལས་སྐྱོབ་པའི་ལག་བརྡ་ བྱས་པ་ལྟར། བློ་སེམས་དཀར་ཞིང༌། གཤིས་སྤྱོད་འཇམ་པའི་གྲོགས་པོ་ གླང་ཆེན་གྱིས་དང་དུ་བླངས་ནས་མཚོའི་དཀྱིལ་ལ་བློ་སྟོབས་ཆེན་པོའ ་ི ངང་བརྒལ་ཏེ། ཕྲུ་གུ་དེ་འཕྲལ་དུ་བསྐྱབས།

25


གནས་ཚུལ་བཟང་པོ ་ དེ ་ ལྟ་བུ་བྱུང་བ་ལ་བརྟེ ན ་ནས་རྐྱལ་རོ ག ས་ཕྲུ་གུ་ རྣམས་ཞེ་དྲག་དགའ་པོ་བྱུང༌།

དེ་ནས་དུས་ཡུན་གང་འཚམས་རྗེས་སུ།

གཡས་གཡོན་དུ་སྐད་གཏོང་མཁན་ཕྲུ་གུ་རྣམས་དང་།

ཞིང་ཁར་ལྟ་རྟོག་

བྱེད་མཁན་མི་རྒན་པ་ཁག་རིམ་གྱིས་སླེབས་པའི་སྐབས་སུ་ཕྲུ་གུ་ཆུ་ལས་ བསྐྱབས་ཟིན་པས། ཇི་ལྟར་བསྐྱབས་ཚུལ་དྲིས་སྐབས།

26


དེར་ཡོད་པའི་རྐྱལ་རོགས་ཕྲུ་གུ་རྣམས་ཀྱིས་གླང་ཆེན་གྱིས་བསྐྱབས་པའི་ གནས་ཚུལ་ཞུས།

དེ་ལ་བརྟེན་ནས་ཡུལ་གྱི་མི་ཚོགས་ཁྲོད་དུ་གླང་ཆེན་

གྱིས་ཆུ་ལ་དིམ་པའི་ཕྲུ་གུ་བསྐྱབས་པའི་གཏམ་བཟང་ཡུད་ཙམ་ལ་ཁྱབ་སྟེ། མཐར་བུའི་ཕ་མ་གཉིས་ཀྱིས་ཀྱང་གནས་ཚུལ་དེ་ཤེས་རྟོགས་བྱུང༌།

27


དེ་ནས་བུའི་ཕ་མ་གཉིས་ཀྱང་མཚོ་ཐོག་ཏུ་སླེབས་ཏེ། བུ་ལ་གླང་ཆེན་གྱིས་

ཇི་ལྟར་བསྐྱབས་ཚུལ་དང༌། སྒྲིག་ཁྲིམས་ཇི་ལྟར་བསླབས་ཚུལ་སོགས་ཀྱི་ སྐད་ཆ་དྲིས་པར།

བུས་རང་ཉིད་འཁྱམ་དུ་འགྲོ་བའི་སྐབས་སུ་ཆུ་བོའ ་ི ཉེ་

འགྲམ་དུ་ཐོག་མར་ཐུག་པ་ནས་བར་དུ་གནས་ཚུལ་ཅི་བྱུང་ཚང་མ་བཤད།

28


དེའི་རྗེས་ལ་མཐར་ཕ་མ་གཉིས་ཀྱིས་གླང་ཆེན་དམིགས་བསལ་ཞིག་ཡིན་

པར་ཤེས་ཏེ། ནང་དུ་ཉར་ན་འགྲིག་པའི་ཆོག་མཆན་ཐོབ་སྟབས། བུའི་ སེམས་ཀྱི་ནང་དུ་དགའ་ཚོར་གྱི་རྦ་རླབས་འཕྱོ་ཞིང༌།

འཛུམ་གྱི་མེ་ཏོག་དབང་མེད་དུ་བཞད་པ་དང་སྦྲགས། ཐུགས་རྗེ་ཆེ་ཞུས།

29

བཞིན་ལ་དགའ་ ཕ་མ་གཉིས་ལ་


དུས་དེ་ནས་བཟུང་བུ་ཉི་མ་དང་གླང་ཆེན་གཉིས་ཉིན་མོའ ་ི དུས་སུ།

གླང་

ཆེན་ལ་ཟས་སུ་རྩྭ་མང་པོ་དགོས་པ་བཞིན། རྩི་ཤིང་ནགས་ཚལ་ཡོད་སར་ བསྐྱོད་དེ།

རྩི་ཤིང་དང་ཤིང་སྡོང་གི་ལོ་མ་སོགས་ལོངས་སུ་སྤྱོད་ཅིང༌།

དེའི་སྐབས་སུ་བུས་ཀྱང་རང་བྱུང་ཤིང་ཏོག་ཁག་ཟ་ཞིང༌། དགོང་མོ་ཆགས་ པ་དང་ནང་ལ་མཉམ་དུ་ལོག་གི་ཡོད།

30


ཡང་ཉིན་གཅིག་བུ་དང་གླང་ཆེན་གཉིས་ཤིང་ནགས་ནང་ལ་སོས་དལ་ངང་

འཁྱམ་ཉུལ་བྱེད་པའི་སྐབས་སུ། དོམ་ནག་པོ་ཆེན་པོ་ཞིག་ཕྲད། དོམ་དང་ ཁོ་ཚོའི་དབར་ལ་རྒྱང་ཐག་དེ་ཙམ་རིང་པོ་མེད་སྟབས། བུ་ཤིན་ཏུ་སྐྲག་སྟེ་ གླང་ཆེན་གྱི་གཞོགས་ཤིག་ཏུ་ཡིབ།

31


དོམ་དེ་ད་དུང་ཁོ་ཚོའི་ཕྱོགས་སུ་མུ་མཐུད་འོང་གི་ཡོད་སྟབས། བས་དངངས་ཤིང་སྐྲག

བུ་ནི་དེ་

དེ་འདྲའི་སྐབས་སུ་གླང་ཆེན་གྱིས་བུ་ཞེད་པར་

མཐོང་ནས། དོམ་གྱི་ཕྱོགས་སུ་གཏུམ་དྲག་ངང་རྒྱུགས་ཏེ། རྒྱང་ཐག་རིང་ པོའ ་ི བར་དུ་འདེད་གཤར་བཏང༌།

32


བུས་གླང་ཆེན་ནི་དུད་འགྲོ་ཞིག་ཡིན་ཡང་གྲོགས་པོའ ་ི འདུ་ཤེས་ཟབ་ཅིང༌། རང་ཉིད་ཀྱི་ཚེ ་སྲོག་ལ་མི ་བལྟ་བར་བུ་རང་ཉི ད ་དཀའ་ངལ་ནང་དུ་ལྷུང་ བ་མཐོང་འཕྲལ།

འཇིགས་སྐྱོབ་གནང་བར་ཡིད་ཚིམ་པོ་ཞེ་དྲག་བྱུང་སྟེ།

དགའ་སྣང་དང་བཅས་པའི་སྒོ་ནས།

33


སྤྱང་གྲུང་ལྡན་པའི་གླང་ཆེན། །དུད་འགྲོའ ་ི ལུས་ཞིག་བླངས་ཀྱང༌། །ཡ་ རབས་ཅན་གྱི་མི་བཞིན། །གྲོགས་པོའ ་ི འདུ་ཤེས་ཟབ་པ། །ཁྱེད་ཉིད་གྲོགས་ སུ་བསྟེན་ནས།

།འཁྱམ་རོགས་སྐྱོབ་རོགས་གནང་བ།

།ང་ཡི་ཡིད་ལ་

བཞག་སྟེ། །བཀའ་དྲིན་དུས་སུ་འཇལ་ཆོག །ཅེས་སྙིང་ཐག་པ་ནས་ཐུགས་ རྗེ་ཆེ་ཞུའི་སྙན་ཚིག་ཅིག་ཕུལ།

34


དགོང་དྲོ་ནང་དུ་འབྱོར་འཕྲལ༌བུས་ཕ་མ་གཉིས་ལ༌དེ་ཉིན་གནས་ཚུལ་ཅི་ བྱུང་སྦ་གསང་མེད་པར་བཤད་པས།

ཕ་མ་གཉིས་དགའ་ཐག་ཆོད་ཅིང།

གླང་ཆེན་ལ་བྱམས་སྐྱོང་ཆེན་པོས་སྒོ་ཕྱུགས་ལྟར་གསོ་སྐྱོང་གནང་བ་མ་

ཟད། ཕན་ཚུན་ཉི་མ་མེ་གྲོགས་དང། ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་མི་ཚེ་ བདེ་སྐྱིད་ཀྱི་ངང་བསྐྱལ་ཏོ།། །།རྫོགས་སོ། །

35


Turn static files into dynamic content formats.

Create a flipbook
བུ་ཉི་མ་དང་གླང་ཆེན། by Sherig Books - Issuu