ཕ་ཡུལ་ཕྱོོགས་བསྒྲིིགས་དེེབ་ཕྲེེང་། ༧༡
གཟིིམ་གཡོོག་ནོོར་ཆུང་། བསོོད་ནམས་བཟང་པོོས་སྒྱུར་སྒྲིིག་ཞུས།
ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་ཞུས།
སྤྱི་ཁྱབ་འགན་འཛིན།
བསྟན་འཛིན་པདྨ།
སྒྱུར་སྒྲིིག་པ།
བསོོད་ནམས་བཟང་པོོ།
རྩོོམ་སྒྲིིག་པ།
རི་མོ་བ།
ཆོོས་ཉིིད་སྒྲོོལ་མ།
མགོན་པོ་དོན་གྲུབ།
ཇུས་འགོད་པ། ཆོས་ཉིད་སྒྲོལ་མ།
Copyright © 2021 Department of Education All rights reserved First Edition 2021 Acknowledgement Financial support from ARTIC (Association For Rengein Tanjouji International Cooperation), Japan has made this publication possible. Published by: Publication Cell/Education Council Department of Education Central Tibetan Administration Gangchen Kyishong, Dharamshala -176215 Distt. Kangra (H.P.) INDIA Printed by: Sherig Parkhang Trust E-mail: shepardelhi@gmail.com
དབྱར་དུས་ཀྱི་ཞོགས་པ་ཞིག་ལ། སྐུ་ངོ་འབྲུག་གྲགས་མལ་ལས་ལངས་སྐབས། མཚན་ མོར་ཙི་ཙིས་ཡང་བསྐྱར་ཁོའི་ཀོ་ལྷམ་ཡུ་རིང་དེ་བཟས་པ་ཤེས་པས། ཁོང་ཁྲོ་ལངས་པ་རེད། ཁོོས་སྐད་ཤུགས་ཆེེན་པོོས་ ”ནོོར་ཆུང། ནོོར་ཆུང།” ཞེེས་བོོས། ནོོར་ཆུང་ནིི་སྐུ་ངོོ་འབྲུག་གྲགས་ཀྱིི་གཟིིམ་གཡོོག་རེེད།
1
གཟིིམ་གཡོོག་ཅེེས་པ་ནིི་དཔའ་རྟུལ་གྱིི་མདུན་ལ་གཡོོག་རྒྱུག་མཁན་ལ་ཟེེར་ཞིིང་། ནར་སོོན་ སྐབས་དཔའ་རྟུལ་ཆགས་རྒྱུར་སྦྱོོང་བརྡར་བྱེེད་མཁན་ཞིིག་ཡིིན། ནོོར་ཆུང་དཔའ་རྟུལ་ཆགས་
འདོོད་ཆེེན་པོོ་ཡོོད། བློོ་ཕམ་པ་ཞིིག་ལ་ཁོོས་འབད་བརྩོོན་ག་ཚོོད་བྱས་ཀྱང་། ལམ་འགྲོོ་གཏན་
ནས་རྒྱུགས་ཀྱིི་མེེད། ནོོར་ཆུང་ཁང་པའིི་ཐོོག་ཁར་ཉིི་མ་སྲོོ་བཞིིན་འང་གུ་ལ་རྒུམ་བུ་སྤྲོོད་ཀྱིི་ཡོོད།
སྐབས་དེེར་ཁོོའི་ི བསམ་བློོར་རང་ཉིིད་དཔའ་རྟུལ་ཞིིག་ཆགས་ན་གང་འདྲ་ཡོོད་དམ་སྙམ་པ་དང་། ངོོ་མཚར་གྱིི་གནས་ཚུལ་མང་པོོར་སེེམས་གཡེེངས་ནས་བསྡད།
2
སྐུ་ངོོ་འབྲུག་གྲགས་ཀྱིིས་སྐད་བཏང་བ་གོོ་ནས། ནོོར་ཆུང་མར་བབས་ཏེེ་ཁོོའི་ི སར་ཕྱིིན། ཁོོས་སྐུ་ ངོོ་འབྲུག་གྲགས་ཀྱིི་བེེར་གཙང་ཕྱིིས་བྱས་ཤིིང་། དེེ་ནས་སྐུ་ངོོ་ལ་ཞྭ་མོོ་མང་པོོ་ཡོོད་པ་རྣམས་བང་ བསྒྲིིགས་ཏེེ་འདེེམས་ཆོོག་ཆོོག་བཟོོས།
3
སྐུ་ངོོ་འབྲུག་གྲགས་ཀྱིིས་མིི་མཐོོང་བའིི་སྐབས་དང་བསྟུན། ནོོར་ཆུང་གིིས་ཞྭ་མོོ་ཞིིག་གྱོོན་ནས།
རང་ཉིིད་དཔའ་རྟུལ་ཞིིག་ཆགས་པ་ཡིིན་ན་གང་འདྲ་ཡོོད་མེེད་ཚོོད་ལྟ་བྱས།
4
དེེ་ནས་གསོོལ་ཚིིགས་ཁང་དུ་ཞོོགས་ཟས་བཟས་རྗེེས། ནོོར་ཆུང་གིིས་སྐུ་ངོོ་འབྲུག་གྲགས་ཀྱིི་ཀོོ་ ལྷམ་ཡུ་རིིང་དེེ་ཚེེམ་པ་དང་། གཡོོག་མོོ་དཔལ་འཛོོམས་ཀྱིིས་གུང་ཚིིགས་ཆེེད་དུ་བག་ལེེབ་
སྲེེག་པས། སྐུ་ངོོ་འབྲུག་གྲགས་དགའ་ཚོོར་ཆེེན་པོོ་བྱུང་། ཁོོ་ཐབ་ཚང་ནང་ཕར་འགྲོོ་ཚུར་འགྲོོ་ བྱེེད་བཞིིན། སྐད་གྲགས་ཅན་གྱིི་དཔའ་རྟུལ་ཚོོའིི་སྐོོར་ལ་ངོོ་མཚར་ཆེེ་བའིི་སྒྲུང་གཏམ་སྣ་ཚོོགས་
བཤད། སྒྲུང་སྙན་པོོ་དེེ་ཚོོས་ནོོར་ཆུང་གིི་ཡིིད་དབང་འཕྲོོགས་ནས། ལྷམ་གྱིི་ཚེེམ་བུ་ཨ་ཀྱོོག་པ་ ཀྱོོག་ཆགས།
5
ཉིིན་དེེར་གནམ་གཤིིས་ཡག་པོོ་ཡོོད་པས། སྐུ་ངོོ་འབྲུག་གྲགས་ཀྱིིས་ནོོར་ཆུང་ཁྲིིད་ནས་དཔའ་ རྟུལ་ཇིི་ལྟར་བྱེེད་དགོོས་མིིན་སྦྱོོང་བརྡར་སྤྲོོད་པར་སོོང་། ཁོོང་གཉིིས་སྐུ་ངོོ་འབྲུག་གྲགས་ཀྱིི་རྟ་ པོོ་རྐྱང་རྒོོད་ལ་བཞོོན་ནས། སྤང་ལྗོོངས་དང་། ནགས་ཚལ་བརྒྱུད་ནས་ཕྱིིན། ལམ་བར་དུ་གྲོོང་མིི་
ཐུག་ཚད་ལ་ “ཞོོགས་པ་བདེེ་ལེེགས་” ཞེེས་ལག་པ་གཡུག་གཡུག་བྱས། སྤྱིིར་བཏང་གཟིིམ་
གཡོོག་ཅིིག་ཡིིན་ན། སོོ་སོོ་རང་ལ་རྟ་ཞིིག་བཞོོན་རྒྱུ་ཡོོད། འོོན་ཀྱང་སྐུ་ངོོ་འབྲུག་གྲགས་འབྱོོར་བ་ ཞན་པས། རྟ་སྐམ་རིིད་ཅན་གཅིིག་ལས་མེེད་པ་དེེར། ཁོོང་གཉིིས་མཉམ་དུ་མ་བཞོོན་ཀ་མེེད་རེེད།
6
ཁོོང་གཉིིས་ཟམ་པ་ཡོོད་པའིི་རྒྱུགས་ཆུའིི་འགྲམ་གྱིི་ས་ཆ་སྐྱིིད་པོོ་ཞིིག་ཏུ་སླེེབས། དེེར་རལ་གྲིི་འཛིིན་ སྟངས་དང་། གཡུག་སྟངས་སྦྱོོང་བརྡར་བྱེེད་འགོོ་བཙུགས། ནོོར་ཆུང་གིིས་རང་ཉིིད་དཔའ་རྟུལ་ ཞིིག་ཡིིན་བསམས་ཏེེ། རལ་གྲིི་མཐོོ་པོོར་འཕྱར་བས། དེེ་ཤིིང་སྡོོང་གིི་ཡལ་ག་ལ་འཁར་བ་རེེད།
7
དེེ་རྗེེས་ཁོོང་གཉིིས་ཀྱིིས་ཞབས་བྲོོ་སྦྱོོང་བརྡར་བྱས།
8
ནོོར་ཆུང་གིིས་གཡས་ཕྱོོགས་སུ་གོོམ་པ་གསུམ་སྤོོ་དགོོས་ཀྱང་། ནོོར་ནས་གཡོོན་ཕྱོོགས་སུ་ སྤོོས་པས། བག་ལེེབ་རྡོོག་རྫིིས་ཐེེབས།
9
དེེ་ནས་གུས་འདུད་ཞུ་སྟངས་སྦྱོོང་བརྡར་བྱས། འོོན་ཀྱང་ནོོར་ཆུང་གིིས་མགོོ་ཤུགས་ཀྱིིས་བསྒུར་ བས། མགོོ་རྟིིང་ལོོག་ནས་རྒྱུགས་ཆུའིི་ནང་དུ་ཟགས།
10
སྐུ་ངོོ་འབྲུག་གྲགས་ཀྱིིས་དབུགས་རིིང་གཏོོང་བཞིིན། ནོོར་ཆུང་གིི་དུག་ལོོག་བཙིིར་ཏེེ་སྐམ་རོོགས་ བྱས་པ་དང་། “ནོོར་ཆུང་། ཁ་ཐབས་འདིི་ལ་བལྟས་ན་དཔའ་རྟུལ་ཆགས་པར་ད་དུང་དུས་ཡུན་ རིིང་པོོ་འགོོར་ས་རེེད་དཱ།” ཞེེས་བཤད།
11
“ཁྱོོད་ཀྱིིས་གྲིི་འཛིིང་ནིི་མིི་ཤེེས། ཞབས་བྲོོ་ནིི་འཁྲབ་མིི་ཤེེས། གུས་འདུད་ནིི་ཞུ་མིི་ཤེེས། ཐ་ན་ ཀོོ་ལྷམ་ཚེེམ་སྟངས་ཀྱང་མིི་ཤེེས།” ཟེེར་བཞིིན། ཀོོ་ལྷམ་ཡུ་རིིང་དེེར་མཛུབ་མོོ་བཙུགས་ནས། “ལྟོོས་དང་། ཚེེམ་བུ་ཡག་པོོ་བྱུང་མིི་འདུག ང་གཉིིས་ལྷམ་བཟོོ་བའིི་སར་འགྲོོ།” ཞེེས་བཤད།
12
ཁོོང་གཉིིས་ཤིིང་ནགས་བརྒྱུད་ནས་ལྷམ་བཟོོ་བའིི་སྡོོད་ཁང་གིི་ཉེེ་སར་སླེེབས་སྐབས། གནས་ ཚུལ་ཁྱད་མཚར་ཞིིག་འཕྲད་པ་རེེད། དུག་ལོོག་རྩབ་རལ་གྱོོན་ཞིིང་ཐོོ་ཡོོར་འདྲ་བའིི་མིི་བཞིི་ ལྷམ་བཟོོ་བའིི་ཁང་ཆུང་ནས་ཀིི་ཤར་རྒྱག་བཞིིན། ལྷམ་ཁྱོོག་ཚད་རེེ་འཁྱེེར་ནས་རྒྱུགས་ཡོོང་ གིི་ཡོོད་པ་མཐོོང་།
13
སྐུ་ངོོ་འབྲུག་གྲགས་དང་གཟིིམ་གཡོོག་ནོོར་ཆུང་གཉིིས་ལྷམ་བཟོོ་བའིི་ཁང་ཆུང་དུ་སླེེབས་སྐབས། ལྷམ་བཟོོ་བ་ཐེེམ་སྐས་ཐོོག་མགོོ་བོོ་ལག་པས་སྐྱོོར་ནས་བསྡད་ཡོོད། ལྷམ་བཟོོ་བས་ “དཀོོན་
མཆོོག་མཁྱེེན། ད་འགྲིིག་མ་སོོང་། རྐུན་མ་རྫབ་ཆེེན་བཞིི་དེེ་འདིི་ལ་སླེེབས་སོོང་། དེེ་ལས་སྡུག་
པ་ཞིིག་ལ་ཁོོང་ཚོོས་ཐེེར་ཀ་འཁྲིིད་ནས་ཡང་བསྐྱར་ངའིི་ལྷམ་འཕྲོོག་བཅོོམ་བྱེེེད་པར་ཡོོང་གིི་ ཡིིན་ཞེེས་སྡིིགས་ར་བསྐུལ་བྱུང་། ངས་ལོོ་དང་ཟླ་བ་མང་པོོར་དཀའ་ལས་བརྒྱབ་པ་ཆ་ཚང་ཆུད་ ཟོོས་སུ་ཕྱིིན་སོོང་།” ཞེེས་སྡུག་སྐད་བརྒྱབ།
14
ལྷམ་བཟོོ་བ་དེེས་ཁོོང་གཉིིས་འོོག་གིི་མཛོོད་ཁང་དུ་ཁྲིིད་ནས། གྲལ་བསྟར་བསྒྲིིགས་པའིི་ལྷམ་ སྤུས་ལེེགས་རྣམས་བསྟན།
15
སྐུ་ངོོ་འབྲུག་གྲགས་ཀྱིིས་ཁོོང་ཁྲོོའི་ི ངང་རལ་གྲིི་གནམ་ལ་འཕྱར་ཏེེ། “ལྷམ་རྐུས་དང་། ངས་
བལྟས་ཆོོག” ཅེེས་སྐད་བརྒྱབ། འོོན་ཀྱང་། ལྷམ་བཟོོ་བ་སེེམས་སྐྱོོ་ནས་དབུགས་རིིང་འབྱིིན་
ཞིིང་། “ཁོོང་ཚོོ་མིི་བཞིི་འདུག བཞིི་ཀ་སྟོོབས་ཆེེན་པོོ་འདུག ང་ཚོོ་མིི་གཉིིས་དང་ཕྱེེད་ཀ་ལས་ མེེད་པཱ།” ཞེེས་བཤད།
16
ལྷམ་བཟོོ་བས་སྐད་ཆ་ཤོོད་བཞིིན་པའིི་སྐབས་ནོོར་ཆུང་གིིས་བཟོོ་ལྟ་དང་། ཚོོན་མདོོག ཡུ་བ་རིིང་ ཐུང་སྣ་ཚོོགས་ཡོོད་པའིི་ཀོོ་ལྷམ་ལ་བལྟས་ཏེེ། གློོ་བུར་དུ་ཐབས་ཤེེས་ཤིིག་དྲན།
17
“འདིི་ཚོོ་ཁྱེེར།” ཞེེས་སྐུ་ངོོ་འབྲུག་གྲགས་དང་ལྷམ་བཟོོ་བའིི་ལག་པར་ཀོོ་ལྷམ་འཁྱོོག་ཚད་རེེ་
བཞག་སྟེེ། ཁོོང་ཚོོ་ཁང་ཆུང་གིི་ལྟག་སྒོོ་ནས་ཐོོན་པའིི་སྐབས། ཤིིང་རྟ་འཁོོར་ལོོ་ཞིིག་སླེེབས་པའིི་ སྒྲ་ཐོོས་པས། “དུས་ཚོོད་ཏག་ཏག་བྱས་སོོང་།” ཞེེས་བཤད།
18
འཇིིགས་རྔམ་ཆེེ་བའིི་རྐུན་མ་བཞིི་པོོ་ལྷམ་བཟོོ་བའིི་ཁང་ཆུང་དུ་སླེེབས་ཏེེ། སྐད་ཅོོར་རྒྱག་བཞིིན་ འོོག་གིི་མཛོོད་ཁང་དུ་བབས། “ལྷམ་འདིི་དག་ལ་ལྟོོས་དང་།” ཞེེས་དགོོད་སྒྲ་དང་བཅས། ཧབ་ ཐོོབ་བརྒྱབ་ནས་གྱོོན། གློོ་བུར་དུ་སྒྲ་ཞིིག་ཐོོས་པས་ཁོོང་ཚོོ་ཡུད་ཙམ་རིིང་ཧད་དེེ་ལུས།
19
མཛོོད་ཁང་གིི་སྒེེའུ་ཁུང་ནར་མོོ་དེེའིི་ཕྱིི་ལོོག་ཏུ་ཐྲིིག་་་ཐྲིིག་་་ཐྲིིག་ཅེེས་རྐང་པ་ཆེེན་པོོ་བརྒྱད་ཕར་
འགྲོོ་བཞིིན་ “ལྷམ་རྐུན་རྫབ་ཆེེན་དེེ་ཚོོ་ག་པར་འདུག ཁོོང་ཚོོ་ལག་པར་ཐེེབས་སོོང་ན་སྣ་སུན་ ཞིིག་སྤྲོོད་ཐག་ཆོོད་ཡིིན།” ཞེེས་བཤད་པ་གོོ
20
དེེ་རྗེེས་ཡང་བསྐྱར་ཐྲིིག་་་ཐྲིིག་་་ཐྲིིག་ཅེེས་རྐང་པ་ཆེེན་པོོ་བརྒྱད་ཚུར་ཡོོང་བཞིིན་ “ང་ཚོོས་འདིི་ འདྲ་བྱས་ནས་མཐའ་བསྐོོར་ན། ཁོོང་ཚོོ་ཧང་སང་གིི་རེེད། ཁོོང་ཚོོ་མིི་བཞིི་ལས་མེེད་པཱ། སྐད་ ཤོོར་བཅུག་དགོོས།” ཞེེས་བཤད་པ་གོོ
21
ཁོོང་ཚོོས་བཟོོ་ལྟ་དང་ཆེེ་ཆུང་མིི་འདྲ་བའིི་ཀོོ་ལྷམ་སྣ་ཚོོགས་གྱོོན་ནས་ཐྲིིག་སྒྲ་དང་བཅས་ཕར་ འགྲོོ་ཚུར་འོོང་མང་པོོ་བྱས།
22
རྐུན་མ་དེེ་ཚོོར་བློོ་ཁོོག་མེེད་ཙང་། ལྷམ་རྐུན་གྱིི་འགོོ་པ་དེེ་ཞེེད་ཐག་ཆོོད་ནས་ངོོ་མདོོག་སྐྱ་བོོར་
གྱུར། “ང་ཚོོ་མིི་ཉུང་ཉུང་རེེད། མགྱོོགས་པོོ་འགྲོོ། ཁོོ་ཚོོས་མ་འཇུས་སྔོོན་ལ་བྲོོས་འགྲོོ། “ཞེེས་ སྐད་བརྒྱབ།
23
རྐུན་མ་བཞིི་པོོ་དེེ་ཚོོས་སོོ་སོོའི་ི ལྷམ་ཡང་གྱོོན་ལོོང་མ་བྱུང་བར་སྐད་ངན་རྒྱག་བཞིིན་ཤིིང་ནགས་ སུ་བྲོོས་པ་དང་། དེེ་ནས་བཟུང་ནམ་ཡང་མཐོོང་རྒྱུ་མེེད་པར་གྱུར།
24
ལྷམ་བཟོོ་བས་ “ནོོར་ཆུང་། རྐང་ལག་ཚང་མར་ལྷམ་གྱོོན་ནས་སྒེེའུ་ཁུང་འགྲམ་དུ་ཕར་འགྲོོ་
ཚུར་འོོང་བྱེེད་པའིི་ཐབས་ཤེེས་དེེ་དེེ་འདྲའིི་ཡག་པ་ལ་ཨང་།” ཞེེས་བཤད། སྐུ་ངོོ་འབྲུག་གྲགས་
ཀྱིིས་ “ནོོར་ཆུང་། དངོོས་གནས་འཇོོན་པོོ་བྱུང་།” ཞེེས་བསྔགས་བརྗོོད་བྱས། དེེ་ནས་ཁོོང་ཚོོས་ རྐང་ལག་བཞིི་ས་ལ་བཙུགས་ནས་ཐྲིིག་་་ཐྲིིག་་་ཐྲིིག་ཅེེས་ཕར་འགྲོོ་ཚུར་འགྲོོ་བྱས་ཏེེ་དགའ་བའིི་
རྣམ་འགྱུར་བསྟན། དེེ་རྗེེས་ཁོོ་ཚོོས་གཡོོག་མོོ་དཔལ་འཛོོམས་ཀྱིིས་བཟོོས་པའིི་བག་ལེེབ་བཟས་ ནས་བསྡད།
25
ལྷམ་བཟོོ་བས་ “ད་ངས་ཁྱེེད་གཉིིས་ལ་དྲིིན་ལན་འཇལ་རེེས་རེེད། མིི་ཚེེའིི་ནང་ཁྱེེད་གཉིིས་ལ་ ལྷམ་དགོོས་པའིི་དུས་ཚོོད་ག་དུས་བྱུང་ནའང་ངའིི་སར་ཡོོང་རྐྱང་བྱེེད། མ་གཞིི་ནས་ད་ལྟ་ཁྱེེད་ རང་གཉིིས་ལ་ལྷམ་གསར་པ་རེེ་དགོོས་ཀྱིི་འདུག” ཅེེས་བཤད།
26
སྐུ་ངོོ་འབྲུག་གྲགས་དང་ནོོར་ཆུང་དགའ་ཐག་ཆོོད་ནས་རང་ལ་རན་པའིི་ལྷམ་རེེ་འདེེམས་འགོོ་
བཙུགས། ནོོར་ཆུང་གིིས་ལྷམ་གསར་པ་གྱོོན་ཚར་རྗེེས། ལྷམ་བཟོོ་བས་ “ངའིི་མཉམ་དུ་ཤོོག་
དང་།” ཞེེས་ལབ་ནས་ཁོོང་གཉིིས་ཁང་པའིི་རྒྱབ་ཀྱིི་ལྡུམ་རའིི་ནང་ཕྱིིན།
27
དེེར་རྟ་ཟག་པ་ཆུང་ཆུང་ཞིིག་གིིས་ར་བའིི་སྒོོ་ནས་ལྟ་བཞིིན་ཡོོད་པ་མཐོོང་། ལྷམ་བཟོོ་བས་ “འདིིའིི་ མིིང་ལ་ཟག་ཆུང་ཟེེར། ནོོར་ཆུང་། འདིི་ཁྱེེད་རང་ལ་སྟེེར་བ་ཡིིན་པས། ཁྱེེད་རང་གིིས་སྦྱོོང་བརྡར་ ཡག་པོོ་བྱས་ཏེེ་དཔའ་རྟུལ་ཞིིག་ཆགས་ཐུབ་པ་བྱེེད།” ཞེེས་ལབ།
28
ཉིི་མ་ནུབ་ལ་ཉེེ་སྐབས་ཕན་ཚུན་ཁ་བྲལ་བའིི་དུས་ལ་སླེེབས་པས། སྐུ་ངོོ་འབྲུག་གྲགས་རྟ་པོོ་རྐྱང་ རྒོོད་ལ་བཞོོན་པ་དང་། གཟིིམ་གཡོོག་ནོོར་ཆུང་ཟག་ཆུང་ལ་བཞོོན་ཏེེ་ཕྱིིར་ནང་དུ་ལོོག
29
སྐུ་ངོོ་འབྲུག་གྲགས་ཀྱིིས་ “ནོོར་ཆུང་། ཡག་པོོ་བྱུང་སོོང་། ཁྱེེད་རང་རྗེེས་མ་དཔའ་རྟུལ་ཚད་དང་
ལྡན་པ་ཞིིག་ཆགས་ཐག་ཆོོད་རེེད་འདུག” ཅེེས་ལབ་པས། ནོོར་ཆུང་དགའ་སྤྲོོ་དཔག་མེེད་ སྐྱེེས་པ་རེེད།
30