Skip to main content

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་དེབ།

Page 1

ཕྱ​ྱི་ལོ་ ༢༠༡༩ ལོར་གཏན་འབེབས་བྱུང་བའི་བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་སླ​ློབ་གྲྭའི་ བསླབ་གཞིའི་རྩ་འཛིན་གྱ​ྱི་དགོངས་དོན་ལྟར་རྩ​ྩོམ་སྒྲིག་ཞུས།

བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་སླ​ློབ་གྲྭའི་བོད་ཡིག་སླ​ློབ་དེབ།

འཛིན་རིམ་བདུན་པའི་སླ​ློབ་དེབ། (ཚོད་ལྟ།)

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་དང་གཏན་འབེབས་བྱས།


ཕྱ​ྱི་ལོ་ ༢༠༡༧ ལོར་རྩ​ྩོམ་སྒྲིག་ཞུས་པའི་བྱང་ཨ་རིའི་བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་སླ​ློབ་གྲྭའི་བོད་

ཡིག་སླ​ློབ་དེབ་གཞི་ལ་བཞག་སྟ​ྟེ་རྩ​ྩོམ་སྒྲིག་ཞུས། རྩ​ྩོམ་སྒྲིག་འགན་འཁུར་བ།

བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)

ཞུ་དག་པ།

དགེ་བཤེས་ལྷ་རམས་པ་རོང་པོ་བླ​ློ་བཟང་སྙན་གྲགས།

རྩ​ྩོམ་སྒྲིག་པ།

དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། དཔར་ལོ། ༢༠༢༥

དགེ་འདུན་དོན་ཡོད།

ཨོ་རྒྱན་བསྟན་འཛིན། བསྟན་འཛིན་དཔལ།

དཔར་གྲངས། ༥༠༠

གཏན་འབེབས་ཚོགས་ཆུང་གི་ཚོགས་མི།

དགེ་འདུན་དོན་ཡོད།

ཤེས་རིག་ཤེས་ལྷན་ཡིག་ཚང་གི་སླ​ློབ་དེབ་ཚན་པའི་འགན་འཁུར་བ།

བསྟན་འཛིན་དཔལ།

ཤེས་རིག་ཤེས་ལྷན་ཡིག་ཚང་གི་བོད་ཡིག་སླ​ློབ་དེབ་རྩ​ྩོམ་སྒྲིག་པ།

ངག་དབང་བསྟན་འཛིན། མིང་ཆུང་།

བླ​ློ་བཟང་ཚེ་རིང་།

ཤེས་རིག་ཤེས་ལྷན་ཡིག་ཚང་གི་རྩ​ྩོམ་སྒྲིག་ཚན་པའི་འགན་འཁུར་བ། དྷ་ས་བོད་ཁྱ​ྱིམ་གྱ​ྱི་བོད་ཡིག་རྒྱུས་སྟ​ྟོན་པ།

མེས་དབོན་གཙུག་ལག་དཔེ་སྟ​ྟོན་སླ​ློབ་གྲྭའི་གཞི་རིམ་བར་མའི་དགེ་རྒན།

ཨོ་ཤོད་ཚེ་རིང་གཡང་འཛོམས། ནང་བསྟན་སྲ​ྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་སླ​ློབ་དགེ་ཟུར་པ། ཉི་མ་བུ་ཁྲ​ྲིད།

འཇིགས་མེད་འཕྲ​ྲིན་ལས།

ནང་བསྟན་སྲ​ྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སླ​ློབ་དགེ་ཟུར་པ།

ནང་བསྟན་སྲ​ྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སླབ ློ ་ཁྲ​ྲིད་རྒྱུས་སྟན ྟོ ་པ་དང་སླབ ློ ་དགེ་

ཟུར་པ།

©བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས།

དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱ​ྱི་དྲྭ་རྒྱ་ bodyiglobjong.com ནས་ལྟ་ཀླ​ློག་དང་ཕབ་ལེན་བྱ​ྱེད་ཐུབ། Special Acknowledgement

Funded by DANIDA through CICED


Phone: Email: Web:

DEPARTMENT OF EDUCATION Central Tibetan Administration

+91-1892-222572/222721 education@tibet.net www.sherig.org

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA

ཆེད་བརྗ​ྗོད།

༄༅། །བོད་ཀྱ​ྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩ​ྩིའི་ཉིང་བཅུད་འཛིན་པའི་སྣ​ྣོད་བཟང་པོ་དང་གངས་ ལྗ​ྗོངས་ལུགས་གཉིས་ཀྱ​ྱི་དབུགས་རྒྱུན་སྐྱོང་བའི་སྲ​ྲོག་རྩའང་ཡིན། དེས་ན་རང་གི་སྐད་ཡིག་རྒྱུན་འཛིན་དང་

གོང་སྤ​ྤེལ་བྱ​ྱེད་པ་ནི་བོད་མི་ཡོངས་རྫ​ྫོགས་ཀྱ​ྱི་ཕྲག་ཏུ་རང་བཞིན་གྱ​ྱིས་བབས་པའི་འགན་ཁུར་ཞིག་ཡིན་པ་

སྨ​ྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱ​ྱིས་མི་རབས་མི་ཐོག་བརྒྱུད་

ནས་འགྲ​ྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲ​ྲོ་རྒྱུ་ཡིན་པ་གདོན་མི་ཟ། གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩ​ྩིས་ཏེ།

དེར་བརྟ​ྟེན་མི་ལོ་ཉི་ཤུའི་

བཙན་བྱ​ྱོལ་བོད་མིའི་གཞི་རིམ་གྱ​ྱི་ཤེས་

ཡོན་སྲ​ྲིད་བྱུས་གཏན་འབེབས་གནང་སྟ​ྟེ་རྒྱ་བལ་གྱ​ྱི་སླ​ློབ་གྲྭ་ཁག་གི་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་

ལ༑ དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞིའི་རྩ་འཛིན་དང་སླ​ློབ་དེབ་སོགས་ ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།

ཉེ་བའི་ལོ་བཅུ་ཕྲག་འགའི་ནང་བོད་མི་ཕོན་ཆེ་ནུབ་ཕྱ​ྱོགས་ཡུལ་གྲུ་ཁག་ཏུ་གནས་སྤ​ྤོ་གནང་དང་

གནང་བཞིན་པ་མ་ཟད། ཁོར་ཡུག་དང་མི་རབས་འགྱུར་ལྡ​ྡོག་ལ་བརྟ​ྟེན་ནས་བོད་ཀྱ​ྱི་སྐད་ཡིག་དང་། རིག་

གཞུང་། གོམས་གཤིས་བཅས་མུ་མཐུད་རྒྱུན་འཛིན་བྱ​ྱེད་པར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།

དཀའ་ངལ་དེ་དག་ལ་གདོང་ལེན་ཆེད་བོད་ཀྱ​ྱི་སྐུ་ཚབ་དོན་གཅོད་ཁང་ཁག་དང་། བོད་རིགས་སྤྱི་མཐུན་

ཚོགས་པ། བོད་རིགས་ཚོགས་པ། གཞན་བོད་མི་སྒ​ྒེར་བཅས་ནས་གཟའ་མཇུག་ཏུ་བོད་ཀྱ​ྱི་སྐད་ཡིག་དང་ རིག་གཞུང་གི་སླ​ློབ་གྲྭ་དང་འཛིན་གྲྭ་བསྒྲུབས་པ་དང་། བོད་ཡིག་སྦྱོང་བའི་ཀླ​ློག་དེབ་དང་བྱ​ྱིས་སྒྲུང་། དྲྭ་

ཚིགས་དང་དྲྭ་རྒྱའི་ལམ་ནས་བོད་ཡིག་སླ​ློབ་ཁྲ​ྲིད་དང་སླ​ློབ་སྦྱོང་གི་མཐུན་རྐྱེན་འདྲ་མིན་གོ་སྒྲིག་ཞུ་བཞིན་ པ་ལ་ཡི་རང་དང་བསྔགས་བརྗ​ྗོད་ཞུ་རྒྱུ་ཡིན།

ཕྱ​ྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་

ཕྱ​ྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱ​ྱིས་བོད་ཀྱ​ྱི་སྐད་ཡིག་དང་། རིག་

གཞུང་།

ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩ​ྩོན་ཆེད་དགོངས་ཚུལ་སྡུད་ལེན་ཞུ་

འབྲས། ས་གནས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སླ​ློབ་དེབ་ལ་བསྐྱར་ཞིབ་དང་།

རྩ​ྩོམ་སྒྲིག་ཕྱག་


རོགས། སླ​ློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱ​ྱོགས་བཅས་སུ་ཐག་གཅོད་བྱུང་

སྟ​ྟེ༑ ཨ་རིའི་བོད་ཀྱ​ྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩ​ྩོམ་སྒྲིག་གནང་བའི་སྔ​ྔོན་འགྲ​ྲོ་ནས་འཛིན་

རིམ་བརྒྱད་པ་བར་གྱ​ྱི་སླ​ློབ་དེབ་ཤེས་རིག་ལས་ཁུངས་ནས་རྩ​ྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་ བཙུགས་ཀྱ​ྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་། སུད་སི་ཡི་བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་ སླ​ློབ་གྲྭ་ཁག་གིས་རྒྱ་གར་ནང་གི་སླ​ློབ་དེབ་སླ​ློབ་ཁྲ​ྲིད་གནང་རྒྱུ་ཐག་གཅོད་བྱུང་བ་ལྟར།

སླ​ློབ་ཁྲ​ྲིད་བརྙན་

འཕྲ​ྲིན་བཟོ་རྒྱུའི་མཚོན་པའི་ཕྱག་རོགས་ཞུས། དེ་བཞིན་བེལ་ཇི་ཡམ་དང་ཨོ་གླ​ླིང་གིས་ཀྱང་རྒྱ་གར་ནང་གི་

སླ​ློབ་དེབ་རྣམས་གཞི་ལ་བཞག་སྟ​ྟེ་རྩ​ྩོམ་སྒྲིག་ཞུ་རྒྱུ་བྱས་པ་ལྟར་པར་རྩ་རྣམས་མཁོ་སྒྲུབ་ཞུ་རྒྱུའི་མཚོན་མཐུན་ འགྱུར་གང་ཐུབ་ཞུས།

ཕྱ​ྱི་ལོ་ ༢༠༡༨ ལོར་ཤེས་རིག་ལས་ཁུངས་ནས་ཕྱ​ྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱ​ྱི་སྐད་ཡིག་དང་རིག་

གཞུང་སླ​ློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟ​ྟེ། བོད་ཀྱ​ྱི་སྐད་ཡིག་དང་ རིག་གཞུང་སླ​ློབ་གྲྭ་ཁག་གི་དགེ་རྒན་དང་།

སླ​ློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག

བསླབ་གཞིའི་རྩ་

འཛིན་བཟོ་འགོད་ཐད་བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་སླ​ློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར། སྐད་

ཡིག་གཞན་གྱ​ྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟ​ྟེ་<<བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་སླ​ློབ་ གྲྭའི་བསླབ་གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱ​ྱིས་རགས་ཟིན་གཏན་འབེབས་གནང་བ་དང་།

ཕྱ​ྱི་ལོ་

༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱ​ྱི་གོ་

སྒྲིག་འོག་ནིའུ་ཡོག་ཏུ་བསྐ​ྐོངས་ཚོགས་གནང་བའི་ཕྱ​ྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱ​ྱི་སྐད་ཡིག་དང་རིག་གཞུང་ སླ​ློབ་གྲྭའི་ཚོགས་ཆེན་དང་པོའི་སྟ​ྟེང་སྤྱི་མོས་གཏན་འབེབས་གནང་།

སྤྱིར་བསླབ་གཞིའི་རྩ་འཛིན་གྱ​ྱི་དགོངས་དོན་འོག་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་

དང་འཚམ་པའི་སླ​ློབ་དེབ་རྩ​ྩོམ་སྒྲིག་བྱ​ྱེད་ཆོག་ཀྱང་། ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་

སྟབས། ཕྱ​ྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱ​ྱི་དགོངས་དོན་འོག་སྔ​ྔོན་འགྲ​ྲོ་ནས་སླ​ློབ་དེབ་རྣམས་རྩ​ྩོམ་ སྒྲིག་འགོ་འཛུགས་ཞུས། ཐེངས་འདིར་འཛིན་རིམ་ལྔ་པ་ནས་འཛིན་རིམ་བརྒྱད་པ་བར་གྱ​ྱི་སླ​ློབ་དེབ་པར་སྐྲུན་ ཞུས་ཏེ།

ཚོད་ལྟའི་ཚུལ་དུ་སླ​ློབ་གྲྭ་ཁག་ཏུ་འགྲ​ྲེམས་སྤ​ྤེལ་ཞུ་རྒྱུ་ཡིན་ན།

བརྒྱུད་རིམ་ནང་བརྗ​ྗོད་བྱ་རྗ​ྗོད་བྱ​ྱེད་དང་། སྒྲིག་སྟངས། ཐབས་ཚུལ།

སླ​ློབ་དེབ་འདི་དག་ལག་བསྟར་གྱ​ྱི་

ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་

དགེ་རྣམས་དང་། ཕ་མ། ཚོགས་སྒ​ྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་ སྐུལ་ཅི་ཆེ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱ​ྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༧ ཉིན།


ཤེས་ཡོན་སླ​ློབ་སྦྱོང་སྤྲོད་པའི་དམིགས་ཡུལ།

སླ​ློབ་ཕྲུག་རྣམས་རང་རང་གི་རྣམ་འབྱ​ྱེད་ཀྱ​ྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱ​ྱི་གནས་ལ་རང་སྟ​ྟོབས་

ཀྱ​ྱིས་ལེགས་ཉེས་འབྱ​ྱེད་ནུས་པ་དང༌། དབང་དང༌།

དེ་ལ་བརྟ​ྟེན་ནས་ཐག་གཅོད་བྱ​ྱེད་ནུས་པའི་བསམ་སྤྱོད་ཀྱ​ྱི་རང་

འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟ​ྟེན་པའམ་གཞན་ལ་བཤུ་

གཞོག་བྱ​ྱེད་མ་དགོས་པར།

རང་གི་འབད་རྩ​ྩོལ་གྱ​ྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱ​ྱི་སྒ​ྒོ་ནས་ཡང་དག་པར་

འཚོ་ནུས་པའི་འཚོ་བའི་རང་དབང༌།

འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟ​ྟེན་ནས་རང་དང་རང་གི་སྤྱི་

ཚོགས་ཀྱ​ྱི་རང་དབང་སྲུང་སྐྱོབ་བྱ​ྱེད་ནུས་པའི་སྲུང་སྐྱོབ་ཀྱ​ྱི་རང་དབང་བཅས་“རང་དབང་”དང༌།

རང་ལས་གཞན་གཅེས་པར་བཟུང་སྟ​ྟེ་གཞན་གྱ​ྱི་དོན་དུ་རང་ཉིད་བླ​ློས་བཏང་ནས་སྲ​ྲི་ཞུ་སྒྲུབ་ནུས་པའི་ “གཞན་ཕན།”

འབྱུང་འགྱུར་མི་རབས་རྣམས་ཀྱ​ྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ཡི་གོང་

བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌།

བརྒྱུད་འཛིན་བྱ​ྱེད་ནུས་པའི་“རྒྱུན་འཛིན།”

རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་

འཇིག་རྟ​ྟེན་སྤྱིའི་ཕན་བདེ་དང་འབྲ​ྲེལ་ཞིང་ཡུལ་དུས་ཀྱ​ྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱ​ྱེད་ནུས་པའི་“གསར་གཏོད་”བཅས་བཞི་དང་ལྡན་

པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན།།

(ཀ)


ཁྲ​ྲིད་གཞིའི་ལམ་སྟ​ྟོན།

• སློ​ོབ་ཚན་སློ​ོབ་ཁྲི​ིད་སྐབས་སློ​ོབ་དེ​ེབ་ཁོ​ོ་ན་ལས་མི​ི་སློ​ོབ་པ་དང་།

དེ​ེ་ཡང་བརྗོ​ོད་དོ​ོན་བསླབ་བྱ་ལས་སྐད་ཡི​ིག་གཙོ​ོ་བོ​ོར་

མི་འཛིན་པའི་རྒྱུན་སྲ​ྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱ​ྱེད་ཐབས་སྤྱོད་མི་རུང་།

• སློ​ོབ་དེ​ེབ་འདི​ི་བསླབ་གཞི​ིའི​ི་རྩ་འཛི​ིན་གྱི​ི་དགོ​ོངས་དོ​ོན་བཞི​ིན་སློ​ོབ་སྦྱོ​ོང་དང་སློ​ོབ་ཁྲི​ིད་ཀྱི​ི་གཞི​ི་རྩའི​ི་དམི​ིགས་ཡུལ་སྒྲུབ་

ཐབས་ཀྱ​ྱི་སླ​ློབ་དེབ་ཡིན་པ་ཙམ་ལས། འཛིན་རིམ་ཁག་གི་བོད་ཡིག་སླ​ློབ་ཁྲ​ྲིད་ཀྱ​ྱི་རྩ་འཛིན་མིན་སྟབས། ས་གནས་དང་།

སླ​ློབ་མ། ཁོར་ཡུག ཆ་རྐྱེན་སོགས་མི་འདྲ་བའི་གནས་སྟངས་འོག་སླ​ློབ་དེབ་ཀྱ​ྱི་ནང་དོན་དང་། གོ་རིམ། ཟབ་ཚད་བཅས་

ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱ​ྱིས་སྐད་ཡིག་སླ​ློབ་ཁྲ​ྲིད་ཀྱ​ྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ​ྱེད་ དགོས། འོན་ཀྱང་བསླབ་གཞིའི་རྩ་འཛིན་གྱ​ྱི་དགོངས་དོན་དང་མ་འགལ་བ་དགོས།

• སློ​ོབ་ཁྲི​ིད་དང་སློ​ོབ་སྦྱོ​ོང་གི​ི་དམི​ིགས་ཡུལ་ནི​ི་སློ​ོབ་ཚན་བྱེ​ེ་བྲག་པ་དང་།

སློ​ོབ་དེ​ེབ་བྱེ​ེ་བྲག་པ་བསླབས་པ་ཙམ་མ་ཡི​ིན་

པར། སླ​ློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། རྒྱུན་མཐུད་རྟ​ྟོག་ཞིབ་ཀྱ​ྱིས་སླ​ློབ་མའི་སྐད་ ཡིག་གི་གནས་ཚད་ལ་གདེང་འཇོག་བྱ​ྱེད་དགོས། སླ​ློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟ​ྟེན། སླ​ློབ་དེབ་འདི་ཉིད་བེད་སྤྱད་ནས་སླ​ློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་གཏོང་དགོས།

• ཚི​ིག་གི​ི་གཅོ​ོད་མཚམས་མ་ཉམས་པར་དངོ​ོས་སྒྲུང་དང་། རྟོ​ོག་སྒྲུང་ཐུང་གྲས། མགུར་གླུ་དང་། ལེ​ེགས་བཤད། གཏམ་ དཔེ་སོགས་གོ་དོན་རྟ​ྟོགས་ཐུབ་པ། སྦྱངས་ཟིན་པའི་མིང་ཚིག་དང་། བྱ་ཚིག བེད་སྤྱོད་ཐུབ་པ་བྱ​ྱེད་དགོས།

• སློ​ོབ་དེ​ེབ་འདི​ིའི​ི་ནང་བརྡ་དག་དང་།

རྒྱུན་སྤྱོད་ཀྱ​ྱི་ཐ་སྙད་ཁག་སྐད་ཆའི་ནང་

ཚི​ིག་ཕྲད་གང་འཚམ་ཞི​ིག་བཀོ​ོད་ཡོ​ོད་པ་རྣམས་ཚི​ིག་སྒྲུབ་འབྲི​ི་སྐབས་དག་ཆ་མ་

ནོར་བ་དང་། ཚིག་ཕྲད་ཀྱ​ྱི་ཐོབ་ཐང་ལྟར་འབྲ​ྲི་ཐུབ་པ་དང་། རྩ​ྩོམ་ཡིག་དུམ་མཚམས་རེ་དང་། རང་གི་མྱ​ྱོང་ཚོར། གསར་ འགྱུར་དང་བྱ​ྱིས་སྒྲུང་ཐུང་གྲས་འབྲ​ྲི་ཐུབ་པ།

• བདེ​ེན་པ་བཞི​ིའི​ི་ངོ​ོ་སྤྲོ​ོད་དང་། སྟག་མོ​ོ་ལུས་སྦྱི​ིན་གྱི​ི་རྣམ་ཐར། དགེ​ེ་བ་བཅུའི​ི་ངོ​ོ་སྤྲོ​ོད་བཅས་ཆོ​ོས་རི​ིག་དང་། མུ་གསུམ་མུ་

བཞི། འགལ་བ་དོན་གཅིག་གི་ངོ་སྤྲོད་ཀྱ​ྱི་རིགས་ལམ། ས་སྐྱ་ནས་དགའ་ལྡན་ཕོ་བྲང་བར་ངོ་སྤྲོད་ཀྱ​ྱི་ལོ་རྒྱུས། དུས་ཆེན་ ངོ་སྤྲོད་ཀྱ​ྱི་སྤྱིར་བཏང་ཤེས་བྱ། སྤུན་ཟླ་ཆིག་སྒྲིལ་གྱ​ྱིས་མཚོན་པའི་བོད་ཀྱ​ྱི་གནའ་དེང་གི་གླུ་གཞས་དང་། པི་ཝང་དཀྲ​ྲོལ་ སྟངས་བཅས་ཟླ​ློས་གར་གྱ​ྱི་སྐ​ྐོར་སླ​ློབ་དགོས།

• མདོ​ོར་ན། བསླབ་གཞི​ིའི​ི་རྩ་འཛི​ིན་ཡང་ཡང་བཀླགས་ཏེ​ེ། ཉན་རྩལ་དང་། ཀློ​ོག་རྩལ། བཤད་རྩལ། འབྲི​ི་རྩལ་བཅས་སློ​ོབ་ ཕྲུག་གི་ལོ་ཚད་དང་བསྟུན་ནས་སྦྱོང་བརྡར་སྤྲོད་རྒྱུ་དང་། སླ​ློབ་དེབ་ཀྱ​ྱི་མཇུག་ཏུ་སྤྲད་པའི་དྲྭ་ཚིགས་ལས་སླ​ློབ་ཁྲ​ྲིད་ཀྱ​ྱི་རྒྱུ་ ཆ་མཁོ་སྒྲུབ་ཀྱ​ྱིས་སླ​ློབ་ཕྲུག་ཉོབ་སྣང་མེད་པར་སྤྲོ་སྣང་འཕེལ་བར་རྩ​ྩེད་མོ་དང་། བྱ​ྱེད་སྒ​ྒོ་གཙོ་བོ་བྱས་ཏེ་ཁྲ​ྲིད་སྟ​ྟོན་བྱ​ྱེད་ རྒྱུ་གལ་ཆེ།

(ཁ)


དཀར་ཆག

སླ​ློབ་ཚན། ༡ ཤེས་ཡོན་གལ་ཆེ།................................................................................... 1 སླ​ློབ་ཚན། ༢ ས་ག་ཟླ་བ།............................................................................................. 5 སླ​ློབ་ཚན། ༣ བྱ​ྱེ་ཐང་གི་གྲུ་གཟིངས། .......................................................................... 10 སླ​ློབ་ཚན། ༤ ཁྲ​ྲོན་པའི་ནང་ནས་ཟླ་བ་ལེན་པ། ............................................................. 16 སླ​ློབ་ཚན། ༥ རྨ​ྨོ་མོས་བསྐུར་བའི་ལག་རྟགས། ............................................................. 22 སླ​ློབ་ཚན། ༦ ཕྲུ་གུའི་མཉམ་དུ་སྒྲུང་འབྲ​ྲི་སྟངས། (སྟ​ྟོད་ཆ།).............................................................. 26 སླ​ློབ་ཚན། ༧ ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། (སྨད་ཆ།)...............................................................30 སླ​ློབ་ཚན། ༨ ནེ་ཙོ་དང་སྤྲེའུ།.......................................................................................35 སླ​ློབ་ཚན། ༩ དག་ཡིག..............................................................................................38 སླ​ློབ་ཚན། ༡༠ དང་སྒྲ་སྦྱོར་ཚུལ།.................................................................................43 ཆོས་རིག

སླ​ློབ་ཚན། ༡༡ བདེན་པ་བཞིའི་ངོ་སྤྲོད། ....................................................................... 47 སླ​ློབ་ཚན། ༡༢ སྟག་མོ་ལུས་སྦྱིན། .............................................................................. 51 སླ​ློབ་ཚན། ༡༣ མི་དགེ་བ་བཅུ།................................................................................... 57 (ག)


རིགས་ལམ།

སླ​ློབ་ཚན། ༡༤ མུ་གསུམ་མུ་བཞི་སོགས་ཀྱ​ྱི་གོ་དོན། .................................................... 61 རྒྱལ་རབས།

སླ​ློབ་ཚན། ༡༥ སླ​ློབ་ཚན་བདུན་པ། བོད་སིལ་བུའི་དུས་རབས། ....................................... 72 སླ​ློབ་ཚན། ༡༦ ས་སྐྱ་པའི་ལོ་རྒྱུས་སྙ​ྙིང་བསྡུས།.............................................................. 77 སླ​ློབ་ཚན། ༡༧ ཕག་གྲུ་ནས་དགའ་ལྡན་ཕོ་བྲང་།............................................................. 82 སྤྱིར་བཏང་ཤེས་བྱ།

སླ​ློབ་ཚན། ༡༧ བུད་མེད་སྒ​ྒེར་ལངས་ཉིན་མོ།................................................................ 87

སླ​ློབ་ཚན། ༡༩ ཡུམ་བུ་བླ་སྒང་། ................................................................................ 90 ཟླ​ློས་གར།

སྤུན་ཟླ་ཆིག་སྒྲིལ།.....................................................................................................༩༥ ཟུར་ལྟའི་སླ​ློབ་ཚན།

བོད་ཀྱ​ྱི་དཔའ་བོ།....................................................................................................... 97 ལེགས་བཤད་ལྗ​ྗོན་དབང་།........................................................................................ 101

(ང)


སླ​ློབ་ ཚན། ༡

ཤེས་ཡོན་གལ་ཆེ།

སླ​ློབ་ཕྲུག་ཚོས་ཤེས་ཡོན་གལ་ཆེན་པོ་ཡིན་པ་ཤེས་གསལ་ལྟར།

དམིགས་

བསལ་ཞུ་དགོས་མི་འདུག སྤྱི་ཚོགས་གང་ཡིན་ཡང་། སླ​ློབ་སྦྱོང་གལ་གནད་ཆེན་པོར་ བརྩ​ྩིས་ནས་ཡར་རྒྱས་གཏོང་བཞིན་པ་རེད།

ང་ཚོའི་ཉམས་མྱ​ྱོང་གི་ཐོག་ནས་བཤད་ནའང་། སོ་སོའི་ལུང་པ་དང་བྲལ་དགོས་

པ་དང༌།

ལས་རིགས་མང་པོ་ཞིག་གི་ཐོག་ནས་ང་ཚོ་རྗ​ྗེས་ལུས་ཐེབས་པའི་རྒྱུ་རྐྱེན་ནི།

དེང་དུས་ཀྱ​ྱི་ཤེས་ཡོན་ཐོག་ནས་མ་འདངས་པ་དེ་ཡིན། ལེན་བྱ​ྱེད་བཞིན་པའི་སྐབས་འདིར།

ད་ལྟ་ང་ཚོས་རང་དབང་རྩ​ྩོད་

རང་དབང་རྩ​ྩོད་ལེན་བྱ་རྒྱུའི་ནུས་ཤུགས་ངོ་མ་དེ་

སླ​ློབ་སྦྱོང་ཐོག་ནས་ནུས་པ་འདོན་དགོས་ཀྱ​ྱི་ཡོད། སླ​ློབ་སྦྱོང་གིས་མ་འདངས་ན། རང་ དབང་བྱུང་ནའང་སྐྱོང་ཐུབ་པ་ཁག་པོ་ཡིན། ཤོད་ཀྱ​ྱི་ཡོད།

བོད་ནས་ཡོང་མཁན་ཚོར་ངས་རྟག་པར་

བོད་ནང་གི་གཞོན་སྐྱེས་ཚོས་སླ​ློབ་སྦྱོང་ལ་དོ་སྣང་བྱ​ྱེད་དགོས་པ་དང༌།

རྒན་པ་ལས་ཀ་བྱ​ྱེད་བཞིན་པ་ཚོས་ལས་རིགས་གང་ཡིན་ནའང་། ལས་རིགས་དེའི་ཐོག་ ཉམས་མྱ​ྱོང་བསགས། མཐོང་རྒྱ་ཐོས་རྒྱ་བསགས། སོ་སོའི་ལས་འགན་གང་ཡིན་པ་དེ་ རང་རྐྱ་འཕེར་བའི་ཐོག་ནས་བྱ​ྱེད་ཐུབ་པ་ཞིག་དགོས། ཡིན།

རང་གི་ལུང་པ་དེ་རང་གི་བདག་པོ་རྒྱག་ཐུབ་པའི་རེ་བ་དེ་སུ་ལའང་ཡོད་པ་ཞིག་ སོ་སོའི་ལུང་པའི་ནང་འཛུགས་སྐྲུན་གྱ​ྱི་ལས་ཀས་མཚོན་པའི་ལས་རིགས་གང་

1


ཡིན་ཡང་།

སོ་སོ་རང་གིས་འགན་ལེན་ཐུབ་པ་ཞིག་ཡོང་བ་བྱ​ྱེད་དགོས་པ་རེད་མ་

གཏོགས། འགན་ལེན་མི་ཐུབ། ད་ལྟ་རྒྱ་མི་ཡོད་སྐབས་རྒྱ་མི་མི་དགོས་ཟེར་བའི་བསམ་

བླ​ློ་ཡོད་པ་དེ། ཉིན་ཞིག་རྒྱ་མི་མ་བསྡད་པའི་དུས་ཚོད་ཅིག་བྱུང་བ་ཡིན་ན། དེའི་ཉིན་མོ་

ལས་ཀ་ཚང་མ་ཁུངས་མ་འཁྱ​ྱོལ་བ་ཞིག་ཐོག་ནས་རོགས་རམ་བརྟ​ྟེན་དགོས་བྱུང་ན། ངོ་ ཚ་པོ་རེད་ཅེས་བརྗ​ྗོད་རྒྱུ་བྱུང༌།

ང་ཚོས་རང་སྐྱོང་བྱས་ནས་གཞན་ལ་རེ་མི་དགོས་པའི་བསམ་བླ​ློ་གཏོང་དགོས་

པ་ཡིན་དུས། ཤེས་ཡོན་ཐོག་ནས་མ་འདངས་ན། བྱ་ཐབས་རྩ་བ་ནས་མེད། བོད་སྤྱི་ ཡོངས་ཀྱ​ྱི་ཆ་ནས་བལྟས་ནའང་། ཤེས་ཡོན་དེ་གལ་གནད་ཆེན་པོ་ཡིན་པ་ངོས་ཟིན་པའི་

ཐོག་ནས། ཤེས་ཡོན་ལ་ཤུགས་སྣ​ྣོན་རྒྱག་དགོས་ཀྱ​ྱི་ཡོད། དཔེར་ན། ཁྱ​ྱིམ་ཚང་ཞིག་གི་ གནས་སྟངས་ལ་ལྟ​ྟོས་དང༌། ཤེས་ཡོན་གྱ​ྱི་མཐུན་རྐྱེན་འཛོམས་པོ་ཡོད་པའི་མི་ཚང་ཞིག་

ཡིན་ན། གང་ཅིའི་ཐོག་ནས་ཚགས་ཚུད་པ་དང༌། གནས་སྟངས་ཕྲན་བུ་ཡག་པོ་ཡོད། ཤེས་ཡོན་གྱ​ྱི་ནུས་པས་མ་འདངས་ན། ཐབས་ཤེས་མ་དྲན་པ་ལྟ་བུ་གང་ཅིའི་ཐོག་ནས་ གནས་སྟངས་ཞན་པོ་དང༌། དཀའ་ངལ་འཕྲད་ཀྱ​ྱི་ཡོད། ཤེས་ཡོན་ག་ཚོད་ཡོད་ན་དེ་ཙམ་

གྱ​ྱིས་རང་གི་མི་ཚེ་ནང་ཐབས་ཤེས་མང་པོ་དང༌། ཆ་རྐྱེན་འཛོམས་པོ། བདེ་སྐྱིད་བེད་ སྤྱོད་གཏོང་ཤེས་པ་ཞིག་ཡོང་གི་ཡོད་པས།

སྤྱི་སྒ​ྒེར་གཉིས་ཀར་ཤེས་ཡོན་འདི་གལ་

ཆེན་པོ་ཡིན།

མཆན། ཕྱ​ྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༩ ཉིན་སྤ​ྤོན་ཊ་ཁུལ་དུ་ཆིབས་སྒྱུར་སྐབས་སླ​ློབ་ཕྲུག་དང་མི་མང་ལ་སྩལ་བའི་བཀའ་སླ​ློབ་ལས་སྡུད་ སྒྲིག་བྱས། ཤེས་ཡོན་ལམ་སྟ​ྟོན། ༡༩༩༦

2


ཚིག་གསར་ཤན་སྦྱར། ཤེས་ཡོན།

education

མཐོང་རྒྱ་དང་མཐོང་རྒྱ།

vision & visibility

ཚགས་ཚུད།

well-organised

ནུས་ཤུགས།

strength

འཛུགས་སྐྲུན།

establishment

སྦྱོང་ཚན།

ཡར་རྒྱས།

development

རང་རྐྱ་འཕེར་བ།

self-reliant

མཐུན་རྐྱེན།

facility

ལས་རིགས།

vocation

རོགས་རམ།

help

དང་པོ། དཔོད་བྲ​ྲིས་གཏོང་དགོས།

རང་དབང་རྩ​ྩོད་ལེན། རྗ​ྗེས་ལུས་ཐེབས། རང་རྐྱ་འཕེར་བ།

ཉམས་མྱ​ྱོང་བསགས།

སྤྱི་སྒ​ྒེར་གཉིས།

དཀའ་ངལ་འཕྲད།

གཉིས་པ། ཤེས་ཡོན་གལ་ཆེ་ཚུལ་ཉ་རུས་དཔེ་རིས་འགེངས་དགོས། ཤེས་ཡོན་གྱ​ྱི་ གལ་གནད།

སྒྲིག

་འཛུ

་ཚ ཁྱ​ྱིམ

རྒྱལ

ང་།

བ ་ཁ

མི་

སྒ​ྒེར

གས

3


གསུམ་པ། དྲ​ྲི་བར་ལན་བྲ​ྲིས།

༡། ཤེས་ཡོན་ཇི་ལྟར་ཡར་རྒྱས་གཏོང་དགོས་སམ།

༢། ཤེས་ཡོན་མེད་པའི་སྤྱི་ཚོགས་ཤིག་ལ་གནས་སྟངས་གང་འབྱུང་ངམ།

༣། གལ་སྲ​ྲིད་བོད་ཀྱ​ྱི་བདེན་མཐའ་བསལ་ན་ང་ཚོས་གྲ་སྒྲིག་གང་བྱ​ྱེད་དགོས་སམ།

༤། ད་ལྟའི་རང་ཉིད་ཀྱ​ྱི་སླ​ློབ་སྦྱོང་བྱ​ྱེད་སྟངས་ལ་འདོད་བླ​ློ་ཁེངས་པ་ཡོང་གི་འདུག་གམ། རྒྱུ་ མཚན་ཅི་ཡིན།

བཞི་པ། གཤམ་གསལ་ཐོག་སླ​ློབ་ཕྲུག་ལ་དྲ​ྲི་བ་དྲ​ྲིས་ལན་བྱ​ྱེད་དགོས།

༡། དམིགས་ཡུལ། ༢། ཆ་རྐྱེན། ༣། རང་ཉིད་ཀྱ​ྱི་ནུས་པ། ༤། གདེང་ཚོད། ༥། འགལ་རྐྱེན།

ལྔ་པ། གབ་ཚིག

སྦྱིན་བདག་གིས་མི་རེ་རེ་ལ་སྒ​ྒོར་མོ་གཅིག་གཅིག་སྤྲད་ན། སྒ​ྒོར་མོ་གཅིག་ལྷག་གི་ ཡོད་རེད། སྒ​ྒོར་མོ་གཉིས་གཉིས་སྤྲད་ན། སྒ​ྒོར་མོ་གཅིག་ཉུང་དྲག་གི་ཡོད་རེད།

དྲ​ྲི་བ། མི་ག་ཚོད་དང་སྒ​ྒོར་མོ་ག་ཚོད་ཡོད་དམ།

4


སླ​ློབ་ ཚན། ༢

ས་ག་ཟླ་བ། རྒན་ལགས། སྐུ་ཁམས་བཟང་། སྐུ་ཁམས་བཟང་། བུ་མོ། ང་ཚོས་ཟླ་བ་བཞི་པ་ལ་ས་ག་ཟླ་བ་ཟེར་

དགོས་པའི་རྒྱུ་མཚན་ག་རེ་རེད། ས་ག་ཞེས་པ་ནི་སྐར་མ་ཞིག་གི་མིང་རེད།

དེ་ནི་

བོད་ཟླ་བཞི་པའི་ནང་ཤར་གྱ​ྱི་ཡོད་པས། ཟླ་བ་དེ་ལ་ས་ ག་ཟླ་བ་ཟེར་གྱ​ྱི་ཡོད་རེད།

ཟླ་བ་འདི་གཞན་ལས་རྩ་ཆེ་བར་བརྩ​ྩི་བའི་

རྒྱུ་མཚན་ག་རེ་རེད།

5


འོ། དེ་ནི་སྟ​ྟོན་པ་སངས་རྒྱས་བཅོམ་ལྡན་འདས།

ས་ག་ཟླ་བའི་ནང་སྐུ་བལྟམས་པ་དང་། རབ་ཏུ་བྱུང་

བ༑ བདུད་བཏུལ་བ། སངས་རྒྱས་པ། མྱ་ངན་ལས་

འདས་པ་བཅས་དུས་ཆེན་ལྔ་འཛོམས་ཀྱ​ྱི་ཟླ་བ་ཡིན་ པས། ནང་པ་རྣམས་ཀྱ​ྱིས་རྩ་ཆེན་པོར་བརྩ​ྩི་ཡི་ཡོད།

ཨ་ལེ། འོ་ན། ས་ག་ཟླ་བའི་ནང་དུ་ཤ་མི་ཟ་བ་དང་། ཚེ་

ཐར་གཏོང་བ་སོགས་དགེ་བའི་ལས་མང་པོ་བྱ​ྱེད་པ་ལ་དམིགས་ བསལ་ཕན་ཡོན་ག་རེ་ཡོད་རེད། དེ་ནི་གོང་དུ་ཞུས་པ་ལྟར།

ཟླ་བ་འདི་དུས་ཚེས་ཁྱད་

པར་ཅན་ཡིན་ཙང་། ནམ་རྒྱུན་དང་མི་འདྲ་བར་དགེ་བའི་

ལས་བྱས་ན། སྟ​ྟོང་འགྱུར་དང་། འབུམ་འགྱུར་གྱ​ྱི་ཕན་ཡོན་ ཆེ་བ་ཡོད་པ་སོང་ཙང་།

འབུམ་འགྱུར་ཟླ་བ་ཟེར་བ་དང་།

བོད་རིགས་ཚང་མས་སྡ​ྡིག་སྤ​ྤོང་དགེ་སྒྲུབ་བྱས་ཏེ་སྲུང་བརྩ​ྩི་ ཞུ་སྲ​ྲོལ་ཡོད་པ་རེད།

6


ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན་དམིགས་བསལ་གྱ​ྱིས་

དགེ་བའི་ལས་སྒྲུབ་དགོས་དོན་གང་རེད། ཚེས་བཅོ་ལྔ་ནི།

སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་

བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་

པ་བཅས་གསུམ་འཛོམས་ཀྱ​ྱི་དུས་ཚེས་ཁྱད་པར་ཅན་ ཡིན་ཙང་རེད།

ལགས་སོ། །རྒན་ལགས། བཀའ་དྲ​ྲིན་ཆེ།

7


ཚིག་གསར་ཤན་སྦྱར། རྩ་ཆེ་བ།

holy

སྐུ་བལྟམས་པ།

སངས་རྒྱས།

enlightenment

རབ་ཏུ་བྱུང་བ།

monk

ཚེ་ཐར་གཏོང་བ།

liberating lives

born

བདུད་བཏུལ་བ།

subdue the demon

འབུམ་འགྱུར།

Ten Thousand-fold Merit

སྡ​ྡིག་སྤ​ྤོང་དགེ་སྒྲུབ།

abandoning non-virtues and cultivating virtues

སྦྱོང་ཚན། དང་པོ། དཔོད་བྲ​ྲིས་གཏོང་དགོས། སྐུ་བལྟམས་པ།

རབ་ཏུ་བྱུང་བ།

སྲུང་བརྩ​ྩི།

འབུམ་འགྱུར་ཟླ་བ།

མྱ་ངན་ལས་འདས་པ།

བདུད་བཏུལ་བ།

ཁྱད་པར་ཅན།

དམིགས་བསལ།

གཉིས་པ། དཔེ་བསྟན་པ་བཞིན་ཚིག་སྒྲུབ་བཟོས། ལེ་ལོ།

སྒྱིད་ལུག

དེང་སང་།

ད་ལྟ།

(བུ་ལེ་ལོ་ཅན་དེ་སྒྱིད་ལུག་བྱས་ནས་ནང་ལ་ཉལ་བསྡད་འདུག)

ཕལ་བ།

ཤེས་པ།

ཤེས་རབ།

བླ​ློ་གྲ​ྲོས།

རྟ​ྟོགས་པ། རལ་བ།

ཞིག་པ།

དཀྱུས་མ། སྦས་པ།

སྐུང་བ།

8


གསུམ་པ། དྲ​ྲི་བར་ལན་ཐོབས།

༡ ས་ག་ཟླ་བ་ཞེས་པའི་མིང་ཇི་ལྟར་བཏགས་པ་ཡིན་ནམ། ༢ དུས་ཆེན་ལྔ་འཛོམས་ཞེས་པ་གང་དང་གང་རེད་དམ།

༣ ཚེས་བཅོ་ལྔ་དམིགས་བསལ་བརྩ​ྩི་དགོས་དོན་གང་ཡིན་ནམ། ༤ འབུམ་འགྱུར་ཟླ་བ་ཞེས་ཟེར་དགོས་དོན་གང་ཡིན་ནམ།

བཞི་པ། པར་ལ་འགྲ​ྲེལ་བཤད་རེ་བྲ​ྲིས།

ལྷུམས་སུ་ཞུགས་པ།

9


སླ​ློབ་ ཚན། ༣

བྱ​ྱེ་ཐང་གི་གྲུ་གཟིངས། (ངར་སྒྲ་དང་བཅས།)

ཁྱ​ྱེད་སུ་ཡིན།

(མར་སེང་གེ་ལ་ལྟ་བཞིན།)

ང་བྱ​ྱེ་ཐང་གི་གྲུ་གཟིངས་ཡིན། ཁྱ​ྱེད་རང་སུ་ཡིན།

ཁྱ​ྱེད་ཀྱ​ྱིས་ང་སུ་ཡིན་པ་ཤེས་ཀྱ​ྱི་མེད་པས། ང་ཤིང་ནགས་ཀྱ​ྱི་རྒྱལ་པོ་ཡིན། ཨ་ལེ། ཁྱ​ྱེད་རང་རེད་འདུག་ག ངས་ཤེས་སོང་། (ཁྲ​ྲོ་གཉེར་དང་བཅས།)

ཁྱ​ྱེད་ཀྱ​ྱིས་རང་ཉིད་ལ་བྱ​ྱེ་ཐང་གི་གྲུ་གཟིངས་ཡིན་ཟེར་གྱ​ྱི་

(འཛུམ་དམུལ་དམུལ་ངང་།)

སྤྱིར་བཏང་ང་དུད་འགྲ​ྲོ་ཞིག་ཡིན། ཡིན་ནའང་། མི་

འདུག་ག ཁྱ​ྱེད་རང་དུད་འགྲ​ྲོ་ཞིག་གྲུ་གཟིངས་ག་འདྲ་བྱས་ནས་ཆགས་པ་རེད།

རྣམས་ཀྱ​ྱིས་ང་ལ་བྱ​ྱེ་ཐང་གི་གྲུ་གཟིངས་ཞེས་འབོད་ཀྱ​ྱི་ཡོད་རེད། ང་ཚ་གདུག་ ཆེ་བའི་དུས་སུའང་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་ཡོད། ང་ཡིད་ཆེས་ཀྱ​ྱི་མི་འདུག

10


ཁྱ​ྱེད་རང་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་ཡོད་པས། (སུན་སྣང་གི་རྣམ་འགྱུར་དང་བཅས།)

མེད། ང་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་མེད། འོན་ཀྱང་

ངས་ནགས་ཚལ་དུ་རྒྱུག་ཤར་གླ​ློད་ཐུབ་ཀྱ​ྱི་ཡོད། (ཁོང་དགོད་ཅིག་ཤོར་ནས།)

དེ་སྲ​ྲོག་ཆགས་ཚང་མས་བྱ​ྱེད་ཐུབ་ཀྱ​ྱི་རེད། འོན་ཀྱང་།

བྱ​ྱེ་ཐང་དུ་ཉིན་མཚན་མང་པོར་འགྲ​ྲོ་ཐུབ་མཁན་ང་གཅིག་པུ་ཡིན། (ཧང་སང་བའི་རྣམ་འགྱུར་དང་བཅས།)

ཡོད་རེད།

ཨ་ཙི། དེ་འདྲ་གང་འདྲ་བྱས་ནས་འགྲ​ྲོ་ཐུབ་ཀྱ​ྱི་

ངའི་སུག་ལག་ལ་གཟིགས་དང་། ཚང་མ་མཐུག་པོ་དང་འབོལ་འབོལ་ཡོད་ པས། ཉི་མའི་ཚ་དྲ​ྲོད་ཀྱ​ྱིས་འཚིག་ཐུབ་ཀྱ​ྱི་མ་རེད།

ངའི་སུག་ལག་ཀྱང་འབོལ་འབོལ་ཡིན་པས། ཚེར་མ་སོགས་ཟུག་གི་མེད་ལ། ཤྭ་བ་ཡང་འཛིན་ཐུབ་ཀྱ​ྱི་ཡོད། དེ་བདེན་པ་རེད། པས།

འོན་ཀྱང་ཚ་གདུག་ཆེ་བའི་བྱ​ྱེ་ཐང་དུ་རྒྱུག་ཐུབ་ཀྱ​ྱི་ཡོད་

དེ་ཕལ་ཆེར་རྒྱུག་ཐུབ་ཀྱ​ྱི་མ་རེད་... འོན་ཀྱང་...

11


(སྐད་ཆ་བཤད་པའི་བར་ལ་འཚངས་ཏེ།)

ཐུབ་ཀྱ​ྱི་ཡོད་པས།

(མགོ་བོ་ཅུང་སྨད་དེ།)

ཆུ་མེད་ན་ཁྱ​ྱེད་རང་བདུན་ཕྲག་གཅིག་འཚོ་

འཚོ་མི་ཐུབ། ཆུ་མེད་པར་ང་ཉིན་ཞག་གཅིག་ཀྱང་འཚོ་རྒྱུ་

ཁག་པོ་རེད། འོ་ན། ཁྱ​ྱོད་ཆུ་མ་འཐུངས་བར་འཚོ་ཐུབ་ཀྱ​ྱི་ཡོད་པས། (ཚིག་ཐག་ཆོད་པོས།)

ཡོད།

ངས་ཆུ་མ་འཐུངས་ཀྱང་བདུན་ཕྲག་

གཅིག་རིང་འཚོ་ཐུབ་ཀྱ​ྱི་ཡོད། གང་ཡིན་ཞེ་ན། ངས་འཐུང་ཐེངས་ གཅིག་ལ་ཆུ་ལི་ཊར་༢༠༠ འཐུང་ཐུབ་ཀྱ​ྱི་ཡོད། དེས་བདུན་ཕྲག་

གཉིས་ཙམ་རིང་འདང་གི་ཡོད།

(ཉན་འདོད་ཀྱ​ྱི་སྤྲོ་སྣང་ཧ་ཅང་ཆེ་བའི་ཉམས་དང་བཅས།)

གསོག་ཉར་བྱ​ྱེད་ཀྱ​ྱི་ཡོད་པས།

ཁྱ​ྱེད་ཀྱ​ྱིས་ཁ་ཟས་གྲ​ྲོད་ཁོག་ནང་

མེད། ངས་ཁ་ཟས་ཚང་མ་ནོག་ནང་ལ་གསོག་ཉར་བྱ​ྱེད་ཀྱ​ྱི་ཡོད་ཙང་། བདུན་ ཕྲག་གཉིས་ཙམ་རིང་ཅི་ཡང་ཟ་མི་དགོས།

དེ་ཧ་ཅང་ཡག་པོ་འདུག དེས་ན་ཁྱ​ྱེད་ཀྱ​ྱིས་ག་རེ་ཟ་ཡི་ཡོད། ངས་རྩྭ་དང་ལོ་མ་སོགས་ཟ་ཡི་ཡོད།

འོ་ན། བྱ​ྱེ་ཐང་ལ་ཤིང་སྡ​ྡོང་རིགས་མེད་པས་ཁྱ​ྱེད་ཀྱ​ྱིས་ག་རེ་ཟ་ཡི་ཡོད།

ངའི་ལྕ​ྕེ་མཁྲ​ྲེགས་པོ་ཡོད་པས། བྱ​ྱེ་ཐང་དུ་ཚེར་མ་དང་ལྡུམ་བུའི་རིགས་ཟ་ཡི་ ཡོད།

12


དེ་འདྲའི་ངོ་མཚར་ཆེ་བ་ལ། (གུས་ཞབས་དང་བཅས།) ཤིང་ནགས་ཀྱ​ྱི་རྒྱལ་པོ་ཆེན་པོ་ལགས།

དུ་བྱ​ྱེ་ཐང་ལ་ཕེབས་དང་། (དངངས་འཚབ་དང་བཅས།)

ང་དང་མཉམ་

མིན་མིན། ང་དེར་མ་ཕྱ​ྱིན་ན་ཡག་གི་རེད། ང་ཚ་

གདུག་ཆེ་བའི་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་མེད། ངས་ཆུ་དང་ཁ་ཟས་གསོག་ཉར་

ཐུབ་ཀྱ​ྱི་མེད་ལ། ཚེར་མ་ཡང་ཟ་ཐུབ་ཀྱ​ྱི་མེད། དེ་ལས་བྱ​ྱེ་ཐང་གི་གྲུ་གཟིངས་

ལགས། ཁྱ​ྱེད་རང་ཕེབས་རོགས། ཕེབས་ལམ་བདེ་བར་སྨ​ྨོན། ཚིག་གསར་ཤན་སྦྱར། གྲུ་གཟིངས།

ship

སུག་ལག

limbs

གསོག་ཉར།

storage

ཕེབས་ལམ།

way

དུད་འགྲ​ྲོ།

beast

ཚེར་མ།

thorn

མཁྲ​ྲེགས་པོ།

hard

ཤིང་ནགས་ཀྱ​ྱི་རྒྱལ་པོ། King of the Jungle ཚ་གདུག་ཆེ་བ།

very hot

བདུན་ཕྲག

week

ལྡུམ་བུ།

plant

འཚིག

burn

གྲ​ྲོད་ཁོག

tummy

བདེ་བར་སྨ​ྨོན།

good luck

13


སྦྱོང་ཚན། དང་པོ། བྱ་ཚིག་གང་རུང་ལྔ་ལ་ཚིག་སྒྲུབ་བཟོས། འཚབ། འཚོ། ཉར། ཉམས། ནོག

གཉིས་པ། འབྲ​ྲི་བ་དང་ཀླ​ློག་པ། ངར་སྒྲ།

བྱ​ྱེ་ཐང་།

ཚ་དྲ​ྲོད།

འཛུམ་དམུལ།

སུག་ལག

ཚེར་མ།

སུན་སྣང་། རྣམ་འགྱུར།

གྲུ་གཟིངས།

སྲ​ྲོག་ཆགས།

ཁྱད་གསོད། གྲ​ྲོད་པ།

གསུམ་པ། དྲ​ྲི་བ་རྣམས་ལ་ལན་ཐོབས།

མཁྲ​ྲེགས། འགྲ​ྲོ། ཁྲ​ྲོ་གཉེར།

ཚ་གདུག

འབོལ་འབོལ། ཚེར་ལྡུམ།

༡། རྔ་མོང་ལ་བྱ​ྱེ་ཐང་གི་གྲུ་གཟིངས་ཟེར་དོན་གང་ཡིན་ནམ། ༢། ཤིང་ནགས་ཀྱ​ྱི་རྒྱལ་པོ་སུ་རེད་དམ།

༣། བྱ​ྱེ་ཐང་དུ་རྒྱུན་རིང་པོར་འགྲ​ྲོ་ཐུབ་མཁན་དེ་སུ་རེད་དམ།

༤། ནགས་ཚལ་དུ་མགྱ​ྱོགས་པོར་རྒྱུག་ཐུབ་མཁན་དེ་སུ་རེད་དམ།

14

དུད་འགྲ​ྲོ།

རྒྱུག་ཤར་གླ​ློད།


བཞི་པ། སུའི་སྐད་ཆ་ཡིན་མིན་གྱ​ྱི་རྟགས་དེ་གཡས་ཀྱ​ྱི་རེའུ་མིག་ནང་བྲ​ྲིས། སེང་གེ

ང་བྱ​ྱེ་ཐང་གི་གྲུ་གཟིངས་ཡིན།

རྔ་མོང་།

ཆུ་མེད་པར་ང་ཉིན་ཞག་གཅིག་ཀྱང་འཚོ་རྒྱུ་ཁག་པོ་རེད།

ང་ཚ་གདུག་ཆེ་བའི་དུས་སུའང་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་ཡོད། ནགས་ཚལ་དུ་རྒྱུག་ཤར་གླ​ློད་ཐུབ་ཀྱ​ྱི་ཡོད།

བྱ​ྱེ་ཐང་དུ་ཉིན་མཚན་མང་པོར་འགྲ​ྲོ་ཐུབ་མཁན་ང་གཅིག་པུ་ཡིན། ང་ནགས་ཀྱ​ྱི་རྒྱལ་པོ་ཡིན།

ངས་ཆུ་མ་འཐུང་ཡང་བདུན་ཕྲག་གཅིག་རིང་འཚོ་ཐུབ་ཀྱ​ྱི་ཡོད། ང་བྱ​ྱེ་ཐང་དུ་འགྲ​ྲོ་ཐུབ་ཀྱ​ྱི་མེད།

15

རྟགས།


སླ​ློབ་ ཚན། ༤

ཁྲ​ྲོན་པའི་ནང་ནས་ཟླ་བ་ལེན་པ།

སྔ​ྔོན་ནགས་ཚལ་ཞིག་ན། སྤྲེའུ་ཁྱུ་ཞིག་ཡོད། འགའ་ཤས་ཤིང་སྡ​ྡོང་སྟ​ྟེང་དུ་རྩ​ྩེད་

མོ་རྩ​ྩེ་བཞིན་པ་དང་། ཁ་ཤས་ས་སྟ​ྟེང་དུ་བབས་ཏེ་དགའ་པོའི་ངང་གནས་ཡོད། དེའི་ཉེ་འགྲམ་ན་ཁྲ​ྲོན་པ་ཞིག་ཡོད་པ་དེར།

སྤྲེའུ་ཆུང་ཆུང་ཞིག་རྩ​ྩེད་མོ་རྩ​ྩེ་བར་

ཕྱ​ྱིན། ཁོས་ཁྲ​ྲོན་པའི་ནང་བལྟས་པ་དང་། ཁྲ​ྲོན་པའི་ནང་ཟླ་གཟུགས་ཤར་བ་མཐོང་བས།

ཟླ་བ་དངོས་གནས་ཡིན་པར་བསམས་ཏེ། གླ​ློ་བུར་དུ་སྐད་ཤུགས་ཆེན་པོས། ཝ་ཡེ། གྲ​ྲོགས་པོ་ཚོ། ལྟ​ྟོས་དང་། ཟླ་བ་ཁྲ​ྲོན་པའི་ནང་ལ་ཟགས་འདུག ཅེས་བོས།

སྤྲེལ་རྒན་གྱ​ྱིས་འབོད་སྒྲ་ཐོས་མ་ཐག གང་མགྱ​ྱོགས་ཁྲ​ྲོན་པའི་འགྲམ་ལ་བརྒྱུགས་

16


ཏེ་ལྟ་སྐབས། ཁོ་ཡང་ཡ་མཚན་སྐྱེས་ཏེ། འོ་ཛི། ད་དཔེ་བསགས་འདུག ནམ་མཁའི་ ཟླ་བ་ཆུའི་ནང་དུ་ཟགས་འདུག ཅེས་སྐད་བརྒྱབ། དེ་སྤྲེའུ་གཞན་གྱ​ྱིས་ཐོས་ནས།

སྤྲེའུ་མང་པོ་ཁྲ​ྲོན་པའི་འགྲམ་དུ་བརྒྱུགས་ཡོང་།

ཁོང་ཚོས་ཀྱང་། ད་དཔེ་བསགས་འདུག དངོས་གནས་ནམ་མཁའི་ཟླ་བ་ཆུའི་ནང་དུ་ ཟགས་འདུག ཅེས་མཉམ་དུ་སྐད་བརྒྱབ།

སྐབས་དེར་སྤྲེལ་རྒན་གྱ​ྱིས། སྐད་ཅོར་མ་རྒྱག ང་ཚོས་ཟླ་བ་མྱུར་དུ་ཕྱ​ྱིར་འདོན་

ཐབས་བྱ​ྱེད། ཅེས་བཤད།

ཐོག་མར་སྤྲེལ་རྒན་གྱ​ྱིས་ཁྲ​ྲོན་པའི་ཉེ་འགྲམ་ན་ཤིང་སྡ​ྡོང་ཞིག་ཡོད་པ་དེའི་ཡལ་

17


གར་འཇུས་ནས་བསྡད། དེ་ནས་སྤྲེའུ་རྣམས་གཅིག་མཇུག་གཉིས་མཐུད་ཀྱ​ྱིས་རྐང་པར་

འཇུས་ཏེ། མར་ཁྲ​ྲོན་པའི་ཆུ་ལ་མ་རེག་བར་དུ་དེ་ལྟར་བྱས་པ་དང་། སྤྲེའུ་ཆུང་ཆུང་ལུས་ པོ་ཡང་བས། འོག་ཏུ་བསྡད་དེ་ལག་པ་བསྲ​ྲིངས་ནས་ཟླ་བ་ལེན་ཐབས་བྱས།

སྤྲེའུ་ཆུང་ཆུང་གིས་ཁྲ​ྲོན་པ་ནས་འོད་འཚེར་བའི་ཟླ་བ་ལེན་སྐབས། ལག་པའི་ནང་

ཆུ་ལས་གང་ཡང་མ་ཐོབ། ཟླ་བ་ལེན་མ་ཐུབ།

སྤྲེའུ་ཚོས་ཟླ་བ་ལེན་ཆེད་མུ་མཐུད་འབད་བརྩ​ྩོན་བྱས་ཀྱང་།

དེ་ནས་སྤྲེའུ་རྣམས་ཐང་ཆད་དེ་སེམས་ཤུགས་ཆག

སྤྲེའུ་འགའ་ཤས་ཀྱ​ྱིས།

མགྱ​ྱོགས་ཙམ་གནོངས་དང་། ད་དུང་ལེན་མི་ཐུབ་པ་གང་ཡིན་ནམ། ཞེས་ཟེར། སྤྲེའུ་ཁ་

18


ཤས་ཀྱ​ྱིས། དཀོན་མཆོག་མཁྱ​ྱེན། ངོ་ཚ་བ་ལ་ཨང་། ཞེས་འུར་བརྒྱབ། སྤྲེལ་རྒན་དེ་སྐ​ྐེད་པ་དང་རྐང་པ་ན་ནས་མགོ་ཡར་བཀྱགས་པ་ན།

ཟླ་བ་ནམ་

མཁའ་ལ་ཡོད་པ་མཐོང་། དེ་མ་ཐག་ཁོས། ལེན་དགོས་མི་འདུག ལེན་དགོས་མི་འདུག

ཟླ་བ་ནམ་མཁའ་ན་འདུག ཅེས་བཤད་པ་ན། སྤྲེའུ་རྣམས་ཧ་ལས་ཏེ། ཟླ་བ་ནམ་མཁའ་ ལ་ཡོད་ན།

ཁྲ​ྲོན་པའི་ནང་གི་དེ་ག་རེ་རེད།

ཅེས་ཟེར་བཞིན་ཚང་མས་མགོ་བོ་ཡར་

བཀྱགས་ཏེ་བལྟས་པས། ཟླ་བ་སྔར་བཞིན་ནམ་མཁར་ཡོད་པ་མཐོང་ངོ་། །

19


ཚིག་གསར་ཤན་སྦྱར། ནགས་ཚལ།

forest

སྐད་ཅོར།

noise

རེག

touch

ཟགས།

fall

འོད་འཚེར།

twinkling

སྦྱོང་ཚན།

ཁྲ​ྲོན་པ།

well

བསྲ​ྲིངས།

extend

ནམ་མཁའ།

sky

ཟླ་བ།

moon

འབད་བརྩ​ྩོན།

effort

དང་པོ། ཚིག་གྲ​ྲོགས་རེ་སྦྱོར། དཔེར་ན།gཁྱུ། ལུག་ཁྱུ།

ཁྲ​ྲོན། མཚན། འགྲམ། འོས། མཉམ། འཁྲ​ྲིས། ཐིགས། འུར། མཁའ། ཧ།

གཉིསཔ། བྱ་ཚིག་གང་རུང་ལྔ་ལ་ཚིག་སྒྲུབ་བཟོས། ཟགས། འཐམ།

བོས།

བསྲ​ྲིངས།

གསུམ་པ། ཡང་ཡང་ཀླ​ློག་འདོན་གྱ​ྱིས།

ཐོས།

འབད།

འདོན།

བཀྱགས།

གླ​ློ་བུར་དུ་འུར་བརྒྱབ།

བྱ་སྤྱོད་ངོ་མས་ར་སྤྲོད་བྱས།

རང་གི་འོས་འགན་བསྒྲུབས།

ལས་ཀར་མཉམ་ཞུགས་བྱས།

ཞེད་ཐག་ཆོད་ནས་སྐད་ངན་ཤོར།

ཅི་གསུངས་དང་ལེན་བྱ​ྱེད།

20

འཇུས།


སླ​ློབ་གྲྭར་ཐོག་མར་འབྱ​ྱོར། སླ​ློབ་གྲྭར་མུ་མཐུད་འགྲ​ྲོ།

འོད་འཚེར་བའི་ཟླ་བ།

ལུས་སེམས་ངལ་ནས་ཐང་ཆད།

བཞི་པ། རི་མོར་བལྟས་ནས་བརྗ​ྗོད་པ་བཟོས།

ཡལ་ག

ཤོག་བྱ།

སྤ​ྤོ་ལོ།

སྒྲ་སྙན།

དཔྱང་འཁྲུལ།

21


སླ​ློབ་ ཚན། ༥

རྨ​ྨོ་མོས་བསྐུར་བའི་ལག་རྟགས། དང་པོ།

ལོ་རེ་བཞིན་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ངའི་སྐྱེས་སྐར་ཡིན།

ཉིན་

དེར་ངའི་གྲ​ྲོགས་པོ་དང་། གྲ​ྲོགས་མོ། གཉེན་ཉེ་ཚོས་ལག་རྟགས་མང་པོ་ཞིག་བསྐུར་ཡོང་

གི་ཡོད། ངས་དགའ་ཤོས་བྱ​ྱེད་ས་ནི་རྨ​ྨོ་མོ་ཡིས་བསྐུར་བའི་ལག་རྟགས་དེ་ཡིན། ཁོང་

གི་ལག་རྟགས་ནི་གཞན་གྱ​ྱི་ལག་རྟགས་ལྟར་འགྲ​ྲོ་ལུགས་ལྡན་པ་དང་། རིན་ཐང་ཅན་གྱ​ྱི་ དངོས་པོ་ཞིག་རྩ་བ་ནས་མིན། དེ་ནི་ཆེས་སྟབས་བདེ་ཞིག་སྟ​ྟེ། བག་ལེབ་སྐམ་སྲ​ྲེག་བྱས་

པ་ཁ་ཤས་ཤིག་ཡིན། ངས་ལོ་རེ་བཞིན་བག་ལེབ་དེ་དག་ལག་ཏུ་འབྱ​ྱོར་ཚེ། སླ​ློབ་གྲྭའི་

གསོལ་ཐབ་ཀྱ​ྱི་ཁ་ལག་མི་ཟ་བར། བག་ལེབ་དེ་ཇ་ཡི་ནང་དུ་སྦངས་ནས་ཟ་ཡི་ཡོད། ངས་ བག་ལེབ་ཟ་སྐབས་རྨ​ྨོ་མོའི་ལག་གཉིས་སེར་ཀ་ཤར་ཤུར་དང་། ངོ་གདོང་གཉེར་མ་ཤིག་

ཤིག་ངང་། དཀའ་ངལ་ལ་མི་འཛེམས་པར་ངའི་ཆེད་དུ་བག་ལེབ་བཟོས་པ་མ་ཟད། བྱམས་ བརྩ​ྩེའི་ངང་དུམ་བུ་རེ་རེ་བཞིན་ངའི་ཁར་བཅུག་ནས། ཡུན་རིང་བྱམས་ཀྱ​ྱིས་བསྐྱངས་པ་ དེ་ཡིད་ལ་གསལ་ལྷང་ངེར་དྲན་ཡོང་གི་ཡོད།

གཉིས་པ།

འདི་ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ནི་དེ་ལྟར་ག་ལ་ཡིན།

22

ངས་ལག་


རྟ ག ས ་ མ ང ་ པོ འི ་ དཀྱ​ྱི ལ ་ནས་རྨ​ྨོ ་ མོ ་

ལ ག ས ་ ཀྱ​ྱི ་ ལ ག ་

རྟགས་དེ་བཙལ་ ཀྱང་རྙ​ྙེད་མ་བྱུང་།

ཉི ན ་ ཤ ས ་

རྗ​ྗེས་ཨ་མ་ལགས་

ཀྱ​ྱིས་བསྐུར་བའི་ཡི་གེ་ཞིག་འབྱ​ྱོར་བྱུང་། ཡི་གེ་དེའི་ནང་འཁོད་པ་ནི་ངས་སུ་ལའང་བཤད་

མི་ཕོད་ལ། ཁྱ​ྱེད་ཚོས་ཀྱང་ཉན་མི་འདོད་པའི་དོན་རྐྱེན་ཞིག་རེད། དེ་ནི་ངའི་རྨ​ྨོ་མོ་ལགས་ འཇིག་རྟ​ྟེན་འདི་ནས་ཞལ་གྱ​ྱེས་ཟིན་པའི་གནས་ཚུལ་རེད།

སྐབས་དེར་ངའི་སེམས་པ་ཆེས་མུན་ནག་ཅིག་དང་། མིག་གཉིས་ནག་རབ་རིབ་ཏུ་

གྱུར་ནས་ངའི་སེམས་ལ་འཁོར་བ་ནི་དྲ​ྲི་བ་འགའ་རེད།

རྨ​ྨོ་མོ་ལགས། བུ་མོ་ང་བཞག་ནས་འཇིག་རྟ​ྟེན་འདི་ནས་ཁ་བྲལ་དོན་གང་ཡིན་ནམ། ཁྱ​ྱེད་དེ་ལྟར་ངེས་པར་དུ་ཕེབས་དགོས་ན། ང་ལ་སྔ་ཙམ་ཞིག་ནས་མ་གསུངས་

དོན་གང་ཡིན་ནམ། ནམ།

ཐ་ན་ང་ལ་ཁ་པར་ཞིག་ཀྱང་མ་བཏང་བར་ཁུ་སིམ་སིམ་དུ་ཕེབས་དོན་གང་ཡིན་

23


དེ ་ ལྟར་བསམ་

བླ​ློ ར ་ འ ཁོ ར ་ ཡ ང ་ འདྲ​ྲི ་ ས་ཞི ག ་མེ ད ་

པས། ནམ་རྒྱུན་རྨ​ྨོ་

མོ ་ ལགས་ཀྱ​ྱི ས ་ང་

ལ་གནང་བའི ་ ཡ་ ཀྱ​ྱི་བསླབ་བྱ་དེ་དག་སེམས་ལ་བཅངས་ནས།

རབས་བཟང་སྤྱོ ད ་

སླ​ློབ་སྦྱོང་ལ་སྔར་ལས་ལྷག་པའི་འབད་

བརྩ​ྩོན་བྱས་ཏེ། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུའི་དམ་བཅའ་བཞག་པ་ཡིན།

h ཁ་ཆེ​ེ་ཕ་ལུ་ལས།

ཕྲུ་གུར་ཕ་མ་མེད་པ་མི་སྲ​ྲིད་ཀྱང་། །

ལག་ཐོག་སྟ​ྟོན་རྒྱུ་ཡོད་པ་རེ་རེ་ཙམ། །

ཚེ་སྟ​ྟོད་ཡོད་ཀྱང་ཚེ་སྨད་མེད་པ་མང་། །

ཕ་བུའི་དམ་ཚིག་བསྲུང་དུས་བསྲུང་བ་དགའ། །

24


ཚིག་གསར་ཤན་སྦྱར། རྨ​ྨོ་མོ།

རིན་ཐང་ཅན། གསོལ་ཐབ།

འགྲ​ྲོ་ལུགས་ལྡན་པ།

grand mother

བག་ལེབ།

valuable

སྦངས།

kitchen

སེར་ཀ

གཉེར་མ།

crack

བསྐྱངས།

ཞལ་གྱ​ྱེས།

nurtured

ཁུ་སིམ་སིམ།

དམ་བཅའ།

hush

སྦྱོང་ཚན།

དང་པོ། མིང་ཚིག་གང་རུང་ལྔ་ལ་ཚིག་སྒྲུབ་རེ་བཟོས། སྐྱེས་སྐར།

གཉེན་ཉེ།

གསལ་ལྷང་ངེར། དུམ་བུ།

ལག་རྟགས། ཞལ་གྱ​ྱེས།

གཉིསཔ། དྲ​ྲི་བ་རྣམས་ལ་ལན་བྲ​ྲིས།

སྟབས་བདེ། དྲན་གདུང་།

procedure bread soak wrinkle depart promise

སྐམ་སྲ​ྲེག

༡། ཁྱ​ྱེད་ཀྱ​ྱི་སྐྱེས་སྐར་ག་དུས་ཡིན་ནམ།

༢། ཁྱ​ྱེད་ཀྱ​ྱི་ཞལ་ལག་དགའ་ཤོས་གང་ཡིན་ནམ། ༣། ཁྱ​ྱེད་ཀྱ​ྱི་མཚན་ལ་གང་ཟེར་རམ།

༤། ཁྱ​ྱེད་སླ​ློབ་གྲྭ་ལ་ཡོད་པའི་སྐབས་ནང་མི་སུ་ཞིག་མང་ཤོས་དྲན་གྱ​ྱི་འདུག་གམ།

གསུམ་པ། བྱ​ྱེད་སྒ​ྒོ།

སླ​ློབ་ཕྲུག་ཚོས་སོ་སོའི་སྐྱེས་སྐར་ཇི་ལྟར་གཏོང་གི་ཡོད་མེད་སླ​ློབ་གྲ​ྲོགས་ཚོ་དང་ མཉམ་སྤྱོད་བྱ​ྱེད་དུ་འཇུག་དགོས།

25


སླ​ློབ་ ཚན། ༦

ཕྲུ་གུའི་མཉམ་དུ་སྒྲུང་འབྲ​ྲི་སྟངས། (སྟ​ྟོད་ཆ།) ཕྲུ་གུ་ཚོ། དེ་རིང་ང་ཚོ་ཚང་མ་མཉམ་རུབ་ཀྱ​ྱིས་སྒྲུང་ཞིག་འབྲ​ྲི་རྒྱུ་ཡིན། ཤོད་ དང༌། ང་ཚོས་ག་རེའི་ཐོག་ལ་སྒྲུང་འབྲ​ྲི་རྒྱུ་ཡིན།

སྤྲེའུའི་སྒྲུང༌། ནེ་ཙོའི་སྒྲུང༌། ད་དུང་ག་རེ་ཡོད།

སེང་གེ་དང༌། ཝ་མོ་སོགས། (ཕྲུ་གུ་ཚོས་འདྲ་མིན་བཤད་སྲ​ྲིད།)

འགྲ​ྲིག་གི་རེད།

ད་ང་ཚོས་འགོ་འཛུགས་བྱ​ྱེད་ཀྱ​ྱི་ཡིན།

འཛུགས་ཀྱ​ྱི་ཡིན་ནམ།

དང་པོ་སུས་འགོ་

(སྐབས་འདིར་ཕྲུ་གུ་ཚང་མ་ཁུ་སིམ་ཆགས་འགྲ​ྲོ་གི་རེད། གལ་ཏེ་དེ་ལྟར་

གྱུར་ཚེ་རང་ཉིད་ཀྱ​ྱིས་འགོ་བཙུགས་ན་ཆོག)

ངས་འགོ་འཛུགས་བྱ​ྱེད་ཆོག སྤྲེའུ་གཅིག་

དང་ནེ་ཙོ་གཅིག་ཡོད་པ་རེད། ཁོ་གཉིས་ཕན་ཚུན་འབྲ​ྲེལ་བ་ག་རེ་རེད། གྲ​ྲོགས་པོ་རེད།

འགྲ​ྲིགས་སོང༌། ཁོང་གཉིས་གྲ​ྲོགས་པོ་འཆམ་པོ་ཞིག་རེད། (དེ་ནས་... སླར་ཕྲུ་གུ་ ཚོ་ཁུ་སིམ་མེར་ཆགས།)

ཁོ་རང་གཉིས་ག་པ་ལ་སྡ​ྡོད་ཀྱ​ྱི་ཡོད་དམ།

26


ཤིང་སྡ​ྡོང་སྒང་ལ།

འགྲ​ྲིགས་སོང༌། ཁོ་གཉིས་ཀ་ཤིང་སྡ​ྡོང་སྒང་ལ་སྡ​ྡོད་ཀྱ​ྱི་ཡོད་རེད། དེ་ནས་ ཁོ་གཉིས་ཁ་ལག་འཚོལ་དུ་ཕྱ​ྱིན། ཐག་རིང་ས་ཞིག་ལ་ཕྱ​ྱིན་པ་རེད།

ག་པ་ལ་ཕྱ​ྱིན་པ་རེད།

ཤིང་ནགས་ནང་ལ་ཕྱ​ྱིན་པ་རེད།

ཤིང་ནགས་ནང་ལ་ག་རེ་ཡོད་རེད། ཤིང་ནགས་ནང་ལ་ཤིང་སྡ​ྡོང་དང་། ཤིང་ཏོག་མང་པོ་ཞེ་དྲག་ཡོད་རེད།

བྱས་ན། ནེ་ཙོ་དང་སྤྲེའུས་ཤིང་ནགས་ནང་ལ་སྡ​ྡོང་པོ་དང་། ཤིང་ཏོག་མང་ པོ་ཞེ་དྲག་མཐོང་སྐབས། ཁོ་གཉིས་ལ་ཚོར་བ་གང་འདྲ་བྱུང་ཡོད་རེད།

ཁོ་གཉིས་ལ་དགའ་ཚོར་ཆེན་པོ་བྱུང་བ་རེད། ཁོ་གཉིས་ཀྱ​ྱི་ཁའི་ནང་ཆུ་འཁོར་ བ་རེད།

བྱས་ན། ཁོ་གཉིས་ཀྱ​ྱིས་ག་རེ་ལབ་པ་རེད།

དེ་རིང་ཤིང་ཏོག་རྒྱགས་ཚད་བཟའ་ཡི་ཡིན། སྐྱིད་པོ་ཞེ་དྲག་ཡོང་གི་རེད། དེ་

ལ་སེང་གེ་གཅིག་སླ​ླེབས་པ་རེད། ནེ་ཙོ་དང་སྤྲེའུ་གཉིས་ཀྱ​ྱིས་སེང་གེ་མཐོང་བ་

27


རེད། དེ་ནས་སེང་གེ་དེ་ནེ་ཙོ་དང་སྤྲེའུ་གཉིས་ཀྱ​ྱི་ཕྱ​ྱོགས་སུ་རྒྱུགས་པ་རེད།

དེ་ནས་གང་བྱས་པ་རེད།

(སྐབས་འདིར་ཕྲུ་གུ་ཚང་མ་ཁུ་སིམ་ཆགས་སྲ​ྲིད།)

སྤྲེའུ་གཉིས་ཀྱ​ྱིས་སྲ​ྲོག་གི་ཉེན་ཁ་ལས་ཐར་བར་ག་རེ་བྱས་པ་རེད།

ནེ་ཙོ་དང་

སྤྲེའུ་ལམ་སང་ཨ་མྲའི་སྡ​ྡོང་པོའི་སྒང་ལ་འཛེགས་པ་རེད། ནེ་ཙོས་ག་རེ་བྱས་པ་རེད།

ནེ་ཙོ་འཕུར་ནས་ཇཱ་མུན་གྱ​ྱི་སྡ​ྡོང་པོའི་སྟ​ྟེང་ལ་བབས་པ་རེད། དེ་ནས་སྤྲེའུས་ ཤིང་ཏོག་ཨ་མྲ་བཟས་ཏེ་དེའི་ཚི་གུ་སེང་གེའི་སྒང་ལ་གཡུགས།

ནེ་ཙོས་ག་རེ་བྱས་པ་རེད།

ནེ་ཙོས་ཀྱང་ཇཱ་མུན་བཟས་ཏེ། ཚི་གུ་སེང་གེའི་སྒང་ལ་གཡུགས་པ་རེད།

ནེ་ཙོ་དང་སྤྲེའུས་དེ་ལྟར་བྱས་པར། སེང་གེས་ག་རེ་བྱས་པ་རེད། (སེང་གེ་རླུང་ལངས་ཏེ།)

སྒུགས་ཨང་... ངས་ཁྱ​ྱོད་གཉིས་ཀྱ​ྱི་ཤིང་སྡ​ྡོང་དེ་ད་ལྟ་རང་

གཅོད་ཀྱ​ྱི་ཡིན། ཞེས་ལབ་པ་རེད།

28


ཚིག་གསར་ཤན་སྦྱར། མཉམ་རུབ།

coalition

ཐག་རིང་།

far

འགོ་འཛུགས།

start

རྒྱགས་ཚད།

full

ཇཱ་མུན་སྡ​ྡོང་པོ།

jamun tree

སྒྲུང་།

story

ཤིང་ཏོག

fruit

སྒུགས།

wait

འབྲ​ྲེལ་བ།

relationship

ཨ་མྲའི་སྡ​ྡོང་པོ།

mango tree

སྦྱོང་བརྡར། རི་མོར་བལྟས་ནས་སྒྲུང་བྲ​ྲིས། ཨ་མ་ཁྲ་ཐིག

གྲ​ྲོག་མ།

ཙི་ཙི།

བྱ​ྱིའུ།

སྦལ་པ།

29


སླ​ློབ་ ཚན། ༧

ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། (སྨད་ཆ།) ཡིན་ནའང་། སེང་གེས་ཤིང་སྡ​ྡོང་གང་འདྲ་བྱས་ནས་གཅོད་ཀྱ​ྱི་རེད། སྟ་རེས་གཅོད་ཀྱ​ྱི་རེད།

སྟ་རེ་ག་པ་ནས་རག་གི་རེད།

མགར་པའི་ལག་ནས་རག་གི་རེད།

འགྲ​ྲིགས་སོང༌། བཤད་པ་རེད།

སེང་གེ་མགར་པའི་སར་ཕྱ​ྱིན་ནས། མགར་པ་ལ་ག་རེ་

ཨ་ཁུ་མགར་པ་ལགས། ང་ལ་སྟ་རེ་གཅིག་བཟོ་རོགས་གནོངས་དང་། ཞེས་ ལབ་པ་རེད།

ཨ་ཁུ་མགར་པས་ག་རེ་ལབ་པ་རེད། (འདིའི་མཚམས་སུ་ཕྲུ་གུ་རྣམས་གང་ཡང་བཤད་མ་ཐུབ་ པར་སྡ​ྡོད་སྲ​ྲིད།)

ཨ་ཁུ་མགར་པས། རི་དྭགས་རྒྱལ་པོ་སེང་གེ་ལགས། སྟ་རེ་

ཡིས་ག་རེ་བྱ​ྱེད་ཀྱ​ྱི་ཡིན་པས། ཞེས་དྲ​ྲིས་པར། སེང་གེས་ལན་གང་བཏབ་པ་ རེད།

ནེ་ཙོ་དང་སྤྲེའུ་སྡ​ྡོད་སའི་ཤིང་སྡ​ྡོང་གཅོད་ཀྱ​ྱི་ཡིན། ཞེས་ལབ་པ་རེད།

30


ལགས་སོ། །ཕྲུ་གུ་ཚོ། སེང་གེའི་སྐད་ཆ་དེ་གོ་བ་དང་ཨ་ཁུ་མགར་པས་ག་

རེ་བཤད་པ་རེད། (ཡང་མཚམས་འདིར་ཕྲུ་གུ་ཚོ་ཁུ་སིམ་སྡ​ྡོད་སྲ​ྲིད།) ཕྲུ་གུ་ཚོ། ཤིང་སྡ​ྡོང་ བཅད་ན་འགྲ​ྲིག་གི་རེད་དམ། འགྲ​ྲིག་གི་མ་རེད།

བྱས་ན། ཨ་ཁུ་མགར་བས་ག་རེ་བཤད་ཡོད་དམ། ལྟ​ྟོས་དང༌། ཤིང་སྡ​ྡོང་གིས་ང་ཚོར་གྲ​ྲིབ་བསིལ་དང༌། ཤིང་ཏོག རླུང་གཙང་ མ་སོགས་སྤྲོད་ཀྱ​ྱི་ཡོད་པ་སོང་ཙང་། ང་ཚོས་ནམ་ཡང་ཤིང་སྡ​ྡོང་གཅོད་མི་ རུང་། ཞེས་བཤད་པ་རེད།

ཨ་ཁུ་མགར་པས་བཤད་པའི་སྐད་ཆ་དེ་ལ། སེང་གེས་ཉན་འཇོག་བྱས་ཡོད་ རེད་པས།

སེང་གེས་ཉན་འཇོག་མ་བྱས་པར། བཤད་པ་རེད།

ངས་ཤིང་སྡ​ྡོང་གཅོད་རྐྱང་ཡིན། ཞེས་

སེང་གེས་སྐད་ཤུགས་ཆེན་པོའི་ཐོག་ནས་དེ་འདྲ་བཤད་པར། ཨ་ཁུ་མགར་ པས་ག་རེ་བྱས་པ་རེད།

ཨ་ཁུ་མགར་པ་ཞེད་ཐག་ཆོད་ནས།

31

སེང་གེ་ལ་སྟ་རེ་གཅིག་བཟོས་ཏེ་སྤྲད་


པ་རེད།

དེའི་རྗ​ྗེས་ལ་...

སེང་གེས་སྟ་རེ་ཁྱ​ྱེར་ཏེ་ཤིང་ནགས་ནང་ལ་ཕྱ​ྱིན་པ་རེད།

ཤིང་ནགས་ནང་ལ་ཕྱ​ྱིན་ཏེ། སེང་གེས་ག་རེ་བྱས་པ་རེད། སྤྲེའུ་སྡ​ྡོད་སའི་ཤིང་སྡ​ྡོང་དེ་གཅོད་འགོ་བཙུགས་པ་རེད།

སྤྲེའུས་ག་རེ་བྱས་པ་རེད།

སྤྲེའུ་ཤིང་སྡ​ྡོང་གཞན་ཞིག་གི་སྟ​ྟེང་ལ་མཆོངས་པ་རེད། དེའི་རྗ​ྗེས་ལ་...

དེ་ནས་སེང་གེས་ནེ་ཙོ་བསྡད་ཡོད་པའི་ཇཱ་མུན་སྡ​ྡོང་པོ་དེ་གཅོད་འགོ་བཙུགས་ པ་རེད།

དེ་ནས་ནེ་ཙོས་ག་རེ་བྱས་པ་རེད།

ནེ་ཙོ་ཡང་འཕུར་ཏེ། ཤིང་སྡ​ྡོང་གཞན་པ་ཞིག་གི་སྟ​ྟེང་ལ་བབས་པ་རེད། སེང་

32


གེ་ཡིས་ཤིང་སྡ​ྡོང་ག་རེ་གཅོད་རྩ​ྩིས་བྱས་ཀྱང་། ཤིང་སྡ​ྡོང་གཞན་ཞིག་གི་སྟ​ྟེང་ལ་ཕྱ​ྱིན་པ་རེད།

ནེ་ཙོ་དང་སྤྲེའུ་གཉིས་ཀྱང་

དེའི་རྗ​ྗེས་ལ་...

དེ་ལྟར་ལན་མང་བྱས་པར་བརྟ​ྟེན། སེང་གེ་ཐང་ཆད་དེ་ཤིང་སྡ​ྡོང་གི་ཟུར་ཞིག་ ལ་གཉིད་ཁུག་ནས་བསྡད་པ་རེད། རྫ​ྫོགས་སོ། །

ཚིག་གསར་ཤན་སྦྱར། སྟ་རེ།

axe

ཞེད་ཐག་ཆོད།

afraid

གཉིད་ཁུག

sleep

གྲ​ྲིབ་བསིལ།

shade

འཕུར།

fly

33

མགར་པ།

smith

མཆོངས།

jump

གཅོད།

cut

རླུང་།

air

ཐང་ཆད།

tired


སྦྱོང་བརྡར། རི་མོ་ལ་བལྟས་ནས་སྒྲུང་བྲ​ྲིས།

34


སླ​ློབ་ ཚན། ༨

ནེ་ཙོ་དང་སྤྲེའུ།

སྔ​ྔོན་གྱ​ྱི་དུས་ཤིག་ལ་ནེ་ཙོ་དང་། སྤྲེའུ་གཉིས་གྲ​ྲོགས་པོ་རེད། ཁོ་གཉིས་ཤིང་སྡ​ྡོང་

གཅིག་གི་སྟ​ྟེང་ལ་སྡ​ྡོད་ཀྱ​ྱི་ཡོད།

ཉིན་ཞིག ནེ་ཙོ་དང་སྤྲེའུ་གཉིས་ཟས་འཚོལ་དུ་ཕྱ​ྱིན། ཤིང་འབྲས་སྡ​ྡོང་པོ་མང་པོ་

ཡོད་ས་ཞིག་ཏུ་སླ​ླེབས། ས་གནས་དེར་ཤིང་སྡ​ྡོང་དང་། ཤིང་ཏོག་མང་པོ་སྐྱེས་ཡོད་པ་

མཐོང་སྟ​ྟེ་ནེ་ཙོ་དང་། སྤྲེའུ་གཉིས་ཀྱ​ྱི་ཁའི་ནང་ཆུ་འཁོར་བ་དང་། དགའ་ཐག་ཆོད་ནས།

ཁ་ནས་རང་དབང་མེད་པར། ཨ་མ་མ་་་ དེ་རིང་གྲ​ྲོད་ཁོག་རྒྱགས་ཚད་བཟས་ཏེ། སྐྱིད་ པོ་བྱས་ནས་སྡ​ྡོད་ཀྱ​ྱི་ཡིན། ཞེས་བཤད་པ་རེད།

ནེ་ཙོ་དང་སྤྲེའུ་ཕན་ཚུན་སྐད་ཆ་ཤོད་བཞིན་པའི་སྐབས། སེང་གེ་ཞིག་ཁོ་གཉིས་

35


ཀྱ​ྱི་ཕྱ​ྱོགས་སུ་བརྒྱུགས་ཡོང་གིན་ཡོད་པ་མཐོང་།

སྤྲེའུ་ལམ་སང་མཆོངས་ཏེ་ཨ་མྲའི་

སྡ​ྡོང་པོའི་རྩ​ྩེར་འཛེགས་པ་དང༌། ནེ་ཙོ་ཡང་འཕུར་ཏེ། ཇཱ་མུན་གྱ​ྱི་སྡ​ྡོང་པོའི་རྩ​ྩེར་བབས་པ་ རེད།

ནེ་ཙོ་དང་སྤྲེའུ་སོ་སོའི་སྡ​ྡོད་སའི་ཤིང་སྡ​ྡོང་སྟ​ྟེང་གི་ཤིང་འབྲས་བཟས་ཏེ།

ཚི་གུ་

སེང་གེའི་ཐོག་ལ་གཡུགས་པས། སེང་གེ་ཁོང་ཁྲ​ྲོ་ཆེན་པོ་ལངས་ཏེ། ཁྱ​ྱོད་གཉིས་ཀྱ​ྱིས་ སྒུགས་ཤིག ངས་ད་ལྟ་རང་ཁྱ​ྱོད་གཉིས་ཀྱ​ྱི་ཤིང་སྡ​ྡོང་དེ་གཅོད་ཀྱ​ྱི་ཡིན། ཞེས་སྨྲས།

སེང་གེ་མགར་པའི་འགྲམ་དུ་ཕྱ​ྱིན་ཏེ། མགར་པ་ལ་སྟ་རེ་རྣ​ྣོན་པོ་ཞིག་བཟོ་དགོས་

པའི་རེ་བ་ཞུས། མགར་པས་སེང་གེ་ལ། སྟ་རེ་བཟོས་ཏེ་ག་རེ་བྱ​ྱེད་རྩ​ྩིས་ཡོད། ཅེས་

དྲ​ྲིས་པར། སེང་གེས་ཁོང་ཁྲ​ྲོའི་ངང་ནེ་ཙོ་དང་སྤྲེའུ་གཉིས་ཀྱ​ྱི་བྱ་སྤྱོད་བཤད་དེ། ངས་ཁོ་ གཉིས་ཀྱ​ྱི་ཤིང་སྡ​ྡོང་དེ་གཅོད་ཀྱ​ྱི་ཡིན། ཞེས་བཤད། འོན་ཀྱང་མགར་པས་གུས་ཞབས་ དང་བཅས།

རི་དྭགས་རྒྱལ་པོ་སེང་གེ་ལགས།

ཤིང་སྡ​ྡོང་གིས་ང་ཚོར་གྲ​ྲིབ་བསིལ་

དང༌། ཤིང་འབྲས། རླུང་གཙང་མ་སོགས་སྤྲོད་ཀྱ​ྱི་ཡོད་པས། ཤིང་སྡ​ྡོང་གཅོད་མི་རུང་། ཞེས་སླ​ློབ་གསོ་བྱས་ཀྱང༌། སེང་གེས་མ་ཉན། མགར་པ་སེང་གེ་ལ་སྐྲག་ནས། སྟ་རེ་ རྣ​ྣོན་པོ་ཞིག་བཟོས་ཏེ་སེང་གེར་སྤྲད་པ་རེད།

སེང་གེས་སྟ་རེ་དེ་ཁྱ​ྱེར་ཏེ་ཕྱ​ྱིན་པ་རེད། སྤྲེའུ་སྡ​ྡོད་སའི་ཨ་མྲའི་སྡ​ྡོང་པོ་དེ་གཅོད་

རྩ​ྩིས་བྱས་པ་དང༌། སྤྲེའུ་ལམ་སང་སྡ​ྡོང་པོ་གཞན་ཞིག་གི་སྒང་ལ་མཆོངས་པ་རེད། དེ་ ནས་ནེ་ཙོ་སྡ​ྡོད་སའི་ཇཱ་མུན་གྱ​ྱི་སྡ​ྡོང་པོ་གཅོད་རྩ​ྩིས་བྱས་པ་དང༌། གཞན་ཞིག་གི་སྒང་ལ་འཕུར་བ་རེད།

ནེ་ཙོ་ཡང་སྡ​ྡོང་པོ་

སེང་གེས་དེ་ལྟར་ལན་མང་པོ་ཤིང་སྡ​ྡོང་གཅོད་

36


རྩ​ྩིས་བྱས་ཀྱང་། ནེ་ཙོ་དང་། སྤྲེའུ་གཉིས་ལ་གནོད་པ་སྐྱེལ་མ་ཐུབ། རེད།

མཐར་སེང་གེ་དཀའ་ལས་ཁག་ཐག་ཆོད་ནས།

ཚིག་གསར་ཤན་སྦྱར། གཡུགས།

throw

ལམ་སང་།

soon

འཛེགས།

ཤིང་སྡ​ྡོང་འོག་ཏུ་གཉིད་ཤོར་བ་

རྣ​ྣོན་པོ། ཚི་གུ།

climb

sharp kernel

སྦྱོང་ཚན། དང་པོ། གཤམ་གྱ​ྱི་མིང་ཚིག་རྣམས་ལ་བྱ་ཚིག་རེ་སྦྱོར།

སྒྲུང་། སེང་གེ ཝ་མོ། སྤྲེའུ། ནེ་ཙོ། གྲ​ྲོགས་པོ། ཤིང་སྡ​ྡོང་། ཐག་རིང་། ཤིང་ནགས།

ཤིང་ཏོག སྐྱིད་པོ། སྟ་རེ། མགར་པ།

གཉིས་པ། གཤམ་གྱ​ྱི་བྱ་ཚིག་གང་རུང་ལྔ་ལ་ཚིག་སྒྲུབ་བཟོས།

བཟོ། འཛུགས། འཆམ། སྡ​ྡོད། འཚོལ། ཕྱ​ྱིན། མཐོང་། འཁོར། ལབ། རྒྱུགས། སྐྱོབ།

འཛེགས། འཕུར། གཡུགས། གཅོད། དྲ​ྲིས། བརྒྱབ། སྤྲོད། ཉན། བཙུགས། མཆོངས། བབས། གཉིད།

གསུམ་པ། ཕ་མ་དང་མཉམ་དུ་གླ​ླེང་མོལ་བྱས་ནས་སྒྲུང་ཐུང་ཞིག་བྲ​ྲིས།

37


སླ​ློབ་ ཚན། ༩

དག་ཡིག

སྦྱང་གཞི་དང་པོ།

ལུས་དང་ས་ཡི་ལྟ​ྟེ་བ་དང་། །

རང་འཐག་ལྟ​ྟེ་བ་ལ་ལྟ​ྟེ་ཡིན། །

གྲངས་ཀྱ​ྱི་སྟ​ྟོང་དང་སྣ​ྣོད་སྟ​ྟོང་པ། ། ས་སྟ​ྟོང་ཡིན་པས་ཤེས་པར་བྱ། །

གཟུང་བ་གཏོང་བ་ག་གཏོང་ལ། །

མདུན་མ་བཤམས་པ་བ་བཤམས་ཡིན། །

མཉམ་དུ་གཤིབས་དང་ཡིག་ཕྲ​ྲེང་གཤམ། ། ག་ཡིས་འཕུལ་བ་ཤེས་པར་བྱ། །

མཆོག་དཀར་གཞུ་ནི་ག་གཞུ་ལ། ། མར་ཁུ་བཞུ་བ་བ་བཞུ་ཡིན། །

གླ​ླེང་མོལ་བྱ​ྱེད་པ་ག་གླ​ླེང་ལ། །

གཉིད་ལས་སླ​ློང་བ་ས་སླ​ློང་ཡིན། །

38


སྦྱོང་ཚན། ཀ འདེམས་སྐ​ྐོང་གྱ​ྱིས།

ཤམ། གཤམ། གཞུ། བཞུ། ཞུ།

༡།

རྔ​ྔོན་པས་ལག་ཏུ་མདའ་

འཁྱ​ྱེར།

༣།

གནའ་སྔ་མོའི་ལོ་རྒྱུས་

རྒྱུ་ཡོད།

༢།

༤། ༥།

དབྱར་ཁའི་ཉི་འོད་ཀྱ​ྱིས་གངས་

ཐིག་ཕྲ​ྲེང་

སྒ​ྒེའུ་ཁུང་ལ་

ལ་ཡི་གེ་འབྲ​ྲི།

བུ་གསར་པ་བརྒྱབ།

ཁ། གཤམ་གསལ་རྣམས་དཔོད་བྲ​ྲིས་གཏོང་དགོས།

སྦྱིན་པ་གཏོང་། མཆོད་པ་བཤམས། ཟས་ནོར་སླ​ློང་། ཡི་གེའི་གཤམ།

སྦྱང་གཞི་གཉིས་པ།

སྐད་ཆ་གླ​ླེང་།

མཉམ་དུ་གཤིབས།

གྲ​ྲོད་པ་ལྟ​ྟོགས་པ་ལ་ལྟ​ྟོགས་ཡིན། ། ཤིང་ཏོག་མེ་ཏོག་ཞྭ་མོའི་ཏོག །

ལོ་ཏོག་ལ་སོགས་ཏ་རྐྱང་ཏོག ། ཡོད་དེ་མེད་དེ་དེ་རྐྱང་བྱ​ྱེད། །

39


བྱད་ཀྱ​ྱི་སྣ་ནི་ས་སྣ་ལ། །

ཉན་བྱ​ྱེད་རྣ་བ་ར་རྣ་ཡིན། །

དག་འབྱ​ྱིན་མནའ་དང་མནའ་མ་གཉིས། ། མ་ཡིས་འཕུལ་བ་ཤེས་པར་བྱ། །

དཔང་པོ་བྱ​ྱེད་པ་ད་དཔང་ལ། ། པང་དུ་སྡ​ྡོད་པ་པ་རྐྱང་ཡིན། །

སྡ​ྡོད་སའི་གྲལ་ནི་ག་གྲལ་ལ། །

སོག་ལེས་དྲས་པ་ད་དྲས་ཡིན། ། སྦྱོང་ཚན། ཀ འདེམས་སྐ​ྐོང་གྱ​ྱིས། ༡།

གྲ​ྲོད་ཁོག་

༣།

ཁ་

མཛེས།

༥།

ལོ་

ལེགས།

༢།

༤།

ཤིང་

དབུ་ཞྭའི་

(རྟ​ྟོགས་ / ལྟ​ྟོགས་)

སྨ​ྨིན།

(ཏོག་ / བཏོག་)

(རྟ​ྟོག་ / ཏོག་)

(དོག་ / ཏོག་)

40

(ཏོག་ / གཏོགས་)


ཁ གཤམ་གསལ་འོག་ཐིག་ཅན་རྣམས་ཀྱ​ྱི་དག་ཆ་ནོར་བཅོས་གྱ​ྱིས། ༡། རྣས་དྲ​ྲི་མ་སྣ​ྣོམ།

༢། སྣ་བས་སྐད་ཆ་ཉན།

༤། ཨ་མའི་དཔང་དུ་བསྡད།

༣། བུ་ལ་གནའ་མ་ལེན།

༥། ཚང་མས་བྲལ་བསྒྲིགས།

སྦྱང་གཞི་གསུམ་པ།

སྐ​ྐེ་ཡི་ལྦ་བ་ལ་ལྦ་ལ། །

ནང་དུ་སྦ་བ་ས་སྦ་ཡིན། ། ཆུ་ཡི་རྦ་ནི་ར་རྦ་ལ། །

སྦལ་བ་དག་ནི་ས་སྦལ་ཡིན། །

འཇིགས་མེད་སྡ​ྡེ་ནི་ས་སྡ​ྡེ་ལ། །

སྒ​ྒོ་ཡི་ལྡ​ྡེ་མིག་ལ་ལྡ​ྡེ་ཡིན། །

ལྷ་བསངས་བྱ​ྱེད་པ་བ་བསངས་ལ། །

གསང་གཏམ་བྱ​ྱེད་པ་ག་གསང་ཡིན། །

མཚོན་ཆ་གདེངས་པ་ག་གདེངས་ལ། ། འཕུར་ལྡ​ྡིང་བྱ​ྱེད་པ་ལ་ལྡ​ྡིང་ཡིན། །

41


རྫུན་གྱ​ྱིས་བསྙ​ྙོན་པ་བ་ས་བསྙ​ྙོན། ། ཤེས་པ་སྨྱོན་པ་ས་སྨྱོན་ཡིན། ། སྦྱོང་ཚན། ཀ གཤམ་གསལ་རྣམས་ལ་ཚིག་སྒྲུབ་ཐུང་ཐུང་རེ་བྲ​ྲིས། ༡།

སྦ་

༢།

བསྙ​ྙོན་

༤།

སྐ​ྐེ་

༣།

༥།

གཡོ་

སྒ​ྒོ་

ཁ འདེམས་སྐ​ྐོང་གྱ​ྱིས།

རྒྱ་མཚོའི་

རླབས་གཡོ།

སྙ​ྙིང་གཏམ་

དགོས།

བོད་ཀྱ​ྱི་གྲ​ྲོང་

བྱ་རྒ​ྒོད་འཕུར་

(སྦ་/རྦ་)

རེད།

(ལྡ​ྡེ་/སྡ​ྡེ་)

(བསངས་/གསང་)

བྱ​ྱེད།

(འདིང་/ལྡ​ྡིང་)

པའི་ལད་ཟླ​ློས་མ་བྱ​ྱེད།

(བསྙ​ྙོན་/སྨྱོན་)

42


སླ​ློབ་ ཚན། ༡༠

དང་སྒྲ་སྦྱོར་ཚུལ། དང་ནི་སྡུད་འབྱ​ྱེད་རྒྱུ་མཚན་དང་། །

ཚེ་སྐབས་གདམས་ངག་ལྔ་ལ་འཇུག །

ཅེས་གསུངས་པ་ལྟར། ཕྲད་རང་དབང་ཅན་དང་སྒྲ་ནི། སྡུད་པ་ སྡུད་པ་དང་། འབྱ​ྱེད་པ། རྒྱུ་

མཚན། ཚེ་སྐབས། གདམས་ངག་བཅས་ལྔ་ལ་འཇུག གདམས་ངག་ དེ་དག་གི་དཔེར་བརྗ​ྗོད་ནི།

སྡུད་པ། མ་འོངས་པ་དང་། ད་ལྟ་བ་དང་། འདས་པ་བཅས་ནི་དུས་གསུམ་མོ། །

ཞེས་དབྱ​ྱེ་བ་རྣམས་དབྱ​ྱེ་གཞི་གཅིག་གི་སྟ​ྟེང་དུ་སྡུད་པ་དང་།

འབྱ​ྱེད་པ། དུས་གསུམ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་བཅས་སོ། །

ཞེས་དབྱ​ྱེ་གཞི་གཅིག་ལས་དབྱ​ྱེ་བ་རྣམས་སོ་སོར་འབྱ​ྱེད་པ།

རྒྱུ་མཚན། མི་སྐད་གོ་བ་དང་མི་ཡོད་པ་ཤེས། ཞེས་མི་སྐད་གོ་བའི་རྒྱུ་མཚན་

གྱ​ྱིས་མི་ཡོད་པ་ཤེས་པ།

ཚེ་སྐབས། ནམས་ལངས་པ་དང་ཉི་མ་ཤར། ཞེས་ཚེ་སྐབས་སྟ​ྟོན་པ།

གདམས་ངག སླ​ློབ་སྦྱོང་བྱ​ྱོས་དང་། ཞེས་གདམས་ངག་སྟ​ྟོན་པ་དང་། ཡང་། ཡར་

ལོངས་དང་། མར་སྡ​ྡོད་དང་། འདིར་ཕེབས་དང་། འཚང་ཁ་རྒྱོབ་དང་། ཞེས་པ་ལྟ་བུ་སྐུལ་

43


ཚིག་དང་འབྲ​ྲེལ་བའི་དང་སྒྲ་རྣམས་སོ། ། དེ་བཞིན།

སླ​ློབ་སྟ​ྟོན་ཞུ་བ་དང་སྦྲགས་མགྲ​ྲོན་བརྡ་ཡང་ཕུལ་བ་ཡིན། ང་དང་མཉམ་དུ་འཆམ་འཆམ་བྱ​ྱེད་དུ་ཕེབས་དང་།

ང་སླ​ློབ་གྲྭར་འབྱ​ྱོར་བ་དང་ཆབས་ཅིག་དེབ་བཀླགས་པ་ཡིན།

ང་ཚོས་རྩ​ྩེད་མོ་དང་འབྲ​ྲེལ་བའི་ཐ་སྙད་མང་པོ་ཞིག་སྦྱངས་པ་ཡིན། ང་དོན་གྲུབ་དང་འགྲ​ྲོགས་ཏེ་དཔེ་དེབ་ཁྲ​ྲོམ་འདུས་ལ་ཕྱ​ྱིན་པ་ཡིན།

ང་ཚོའི་རྒན་བདག་དང་བཅས་པ་ཤིང་ནགས་སུ་འཆམ་འཆམ་ལ་ཕྱ​ྱིན།

ལྟར་སྦྱོར་ཚུལ་ཡང་ཡོད་དོ། །

ཞིག

དབྱར་ཁའི་གུང་སེང་གི་ཉིན་

གུང་སེང་།

ང་ཚོ་སླ​ློབ་གྲྭའི་སླ​ློབ་ཕྲུག་བུ་

དང་། བུ་མོ། དགེ་རྒན་དང་བཅས་པ་

རི་འཛེགས་བྱ​ྱེད་སྒ​ྒོ་ཡི་ནང་དུ་མཉམ་ ཞུགས་བྱས་པ་ཡིན།

ཞོགས་པ་ཉི་མ་རི་རྩ​ྩེར་ཤར་

44

ཞེས་པ་


བ་དང་ང་ཚོ་སླ​ློབ་གྲྭ་ནས་ཐོན་པ་ཡིན། ང་དང་གྲ​ྲོགས་མོ་སྒྲོལ་མ་གཉིས། རྒན་བསྟན་འཛིན་

དང་མཉམ་དུ་སླ​ློབ་གྲ​ྲོགས་རྣམས་ཀྱ​ྱི་རྗ​ྗེས་སུ་མ་ལུས་ཙམ་བྱས་ཏེ་ཕྱ​ྱིན་པ་ཡིན། ང་ཚོ་རི་ འགོར་འབྱ​ྱོར་བ་དང་ཆབས་ཅིག་ཁ་ཅིག་གིས་ཟ་མ་བཟོ་བའི་ཐབ་ཆས་བསྒྲིགས་པ་དང་།

འགའ་ཤས་ཀྱ​ྱིས་དགོང་མོ་ཞག་སྡ​ྡོད་དང་འབྲ​ྲེལ་བའི་གནད་དོན་ཐག་གཅོད་བྱས། ལ་ལས་ རྩ​ྩེད་མོ་དང་སྦྲགས་ཏེ་བསྟན་བཤིག་སླ​ློང་བ་དང་། ཁ་ཤས་གབ་རེས་ཡིབ་རེས་བྱས་ནས་

བསྡད་འདུག ང་གྲ​ྲོགས་མོ་དང་འགྲ​ྲོགས་ནས། ས་མཐོ་ས་ཞིག་ཏུ་བསྡད་དེ་ཡུལ་ལྗ​ྗོངས་ལ་ ལྟད་མོ་བལྟས་ནས་བསྡད་པ་ཡིན།

ནམ་མཁའ་ནི་སྔ​ྔོ་ཞིང་དྭངས་ལ། སྤྲིན་དཀར་ནི་ཚོམ་བུ་ཚོམ་བུ་བྱས་ཏེ་བར་སྣང་

ཁམས་སུ་ཅི་དགར་རྒྱུ་བཞིན་འདུག

རི་མགོ་ནས་མར་རི་འདབས་ཀྱ​ྱི་གྲ​ྲོང་བརྡལ་ལ་ལྟ་

སྐབས། ཚང་མ་ལག་མཐིལ་དུ་ཡོད་པ་ལྟར་མཐོང་བ་དང་། ང་དང་གྲ​ྲོགས་མོ་གཉིས་ཀྱ​ྱིས་ ང་ཚོའི་སླ​ློབ་གྲྭ་གང་དུ་ཡོད་མེད་རྒྱང་ལྟ་བྱས་པ་དང་། དྲན་རྟ​ྟེན་གྱ​ྱི་པར་མང་པོ་བརྒྱབ་པ་ ཡིན།

གུང་སེ ང ་སྐབས་རི ་ འཛེ ག ས་བྱ​ྱེ ད ་སྒ​ྒོ ་ འདི ་ གོ ་ སྒྲི ག ་བྱ​ྱེ ད ་མཁན་གྱ​ྱི ་ དགེ ་ རྒན་

དང་། རྒན་བདག་རྣམས་ལ་སེམས་ཁོང་ནས་ཐུགས་རྗ​ྗེ་ཆེ་ཞུ་བ་དང་སྦྲགས། མ་འོངས་ པར་ཡང་འདི་ལྟར་ཡང་ཡང་ཡོང་ཐུབ་པའི་སྨ​ྨོན་ལམ་བཏབ་པ་ཡིན། ཚིག་གསར་ཤན་སྦྱར། སྡུད་པ།

རྒྱུ་མཚན།

འབྱ​ྱེད་པ།

inclusion reason

45

ཚེ་སྐབས།

separate time


གདམས་ངག

advice

རྒན་བདག

captain

དྲན་རྟ​ྟེན།

remembrance

མགྲ​ྲོན་བརྡ།

invitation

གབ་རེས་ཡིབ་རེས།

hide and seek

སྦྱོང་ཚན།

དཔེ་དེབ་ཁྲ​ྲོམ་འདུས།

book fare

བསྟན་བཤིག་སླ​ློང་བ།

dally

སྨ​ྨོན་ལམ་བཏབ།

pray

དབྱར་ཁའི་གུང་སེང་།

summer holiday

ཚོམ་བུ།

cluster

དང་པོ། ལད་འབྲ​ྲི་བྱ​ྱོས།

དང་སྒྲ་སྦྱོར་ཚུལ་གྱ​ྱི་དཔེ་བརྗ​ྗོད་མཚོན་པའི་<<གུང་སེང་>>

ཞེས་པ་འདི་ཡང་ཡང་

ཀླ​ློག་པ་དང་། དེའི་ནང་གི་ས་གནས་བརྗ​ྗེས་ཏེ། དཔེར་ན། མཚོ་འགྲམ་ལྟ་བུས་མཚོན་ རང་རང་གི་ས་གནས་དང་བསྟུན་ཏེ་ལད་འབྲ​ྲི་བྱ​ྱེད་བཅུག་སྟ​ྟེ་ཀླ​ློག་ཏུ་ཆུག

གཉིས་པ། གཤམ་ལས་གང་རུང་ལྔ་ལ་ཚིག་སྒྲུབ་རེ་བཟོས།

བྱས་དང་བྱ​ྱེད་མུས། མཐོང་དང་མཐོང་བཞིན་པ། བལྟས་དང་ལྟ་མུས། ཀུན་དང་མཐུན། གྲ​ྲོགས་དང་བྲལ། དུག་དང་འདྲ​ྲེས། གྲ​ྲོགས་ངན་དང་འགྲ​ྲོགས། བཟང་སྤྱོད་དང་བྲལ།

གསུམ་པ། བྱ​ྱེད་སྒ​ྒོ།

རི་འཛེགས་བྱ​ྱེད་སྒ​ྒོ་དང་། སྐྱེད་མོས་ཚལ། མཚོ་འགྲམ་དུ་ཕྱ​ྱིན་པའི་སྐ​ྐོར་འཛིན་ཁང་ ནང་ཤོད་དུ་འཇུག་དགོས།

46


སླ​ློབ་ ཚན། ༡༡

ཆོས་རིག

བདེན་པ་བཞིའི་ངོ་སྤྲོད།

ནང་པ་སངས་རྒྱས་པའི་ཆོས་ཀྱ​ྱི་རྩ་བ་ནི། བདེན་པ་བཞི་ཡིན།

བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་

བདེན་པ། ལམ་གྱ​ྱི་བདེན་པ་བཅས་ཡིན།

དང་པོ། སྡུག་བསྔལ་བདེན་པ་ནི། སྡུག་བསྔལ་གྱ​ྱི་སྡུག་བསྔལ་དང་། འགྱུར་བའི་

སྡུག་བསྔལ། ཁྱབ་པ་འདུ་བྱ​ྱེད་ཀྱ​ྱི་སྡུག་བསྔལ་བཅས་གསུམ་ཡིན།

སྡུག་བསྔལ་གྱ​ྱི་སྡུག་བསྔལ་ནི། ནམ་རྒྱུན་ང་ཚོས་ངོས་འཛིན་བྱ​ྱེད་པའི་ལུས་དང་

སེམས་ཀྱ​ྱི་སྡུག་བསྔལ་རྣམས་ཡིན། དཔེར་ན། མགོ་དང་། གྲ​ྲོད་ཁོག་ན་བ་ལྟ་བུའོ། ། འགྱུར་བའི་སྡུག་བསྔལ་ནི།

ནམ་རྒྱུན་ང་ཚོས་ངོས་འཛིན་བྱ​ྱེད་པའི་འཁོར་བའི་

བདེ་བ་ཐམས་ཅད་ཡིན། དཔེར་ན། གྲང་བའི་ཚེ་ན་ཉི་མ་ཚ་པོའི་དཀྱ​ྱིལ་ལ་སྡ​ྡོད་པའི་བདེ་ བ་དེ། ཡུན་རིང་མ་འགོར་བར་ཚ་བ་ཚིག་ནས་སྡུག་བསྔལ་དུ་འགྱུར་བ་ལྟ་བུའོ། ། ཁྱབ་པ་འདུ་བྱ​ྱེད་ཀྱ​ྱི་སྡུག་བསྔལ་ནི།

འཁོར་བའི་རིགས་ཐམས་ཅད་ལ་ཁྱབ་

པར་བྱ​ྱེད་པས་ན་ཁྱབ་པ་དང་། དེ་ཉིད་ད་ལྟའི་སྡུག་བསྔལ་གྱ​ྱི་གཞི་དང་། མ་འོངས་པར་

47


སྡུག་བསྔལ་སྐྱེད་པར་བྱ​ྱེད་པའི་ཆ་ནས་ཁྱབ་པ་འདུ་བྱ​ྱེད་ཀྱ​ྱི་སྡུག་བསྔལ་ཟེར། དཔེར་ན། གཟུགས་ཀྱ​ྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་ལྟ་བུའོ། །

གཉིས་པ། ཀུན་འབྱུང་བདེན་པ་ནི། སྡུག་བསྔལ་སྐྱེད་བྱ​ྱེད་ཀྱ​ྱི་ལས་དང་ཉོན་མོངས་

གང་རུང་གིས་བསྡུས་པའི་རྒྱུ་དེ་ལ་ཟེར། དེ་ལ་དབྱ​ྱེ་ན་གཉིས་ཡོད། ལས་ཀྱ​ྱི་ཀུན་འབྱུང་ དང་། ཉོན་མོངས་པའི་ཀུན་འབྱུང་ཡིན།

ལས་ཀྱ​ྱི་ཀུན་འབྱུང་ནི། དཔེར་ན། དགེ་བ་བཅུ་དང་མི་དགེ་བ་བཅུ་ཡི་ལས་ལྟ་

བུའོ། །

ཉོན་མོངས་པའི་ཀུན་འབྱུང་ནི། དཔེར་ན། འདོད་ཆགས་དང་། ཞེ་སྡང་། གཏི་མུག

ང་རྒྱལ། ཕྲག་དོག་ལྟ་བུའོ། །

གསུམ་པ། འགོག་པའི་བདེན་པ་ནི། འབྲས་བུ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་

འགག་པའི་ཆ་དེ་ལ་ཟེར།

བཞི་པ། ལམ་གྱ​ྱི་བདེན་པ་ནི། འགོག་བདེན་འཐོབ་པར་བྱ​ྱེད་པའི་རྒྱུ་འཕགས་རྒྱུད་

ཀྱ​ྱི་མཁྱ​ྱེན་པ་ལ་ཟེར། དཔེར་ན། མཐོང་ལམ། སྒ​ྒོམ་ལམ། མི་སླ​ློབ་ལམ་ལྟ་བུའོ། །

བདེན་བཞི་དཔེ་ཡི་སྒ​ྒོ་ནས་བསྟན་ན། དང་པོར་ནད་པ་ལྟ་བུ་ནད་ཀྱ​ྱིས་མནར་བའི་

སྡུག་བསྔལ་དེ་ཤེས་དགོས། དེ་ཤེས་ན་དེའི་རྒྱུ་སྤ​ྤོང་འདོད་སྐྱེ་ལ། དེ་སྐྱེས་ན་ནད་ཀྱ​ྱི་སྡུག་ བསྔལ་དེ་དང་བྲལ་བའི་བདེ་བ་ཐོབ་འདོད་སྐྱེ་ཞིང༌། དེའི་ཆེད་དུ་སྨན་བསྟ​ྟེན་པ་ལ་འཇུག་

པ་བཞིན་དུ། དང་པོ་སྡུག་བསྔལ་ཤེས་དགོས་པ་དང་། དེའི་རྒྱུ་ཀུན་འབྱུང་སྤང་དགོས།

48


སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་སྤངས་པའི་སྤངས་པ་ཐོབ་པར་འདོད་པ། དེའི་ཆེད་དུ་ ལམ་ཉམས་སུ་ལེན་དགོས་སོ། ། ཇི་སྐད་དུ།

སྡུག་བསྔལ་ཤེས་པར་བྱ། ། ཀུན་འབྱུང་སྤང་བར་བྱ། ། འགོག་པ་མངོན་དུ་བྱ། །

ལམ་བསྒ​ྒོམ་པར་བྱའོ། །

ཚིག་གསར་ཤན་སྦྱར། བདེན་པ་བཞི།

ཀུན་འབྱུང་བདེན་པ། ལམ་གྱ​ྱི་བདེན་པ།

The four noble truths. the truth of origin the truth of path

འགྱུར་བའི་སྡུག་བསྔལ། Suffering of change ཉོན་མོངས།

afflictive emotions

སྡུག་བསྔལ་བདེན་པ།

the truth of suffering

སྡུག་བསྔལ་གྱ​ྱི་སྡུག་བསྔལ།

suffering of suffering

འགོག་པའི་བདེན་པ།

the truth of cessation

suffering ཁྱབ་པ་འདུ་བྱ​ྱེད་ཀྱ​ྱི་སྡུག་བསྔལ། pervasive of conditioning

ཉམས་སུ་ལེན་པ།

49

practice


སྦྱོང་ཚན། དང་པོ།

གཤམ་གྱ​ྱི་དྲ​ྲི་བ་རྣམས་ལ་ལན་བྲ​ྲིས།

༡།

ནང་པ་སངས་རྒྱས་པའི་ཆོས་ཀྱ​ྱི་རྩ་བ་གང་ཡིན་ནམ།

༣།

གང་འདྲ་ཞིག་ལ་སྡུག་བསྔལ་གྱ​ྱི་སྡུག་བསྔལ་ཟེར་རམ།

༢།

༤།

སྡུག་བསྔལ་ལ་དབྱ​ྱེ་ན་གང་དག་ཡོད་དམ།

སྡུག་བསྔལ་གྱ​ྱི་རྒྱུ་འགོག་པའི་ལམ་ལ་བརྟ​ྟེན་ནས་གང་འཐོབ་ཀྱ​ྱི་རེད་དམ།

གཉིས་པ། གཤམ་གསལ་སྡུག་བསྔལ་གཉིས་ཀྱ​ྱི་དཔེ་མཚོན་གང་ཤེས་ཤིག་བྲ​ྲིས། སྡུག་བསྔལ་གྱ​ྱི་སྡུག་བསྔལ།

འགྱུར་བའི་སྡུག་བསྔལ།

གསུམ་པ། མཐུན་སྦྱོར་གྱ​ྱིས། དཔེ།

དོན།

ནད་པ་ནད་ཀྱ​ྱིས་མནར་བ།

ཀུན་འབྱུང་།

ནད་དེ་ལས་གྲ​ྲོལ་བ།

སྡུག་བདེན།

ནད་ཀྱ​ྱི་རྒྱུ།

ནད་ལས་གྲ​ྲོལ་བར་སྨན་བསྟ​ྟེན་པ།

ལམ་བདེན།

50

འགོག་བདེན།


སླ​ློབ་ ཚན། ༡༢

སྟག་མོ་ལུས་སྦྱིན།

གནའ་སྔ་མོ་ཞིག་ལ། འཛམ་བུའི་གླ​ླིང་ལ་རྒྱལ་པོ་ཤིང་རྟ་ཆེན་པོ་ཟེར་བ་རྒྱལ་ཕྲན་

ལྔ་སྟ​ྟོང་ལ་དབང་བསྒྱུར་བའི་རྒྱལ་པོ་སྟ​ྟོབས་ཆེན་ཞིག་ཡོད། དེ་ལ་སྲས་སྒྲ་ཆེན་པོ་དང་།

ལྷ་ཆེན་པོ། སེམས་ཅན་ཆེན་པོ་བཅས་གསུམ་ཡོད། སྲས་ཆུང་ཤོས་དེ་ཆུང་ངུའི་དུས་ ནས་བྱམས་སྙ​ྙིང་རྗ​ྗེ་ཆེ་ལ། སེམས་ཅན་ཚང་མར་ཉེ་རིང་མེད་པར་བརྩ​ྩེ་བ་གནང་མཁན་ ཞིག་ཡིན།

51


ཉིན་ཞིག རྒྱལ་པོ་དེ་བཙུན་མོ་དང་། སྲས། བླ​ློན་པོ་བཅས་ཕོ་བྲང་ནས་ཐོན་ཏེ་

སྤྲོ་འཆམ་ལ་ཕེབས། ལམ་དུ་སྐུ་ངལ་གསོ་བའི་སྐབས་སྲས་གསུམ་ནགས་ཚལ་གྱ​ྱི་ནང་ དུ་སོང་སོང་བ་ན། སྟག་མོ་ནད་པ་ཞིག་ལ་ཕྲུ་གུ་སྐྱེས་ནས་ཉིན་གཅིག་ཀྱང་མ་སོང་བར། ལྟ​ྟོགས་ནས་ཤི་གྲབས་ཡོད་པ་ཞིག་གཟིགས།

སྲས་ཆུང་བས་རང་གི་གཅེན་པོ་གཉིས་

ལ། སྟག་མོ་འདི་ལྟ​ྟོགས་ནས་ཤི་གྲབས་བྱ​ྱེད་ཀྱ​ྱི་འདུག དེས་ཟས་ལ་གང་ཟའམ། དེའི་ སྲ​ྲོག་སྐྱོབ་ཐུབ་མཁན་འདྲ་ཨེ་ཡོད། ཅེས་དྲ​ྲིས་པར། ཁོང་གཉིས་ཀྱ​ྱིས། དེའི་ཟས་ཤ་དང་ ཁྲག་ཡིན་པས། སྲ​ྲོག་སྐྱོབ་ཐུབ་མཁན་ཧ་ཅང་ཁག་པོ་རེད། ཅེས་ཟེར།

དེ་ནས་སྲས་ཆུང་ཤོས་དེའི་བསམ་པར། ང་ནི་སྔ​ྔོན་བསྐལ་པ་མང་པོའི་རིང་སྐྱེ་བ་

ཐེངས་མང་པོ་བླངས་ཀྱང་། ཉོན་མོངས་དུག་གསུམ་གྱ​ྱི་དབང་གིས་སེམས་ཅན་གཞན་གྱ​ྱི་

དོན་དུ་ཤི་བ་དཀོན། ད་རེས་སྟག་མོ་མ་བུ་དེ་ཚོའི་ཆེད་དུ་རང་སྲ​ྲོག་བླ​ློས་བཏང་ན། དོན་ ཆེན་པོ་ཡིན་པར་བསམས་ནས།

དེ་ནས་ཁྱ​ྱེད་གཉིས་ག་ལེར་སོང་།

རང་གི་གཅེན་པོ་གཉིས་དང་མཉམ་དུ་ཅུང་ཟད་ཕྱ​ྱིན། ངས་ལས་ཀ་ཞིག་བྱས་ཏེ་ཡོང་། ཞེས་གསུངས་ཏེ།

ཕྱ​ྱིར་སྟག་མོའི་མདུན་དུ་སོང་ནས། རང་གི་ཤ་ཟ་རུ་བཅུག་ཀྱང་སྟག་མོས་ཟ་མ་ནུས། དེ་ ནས་རང་གི་ལུས་ལ་ཚེར་མ་རྣ​ྣོན་པོས་ཁྲག་བཏོན་ཏེ་ལྡག་ཏུ་བཅུག དེ་ནས་ག་ལེར་རང་ གི་ལུས་གཤགས་ནས་སྟག་མོ་མ་བུ་ལ་ལུས་ཆ་ཚང་ཟ་རུ་བཅུག

སྲས་རྒན་པ་གཉིས་ཀྱ​ྱིས་ཡུན་རིང་བསྒུགས་ཀྱང་མ་བསླ​ླེབས་པས།

ཕྱ​ྱིར་ལྟ་རུ་

ཕྱ​ྱིན། རང་གི་གཅུང་པོ་སྟག་མོས་ཟོས་ཏེ། རུས་པ་ཅུང་ཟད་ལས་མ་ལྷག་པ་མཐོང་ནས། གཉིས་ཀ་དྲན་མེད་དུ་བརྒྱལ།

52


སྐབས་དེར་བཙུན་མོའི་རྨ​ྨི་ལམ་དུ་ཕུག་རོན་གསུམ་ལས་ཆུང་བ་ཁྲས་འཁྱ​ྱེར་བ་

རྨ​ྨིས་པ་ན། དངངས་སྐྲག་ཆེན་པོ་དང་བཅས་གཉིད་སད། བདག་གི་རྨ​ྨི་ལམ་དུ་ཕུག་རོན་

གསུམ་ལས་ཆུང་བ་ཁྲས་འཁྱ​ྱེར་བ་རྨ​ྨིས་པས། ཕུག་རོན་ནི་བུ་ཆུང་བའི་བླ་ཡིན། བུ་ལ་ བཀྲ་མ་ཤིས་པ་བྱུང་བ་མ་ཡིན་ནམ། ཞེས་རྒྱལ་པོར་ཞུས་ཏེ་འཚོལ་དུ་སོང་།

ལམ་དུ་སྲས་གཉིས་དབུགས་སོས་ཏེ་ཕྱ​ྱིར་ལོག་པ་དང་འཕྲད། བཙུན་མོས་སྲས་

སེམས་ཅན་ཆེན་པོ་གང་ན་ཡོད་ཅེས་དྲ​ྲིས་པར། སྟག་མོས་ཟོས་སོ། །ཞེས་ཟེར་བ་ཐོས་ པ་དང་དྲན་མེད་དུ་བརྒྱལ།

སླར་སོས་ནས་སྲས་གཉིས་དང་མཉམ་དུ་སྟག་མོའི་གནས་

སུ་བལྟ་རུ་ཕྱ​ྱིན། དེར་བུའི་ཤ་ཟས་པའི་རུས་པ་དང་ཁྲག་གིས་ཚོས་པའི་ས་ལས་མཐོང་ རྒྱུ་མེད།

མ་བུ་ཚང་མ་སེམས་སྡུག་ཆེན་པོ་མྱ​ྱོང་བཞིན་སྡ​ྡོད་པའི་སྐབས། སྲས་སེམས་ཅན་

ཆེན་པོ་ལྷར་སྐྱེས་ནས། ལྷའི་མིག་གི་མངོན་ཤེས་ཀྱ​ྱིས་གཟིགས་དུས། རང་ཉིད་གྲ​ྲོངས་

པའི་རྐྱེན་གྱ​ྱིས་ཡབ་ཡུམ་འཁོར་བཅས་མྱ་ངན་ཆེན་པོ་མྱ​ྱོང་བཞིན་བསྡད་པ་མཐོང་ནས། ཁོང་གི་བསམ་པར།

བདག་གི་ཡབ་ཡུམ་གཉིས་ཀྱ​ྱི་ལུས་སྲ​ྲོག་ལ་བར་ཆད་ཡོང་བར་

སྣ་ཚོགས་བརྗ​ྗོད་པ་ན།

ཡབ་ཡུམ་འཁོར་བཅས་ཀྱ​ྱིས་ནམ་མཁའ་ལ་གཟིགས་ཏེ། ལྷ་

འདུག ཁོང་གཉིས་ཐུགས་སྤྲོ་བོ་བཟོ་དགོས་བསམས་ཏེ། ནམ་མཁའ་ནས་ཚིག་སྙན་པོ་

ཁྱ​ྱོད་སུ་ཡིན། ཞེས་དྲ​ྲིས་པར། ལྷས། བདག་ནི་རྒྱལ་བུ་སེམས་ཅན་ཆེན་པོ་ཡིན། ངས་ སྟག་མོ་ལྟ​ྟོགས་ནས་ཤི་གྲབས་ཡོད་པར། རང་གི་ལུས་ཀྱ​ྱི་ཤ་ཁྲག་སྦྱིན་པའི་འབྲས་བུར། ད་ལྟ་ལྷ་ཡི་གནས་སུ་སྐྱེ་བ་བླངས་ཡོད། ཅེས་གསུངས།

53


དེ་ནས་ཁོང་གིས། འཇིག་རྟ​ྟེན་འདིར།

སྐྱེ་བ་ཡོད་ན་མཐའ་མ་འཇིག་པར་ངེས།

སྡ​ྡིག་པའི་ལས་བྱས་ན་དམྱལ་བར་སྐྱེ་ལ།

དགེ་བའི་ལས་བྱས་ན་མཐོ་རིས་སུ་སྐྱེ་བ་ཡིན། སྐྱེ་བ་དང་འཇིག་པ་ནི་ཀུན་ལ་སྲ​ྲིད་ན།

ཅིའི་ཕྱ​ྱིར་བདག་གི་ཆེད་མྱ་ངན་བྱ​ྱེད་པ་ཡིན། དགེ་བའི་ཕྱ​ྱོགས་ལ་བརྩ​ྩོན་པར་བྱ​ྱོས།

ཞེས་ཚིག་སྙན་སྣ་ཚོགས་བརྗ​ྗོད་པས། ཡབ་ཡུམ་འཁོར་དང་བཅས་ཡིད་ཆེས་པ་

དང་། སྡུག་བསྔལ་ལས་གྲ​ྲོལ། ཚིག་གསར་ཤན་སྦྱར། ཉེ་རིང་མེད་པ།

without partiality

ཤ་དང་ཁྲག

blood and meat

བརྒྱལ།

faint

མཐོ་རིས།

heaven

སྤྲོ་འཆམ།

རང་སྲ​ྲོག་བླ​ློས་བཏང་། མྱ་ངན།

tour

sacrificing one’s own life

sorrow

54

ཕོ་བྲང་།

palace

བསྐལ་པ།

aeon

མངོན་ཤེས།

clairvoyance

ཡབ་ཡུམ།

parents

སྲ​ྲོག་སྐྱོབ།

save life

དངངས་སྐྲག

dread

དམྱལ་བ།

hell


སྦྱོང་ཚན། དང་པོ། གཤམ་གསལ་ལས་གང་རུང་ལྔ་ལ་ཚིག་སྒྲུབ་བཟོས།

གནའ་སྔ་མོ། དབང་བསྒྱུར། སྙ​ྙིང་རྗ​ྗེ་ཆེ། བརྩ​ྩེ་བ་གནང་། སྤྲོ་འཆམ། སྐུ་ངལ་གསོ།

སྲ​ྲོག་སྐྱོབ་པ། ཉོན་མོངས་དུག་གསུམ། ཕུག་རོན། བར་ཆད། དམྱལ་བ། མཐོ་རིས།

གཉིས་པ། སླ​ློབ་ཚན་བཀླགས་ཏེ་ལན་བྲ​ྲིས།

༡། རྒྱལ་པོ་ཤིང་རྟ་ཆེན་པོ་ལ་སྲས་ག་ཚོད་ཡོད། དེ་ཚོའི་མཚན་བྲ​ྲིས།

༢། སྲས་ཆུང་ཤོས་དེ་རྒན་པ་གཉིས་དང་མི་འདྲ་བའི་ཁྱད་པར་གང་ཡོད་དམ། ༣། ཡབ་རྒྱལ་པོ་འཁོར་དང་བཅས་པ་གང་གི་དོན་དུ་ཕྱ​ྱི་ལ་ཕེབས་སམ།

༤། སྲས་ཐ་ཆུང་གིས་རང་གི་ཤ་སྟག་མོ་མ་བུས་ཟ་བའི་ཆེད་གང་བྱས་སམ། ༥། བཙུན་མོའི་རྨ​ྨི་ལམ་དུ་གང་རྨ​ྨིས་སམ།

གསུམ་པ། གོང་གི་སླ​ློབ་ཚན་ཐོག་གོ་བསྡུར་གྱ​ྱིས་བགྲ​ྲོ་གླ​ླེང་བྱ​ྱོས།

55


བཞི་པ། ཚོམ་བུའི་དཔེ་རིས་སྐ​ྐོངས། (དཔེ་བསྟན་པ་ལྟར་རང་ཉིད་ཀྱ​ྱིས་ཅི་བསམ་པ་སྐ​ྐོང་ཆོག)

ཆེ་མཐོང་ཡོང་བ། ཕན་པ་སྒྲུབ།

དགེ་བ།

ལས།

མི་དགེ་བ། རྐུ་བ། ཁྲ​ྲིམས་ཆད་ཕོག་པ།

56


སླ​ློབ་ ཚན། ༡༣

མི་དགེ་བ་བཅུ།

མི་དགེ་བ་བཅུ་ནི། ལུས་ཀྱ​ྱི་སྒ​ྒོ་ནས། ལུས་

སྲ​ྲོག་གཅོད་པ། མ་བྱ​ྱིན་པར་ལེན་པ། ལོག་པར་གཡེམ་པ་དང་

ངག་གི་སྒ​ྒོ་ནས། ངག་

རྫུན་ཤོད་པ། ཕྲ་མ་འཇུག་པ། ཚིག་རྩུབ་ཤོད་པ། ངག་ཀྱལ་སྨྲ་བ་

ཡིད་ཀྱ​ྱི ་ ་སྒ​ྒོ་ནས།

གསུམ།

དང་བཞི།

བརྣབ་སེམས་སྐྱེད་པ། གནོད་སེམས་འཆང་བ། ལོག་པར་ལྟ་བ་ དང་གསུམ་སྟ​ྟེ། སྒ​ྒོ་གསུམ་1གྱ​ྱིས་བསགས་པའི་མི་དགེ་བའི་ལས་

བཅུ་ཡོད།

སྲ​ྲོག་གཅོད་པ་ནི། སེམས་ཅན་གཞན་རང་གིས་གསོད་པའམ།

གཞན་ལ་གསོད་དུ་

འཇུག་པ། དཔེར་ན། ཉ་དང་། དུག་སྦྲང་སོགས་གསོད་པ་ལྟ་བུའོ ། །

མ་བྱ​ྱིན་པར་ལེན་པ་ནི།

གཞན་གྱ​ྱི་དངོས་པོ་རྐུ་བའམ། འཕྲ​ྲོག་པ། དཔེར་ན། ཞ་སྨྱུག་

དང་། དངུལ་རྐུ་བ་ལྟ་བུའོ། །

1

ལུས་དང་། ངག ཡིད་གསུམ་ལ་ཟེར།

57


ལོག་པར་གཡེམ་པ་ནི། གཞན་གྱ​ྱིས་བདག་ཏུ་བཟུང་བའི་བཟའ་ཟླ་དང་། ལོ་ན་མ་སོན་ པར་ལུས་འབྲ​ྲེལ་བྱ​ྱེད་པ་ལྟ་བུའོ། །

རྫུན་ཤོད་པ་ནི།

བདེན་པ་མ་ཡིན་པའི་སྐད་ཆ་བཤད་པ། དཔེར་ན། མིག་གིས་མ་

མཐོང་བ་ལ་མཐོང་ཞེས་སྨྲས་པ་ལྟ་བུའོ། །

ཕྲ་མ་འཇུག་པ་ནི། གྲ​ྲོགས་པོ་དང་། མི་ཕན་ཚུན་བར་དཀྲུག་ཤིང་རྒྱག་པ། དཔེར་ན། གྲ​ྲོགས་པོའི་དབར་མ་འཆམ་པར་བཟོ་བ་ལྟ་བུའོ། །

ཚིག་རྩུབ་ཤོད་པ་ནི།

གཞན་གྱ​ྱི་སེ མས་ལ་ཕོ ག་ཐུག་འགྲ​ྲོ ་ བའི ་ སྐད་ཆ་མི ་ སྙན་པ་

ཤོད་པ། དཔེར་ན། གཞན་ལ་མིང་འདོགས་བཏགས་པ་ལྟ་བུའོ། །

ངག་ཀྱལ་སྨྲ་བ་ནི། དོན་དག་མེད་པའི་སྐད་ཆ་ཉག་ཉོག་མང་པོ་ཤོད་པ། དཔེར་ན། གཞན་ གྱ​ྱི་སྐ​ྐོར་ལ་ཇུས་མེད་ཇུས་གཏོགས་ཀྱ​ྱི་སྐད་ཆ་བཤད་ནས་སྡ​ྡོད་པ་ལྟ་བུའོ། །

བརྣབ་སེམས་སྐྱེད་པ་ནི། གཞན་གྱ​ྱི་དངོས་པོ་ལ་ཆགས་ནས། དེ་རང་ལ་ཐོབ་ན་སྙམ་པ། དཔེར་ན། ཁོང་གི་ཁ་པར་རྫ​ྫིག་པོ་དེ་ང་ལ་ཐོབ་ན་སེམས་པ་ལྟ་བུའོ། །

གནོད་སེམས་འཆང་བ་ནི། གཞན་ལ་གནོད་པ་བྱ​ྱེད་འདོད་ཀྱ​ྱི་ཀུན་སླ​ློང༌། དཔེར་ན། ཁྱ​ྱིམ་ མཚེས་ཀྱ​ྱི་མེ་ཏོག་གཅོག་དགོས་སེམས་པ་ལྟ་བུའོ། །

ལོག་པར་ལྟ་བ་ནི། འཇིག་རྟ​ྟེན་གྱ​ྱི་ཆོས་ཉིད་དང་དངོས་པོའི་གནས་ཚུལ་དང་མི་མཐུན་ པའི་ལྟ་བ། དཔེར་ན། དཀོན་མཆོག་གསུམ་མེད་པར་ལྟ་བ་དང༌། ལས་རྒྱུ་ འབྲས་མེད་པར་ལྟ་བ། སྐྱེ་བ་སྔ་ཕྱ​ྱི་མེད་པར་ལྟ་བ། ལྟ་བུའོ། །

58


མི་དགེ་བ་བཅུ་པོ་དེ་དག་སྤངས་ནས་དགེ དགེ་བའི་ལས་བསྒྲུབས་པ་ནི་དགེ་བ་བཅུ་

ཡིན་ནོ། །

ཚིག་གསར་ཤན་སྦྱར། དགེ་བ།

virtue

མ་བྱ​ྱིན་པར་ལེན་པ།

stealing

རྫུན་ཤོད་པ།

lying

བཟའ་ཟླ།

husband and wife

ཇུས་གཏོགས།

interference

སྲ​ྲོག་གཅོད་པ།

killing

ལོག་པར་གཡེམ་པ།

sexual misconduct

ཕྲ་མ་འཇུག་པ།

slander

ཕོག་ཐུག

offend

ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱ​ྱི།

མི་དགེ་བ།

non-virtue

ངག་ཀྱལ་སྨྲ་བ།

idle gossip

ཚིག་རྩུབ་ཤོད་པ།

harsh speech

བརྣབ་སེམས་སྐྱེད་པ།

covetousness

ལོག་པར་ལྟ་བ།

wrong view

མིང་འདོགས།

nickname

དཀོན་མཆོག་གསུམ།

Three Jewels

གནོད་སེམས་འཆང་བ། malicious intent

karma and its results past and future lives

59

དཀྲུག་ཤིང་།

instigation provocation

ཀུན་སླ​ློང་།

motivation

སྤངས།

abandoned


སྦྱོང་ཚན།

དང་པོ། མི་དགེ་བཅུ་ལས་གང་རུང་གསུམ་ལ་དཔེ་མཚོན་གཉིས་རེ་བྲ​ྲིས།

གཉིས་པ། དགེ་བ་དང་མི་དགེ་བ་གང་ཡིན་བདམས་ཏེ་གཤམ་གྱ​ྱི་རེའུ་མིག་ནང་བྲ​ྲིས། རོགས་པ་བྱས་པ།

དུག་སྦྲང་བསད་པ།

བྱ​ྱིའུ་རྙ​ྙི་ལས་བསྐྱབས་པ།

ཁྱ​ྱི་ལ་ཁ་ལག་སྤྲད་པ།

ཕ་མ་ལ་ཁ་ལན་བསླ​ློགས་པ།

རྒན་རྒ​ྒོན་ལ་བརྩ​ྩི་བཀུར་བྱས་པ།

ལམ་ཁ་བཟོས་པ།

བཀའ་བཀྱ​ྱོན་གཏོང་བ།

ཉ་བཟུང་བ། སྤྲང་པོར་དངུལ་སྤྲད་པ། འཆམ་པོ་བྱས་པ།

དགེ་བ།

ཅ་ལག་བརྐུས་པ།

60

བྱུས་གཏོགས་བྱས་པ།

ལས་འབྲས་ལ་ཡིད་ཆེས་མེད་པ། གྲ​ྲོགས་པོ་མི་འཆམ་པ་བཟོས་པ། མི་དགེ་བ།


སླ​ློབ་ ཚན། ༡༤

རིགས་ལམ།

མུ་གསུམ་མུ་བཞི་སོགས་ཀྱ​ྱི་གོ་དོན།

མུ་གསུམ་དང་། མུ་བཞི། འགལ་བ། དོན་གཅིག་བཅས་བཞི མུ་གསུམ་ ་ ་པོ་འདི་ནི། རིགས་

ལམ་གྱ​ྱི་སྒ​ྒོ་འབྱ​ྱེད་པའི་ལྡ​ྡེ་མིག་ལྟ་བུ་ཡིན།

མུ་གསུམ་མུ་བཞི།

མུ་གསུམ། མུ་བཞི། འགལ་བ། དོན་གཅིག་བཅས་རྩ​ྩོད་པ་བྱ​ྱེད་པ་ལ། ངེས་པར་དུ་

རྩ​ྩོད་པ་བྱ​ྱེད་སའི་གཞི་ལ་བརྗ​ྗོད་གཞིའམ། དངོས་པོ་མི་འདྲ་བ་གཉིས་དགོས་ཀྱ​ྱི་ཡོད།

དཔེར་ན། དཀར་པོ་དང་ཁ་དོག

ཡང་ན།

མི་དང་བོད་མི་ལྟ་བུའི་མིང་

ཐ་དད་ཡིན་པའི་དངོས་པོ་གཉིས་ཡིན་

དགོས།

དེ ་ མི ན ་དངོས་པོ་གཅི ག ་སྟ​ྟེ །

འབྲ​ྲི་དེབ་ལྟ་བུ་གཅིག་ལ་མུ་གསུམ་མུ་

61

བཞི་སོགས་ཀྱ​ྱི་རྩ​ྩོད་པ་བྱ​ྱེད་ཚུལ་མེད།


སྤྱིར་མུ་ཞེས་པ་ནི་མཚམས་དང་མཐའི་དོན་ཡིན། མུ་གསུམ་དང་མུ་བཞི་ཞེས་པ་

ནི། དངོས་པོ་གཉིས་བར་གྱ​ྱི་འབྲ​ྲེལ་བར་དཔྱད་པ་གཏོང་བའི་ཐབས་ཚུལ་ལམ། རིགས་ པའི་འགྲ​ྲོས་བྱ​ྱེ་བྲག་པ་ཞིག་ཡིན། དཔེར་ན། དཀར་པོ་དང་ཁ་དོག་གཉིས་ལ་མཚོན་ན།

༡། དཀར་པོ་ཡིན་ལ་ཁ་དོག་མ་ཡིན་པའི་མུ།

མུ་མེད།

༢། ཁ་དོག་ཡིན་ལ་དཀར་པོ་མ་ཡིན་པའི་མུ།

དམར་པོ།

༤། དཀར་པོ་དང་ཁ་དོག་གཉིས་ཀ་མ་ཡིན་པའི་མུ།

དབྱ​ྱིབས།

༣། དཀར་པོ་དང་ཁ་དོག་གཉིས་ཀ་ཡིན་པའི་མུ།

དཀར་པོ།

དཀར་པོ་དང་ཁ་དོག་གཉིས་ལ་མཚོན་ན། དཀར་པོ་ཡིན་ལ་ཁ་དོག་མིན་པ་ཞིག་

མེད་པས། དཀར་པོ་དང་ཁ་དོག་གཉིས་ཀྱ​ྱི་ཁྱད་པར་དེ་མུ་གསུམ་ཡིན། དཀར་པོ་ཡིན་ ལ་ཁ་དོག་མིན་པ་ཞིག་མེད་པའི་རྒྱུ་མཚན་ནི། དཀར་པོ་ཡིན་ན། ཁ་དོག་ཡིན་པས་ཁྱབ་ པའམ་ངེས་པའི་རྒྱུ་མཚན་གྱ​ྱིས་ཡིན། གོང་གི་དཔེ་རིས་ལས་གསུམ་ཚང་བས་མུ་གསུམ་ ཡིན།

ཤིང་དང་ཅོག་ཙེ་གཉིས་ལ་མཚོན་ན།

༡། ཤིང་ཡིན་ལ་ཅོག་ཙེ་མ་ཡིན་པའི་མུ།

༢། ཅོག་ཙེ་ཡིན་ལ་ཤིང་མ་ཡིན་པའི་མུ།

ཤིང་ལེབ།

62

འགྱ​ྱིག་གི་ཅོག་ཙེ།


༣། ཅོག་ཙེ་དང་ཤིང་གཉིས་ཀ་ཡིན་པའི་མུ།

༤། ཤིང་དང་ཅོག་ཙེ་གཉིས་ཀ་མ་ཡིན་པའི་མུ། ཞེས་པ་ལྟར།

ཤིང་གི་ཅོག་ཙེ། ཉི་མ།

བཞི་ཀ་ཚང་ན་མུ་བཞི་ཡིན་ཚུལ་སོགས་སླ​ློབ་ཕྲུག་རྣམས་ཀྱ​ྱིས་

སེམས་ལ་ངེས་པར་བྱ​ྱེད་དགོས།

འགལ་བ།

འགལ་བ་ཞེས་པ་ནི། མི་མཐུན་པའི་དོན་ཡིན། དཔེར་ན། མེ་དང་ཆུ་གཉིས་མི་

མཐུན་པ་ཡིན་པས་འགལ་བ་ འགལ་བ་ཡིན་པ་ལྟ་བུའོ། །དེ་བཞིན་ཚ་པོ་དང་གྲང་མོ་གཉིས་ཀྱང་མི་

མཐུན་པ་ཡིན་པས་འགལ་བ་ འགལ་བ་ཡིན།

འགལ་བའི་མཚན་ཉིད། ཐ་དད་གང་ཞིག གཞི་མཐུན་མི་སྲ​ྲིད་པའི་ཆོས། དཔེར་

ན། མེ་དང་ཆུ་གཉིས་ནི་དངོས་པོ་སོ་སོ་བ་ཡིན་པ་དང་། མེ་དང་ཆུ་གཉིས་ཀ་ཡིན་པ་ཞིག་ མེད་པས་དེ་གཉིས་འགལ་བ་ འགལ་བ་ཡིན།

དོན་གཅིག

དོན་གཅིག་ཅེས་པ་ནི། མིང་མི་འདྲ་ཡང་དོན་གཅིག་པ་ཡིན་པ། དཔེར་ན། ཆུ་

གཏེར་དང་། རྒྱ་མཚོ་ལྟ་བུ། ཆུ་གཏེར་ཞེས་པ་ནི་རྒྱ་མཚོའི་མིང་ཡིན། དེ་བཞིན་བྱས་པ་

དང་མི་རྟག་པ་གཉིས་མིང་མི་འདྲ་ཡང་དོན་གཅིག་པ་ཡིན། ང་ཚོའི་ཉེ་འཁོར་དུ་ཡོད་པའི་སྨྱུ་

གུ་དང་འབྲ​ྲི་དེབ། རྐུབ་སྟ​ྟེགས་དང་། ཅོག་ཙེ་སོགས་བྱས་པ་དང་མི་རྟག་པ་གཉིས་ཀ་ཡིན།

63


མཚན་ཉིད།

མཚན་ཉིད་ཅེས་པ་ནི། མཚོན་བྱ་གང་ཞིག་ཐུན་མོང་མ་ཡིན་པར་གོ་བྱ​ྱེད་ཅིག་ལ་

ཟེར། དཔེར་ན། མདོག་ཏུ་རུང་བ་ཞེས་པས། མཚོན་བྱ་ཁ་དོག་གི་ངོ་བོ་མཚོན་གྱ​ྱི་ཡོད་

པ་དང་། གདུང་འདེགས་ཀྱ​ྱི་དོན་བྱ​ྱེད་ནུས་པ་ཞེས་པས། མཚོན་བྱ་ཀ་བའི་ངོ་བོ་མཚོན་ གྱ​ྱི་ཡོད་པ་བཞིན་ནོ། །

མཚོན་བྱ་ཞེས་པ་ནི།

མཚོན་བྱ།

མཚན་ཉིད་དེས་གང་མཚོན་པར་བྱ་བའི་ཆོས་དེ་ལ་ཟེར།

དཔེར་ན། ཁ་དོག་དང་། ཀ་བ་ལྟ་བུའོ། །

མཚན་གཞི།

མཚན་གཞི་ཞེས་པ་ནི། མཚན་ཉིད་དེས་རང་གི་མཚོན་བྱ་མཚོན་པར་བྱ​ྱེད་པའི་

གཞི་དེ་ལ་ཟེར། དཔེར་ན། དངོས་པོའི་མཚན་གཞི་བུམ་པ་ལྟ་བུའོ། ། མཚན་མཚོན་ཁྱབ་པ་སྒ​ྒོ་བརྒྱད་ངེས་ཚུལ།

དཔེར་ན། ཁ་དོག་དང་། མདོག་ཏུ་རུང་བ།

ཡོད་ཁྱབ་མཉམ་གཉིས།

མདོག་ཏུ་རུང་བ་ཡོད་ན། ཁ་དོག་ཡོད་པས་ཁྱབ།

ཁ་དོག་ཡོད་ན། མདོག་ཏུ་རུང་བ་ཡོད་པས་ཁྱབ། ལྟ་བུ།

64


མེད་ཁྱབ་མཉམ་གཉིས།

མདོག་ཏུ་རུང་བ་མེད་ན། ཁ་དོག་མེད་པས་ཁྱབ།

ཁ་དོག་མེད་ན། མདོག་ཏུ་རུང་བ་མེད་པས་ཁྱབ། ལྟ་བུ། ཡིན་ཁྱབ་མཉམ་གཉིས།

མདོག་ཏུ་རུང་བ་ཡིན་ན། ཁ་དོག་ཡིན་པས་ཁྱབ།

ཁ་དོག་ཡིན་ན། མདོག་ཏུ་རུང་བ་ཡིན་པས་ཁྱབ། ལྟ་བུ། མིན་ཁྱབ་མཉམ་གཉིས།

མདོག་ཏུ་རུང་བ་མ་ཡིན་ན། ཁ་དོག་མ་ཡིན་པས་ཁྱབ།

ཁ་དོག་མ་ཡིན་ན། མདོག་ཏུ་རུང་བ་མ་ཡིན་པས་ཁྱབ། ལྟ་བུ།

མཚན་ཉིད་དང་མཚོན་བྱ་ཡིན་ཕྱ​ྱིན། དེ་གཉིས་ཀྱ​ྱི་བར་དུ་མཚན་མཚོན་ཁྱབ་པ་སྒ​ྒོ་

བརྒྱད་ངེས་དགོས་པ་དེ་ངེས་པར་དུ་སེམས་ལ་ཉར་དགོས།

མུ་གསུམ་གྱ​ྱི་རྩ​ྩོད་པ་བྱ​ྱེད་ཚུལ། དཀར་པོ་དང་ཁ་དོག

དྲ​ྲི་བ། དྷཱིཿ ཇི་ལྟ་བ་ཆོས་ཅན། དཀར་པོ་དང་ཁ་དོག་གཉིས་ལ་མུ་གསུམ། མུ་བཞི། འགལ་

བ། དོན་གཅིག་གི་སྒ​ྒོ་ནས་མི་འདྲ་བའི་ཁྱད་པར་འཇོག་རྒྱུ་མེད་པའི་ཕྱ​ྱིར། ལན། རྟགས་མ་གྲུབ།

དྲ​ྲི་བ། འཇོག་རྒྱུ་ཡོད་པར་ཐལ།

65


ལན། འདོད། དྲ​ྲི་བ། ཞོག

ལན། མུ་གསུམ་ཡོད་པར་འདོད།

དྲ​ྲི་བ། མུ་གསུམ་མེད་པར་ཐལ། གང་ལ་གང་གིས་ཁྱབ། ལན། ༡) དཀར་པོ་ཡིན་ན། ཁ་དོག་ཡིན་པས་ཁྱབ།

དྲ​ྲི་བ། ༢) ཁ་དོག་ཡིན་ན། དཀར་པོ་ཡིན་པས་ཁྱབ་པའི་ཕྱ​ྱིར། ལན། རྟགས་མ་གྲུབ།

དྲ​ྲི་བ། ཁ་དོག་ཡིན་ན། དཀར་པོ་ཡིན་པས་མ་ཁྱབ་པར་ཐལ། ལན།

འདོད།

ལན།

རས་དམར་པོའི་ཁ་དོག་ཆོས་ཅན།

དྲ​ྲི་བ། ཞོག

དྲ​ྲི་བ། རས་དམར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་

པར་ཐལ། ལན།

འདོད།

དྲ​ྲི་བ། རས་དམར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་ཏེ། ལན། མདོག་ཏུ་རུང་བ་ཡིན་པའི་ཕྱ​ྱིར།

66


དྲ​ྲི་བ། མདོག་ཏུ་རུང་བ་ཡིན་ན། ཁ་དོག་ཡིན་པས་ཁྱབ་པར་ཐལ། ལན། འདོད།

དྲ​ྲི་བ། རས་དམར་པོའི་ཁ་དོག་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ལན། འདོད།

དྲ​ྲི་བ། རས་དམར་པོའི་ཁ་དོག་ཆོས་ཅན། དཀར་པོ་མ་ཡིན་ཏེ། ལན། དཀར་པོའི་མདོག་ཏུ་རུང་བ་མ་ཡིན་པའི་ཕྱ​ྱིར།

དྲ​ྲི་བ། དཀར་པོའི་མདོག་ཏུ་རུང་བ་མ་ཡིན་ན། དཀར་པོ་མ་ཡིན་པས་ཁྱབ་པར་ཐལ། ལན། འདོད།

དྲ​ྲི་བ། ༣) དཀར་པོ་ཡིན་ན། ཁ་དོག་མ་ཡིན་པས་ཁྱབ་པའི་ཕྱ​ྱིར། ལན། རྟགས་མ་གྲུབ།

དྲ​ྲི་བ། དཀར་པོ་ཡིན་ན། ཁ་དོག་མ་ཡིན་པས་མ་ཁྱབ་པར་ཐལ། ལན། འདོད། དྲ​ྲི་བ། ཞོག

ལན། རས་དཀར་པོའི་ཁ་དོག་ཆོས་ཅན།

དྲ​ྲི་བ། རས་དཀར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། ལན། འདོད།

67


དྲ​ྲི་བ། རས་དཀར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་ཏེ། ལན། མདོག་ཏུ་རུང་བ་ཡིན་པའི་ཕྱ​ྱིར།

དྲ​ྲི་བ། མདོག་ཏུ་རུང་བ་ཡིན་ན། ཁ་དོག་ཡིན་པས་ཁྱབ་པར་ཐལ། ལན། འདོད།

དྲ​ྲི་བ། རས་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ལན། འདོད།

དྲ​ྲི་བ། རས་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་

ཡིན་ཏེ།

ལན། དཀར་པོའི་མདོག་ཏུ་རུང་བ་ཡིན་པའི་ཕྱ​ྱིར།

དྲ​ྲི་བ། དཀར་པོའི་མདོག་ཏུ་རུང་བ་ཡིན་ན། དཀར་པོ་

ཡིན་པས་ཁྱབ་པར་ཐལ། ལན། འདོད།

དྲ​ྲི་བ། ༤) དཀར་པོ་མ་ཡིན་ན། ཁ་དོག་ཡིན་པས་ཁྱབ་པའི་ཕྱ​ྱིར། ལན། རྟགས་མ་གྲུབ།

དྲ​ྲི་བ། དཀར་པོ་མ་ཡིན་ན། ཁ་དོག་ཡིན་པས་མ་ཁྱབ་པར་ཐལ། ལན། འདོད།

68


དྲ​ྲི་བ། ཞོག

ལན། བུ་མོ་སྒྲོལ་མ་ཆོས་ཅན།

དྲ​ྲི་བ། བུ་མོ་སྒྲོལ་མ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ལན། འདོད།

དྲ​ྲི་བ། བུ་མོ་སྒྲོལ་མ་ཆོས་ཅན། དཀར་པོ་མ་ཡིན་ཏེ། ལན། དཀར་པོའི་མདོག་ཏུ་རུང་བ་མ་ཡིན་པའི་ཕྱ​ྱིར།

དྲ​ྲི་བ། དཀར་པོའི་མདོག་ཏུ་རུང་བ་མ་ཡིན་ན། དཀར་པོ་མ་ཡིན་པས་ཁྱབ་པར་ཐལ། ལན། འདོད།

དྲ​ྲི་བ། བུ་མོ་སྒྲོལ་མ་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། ལན། འདོད།

དྲ​ྲི་བ། བུ་མོ་སྒྲོལ་མ་ཆོས་ཅན། ཁ་དོག་མ་ཡིན་ཏེ། ལན། མདོག་ཏུ་རུང་བ་མ་ཡིན་པའི་ཕྱ​ྱིར།

དྲ​ྲི་བ། མདོག་ཏུ་རུང་བ་མ་ཡིན་ན། ཁ་དོག་མ་ཡིན་པས་ཁྱབ་པར་ཐལ། ལན། འདོད།

(འདི་ལྟར་བརྗ​ྗོད་གཞི་འདྲ་མིན་གྱ​ྱི་སྟ​ྟེང་ནས་རྩ​ྩོད་པ་གང་མང་མང་བྱ​ྱེད་དགོས།)

69


མུ་བཞིའི་རྩ​ྩོད་པ་བྱ​ྱེད་ཚུལ། ཀ་བ་ཡིན་ལ་ཤིང་མ་ཡིན་པའི་མུ།

ཀ་བ་དང་ཤིང་།

ལྕགས་ཀྱ​ྱི་ཀ་བ་ཆོས་ཅན།

ཤིང་ཡིན་ལ་ཀ་བ་མ་ཡིན་པའི་མུ།

ཀུ་ཤུའི་སྡ​ྡོང་པོ་ཆོས་ཅན།

ཀ་བ་དང་ཤིང་གཉིས་ཀ་ཡིན་པའི་མུ།

ཤིང་གི་ཀ་བ་ཆོས་ཅན།

ཀ་བ་དང་ཤིང་གཉིས་ཀ་མ་ཡིན་པའི་མུ།

རི་བོང་བླ​ློ་ལྡན་ཆོས་ཅན།

གོང་གི་འདི་དག་ལས་གསུམ་ཚང་ན་མུ་གསུམ་དང་། བཞི་ཀ་ཚང་ན་མུ་བཞི་ཡོད་

པས། མུ་གསུམ་གྱ​ྱི་སྐབས་ལྟར། ཀ་བ་དང་ཤིང་ལ་མུ་གསུམ། མུ་བཞི། འགལ་བ། དོན་ གཅིག་གང་ཡིན་རྩ​ྩོད་དགོས་སོ། ། ཚིག་གསར་ཤན་སྦྱར། མུ།

possibilitie

དོན་གཅིག

equivalent

མཚོན་བྱ།

definiendum

མུ་བཞི།

four possibilities

མི་རྟག་པ།

impermanence

70

མུ་གསུམ།

three possibilities

བྱས་པ།

composite/produced

མཚན་གཞི།

illustration

འགལ་བ།

disagreement

མཚན་ཉིད།

definition


སྦྱོང་ཚན། གཤམ་གསལ་རྣམས་མུ་གསུམ་མུ་བཞི་དང་། འགལ་བ་དོན་གཅིག་གང་ཡིན་

རྟགས་བསལ་ཐོངས།

༡། མེ་དང་ཆུ།

༢། ཆུ་དང་བརླན་ཞིང་བཤེར་བ།

༥། བུམ་པ་དང་གསེར་གྱ​ྱི་བུམ་པ།

༦ འགྲ​ྲོ་བ་མི་དང་བོད་མི།

༣། ཤིང་དང་ཅོག་ཙེ།

༧། བོད་མི་དང་རྒྱ་མི།

༤། ཞ་སྨྱུག་དང་ལྕགས་སྨྱུག

༨། མི་དང་སྨྲ་ཤེས་ཤིང་དོན་གོ་བ།

71


སླ​ློབ་ ཚན། ༡༥

རྒྱལ་རབས།

བོད་སིལ་བུའི་དུས་རབས།

རྒྱལ་པོ་འུ་དུམ་བཙན་བཀྲ​ྲོངས་པའི་རྗ​ྗེས་ལ།

ཁོང་གི་བཙུན་མོ་ཆུང་བ་ལ་སྲས་

གཅིག་འཁྲུངས། སྲས་དེའི་མཚན་ལ་གནམ་ལྡ​ྡེ་འོད་སྲུངས་ཞེས་བཏགས། བཙུན་མོ་ཆེ་ བས་བཙུན་མོ་ཆུང་བ་ལ་ཕྲག་དོག་བྱས་ཏེ། བུ་ཆུང་ཞིག་བཙལ་ནས་མོ་རང་ལས་སྐྱེས་པ་ ཡིན་ཚུལ་བྱས། དེའི་མིང་ལ་མངའ་བདག་ཡུམ་བརྟན་ཞེས་བཏགས་པ་རེད། གནམ་ལྡ​ྡེ་འོད་སྲུངས་དང་།

ཡུམ་བརྟན་གཉིས་མ་འཆམ་པའི་རྐྱེན་གྱ​ྱིས་འོད་

སྲུངས་ཀྱ​ྱི་རྒྱུད་པས། སྟ​ྟོད་མངའ་རིས་ཕྱ​ྱོགས་དབང་དུ་བསྡུས་པ་དང་། ཡུམ་བརྟན་གྱ​ྱི་ རྒྱུད་པས་དབུས་གཙང་གི་ཕྱ​ྱོགས་དབང་དུ་བསྡུས། མི་མང་ནས་རྒྱལ་པོ་ལ་གུས་ཞབས་ མ་བྱས་པར་ངོ ་ རྒ​ྒོ ལ ་བྱས་པས། རིམ་བཞིན་ལུང་ཆུང་རེ་ལ་དཔོན་

པོ་རེ་ཡིས་དབང་འཛིན་བྱས།

སྔ​ྔོན་མ་བོད་ཀྱ​ྱི་ས་མཚམས་

སྲུང་སྐྱོབ་བྱ​ྱེ ད ་མཁན་དམག་མི ་ ཚོ་ཡང་།

སོ་སོའི་ས་ཆ་ལ་མ་

72


ལོག་པར། ས་མཚམས་སྲུང་སྐྱོབ་བྱ​ྱེད་ས་རང་ལ་གཞིས་ཆགས་ནས་བསྡད།

གནམ་ལྡ​ྡེ་འོད་སྲུངས་ལ་སྲས་མངའ་བདག་དཔལ་འཁོར་བཙན་དང་། བཀྲ་ཤིས་

བརྩ​ྩེགས་པ་སོགས་རྒྱུད་པ་མང་པོ་བྱུང་། བཀྲ་ཤིས་བརྩ​ྩེགས་པའི་སྲས་འོ ད་ལྡ​ྡེ་ལ་སྲས་ བཞི་བྱུང་།

སྲས་བཞི་ལས།

སྲས་ཁྲ​ྲི་ལྡ​ྡེ་ཡིས་མདོ་སྨད་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ཟིན།

དཔལ་ལྡ​ྡེ་རིག་པ་མགོན་གྱ​ྱིས་མང་ཡུལ་ཟིན། བཀྲ་ཤིས་ལྡ​ྡེ་མགོན་གྱ​ྱིས་སྤུ་ཧྲ​ྲེང་ཟིན། ལྡ​ྡེ་ གཙུག་མགོན་གྱ​ྱིས་ཞང་ཞུང་ཟིན།

སྲས་ལྡ​ྡེ་གཙུག་མགོན་ལ་སྲས་གཉིས་བྱུང་བ་ལས།

སྲས་ཆེ་བ་རབ་ཏུ་བྱུང་ནས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོ ད་བཏགས། ལྷ་བླ་མ་ཡེ་ཤེས་ འོད་ཀྱ​ྱིས་མཐོ་ལྡ​ྡིང་གསེར་གྱ​ྱི་ལྷ་ཁང་བཞེངས་པ་དང་།

ལོ་ཙྭ་བ་རིན་ཆེན་བཟང་པོ་

སོགས་ཀྱ​ྱིས་སྔ​ྔོན་ནང་ཆོས་རྒྱ་གར་གྱ​ྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་ལ་ཞུ་དག་ དང་། ལྷ་བླ་མ་ཡེ་ཤེས་འོ ད་དང་བྱང་ཆུབ་འོ ད་གཉིས་ཀྱ​ྱིས། རྒྱ་གར་ནས་ཇོ་བོ་རྗ​ྗེ་དཔལ་ ལྡན་ཨ་ཏི་ཤ་བོད་ལ་གདན་འདྲ​ྲེན་ཞུས་ནས། སངས་རྒྱས་ཀྱ​ྱི་བསྟན་པ་ལ་བྱས་རྗ​ྗེས་ཆེན་ པོ་བཞག་གནང་།

ཕྱ​ྱི་ལོ་ ༡༠༤༨ ནས་ཕྱ​ྱི་ལོ་ ༡༠༨༩ བར་བོད་དང་རྒྱ་ནག་དབར་ས་མཚམས་སུ་

དམག་འཁྲུག་ཐེངས་མང་པོ་བྱུང་ནས་བོད་མི་ཁྲ​ྲི་དྲུག་ཙམ་བསད་པ་དང་།

རྒྱ་ནག་གི་

དམག་དཔོན་རང་ཉིད་ཀྱང་དམག་འཁྲུག་ནང་དུ་ཤི་བའི་ལོ་རྒྱུས་རྒྱ་མིའི་ལོ་རྒྱུས་དེབ་ཐེར་ ནང་གསལ་ཡོད།

73


མདོར་བསྡུས་ན། ཕྱ​ྱི་ལོ་ ༨༤༢ ལོར་ལྷ་ལུང་དཔལ་གྱ​ྱི་རྡ​ྡོ་རྗ​ྗེས་རྒྱལ་པོ་འུ་དུམ་

བཙན་བཀྲ​ྲོངས་པ་ནས། ཕྱ​ྱི་ལོ་ ༡༢༥༣ ལོར་འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པས་བོད་

ཆོལ་ཁ་གསུམ་དབང་དུ་མ་བསྒྱུར་བའི་བར་ལོ་ ༤༡༡ རིང་བོད་སྤྱི་ལ་དབང་བསྒྱུར་བྱ​ྱེད་ མཁན་གྱ​ྱི་རྒྱལ་པོ་མ་བྱུང་བས། བོད་སིལ་བུའི་དུས་ཡིན་ནོ། །

ཚིག་གསར་ཤན་སྦྱར། དབང་བསྒྱུར།

subjugate

གཞིས་ཆགས།

settlement

ཙོང་ཁའི་ཡུལ།

Amdo region

སྲུང་སྐྱོབ།

defence

དབང་འཛིན།

authority

74

བྱས་རྗ​ྗེས།

result of action

དམག་འཁྲུག

war

ཕྲག་དོག

jealous

སིལ་བུར་འཐོར་བ།

disintegrate


སྦྱོང་ཚན། དང་པོ།

༡།

སླ​ློབ་ཚན་བཀླགས་ཏེ་གཤམ་གསལ་དྲ​ྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲ​ྲིས།

རྒྱལ་པོ་འུ་དུམ་བཙན་གྱ​ྱི་བཙུན་མོ་ཆུང་བ་ལ་འཁྲུངས་པའི་སྲས་ཀྱ​ྱི་མཚན་ལ་གང་ ཟེར་རམ།

༢། རྒྱལ་པོ་འུ་དུམ་བཙན་གྱ​ྱི་བཙུན་མོ་རྒན་པས་ཆུང་བ་ལ་ཕྲག་དོག་སྐྱེས་ནས་གང་ ༣། ༤། ༥།

བྱས་སམ།

རྒྱལ་སྲས་གཉིས་མ་འཆམ་པར་སོ་སོས་ས་ཁུལ་གང་དང་གང་ལ་དབང་བསྒྱུར་བྱས་ སམ།

ལྷ་བླ་མ་ཡེ་ཤེས་འོ ད་དང་བྱང་ཆུབ་འོ ད་གཉིས་ཀྱ​ྱིས་རྒྱ་གར་ནས་སུ་གདན་འདྲ​ྲེན་

ཞུས་སམ།

བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་མེད་པར་ལོ་ག་ཚོད་རིང་གནས་པ་རེད་དམ།

གཉིས་པ། བོད་སིལ་བུར་འཐོར་བའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཤེས་བྲ​ྲིས། གསུམ་པ། འགྲ​ྲིགས་རྟགས་དང་ནོར་རྟགས་རྒྱོབ། ༡།

རྒྱལ་པོ་འུ་དུམ་བཙན་ལ་སྲས་གཉིས་བྱུང་བ་རེད། ( )

༣།

བཙུན་མོ་ཆུང་བས་རྒན་པ་ལ་ཕྲག་དོག་བྱས་པ་རེད། ( )

༢།

༤།

བཙུན་མོ་ཆུང་བའི་སྲས་ཀྱ​ྱི་མཚན་ལ་གནམ་ལྡ​ྡེ་འོད་སྲུངས་ཟེར། ( ) སྲས་བཀྲ་ཤིས་བརྩ​ྩེགས་པ་ལ་སྲས་བཞི་བྱུང་བ་རེད། ( )

75


༥།

༦།

བཞི་པ།

ལྡ​ྡེ་གཙུག་མགོན་ལ་སྲས་གཉིས་བྱུང་བས་ཆུང་བ་རབ་ཏུ་བྱུང་བ་རེད། ( )

ས་མཚམས་སྲུང་སྐྱོབ་བྱ​ྱེད་མཁན་གྱ​ྱི་དམག་མི་རྣམས་སོ་སོའི་ལུང་པ་ལ་མ་ལོག་པར་

གཞིས་ཆགས་ནས་བསྡད་པ་རེད། ( )

བོད་སིལ་བུ་ཆགས་སྟངས་ཀྱ​ྱི་རེའུ་མིག་སྐ​ྐོངས།

རྒྱལ་པོ་འུ་དུམ་བཙན་བཀྲ​ྲོངས་པ་ནས་བོད་སིལ་བུའི་དུས་ རབས་འགོ་ཚུགས།

མངའ་བདག་ཡུམ་བརྟན། དབུས་གཙང་།

མངའ་བདག་དཔལ་འཁོར་བཙན།

བཀྲ་ཤིས་བརྩ​ྩེགས་པ་སོགས། འོད་ལྡ​ྡེ། སྲས་བཞི།

76


སླ​ློབ་ ཚན། ༡༦

ས་སྐྱ་པའི་ལོ་རྒྱུས་སྙ​ྙིང་བསྡུས། ས་སྐྱ་པའི་དུས་སྐབས། (ཕྱ​ྱི་ལོ་ ༡༢༥༣-ཕྱ​ྱི་ལོ་ ༡༣༥༨)

འཁོན་དཀོན་མཆོག་རྒྱལ་པོས་ཕྱ​ྱི་ལོ་ ༡༠༧༣ ལོར་གཙང་ཁུལ་གྱ​ྱི་དབོན་པོ་རིའི་

འདབས་སུ་དགོན་པ་ཞིག་ཕྱག་བཏབ་པ་དང་། དགོན་པ་དེའི་མིང་ལ་ཡུལ་དེའི་སའི་ཁ་ དོག་ལ་གཞིགས་ནས་ས་སྐྱ་དགོན་པ་དང་། རིམ་བཞིན་དེའི་ཆོས་རྒྱུད་འཛིན་མཁན་ལ་ ས་སྐྱ་པ་ཞེས་པའི་མིང་ཐོགས་པ་རེད།

ཕྱ​ྱི་ལོ་ ༡༢༠༠ ཙམ་ནས་བོད་ཀྱ​ྱི་ས་མཚམས་སུ་སོག་པོའི་དྲག་ཤུགས་སླ​ླེབས་

འགོ་ཚུགས། སྐབས་དེར་སྡ​ྡེ་དཔོན་དང་ས་བདག་སོ་སོས་ཡུལ་གྱ​ྱི་བདག་དབང་ལོངས་

སྤྱོད་ལ་བརྡབ་གསིག་མི་ཡོང་ཆེད། ངོ་སྲུང་ལྟ་བུར་འདབ་ནོར་ཞེས་རྟ​ྟེན་ཆས་ཆུང་ཙག་ རེ་སྤྲད་པ་དེས།

རེ་ཞིག་གོ་ཆོད་པ་ལྟར་བཙན་འཛུལ་གྱ​ྱི་དྲག་ཤུགས་ཆེན་པོ་མ་བྱུང་།

ཕྱ​ྱིས་སུ་སོག་པོའི་རྒྱལ་པོ་ཆིང་གེ་སེ་ཁཱང་གྲ​ྲོངས་པས་བོད་མི་ཚོས་ལོ་འགའ་ཤས་རིང་

འདབ་ནོར་སྤྲོད་མཚམས་བཞག་པར་བརྟ​ྟེན།

རྒྱལ་སྲས་གོ་ཏན་ཁཱང་ཁྲ​ྲོས་ཏེ།

ཕྱ​ྱི་ལོ་

༡༢༤༠ ལོར་དོར་རྟ་ནག་པོས་སོག་དམག་ཁྲ​ྲི་ཚོ་གསུམ་དྲངས་ཏེ། རྭ་སྒྲེང་སོགས་དགོན་ པ་མང་པོ་མེར་བསྲ​ྲེགས་པ་དང་། བོད་མི་མང་པོ་དམར་གསོད་དང་འཕྲ​ྲོག་བཅོམ་གྱ​ྱིས་ གནས་བབ་མི་བདེ་བའི་བརྡབ་གསིག་ཆེན་པོ་བཟོས། ཕྱ​ྱི་ལོ་

༡༢༤༤

ལོར་གོ་ཏན་ཁཱང་གིས་ས་སྐྱ་པཎྜ​ྜིཏ་ཀུན་དགའ་རྒྱལ་མཚན་

77


མཆོག་སོག་ཡུལ་དུ་ལམ་གྱ​ྱི་གནད་སྟ​ྟོན་པར་གདན་དྲངས་པ་ལྟར་ཚ་བོ་འཕགས་པ་བླ​ློ་

གྲ​ྲོས་རྒྱལ་མཚན་དང་། འགྲ​ྲོ་མགོན་ཕྱག་ན་གཉིས་ཕྱག་རོགས་སུ་ཁྲ​ྲིད་དེ་སོག་ཡུལ་དུ་

ཕེབས། ཕྱ​ྱི་ལོ་ ༡༢༤༦ ནས་གོ་ཏན་ཁཱང་གི་གཙོས་པའི་བླ​ློན་འབངས་དང་བཅས་པར་

ཆོས་གསུངས་པ་དང་། ཕྱ​ྱི་ལོ་ ༡༢༥༡ དགུང་ལོ་ ༧༠ ཐོག་སོག་ཡུལ་དུ་དགོངས་པ་ རྫ​ྫོགས། དེའི་ཕྱ​ྱི་ལོར་གོ་ཏན་ཁཱང་ཡང་འདས།

ཕྱ​ྱི་ལོ་ ༡༢༥༣ ལོར་ཀུབ་ལའི་ཁཱང་རྒྱལ་ཁྲ​ྲིར་ཕེབས། སྐབས་དེར་འཕགས་པ་བླ​ློ་

གྲ​ྲོས་རྒྱལ་མཚན་དགུང་ལོ་ ༡༩ ཡིན་པ་དང་། ཁཱང་གིས་རྒྱལ་སར་གདན་དྲངས་པ་ལྟར་ ཕེབས། རྒྱལ་པོས་འབོད་བསྐུལ་ཞུས་པ་བཞིན་བོད་ཡིག་ལ་གཞི་བྱས་ཏེ་སོག་པོའི་སྐད་ དང་མཐུན་པའི ་ ཡི ་ གེ ་ གསར་

བཟོ་མཛད།

དེ ་ བཞི ན ་རྒྱལ་པོ ་ དང་

བཙུན་མོ་གཙོས་རྒྱལ་བླ​ློ ན ་ ཉེར་ལྔ་ལ་ཡི ་ དམ་ཀྱ​ྱཻ ་ རྡ​ྡོ ་ རྗ​ྗེ་

སོ ག ས་ཀྱ​ྱི ་ དབང་ལན་གསུམ་ གྱ​ྱི་བར་བསྐུར།

རྒྱལ་པོས་དབང་དང་

པོའི་ཡོན་དུ་བོད་ཁྲ​ྲི་སྐ​ྐོར་བཅུ་

78


གསུམ་1ཕུལ། གཉིས་པའི་ཡོན་དུ་ཆོལ་ཁ་གསུམ་2ཕུལ། གསུམ་པའི་ཡོན་དུ་རྒྱའི་མི་ཡུར་

ཆེན་མོ་3ཕུལ། དེ་བཞིན་འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཏི་ཤྲ​ྲི་ཞེས་པའི་རྒྱལ་པོའི་ དབུ་བླའི་གོ་གནས་ཀྱང་ཕུལ་ཏེ། འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པ་བླ​ློ་གྲ​ྲོས་རྒྱལ་མཚན་

དང་། སོག་རྒྱལ་ཀུབ་ལའི་ཁཱང་གཉིས་ཀྱ​ྱི་སྐུ་རིང་ལ་བོད་སོག་མཆོད་ཡོན་གྱ​ྱི་འབྲ​ྲེལ་བ་ བྱུང་།

ཀུབ་ལའི་ཁཱང་གིས་འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཕྱ​ྱི་ལོ་ ༡༢༥༣ ལོར་བོད་

ཆོལ་ཁ་གསུམ་ཕུལ་བ་ནས། ཕྱ​ྱི་ལོ་ ༡༣༥༨ བར་ལོ་ངོ་ ༡༠༥ ཡི་རིང་དཔོན་ཆེན་ཤཱཀྱ་ བཟང་པོ་སོགས་ས་སྐྱའི་དཔོན་རབས་ཉི་ཤུ་ཡིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བ་

དེ་ནི་ལོ་རྒྱུས་ཀྱ​ྱི་འགྱུར་རིམ་གསར་པ་ཞིག་ཡིན། སྐབས་དེར་ཁྲ​ྲི་སྐ​ྐོར་བཅུ་གསུམ་ལ་ཁྲ​ྲི་

དཔོན་རེ་དང་། ཁྲ​ྲི་དཔོན་རེའི་འོག་ཏུ་སྟ​ྟོང་དཔོན་4བཅུ་རེ་བསྐ​ྐོས་ཤིང་། མདོ་ཁམས་ཁུལ་ དུའང་དཔོན་བསྐ​ྐོ་གཞག་བྱས་ནས་དབང་སྒྱུར་བྱས།

1 2 3

4

ལ་སྟ​ྟོད་ལྷ​ྷོ་བྱང་གཉིས་དང༌། གུར་མོ། ཆུ་མིག ཤངས། ཞ་ལུ་སྟ​ྟེ་གཙང་ལ་ཁྲ​ྲི་སྐ​ྐོར་དྲུག རྒྱ་མ་དང༌། འབྲ​ྲི་གུང༌། ཚལ་པ། ཐང་པོ་ཆེ། ཕག་མོ་གྲུ གཡའ་བཟང་སྟ​ྟེ་དབུས་ལ་ཁྲ​ྲི་སྐ​ྐོར་དྲུག དབུས་གཙང་གི་མཚམས་སུ་ཡར་འབྲ​ྲོག་སྟག་ལུང་ཁྲ​ྲི་སྐ​ྐོར་

གཅིག་སྟ​ྟེ་ཁྲ​ྲི་སྐ​ྐོར་བཅུ་གསུམ།

ཆོལ་ཁ་ནི་སོག་པོའི་སྐད་ཡིན་ལ། དབུས་གཙང་ཆོས་ཀྱ​ྱི་ཆོལ་ཁ། མདོ་སྟ​ྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁའོ། །

སོག་པོ་ལ་རྒྱ་མི་ཡིས་གྱ​ྱེན་ལོག་མི་ཡོང་བའི་ཆེད་དུ། སོག་པོས་རྒྱ་མི་རིགས་ཁྲ​ྲི་ཕྲག་མང་པོ་དམར་གསོད་བྱ​ྱེད་པའི་ལས་ འགུལ་ཞིག

དུད་ཁྱ​ྱིམ་སྟ​ྟོང་གི་དཔོན་པོ་ལ་ཟེར།

79


ཚིག་གསར་ཤན་སྦྱར། ས་སྐྱ་པ།

Sakya Tradition

བརྡབ་གསིག

caused unrest

འདབ་ནོར།

gift

དྲག་ཤུགས།

military power

དགོངས་པ་རྫ​ྫོགས། pass away

ཆོས་རྒྱུད།

dharma lineage

བདག་དབང་།

ownership

དབུ་བླ།

chief spiritual advisor

འབོད་བསྐུལ།

appeal

མཆོད་ཡོན།

patron and priest relationship

སྦྱོང་ཚན། དང་པོ། གཤམ་གསལ་ལས་གང་རུང་ལྔ་ལ་ཚིག་སྒྲུབ་བཟོས།

ཉམས་པ། སིལ་བུ། སྡ​ྡེ་དཔོན། ཕོན་ཆེན། ཚ་བོ། མཆོད་ཡོན། དབང་ཡོན།

གཉིས་པ། གཤམ་གྱ​ྱི་དྲ​ྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲ​ྲིས།

༡། སོག་པོའི་རྒྱལ་པོ་གོ་ཏན་ཁཱང་གིས་བོད་ནས་མཁས་པ་སུ་གདན་འདྲ​ྲེན་ཞུས་སམ། ༢། བོད་སོག་མཆོད་ཡོན་གྱ​ྱི་འབྲ​ྲེལ་བ་ཐོག་མར་སུ་དང་སུའི་དབར་བྱུང་བ་རེད་དམ། ༣། སོག་ཡིག་གསར་གཏོད་བྱ​ྱེད་མཁན་སུ་ཡིན་ནམ།

༤། བོད་སོག་མཆོད་ཡོན་གྱ​ྱི་འབྲ​ྲེལ་བ་ཟེར་བའི་གོ་དོན་གང་ཡིན་ནམ།

80


གསུམ་པ། འདེམས་སྐ​ྐོང་གྱ​ྱིས།

བོད་ཆོལ་ཁ་གསུམ། ཁྲ​ྲི་སྐ​ྐོར་བཅུ་གསུམ། རྒྱ་ཡི་མི་ཡུར་ཆེན་མོ།

འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པའི་དབང་ཡོན་དང་པོ་ལ་བོད་ཡུལ་

དབང་ཡོན་གཉིས་པ་ལ་

ཕུལ། དབང་ཡོན་གསུམ་པ་ལ་

བཞི་པ། ས་སྐྱ་པའི་རྒྱལ་རབས་སྐ​ྐོར་ཤེས་གསུམ་རེའུ་མིག་སྐ​ྐོངས། ཤེས་ཀྱ​ྱི་ཡོད་པ།

འགྲ​ྲོ་མགོན་ཆོས་རྒྱལ་འཕགས་པ།

ཤེས་རྟ​ྟོགས་བྱུང་བ།

བོད་སོག་མཆོད་ཡོན་གྱ​ྱི་འབྲ​ྲེལ་བ་བྱུང་བ།

81

ཤེས་འདོད་པ།

ཕུལ།

ཕུལ།


སླ​ློབ་ ཚན། ༡༧

ཕག་གྲུ་ནས་དགའ་ལྡན་ཕོ་བྲང་། གཅིག ཕག་གྲུ་པའི་དུས་སྐབས། (ཕྱ​ྱི་ལོ་ ༡༣༥༨-ཕྱ​ྱི་ལོ་ ༡༤༩༨)

ས་སྐྱ་པའི་མངའ་འོ ག་གི་ཁྲ​ྲི་སྐ​ྐོར་གྱ​ྱི་དབང་འཛིན་མཁན་ནང་ཁུལ་དུ་དབང་ཆ་

འཕྲ​ྲོག་རྩ​ྩོད་ཀྱ​ྱི་གནས་ཚུལ་བྱུང་སྟ​ྟེ། སྟ​ྟོབས་ཤུགས་ཉམས་དམས་སུ་གྱུར་པ་དང་། ཕྱ​ྱི་ལོ་ ༡༣༥༨ ལོར་ས་སྐྱ་པའི་མངའ་དབང་ཕག་གྲུ་ཁྲ​ྲི་སྐ​ྐོར་1གྱ​ྱི་དཔོན་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་

མཚན་གྱ​ྱི་ལག་ཏུ་ཤོར། སྡ​ྡེ་སྲ​ྲིད་2ཕག་མོ་གྲུ་པ་རིམ་བྱ​ྱོན་གྱ​ྱིས་ཕྱ​ྱི་ལོ་ ༡༤༩༨ བར་ལོ་

༡༤༠ རིང་བོད་ཀྱ​ྱི་སྲ​ྲིད་དབང་བསྐྱངས།

གཉིས་པ། རིན་སྤུངས་པའི་དུས་སྐབས།(ཕྱ​ྱི་ལོ་ ༡༤༩༨-ཕྱ​ྱི་ལོ་ ༡༥༦༦)

སྡ​ྡེ་སྲ​ྲིད་ཕག་མོ་གྲུ་པ་རིམ་བྱ​ྱོན་གྱ​ྱིས་བོད་སྤྱི་ལ་མངའ་དབང་སྒྱུར་བའི་སྐབས།

ཕག་གྲུའི་སྡ​ྡེ་སྲ​ྲིད་མི་དབང་གྲགས་པ་རྒྱལ་མཚན་གྱ​ྱིས་ནམ་མཁའ་རྒྱལ་མཚན་མཆོག་

རིན་སྤུངས་རྫ​ྫོང་གི་རྫ​ྫོང་དཔོན་དང་། གཙང་ཆུ་མིག་རིང་མོའི་ཁྲ​ྲི་དཔོན། ས་སྐྱ་ལྷ་ཁང་ ཆེན་མོའི་དཔོན་ཆེན་བཅས་སུ་བསྐ​ྐོ་གཞག་གནང་བ་དང་། ཕག་གྲུ་པའི་དབང་སྒྱུར་ཁྲ​ྲོད་

1

2

མི་གྲངས་སམ་དུད་ཁྱ​ྱིམ་ལ་བརྟ​ྟེན་ནས་བགོ་བཤའ་བརྒྱབ་པའི་བོད་ཀྱ​ྱི་སྲ​ྲིད་འཛིན་ས་ཁུལ་ལ་གོ་དགོས།

ཕག་གྲུ་པས་སྲ​ྲིད་དབང་སྐྱོང་སྐབས་ཀྱ​ྱི་འགོ་ཁྲ​ྲིད་གཙོ་བོ་དེར་གོ་དགོས། དགའ་ལྡན་ཕོ་བྲང་གི་སྐབས་སུ་ཆབ་སྲ​ྲིད་ཀྱ​ྱི་འགོ་

ཁྲ​ྲིད་ལ་གོ།

82


རིན་སྤུངས་པའི་དབང་ཤུགས་ཆེ་རུ་སོང་། ཕྱ​ྱི་ལོ་ ༡༤༩༨ ལོར་རིན་སྤུངས་དོན་ཡོད་རྡ​ྡོ་

རྗ​ྗེས་དམག་དཔུང་རྒྱ་ཆེ་བ་དྲངས་ཏེ་མངའ་དབང་བསྒྱུར་བ་ནས་བཟུང་ལོ་ངོ་ ༦༨ རིང་ བོད་ཡོངས་ལ་རིན་སྤུངས་པས་དབང་བསྒྱུར་བ་རེད།

གསུམ་པ། སྡ​ྡེ་པ་གཙང་པའི་དུས་སྐབས། (ཕྱ​ྱི་ལོ་ ༡༥༦༦-༡༦༤༢)

རི ན ་སྤུངས་པའི ་ མི ་ རྒྱུད་ཀྱ​ྱི ས ་བོ ད ་ཁམས་ཡོ ང ས་ལ་མངའ་དབང་བསྒྱུར་ནས།

རིན་སྤུངས་ངག་དབང་འཇིགས་གྲགས་ཀྱ​ྱི་སྐབས་སུ་ཁོང་གི་གཅེན་ཆེ་བ་པད་མ་དཀར་

པོ་ཞིང་ཤག་པ་ཚེ་བརྟན་རྡ​ྡོ་རྗ​ྗེས་བཀྲ​ྲོངས་སྟབས། བརྟན་རྡ​ྡོ་རྗ​ྗེའི་ཐོག་དམག་དྲངས་ཀྱང་།

རིན་སྤུངས་པས་ཞིང་ཤག་པ་ཚེ་

ཞིང་ཤག་པས་གྱ​ྱེན་ལོག་བྱས་པས་རིན་སྤུངས་

པའི་བདག་དབང་ཡོངས་རྫ​ྫོགས་ཤོར་བ་དང་། ཕྱ​ྱི་ལོ་ ༡༥༦༦ ལོ་ནས་ ༡༦༤༢ བར་ལོ་ ༧༦ རིང་སྡ​ྡེ་པ་3གཙང་པས་བོད་ལ་དབང་བསྒྱུར།

བཞི་པ། དགའ་ལྡན་ཕོ་བྲང་དུས་སྐབས། (ཕྱ​ྱི་ལོ་ ༡༦༤༢-ཕྱ​ྱི་ལོ་ ༢༠༡༡)

སྡ​ྡེ་པ་གཙང་པའི་དཔོན་རབས་ཀརྨ་བསྟན་སྐྱོང་དབང་པོའི་སྐབས་བཀྲ་ཤིས་ལྷུན་

པོ། སེ་འབྲས་དགེ་གསུམ། སྐྱིད་ཤོད་སྡ​ྡེ་པ། སྟག་རྩ​ྩེ་སྡ​ྡེ་པ་སོགས་ལ་སུན་གཙེར་ཡང་

ཡང་བྱས་པས། སྡ​ྡེ་པ་སྐྱིད་ཤོད་པ་སོག་ཡུལ་དུ་བྲ​ྲོས་པ་དང་། ༸རྒྱལ་དབང་ལྔ་པ་ཆེན་ པོའི་ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་བཙོན་ཁང་དུ་བཀྲ​ྲོངས། 3

འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་སྡ​ྡེ་པ་བསོད་ནམས་ཆོས་འཕེལ་དང་། རི་བོ་

ས་གནས་ཤིག་གི་འཛིན་སྐྱོང་གི་འགོ་ཁྲ​ྲིད་ལ་གོ

83


དགེ་ལུགས་པའི་སྦྱིན་བདག་སྟག་རྩ​ྩེ་སྡ​ྡེ་པ་སོགས་བཀའ་བགྲ​ྲོས་ཀྱ​ྱིས་སོག་པོ་ཨོ་རོད་ཚོ་

བ་བཞི་ལ་སྐྱབས་རོགས་ཞུས་པ་ལྟར། གུ་ཤྲ​ྲི་ཁཱང་གི་དམག་དཔུང་གིས་ཕྱ​ྱི་ལོ་ ༡༦༤༢ ལོར་སྡ​ྡེ་པ་གཙང་པའི་སྲ​ྲིད་དབང་ཡོངས་སུ་ཕྲ​ྲོགས་ཏེ། ༸རྒྱལ་མཆོག་ལྔ་པ་ཆེན་པོ་བོད་

ཡུལ་ཧྲ​ྲིལ་པོའི་ཆོས་སྲ​ྲིད་ཀྱ​ྱི་བདག་པོར་མངའ་གསོལ་ནས། གཞུང་ས་དགའ་ལྡན་ཕོ་བྲང་ གི་ཆབ་སྲ​ྲིད་ཐོག་མར་དབུ་བརྙ​ྙེས། ༸རྒྱལ་མཆོག་ལྔ་པ་ཆེན་པོས་གུ་ཤྲ​ྲི་ཁཱང་ལ་བསྟན་ འཛིན་ཆོས་ཀྱ​ྱི་རྒྱལ་པོའི་ཆོ་ལོ་དང་ཐམ་ག་བསྩལ།

དེ་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲ​ྲེང་རིམ་བྱ​ྱོན་དང་གཞུང་ས་དགའ་ལྡན་

ཕོ་བྲང་ཕྱ​ྱོགས་ལས་རྣམ་རྒྱལ་གྱ​ྱིས་བོད་ལ་མངའ་དབང་བསྒྱུར་བ་དང་། ཕྱ​ྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་གིས་བོད་ཀྱ​ྱི་མདོ་སྟ​ྟོད་སྨད་ཁུལ་དུ་བཙན་འཛུལ་བྱ​ྱེད་འགོ་བཙུགས་པ་ དང་། ཕྱ​ྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫ​ྫོགས་བཙན་ བཟུང་བྱས་རྗ​ྗེས།

༸གོང་ས་མཆོག་གི་གཙོས་པའི་བོད་མི་སྟ​ྟོང་ཕྲག་མང་པོ་རྒྱ་གར་དུ་

བཙན་བྱ​ྱོལ་དུ་ཕེབས་པ་དང་།

༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲ​ྲེང་བཅུ་བཞི་པ་ཆེན་པོ་

མཆོག་གིས་བཙན་བྱ​ྱོལ་ནང་དུ་བོད་མིའི་ཁྲ​ྲིམས་མཐུན་གྱ​ྱི་གཞུང་།

བོད་གཞུང་དགའ་

ལྡན་ཕོ་བྲང་ཕྱ​ྱོགས་ལས་རྣམ་རྒྱལ་མང་གཙོ་ལ་བསྒྱུར་གནང་མཛད་དེ་མུ་མཐུད་ནས་ བསྐྱངས། ཕྱ​ྱི་ལོ་ ༢༠༡༡ ལོར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲ​ྲིད་རྣམས་ལ་

ཆབ་སྲ​ྲིད་ཀྱ​ྱི་སྐུ་དབང་རྩ​ྩིས་སྤྲོད་མ་གནང་བར་དུ་མི་ལོ་ ༣༦༩ རིང་ལ་གཞུང་ས་དགའ་ ལྡན་ཕོ་བྲང་གིས་བོད་ཀྱ​ྱི་ཆབ་སྲ​ྲིད་བསྐྱངས་སོ། །

84


ཚིག་གསར་ཤན་སྦྱར། དབང་ཤུགས།

power

སུན་གཙེར།

harassment

བཀའ་བགྲ​ྲོས།

discussion

དམག་དཔུང་།

troops

བཀྲ​ྲོངས།

killed

ཆོས་ཀྱ​ྱི་རྒྱལ་པོ།

king of dharma

སྐུ་དབང་རྩ​ྩིས་སྤྲོད།

transfer of power

ཁྲ​ྲིམས་མཐུན་གྱ​ྱི་གཞུང་།

legitimate government.

ཉམས་དམས།

degenerate

གྱ​ྱེན་ལོག

revolt

སྦྱིན་བདག

benefactor

ཐམ་ག

seal

བསྐ​ྐོ་གཞག

appointment

བཙོན་ཁང་།

prison

སྐྱབས་རོགས།

protector

སྦྱོང་ཚན། དང་པོ། མཐུན་སྦྱོར་བྱ​ྱོས། དབང་སྒྱུར་མཁན།

སྡ​ྡེ་སྲ​ྲིད་ཕག་མོ་གྲུ་པ།

རིན་སྤུངས་པ།

སྡ​ྡེ་པ་གཙང་པ།

དགའ་ལྡན་ཕོ་བྲང་།

ལོ།

དུས་ཡུན།

༡༣༥༨-༡༤༩༨

༣༦༩

༡༥༦༦-༡༦༤༢

༧༦

༡༦༤༢-༢༠༡༡

༡༤༩༨-༡༥༦༦

85

༡༤༠ ༦༨


གཉིས་པ། གཤམ་གྱ​ྱི་དྲ​ྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲ​ྲིས།

༡། བོད་ཀྱ​ྱི་སྲ​ྲིད་དབང་ཕྱ​ྱི་ལོ་ ༡༣༥༨ ནས་ཕྱ​ྱི་ལོ་ ༡༦༤༢ ལོའི་བར་གཞུང་གང་དང་གང་ གིས་བསྐྱངས་སམ།

༢། བོད་ཀྱ​ྱི་སྲ​ྲིད་དབང་ཕྱ​ྱི་ལོ་ ༡༦༤༢ ནས་ཕྱ​ྱི་ལོ་ ༢༠༡༡ ལོའི་བར་གཞུང་གང་གིས་བསྐྱངས་ སམ།

གསུམ་པ། ཅིའི་ཕྱ​ྱིར་དྲ​ྲི་བ། (དྲ​ྲི་བ་དང་པོ་དེར་ལན་བརྒྱབ་པ་དེ་མཐུན་ཅིའི་ཕྱ​ྱིར་གྱ​ྱི་དྲ​ྲི་བ་ལྔ་འགོད་དགོས།) ༡། ཅིའི་ཕྱ​ྱིར་ང་ཚོས་བོད་ཀྱ​ྱི་རྒྱལ་རབས་སྦྱང་དགོས་པ་ཡིན་ནམ། ༢། ཅིའི་ཕྱ​ྱིར་

༣། ཅིའི་ཕྱ​ྱིར་

༤། ཅིའི་ཕྱ​ྱིར་ ༥། ཅིའི་ཕྱ​ྱིར་

86


སྤྱིར་བཏང་ཤེས་བྱ།

སླ​ློབ་ ཚན། ༡༧

བུད་མེད་སྒ​ྒེར་ལངས་ཉིན་མོ།

བོད་ཀྱ​ྱི་བུད་མེད་སྒ​ྒེར་ལངས་ཉིན་མོ་ནི། ཕྱ​ྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན།

རྒྱལ་ས་ལྷ་སར་བོད་ཀྱ​ྱི་བུད་མེད་ཚོས་རྒྱ་དམར་གྱ​ྱི་བཙན་གནོན་འོག་ནས་རང་དབང་ སྒ​ྒེར་ལངས་བྱས་པའི་ཉིན་མོ་ཞིག་ཡིན།

ཕྱ​ྱི་ཟླ་ ༣ ཚེས་ ༡༢ ཉིན། དཔའ་མོ་ཀུན་བཟང་ལགས་ཀྱ​ྱིས་སྣ​ྣེ་ཁྲ​ྲིད་དེ། བོད་ཀྱ​ྱི་

བུད་མེད་སྟ​ྟོང་ཕྲག་མང་པོ་རྩ​ྩེ་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་འཛོམས་ཏེ། རྒྱ་ནག་དམར་ པོའི་གཞུང་གིས་བཙན་འཛུལ་གྱ​ྱིས་དབང་བསྒྱུར་བྱས་པ་ལ་ངོ་རྒ​ྒོལ་དང་།

བོད་ཀྱ​ྱི་ལོ་

རྒྱུས་ཐོག་བཙན་རྒ​ྒོ ལ ་རྒྱལ་ སྐྱོབ་ཀྱ​ྱི ་ གཞི ་ རྒྱ་ཆེ ་ བའི ་ བུད་

མེད་ཀྱ​ྱིས་ལས་འགུལ་ཐོག་མ་ དེ་སྤ​ྤེལ་བ་རེད།

བཙན་བྱ​ྱོ ལ ་དུ་འབྱ​ྱོ ར ་

རྗ​ྗེས། ཕྱ​ྱི་ལོ་ ༡༩༨༤ ལོར་

87

༸གོང་ས་མཆོག་གི་ལམ་སྟ​ྟོན་


ལྟར། རྒྱལ་ས་ལྷ་སར་བཙུགས་པའི་བུད་མེད་ཚོགས་པ་སླར་གསོ་མཛད་པ་དང་། རིམ་ བཞིན་ས་གནས་དང་།

ཕྱ​ྱི་རྒྱལ་ཡུལ་གྲུ་ཁག་ཏུ་བུད་མེད་ཚོགས་པ་གསར་འཛུགས་

མཛད། དུས་དེ་ནས་བཟུང་། ལོ་ལྟར་ཕྱ​ྱི་ཟླ་ ༣ ཚེས་ ༡༢ ཉིན་བཞུགས་སྒར་དྷ་རམ་ས་ ལ་གཙོས་པའི་འཛམ་གླ​ླིང་ཡུལ་གྲུ་གང་སར། བོད་ཀྱ​ྱི་བུད་མེད་ལྷན་ཚོགས་ཀྱ​ྱིས་སྣ​ྣེ་ཁྲ​ྲིད་ དེ། རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒ​ྒོལ་རྔམ་སྟ​ྟོན་ཁྲ​ྲོམ་སྐ​ྐོར་གྱ​ྱི་ལམ་ནས་སྲུང་བརྩ​ྩི་ཞུས་ དང་ཞུ་མུས་སུ་ཡོད།

88


ཚིག་གསར་ཤན་སྦྱར། སྒ​ྒེར་ལངས།

uprising སྣ​ྣེ་ཁྲ​ྲིད།

ཡུལ་གྲུ།

place

ངོ་རྒ​ྒོལ།

protest

སྦྱོང་ཚན།

leading

བཙན་རྒ​ྒོལ་རྒྱལ་སྐྱོབ། Resist Aggression, Protect the Nation. རྔམ་སྟ​ྟོན་ཁྲ​ྲོམ་སྐ​ྐོར།

demonstration

དང་པོ། མཐོང་ཐོས་མྱ​ྱོང་གསུམ་བྲ​ྲིས། བུད་མེད་སྒ​ྒེར་ལངས་ཉིན་མོ། • མཉམ་ཞུགས་བྱས་པ། • •

• འཕྲེ​ེད་དར་འཕྱར་བ། • •

མཐོང་། • རྒྱལ་གླུ་ལེ​ེན་པ། མྱ​ྱོང་། ཐོས། • •

གཉིས་པ། བྱ​ྱེད་སྒ​ྒོ།

རྒན་ལགས་ཀྱ​ྱིས་འཛིན་གྲྭའི་ནང་སླ​ློབ་ཕྲུག་དང་ལྷན་དུ་བུད་མེད་སྒ​ྒེར་ལངས་ཉིན་མོ་

དང་འབྲ​ྲེལ་བའི་དྲ​ྲི་བ་བཞི་བཟོ་དགོས། སླ​ློབ་ཕྲུག་ཚོས་དྲ​ྲི་བ་དེ་དག་ཕ་མ་ལ་བཅར་འདྲ​ྲི་

བྱས་ནས། སྐར་མ་ ༥ ཅན་གྱ​ྱི་བརྙན་ཐུང་ཞིག་བཟོས།

89


སླ​ློབ་ ཚན། ༡༩

ཡུམ་བུ་བླ་སྒང་།

ཕོ་བྲང་ཡུམ་བུ་བླ་སྒང་ནི། ལྷ​ྷོ་ཁའི་རྩ​ྩེད་ཐང་ནས་ཁྲ་འབྲུག་བརྒྱུད་ན། ལྷ​ྷོ་ཕྱ​ྱོགས་སྣ​ྣེ་

གདོང་རྫ​ྫོང་གི་ཉེ་འདབས་སུ་ཡོད།

དེ་ནི་བོད་རྗ​ྗེ་ཐོག་མ་གཉའ་ཁྲ​ྲི་བཙན་པོའི་དུས་སུ་བཞེངས་ཤིང་། བོད་ཀྱ​ྱི་ལོ་རྒྱུས་

སྟ​ྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན། བཤད་ཚུལ་དུའང་། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་། ཞེས་ཟེར་བ་ལྟར། ད་བར་དུ་མི་ལོ་ཉིས་སྟ​ྟོང་ལྷག་གི་ལོ་རྒྱུས་ཡོད།

བོད་རྗ​ྗེ་ཐོག་མ་གཉའ་ཁྲ​ྲི་བཙན་པོ་ནས། རྒྱལ་རབས་སོ་གཉིས་པ་གནམ་རི་སྲ​ྲོང་

བཙན་བར་གྱ​ྱི་བཙན་པོ་རིམ་བྱ​ྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས། ཀྱ​ྱི་གནས་རྙ​ྙིང་གྲགས་ཅན་ཞིག་ཡིན།

ལོ་རྒྱུས་

ཕྱ​ྱི་ནང་གི་བཀོད་པ་ལས། དེ་སྔའི་བོད་ཀྱ​ྱི་རིག་

90


གནས་དང་། ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་རྒྱུ་ཆ་མང་པོ་ཡོད།

བོད་ཀྱ​ྱི་རྒྱལ་ཐོག་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱ​ྱི་སྐབས་སུ།

ལི་ཐེ་སི་

དང་། ཐོ་གར་གྱ​ྱི་ལོ་ཙཱ་བ་བླ​ློ་སེམས་འཚོ་གཉིས་ཀྱ​ྱིས་པཎྜ​ྜི་ཏ་མཁས་པ་ལེགས་སྦྱིན་སྤྱན་

དྲངས་ནས་བོད་ལ་བྱ​ྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པས་སླ​ློབ་ མ་ཐུབ། རྟ​ྟེན་འགའ་ཞིག་བསྣམས་པ་རྣམས་རྒྱལ་པོར་ཕུལ།

རྒྱལ་པོས་དེ་དག་ཕོ་བྲང་ཡུམ་བུ་བླ་སྒང་དུ་གདན་དྲངས་ཏེ། མཆོད་པ་བྱས་པས་

གཉན་པོ་གསང་བ་ཞེས་ཐོགས་པ་ཡིན། རྟ​ྟེན་དེ་དག་ནི་མདོ་ཟ་མ་ཏོག སྙ​ྙིང་པོ་ཡི་གེ་དྲུག་ མ། སྤང་སྐ​ྐོང་ཕྱག་བརྒྱ་པ། གསེར་གྱ​ྱི་མཆོད་རྟ​ྟེན་ཞིག་བཅས་ཡིན་ཞིང་། དེ་ནས་བཟུང་ བོད་ལ་དམ་པའི་ཆོས་ཀྱ​ྱི་དབུ་བརྙ​ྙེས་པའི་རྟ​ྟེན་འབྲ​ྲེལ་འགྲ​ྲིག་པ་ཡིན་ཞེས་གསུངས།

ད་ལྟའི་ཡུམ་བུ་བླ་སྒང་དེ་རྒྱབ་མདུན་ཁག་གཉིས་སུ་དབྱ​ྱེ་བའི་མདུན་ངོས། ཐོག་

བརྩ​ྩེགས་གསུམ་ཅན་གྱ​ྱི་ཁང་པ་དེའི་འོག་རྣམས་ལྷ་ཁང་ཡིན་པ་དང་། ནང་རྟ​ྟེན་གཙོ་བོ་

སྟ​ྟོན་པ་ཤཱཀྱ་ཐུབ་པ་དང་། པུར་རྒྱལ་བཙན་པོ་རིམ་བྱ​ྱོན་ལས་གཉའ་ཁྲ​ྲི་དང་། ལྷ་ཐོ་ཐོ་རི། སྲ​ྲོང་བཙན། ཁྲ​ྲི་སྲ​ྲོང་། རལ་པ་ཅན་བཅས་གྲགས་ཅན་འགའ་དང་། ད་དུང་སྲ​ྲོང་བཙན་ གྱ​ྱི་བཙུན་མོ་རྒྱ་བཟའ་དང་བལ་བཟའ།

ཐོན་མི་དང་མགར་སྟ​ྟོང་བཙན་བཅས་རྒྱལ་བླ​ློན་

བཀའ་དྲ​ྲིན་ཆེ་བ་འགའི་འཇིམ་སྐུ་ཡང་བཞུགས་ཡོད།

ཐོག་བརྩ​ྩེགས་གཉིས་པ་ནི་༸རྒྱལ་དབང་སྐུ་ཕྲ​ྲེང་ཁག་ཅིག་གི་ཕྱག་འཚལ་ཁང་

ཡིན། དེའི་རྒྱབ་ཕྱ​ྱོགས་བྱང་ངོས་སུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་དང་།

91


རྗ​ྗེ་ཙོང་ཁ་པ། སླ​ློབ་དཔོན་པད་མ་འབྱུང་གནས། འཇམ་དཔལ་དབྱངས་སོགས་ཀྱ​ྱི་སྐུ་རྟ​ྟེན་ ཆེ་ཆུང་སྣ་ཚོགས་ཡོད་ལ། དེ་མིན་རྒྱལ་ཆེན་རིགས་བཞི་བཅས་བཞུགས།

ཐོག་བརྩ​ྩེགས་གསུམ་པའི་མདུན་ཕྱ​ྱོགས་ནི་གཡབ་སྟ​ྟེང་དང་། རྒྱབ་ངོས་ནི་ཁྱམས་

ར་ཡིན།

མདུན་ཁང་དང་འབྲ​ྲེལ་བའི་རྒྱབ་ཕྱ​ྱོགས་ཀྱ​ྱི་མཐོ་ཞིང་བརྗ​ྗིད་པའི་ཁང་པ་ཐོག་

བརྩ​ྩེགས་གསུམ་ཅན་ཞིག་ཡོད་པ་དེས་ཡུམ་བུ་བླ་སྒང་ཐོག་མར་སྐྲུན་སྐབས་ཀྱ​ྱི་འཛུགས་ སྐྲུན་དང་ལོ་རྒྱུས་ཀྱ​ྱི་དཔང་རྟགས་མཚོན་པར་བྱས་ཡོད་པ་དང་། གསེར་ཟངས་ཀྱ​ྱི་རྒྱ་ཕིབས་ཀྱ​ྱིས་བརྒྱན་ཡོད།

92

མཁར་རྫ​ྫོང་རྩ​ྩེ་མོར་


ཚིག་གསར་ཤན་སྦྱར། ཉེ་འདབས།

nearby

ཞིབ་འཇུག

scrutiny

དཔང་རྟགས།

evidence

སྔ་ཤོས།

earliest

རྒྱབ་མདུན།

back and front

རྒྱ་ཕིབས།

roof

སྦྱོང་ཚན། དང་པོ།

བཞེངས།

manufacture

རྟ​ྟེན་འབྲ​ྲེལ།

auspicious circumstances

མཁར་རྫ​ྫོང་།

fortress

གནས་རྙ​ྙིང་།

old place

འཇིམ་སྐུ།

image of clay

ཐོག་བརྩ​ྩེགས།

floor

དྲ​ྲི་བར་ལན་བྲ​ྲིས།

༡། ཕོ་བྲང་ཡུམ་བུ་བླ་སྒང་རྒྱལ་པོ་སུས་བཞེངས་པ་ཡིན་ནམ།

༢། བོད་ཀྱ​ྱི་རྒྱལ་པོ་རིམ་བྱ​ྱོན་ལས་གང་ནས་གང་བར་དུ་ཕོ་བྲང་ཡུམ་བུ་བླ་སྒང་ལ་བཞུགས་ པ་ཡིན་ནམ།

༣། རྒྱལ་ཐོག་གང་གི་སྐབས་སུ་དམ་པའི་ཆོས་ཀྱ​ྱི་དབུ་བརྙ​ྙེས་པ་ཡིན་ནམ།

གཉིས་པ། སླ​ློབ་ཚན་ཡང་ཡང་བཀླགས་ཏེ་རེའུ་མིག་སྐ​ྐོངས། ཡུམ་བུ་བླ་སྒང་གི་ཆགས་ཡུལ། ག་དུས་བཞེངས་པ། ཕྱ​ྱིའི་བཀོད་པ། མཚོན་དོན།

ཚིག་གསར་ལྔ།

93


གསུམ་པ། གཤམ་གྱ​ྱི་པར་གསུམ་ལས་གང་རུང་གཅིག་གི་ངོ་སྤྲོད་མདོར་བསྡུས་ཤིག་ བྲ​ྲིས།

94


ཟླ​ློས་གར།

སྤུན་ཟླ་ཆིག་སྒྲིལ།

སྤུན་ཟླ་ཚོ། ཆིག་སྒྲིལ་གྱ​ྱིས། ཆོལ་ཁ་གསུམ་ཀྱ​ྱི་མི་རིགས།

རང་རིགས་ལ་ཞེན་དང་། རང་ཡུལ་ལ་སོམས་དང་། བསྟན་དགྲ་རྒྱ་མིས་མནར་

གཅོད་ག་འདྲ་བཏང་བྱུང་། ཆོལ་ཁ་གསུམ་གྱ​ྱི་སྤུན་ཟླ།

རང་རིགས་བསད་ཅིང་། རང་ཡུལ་འཕྲ​ྲོག་མཁན། བསྟན་དགྲ་རྒྱ་མི་དམར་པོས་

ཇི་སྡུག་ཇི་བྱས་མ་བརྗ​ྗེད་བསམས་ནས་དྲན་དགོས།

རང་གི་སེམས། རང་གིས་གཅུན། རང་དོན་ཁོ་ན་མིན་པར། གངས་ཅན་༸མགོན་

པོའི་བཀའ་བཞིན་བསྒྲུབས་ནས། ཡོངས་རྫ​ྫོགས་བོད་ལྗ​ྗོངས་རང་དབང་དོན་ལ་འབུངས་ དགོས།

ཆོལ་ཁ་གསུམ་གྱ​ྱི་སྤུན་ཟླ།

གོ ང ་གསལ་གྱ​ྱི ་ སླ​ློ བ ་ཚན་དང་འབྲ​ྲེ ལ ་གནའ་དེ ང ་གི ་ གཞས་དང་། སྒ​ྒོར་བྲ​ྲོའི་གཞས་རྣམས་གང་མང་གཏོང་

ཐུབ་པ་དང་། རོལ་ཆ་པི་ཝང་དཀྲ​ྲོལ་ཐུབ་པའི་སྦྱོང་བརྡར་

སྤྲོད་པ་ལ་འབད་དགོས།

https://youtu.be/ZUUaPwPLFPU?si=R1tS_Muh_MDkwWLd

95


ཟུར་བཀོད། དྲ་ཐོག་ཚིག་མཛོད། ཐ་སྙད་འཚོལ་བཤེར།

སྨ​ྨོན་ལམ་ཚིག་མཛོད་ཆེན་མོ།

https://tibterminology.net/

https://monlamdictionary.com/

གཤམ་གྱ​ྱི་དྲྭ་ཚིགས་ཁག་ལ་དོ་སྣང་གྱ​ྱིས། བོད་ཡིག་སླ​ློབ་སྦྱོང་དྲྭ་ཚིགས། https://bodyiglobjong.com/

ཤེས་རིག་སྒྲ་མཛོད།

https://soundcloud.com/sherigs

ཤེས་རིག་ཡུ་ཊུབ་དྲྭ་བརྙན།

https://youtube.com/@sherigCTA

ཨཡེ་སུའུ་དྲྭ་ཚིགས།

https://issuu.com/doewebmaster

ཆོས་ལུགས་ལ་མ་བརྟ​ྟེན་པའི་བཟང་སྤྱོད་ཀྱ​ྱི་དྲྭ་ཚིགས། http://www.secularethics.net/

གོང་གསལ་དྲྭ་ཚིགས་ཁག་ནས་ཀླ​ློག་དེབ་དང་། བྱ​ྱིས་པའི་སྒྲུང་དེབ། བྱ​ྱིས་པའི་གླུ་གཞས་འགུལ་བརྙན། འགུལ་

བརྙན། སླ​ློབ་ཁྲ​ྲིད་བརྙན་འཕྲ​ྲིན། སུམ་རྟགས་སོགས་ཁྲ​ྲིད་པའི་སྒྲ་བཅས་ལ་ལྟ་ཀླ​ློག་ཉན་གསུམ་བྱ​ྱེད་ཐུབ།

96


ཟུར་ལྟའི་སླ​ློབ་ཚན།

བོད་ཀྱ​ྱི་དཔའ་བོ།

ཕྱ​ྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན། ལྷ་ས་གྲ​ྲོང་ཁྱ​ྱེར་དུ་གཞིས་ལུས་བོད་མི་

ཁྲ​ྲི་ཕྲག་མང་པོ་ཞིག་གིས་རྒྱ་དམར་གྱ​ྱི་དབང་སྒྱུར་དང༌། གཉའ་གནོན་མ་བཟོད་པར་ཚང་

མས་རང་སྲ​ྲོག་བླ​ློས་བཏང་ནས་རྔམ་སྟ​ྟོན་ཁྲ​ྲོམ་སྐ​ྐོར་གྱ​ྱིས་ངོ་རྒ​ྒོལ་མཐའ་གཅིག་ཏུ་བྱས་ཏེ།

བོད་རང་བཙན་གཙང་མ་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲ​ྲི་ལོར་བརྟན་པར་

ཤོག རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་ཀྱ​ྱི་བདག་པོ་བོད་མི་ཡིན། ཅེས་པའི་ འབོད་སྒྲ་ལྷ་ས་གྲ​ྲོང་ཁྱ​ྱེར་གྱ​ྱི་མཁའ་དབྱ​ྱིངས་ཡོངས་སུ་ཁྱབ།

དེའི་ཁྲ​ྲོད་དུ་དཔའ་མཛངས་རྟུལ་ཕོད་ཅན་གྱ​ྱི་དཔའ་བོ་བླ​ློ་བཟང་ལགས་ཀྱ​ྱིས་རང་

གི་ལུས་སྲ​ྲོག་ལོངས་སྤྱོད་གང་དུའང་མ་འཛེམས་པར།

རྒྱ་ཆེའི་མི་མང་གི་སྣ​ྣེ་ཁྲ​ྲིད་པ་ དང༌།

འཚེ་བ་མེད་པའི་

སྤ​ྤོབས་པ་ཆེས་ཆེར་བསྐྱེད་ དེ། ཐོག་མར་གཙུག་ལག་ ཁང་ལ་སྐ​ྐོར་བ་ལན་གསུམ་ བརྒྱབས་ནས།

97

རྒྱ་གཞུང་

གི་ལས་ཁུངས་ཆེ་ཁག་དག་


གི ་ སྒ​ྒོ ་ འགྲམ་དུ་བརྒྱུགས་ནས་ བདེན་པའི་འབོད་ཚིག་བར་མེད་ དུ་བསྒྲགས།

དྲག་པོའི་མཚོན་

ཆས་སྤྲས་པའི་རྒྱ་དམར་གྱ​ྱི་

དམག་དཔུང་གི ས ་མངོ ན ་སུམ་

འཛེམས་མེད་ཀྱ​ྱིས་མི་མང་ཁྲ​ྲོད་དུ་མེ་མདའ་རྒྱུན་ཆད་མེད་པར་བརྒྱབ་པས། བོད་རིགས་ སྤུན་ཟླ་རྣམས་ཀྱ​ྱི་ངར་ཤུགས་ལྡན་པའི་སྐད་འབོད་དང་། རྒྱ་དམག་གི་དྲག་གནོན་གྱ​ྱིས་ མེ་མདའི་སྒྲ་གཉིས་འགྲན་པ་ལྟ་བུར་གྱུར།

སྐབས་དེར་གྲ​ྲོང་ཁྱ​ྱེར་ཉེ་འདབས་ཀྱ​ྱི་བྱ་བྱ​ྱིའུ་རྣམས་ཀྱང་།

ཕྱ​ྱོགས་བཞིར་དཀྲ​ྲོགས། ཙམ་བྱས་ཀྱང༌།

འཇིགས་སྐྲག་གིས་

དྲག་ཆས་རབ་ཏུ་སྤྲས་པའི་རྒྱ་དམག་གིས་བཙན་གནོན་ཅི་

རྒྱལ་གཅེས་དཔའ་བོ་བླ​ློ་བཟང་ལགས་ཀྱ​ྱིས་ད་དུང་མུ་མཐུད་དེ་མི་

མང་གི་ཁྲ​ྲོད་ནས་མགྲ​ྲིན་པ་གཟེངས་སུ་བཏེགས་ཏེ།

བདེན་པའི་འབོད་ཚིག་ལྷང་ལྷང་

དུ་བསྒྲགས།

ཀླ་ཀླ​ློའི་དཔུང་ཚོགས་ཀྱ​ྱིས་དཔའ་བོ་བླ​ློ་བཟང་ལགས་འཛིན་བཟུང་བྱས་

གཡུགས་ནའང༌།

དཔའ་བོ་བླ​ློ་བཟང་ལགས་ཀྱ​ྱི་རྒྱལ་གཅེས་ལྷག་བསམ་གྱ​ྱི་སྤ​ྤོབས་པ་

ནས། བཙན་ཤེད་ཀྱ​ྱིས་མེ་ལྕ​ྕེ་ལྷམ་ལྷམ་དུ་འབར་བཞིན་པའི་ཁང་པའི་ནང་ཐེངས་གཉིས་

སྔར་ལྷག་རྒྱས་ནས། ཁོང་གི་སྐུ་གཟུགས་ཡོངས་རྫ​ྫོགས་མེ་ཡིས་འཚིགས་ཏེ། གྲ​ྲི་སྟ​ྟོང་

དུས་གཅིག་ཏུ་བཙུགས་པ་ལྟ་བུའི་ན་ཟུག་བཟོད་གླགས་མེད་ཀྱང་ཅི་ཡང་མི་སྙམ་པར།

ད་དུང་མུ་མཐུད་དེ་བོད་རྒྱལ་ཁབ་ཀྱ​ྱི་རྒྱལ་དར་ལག་ཏུ་ཁྱ​ྱེར་ནས།

98

ཁ་ཞེ་གཉིས་མེད་


ཀྱ​ྱིས་རྒྱ་དམར་ལ་ངོ་རྒ​ྒོལ་བྱས། ཡང༌།

དཔའ་བོ་བླ​ློ་བཟང་ལགས་རང་ཉིད་ཤི་གསོན་གྱ​ྱི་དབྱ​ྱེ་ཐག་མ་ཆོད་པའི་སྐབས་དེར་ ཁོང་གིས་ད་དུང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ཀྱ​ྱི་སྣ​ྣེ་ཁྲ​ྲིད་མཛད་དེ།

རྡ​ྡོག་རྩ་གཅིག་སྒྲིལ་གྱ​ྱི་སྒ​ྒོ་ནས་འཚེ་མེད་ཞི་བའི་ལམ་ལ་ཡང་དག་པར་ཞུགས་ཏེ་འཐབ་

རྩ​ྩོད་བྱས། ཕ་རོལ་དགྲ་བོའི་དཔུང་གིས་ཁོང་ཚོར་དྲག་པོའི་མཚོན་ཆ་གཏད་དེ། གདུག་ རྩུབ་ཇི་ལྟར་ཆེ་ཡང༌། དཔའ་བོ་བླ​ློ་བཟང་ལགས་དང༌། རང་སྲ​ྲོག་བླ​ློས་བཏང་བའི་བོད་ རིགས་དཔའ་བོ་དཔའ་མོ་རྣམས་ཀྱ​ྱིས།

བདེན་པའི་སྐད་འབོད་དང་བཅས་མདུན་ནས་

མདུན་དུ་བསྐྱོད་དེ། རང་ཅག་ཁ་བ་ཅན་གྱ​ྱི་ལོ་རྒྱུས་ནང་། འཚེ་མེད་ཞི་བའི་འཐབ་རྩ​ྩོད་ཀྱ​ྱི་ མཛད་རྗ​ྗེས་བཞག་པའི་དཔེ་བཟང་བླ་ན་མེད་པ་ཞིག་བཏོད། ཉིན་མོ་དེ་ནི།

གཞིས་ལུས་བོད་ཀྱ​ྱི་དཔའ་བོ་དཔའ་མོ་དག་གིས། ཞུམ་པ་མེད་

པའི་རྒྱལ་གཅེས་ལྷག་བསམ་གྱ​ྱི་སྤ​ྤོབས་པ་ངོམ་སྟ​ྟེ།

བོད་ཀྱ​ྱི་རྒྱལ་རབས་ལོ་རྒྱུས་ནང་།

ནམ་ཡང་བསུབ་ཐབས་མེད་པའི་བྱས་རྗ​ྗེས་བཞག་པའི་དུས་དྲན་གལ་ཆེན་ཞིག་ཡིན།

99


གཏམ་དཔེ།

ཡུལ་གྲུ་བཞི་དགྲ་ལག་ཤོར་ཟེར་ན། ཕོ་མི་ཚེ་རིང་ཡང་དགའ་རྒྱུ་མེད། ། དགྲ་བྱུང་ན་གྲ​ྲི་ཁ་མཉམ་ལེན་དང་།

གྲ​ྲོགས་བྱུང་ན་ཕོར་པ་མཉམ་འཛུགས་བྱ​ྱེད།

100


ལེགས་བཤད་ལྗ​ྗོན་དབང་། ༄༅།

།ན་མོ་གུ་རུ་མཉྫུ་གྷ​ྷོ་ཥཱ་ཡ།

པའི་དབྱངས་ལ་གུས་བཏུད་ནས།

དབྱངས་ཅན་གྲུབ་པའི་རྡ​ྡོ་རྗ​ྗེ།

།བླ་མ་མཆོག་དང་དབྱ​ྱེར་མེད་པའི།

།ཐོན་མིའི་ལེགས་བཤད་སུམ་ཅུ་པའི།

།འཇམ་

།སྙ​ྙིང་པོ་

མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱ​ྱི་བྱ་བ་གསལ་པོ་རུ། །བྱ​ྱེད་པ་ཨི་ཨུ་ཨེ་ཨོ་ བཞི། །གསལ་བྱ​ྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗ​ྗེས་

འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟ​ྟེ། །ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ ང་བ་མར་འཐོབ། །ག་ད་བ་མ་འ་སྔ​ྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ ། །རོ་ལོ་སོ་ཏོ་སླར་

བསྡུ་སྟ​ྟེ། །རྫ​ྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ ། །གཞན་ རྣམས་མིང་མཐའི་རྗ​ྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་

ཏེ༑ ༑རྣམ་དབྱ​ྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་

བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱ​ྱི་གྱ​ྱི་འི་ཡི་ལྔ་ པོ༑ ༑རྣམ་དབྱ​ྱེ་དྲུག་པ་འབྲ​ྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱ​ྱེ་གསུམ་

པ་བྱ​ྱེད་སྒྲ་སྟ​ྟེ། །སྦྱོར་ཚུལ་ན་མ་ར་ལ་གྱ​ྱི། །ད་བ་ས་ཀྱ​ྱི་ག་ང་གི །འ་དང་མཐའ་མེད་འི་

དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་

ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟ​ྟེ་གསུམ་ལྷག་བཅས་ཏེ། །ན་ ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟ​ྟེ་འཐོབ། །གམ་ ངམ་དམ་ནམ་བམ་མམ་འམ།

།རམ་ལམ་སམ་ཏམ་འབྱ​ྱེད་སྡུད་དེ།

101

།སྦྱོར་ཚུལ་སླར་


བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐ​ྐོང་སྐ​ྐོང་བའི་

ཁྱད། །འོ་འུ་འམ་གྱ​ྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་

ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱ​ྱེ་དང་ཀྭ་ཡེ་བོད་སྒྲ་སྟ​ྟེ། །ཕལ་ཆེར་ མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ། །དང་ནི་སྡུད་འབྱ​ྱེད་རྒྱུ་མཚན་

དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་

མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟ​ྟེ། །ཞིག་ སྟ​ྟེ་སླད་འདྲ་ཕྱ​ྱིར་ལ་ཅི། །སྙ​ྙེད་སྲ​ྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ ལའོ། །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟ​ྟེ་ག་ད་ན། །བ་མ་ས་དང་དྲག་མཐར་

པ༑ ༑ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་

ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་ མི་མིན་མེད་དགག་སྒྲ་སྟ​ྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱ​ྱི་གསལ་བྱ​ྱེད་

ལའང༌། །ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་ འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་

བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ ་ཤེ་ན་འཐོབ། །འོ ན་ཀྱང་ཁ་ཅིག་ལྷན་ཅིག་

སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ ཀྱ​ྱེད་བརྩ​ྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་ འབྲ​ྲིང་འབྱ​ྱེད་དང་དོན་ཉུང་རྫ​ྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫ​ྫོགས་ཚིག་ མཐའ་ཅན་ལྷུག་པ་དང༌། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་

102


རྫ​ྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་

དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་ གྱ​ྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗ​ྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་ པའི་རྡ​ྡོ་རྗ​ྗེས་སྤ​ྤེལ། །

103


Turn static files into dynamic content formats.

Create a flipbook
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་དེབ། by Sherig Books - Issuu