བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག རྩོོམ་པ་པོོ། བོོན་གྲོོག་པ་སངས་ཚེེེ་རིིང་། རིི་མོོ་བ། བསྟན་འཛིིན་མགོོན་པོོ།
བོོད་མིིའིི་སྒྲིིག་འཛུགས་ཤེེས་རིིག་ལས་ཁུངས་ནས་དཔར་འགྲེེམས་ཞུས།
སྤྱིི་ཁྱབ་འགན་འཛིིན། བསྟན་འཛིིན་པདྨ།
རྩོོམ་སྒྲིིག་འགན་འཁུར་བ། དགེེ་འདུན་དོོན་ཡོོད། རྩོོམ་པ་པོོ། བོོན་གྲོོག་པ་སངས་ཚེེ་རིིང་།
ཞུ་དག་པ། ཚེེ་རིིང་ནོོར་བུ། ངག་དབང་བསྟན་འཛིིན། རིི་མོོ་བ། བསྟན་འཛིིན་མགོོན་པོོ།
ཇུས་འགོོད་པ། བོོན་གྲོོག་པ་སངས་ཚེེ་རིིང་། དཔར་ཐེེངས་དང་པོོ། ཕྱིི་ལོོ། ༢༠༢༥
དེེབ་གྲངས། ༡༥༠༠
* Published by the Department of Education, Central Tibetan Administration, Dharamshala 2025 * Printed by Sherig Parkhang Trust © Department of Education , CTA
དེེབ་འདིི་ཤེེས་རིིག་ལས་ཁུངས་ཀྱིི་དྲྭ་ཚིིགས། (www.bodyiglobjong.com) ནས་ལྟ་ཀློོག་དང་ཕབ་ལེེན་བྱེེད་ཐུབ། ACKNOWLEDGEMENT
DANISH INTERNATIONAL DEVELOPMENT AGENCY THROUGH CICED
ཤེེས་རིིག་ལས་ཁུངས།
Department of Education Central Tibetan Aministration ༄༅། །ཕྱིི་ལོོ་ ༡༩༤༩ ལོོ་ནས་བཟུང་རྒྱ་དམར་གྱིིས་བོོད་ས་བཙན་བཟུང་དང་བོོད་ཀྱིི་ཆོོས་དང་རིིག་
གཞུང་སྐད་ཡིིག་སོོགས་རྡོོག་རོོལ་གཏོོང་འགོོ་བཙུགས་པ་ནས་ད་བར་མིི་ལོོ་བདུན་ཅུ་ལྷག་ཕྱིིན་ཡོོད། དུས་ཡུན་དེེའིི་རིིང་བོོད་དང་བོོད་མིིའིི་ངོོ་བོོ་མཚོོན་པའིི་རྒྱལ་གཅེེས་དཔའ་བོོ་དཔའ་མོོ་གྲངས་ལས་
འདས་པས་བོོད་ཀྱིི་བསྟན་པ་ཆབ་སྲིིད་སྲུང་སྐྱོོབ་ཆེེད་རང་གིི་ཚེེ་སྲོོག་ཀྱང་བློོས་གཏོོང་བྱས་མོོད།
“བོོད་ལ་སྐྱིིད་པའིི་ཉིིན་མ་ཤར་བར་ཤོོག་” ཅེེས་པའིི་བརྙན་དེེབ་འདིིའིི་ནང་ཕྱིི་ལོོ་ ༡༩༨༧ ནས་
༡༩༩༣ ཙམ་བར་བོོད་མིི་ཚོོས་བོོད་ཀྱིི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་ལ་ཞིི་རྒོོལ་བྱས་པའིི་གནས་
ཚུལ་རགས་ཙམ་དང་། རྒྱའིི་བཙོོན་འོོག་ཏུ་ཚུད་པའིི་བོོད་ཀྱིི་ཆབ་སྲིིད་བཙོོན་པ་རྣམས་ནས་ལོོ་ནས་ལོོ་
བསྟུད་བཙོོན་ཁང་ནང་དཀའ་སྡུག་ཇིི་ཙམ་མྱངས་དང་མྱོོང་བཞིིན་ཡོོད་པ་དེེ་དག་མ་འོོངས་བོོད་ཀྱིི་
སོོན་རྩའིི་མཚན་བཞེེས་མཁན་གྱིི་ལོོ་ཆུང་བྱིིས་པ་ཚོོའིི་མཁྱེེན་རྟོོགས་སླད། ཕྱིི་ལོོ་ ༢༠༢༤ ལོོར་སུད་
སིིར་གནས་བཞུགས་ཆབ་སྲིིད་བཙོོན་ཟུར་ཕུན་ཚོོགས་ཉིི་སྒྲོོན་ལགས་སུ་སྐབས་དེེའི་ི གནས་ཚུལ་ཡིིག་
ངག་གཉིིས་ཐོོག་ནས་བཀའ་འདྲིི་ཞུས་རྗེེས་དེེབ་འདིི་རྩོོམ་སྒྲིིག་བྱེེད་འགོོ་བཙུགས་ཡོོད།
བརྙན་དེེབ་འདིིའིི་ནང་རྡུང་རྡེེག་སོོགས་འཚེེ་བའིི་པར་དང་བརྗོོད་པ་ཁག་བཀོོད་པ་དེེ་དག་དངོོས་
ཡོོད་དྲང་གཏམ་ལས་སྒྲོོ་འདོོགས་སྤུ་ཙམ་ཡང་མེེད་ཀྱང། དྲང་པོོ་བཤད་ན་མིི་མིི་དགའ། །རྒྱུག་པ་ འཁྱེེར་ན་ཁྱིི་མིི་དགའ། །ཞེེས་པའིི་དཔེེ་ལྟར་གལ་ཏེེ་སུན་སྣང་བྱུང་ན་བཟོོད་སྲན་ཡོོང་བ་ཞུ།
དེེབ་འདིི་དངོོས་སུ་དཔར་སྐྲུན་བྱེེད་ཐུབ་པར་སུད་སིིར་གནས་བཞུགས་ཆབ་སྲིིད་བཙོོན་ཟུར་ཕུན་
ཚོོགས་ཉིི་སྒྲོོན་ལགས་དང་། རིི་མོོ་བ་བསྟན་འཛིིན་མགོོན་པོོ་ལགས། དེེ་བཞིིན་དཔལ་འབྱོོར་མཐུན་
འགྱུར་བ་ཌེེ་ནིི་ཌཱ་རོོགས་ཚོོགས་བཅས་ལ་ཐུགས་རྗེེ་ཆེེ་གྲངས་མེེད་ཞུ།
བོོད་མིིའིི་སྒྲིིག་འཛུགས་ཤེེས་རིིག་ལས་ཁུངས་ནས། ཕྱིི་ལོོ་ ༢༠༢༥ ཟླ་ ༨ ཚེེས་ ༡ ཉིིན།
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དང་པོོ།༽ འཕན་པོོ་གཡག་རོོང་གྲོོང་གིི་ཕ་བཀྲ་ཤིིས་དབང་པོོའི ི་ཁྱིིམ་ཚང་ལ་རྒྱ་གཞུང་གིིས་ལོོག་ སྤྱོོད་པའིི་ཁྱིིམ་ཚང་ཞེེས་མིིང་བཏགས་ནས་ཁོོང་གིི་བུ་ཕྲུག་ལ་སློོབ་སྦྱོོང་བྱ་རྒྱུའིི་གོོ་སྐབས་གཏན་
ནས་སྤྲོོད་ཀྱིི་མེེད། དེེར་བརྟེེན་ཕུན་ཚོོགས་ཉིི་སྒྲོོན་ལྷ་སའིི་བྱང་ཕྱོོགས་ཀྱིི་བཙུན་དགོོན་ནེེའུ་ཆུང་རིིའིི་ ཆོོས་སྒོོར་ཞུགས།
4
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ནེེའུ་ཆུང་རིི་ནིི་ལྷ་སའིི་བྱང་ཕྱོོགས་ཀྱིི་རིིའིི་ངོོས་སུ་ཆགས་ཡོོད། རིིག་གནས་གསར་བརྗེེའིི་
སྐབས་རྒྱ་གཞུང་གིིས་བོོད་ཀྱིི་ཆོོས་དང་། རིིག་གཞུང་། སྐད་ཡིིག་སོོགས་གཏོོར་བཤིིག་བཏང་ སྟབས། ནེེའུ་ཆུང་རིིའང་གྱང་གོོག་ཙམ་ལས་མ་ལྷག།
5
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཕུན་ཚོོགས་ཉིི་སྒྲོོན་དང་ཆོོས་གྲོོགས་ཚོོས་ལྷ་ས་གྲོོང་ཁྱེེར་དུ་ཞལ་འདེེབས་སློོང་བར་ཕྱིིན།
ཞལ་འདེེབས་གནང་རོོགས། དགོོན་པ་ཉམས་གསོོ་ བྱ་རྒྱུ་ཡིིན།
ཐུགས་རྗེེ་ཆེེ། རྨོོ་མོོ་ལགས།
6
ལགས་སོོ་ཨ་ནེེ་ལགས། ཡིིན་དང་ཡིིན། ཨོཾཾ་མ་ཎིི་པདྨེེ་ཧཱུཾཾ། ནང་པ་སངས་རྒྱས་པའིི་བསྟན་པ་དར་ཞིིང་ རྒྱས་པར་ཤོོག
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
མིི་མང་གིིས་ཞལ་འདེེབས་གནང་བ་དང་ཨ་ནེེ་ཚོོས་ཉིིན་མཚན་བསྟུད་མར་སྐུ་ངལ་འཛེེམས་ མེེད་ཀྱིིས་དགོོན་པ་ཉམས་གསོོ་བྱས་པས་མཐར་ནེེའུ་ཆུང་རིི་སླར་གསོོ་ཐུབ་པ་བྱུང།
དཀོོན་མཆོོག་མཁྱེེན། ད་ཡིིན་ན་ འགྲིིག་སོོང། ང་ཚོོའིི་དགོོན་པ་བཞེེངས་ ཚར་སོོང་། དེེ་འདྲའིི་དགའ་བ་ལ་ཨང།
7
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
གཉིིས་པ།༽ ཕྱིི་ལོོ་ ༡༩༨༨ ལོོའི ི་ལྷ་ས་ཆོོ་འཕྲུལ་སྨོོན་ལམ་ཆེེན་མོོའི ི་ཉིིན་མཐའ་མར་རྒྱལ་
བ་བྱམས་པའིི་སྐུ་བརྙན་གདན་འདྲེེན་ཞུ་སྐབས། དགའ་ལྡན་དགོོན་པའིི་དགེེ་འདུན་པས་སྣེེ་
ཁྲིིད་དེེ་རྒྱ་ནག་གཞུང་ལ་གཞིི་རྒྱ་ཆེེ་བའིི་ངོོ་རྒོོོལ་གནང་སྐབས་ནེེའུ་ཆུང་རིིའིི་ཨ་ནེེ་ཚོོས་ཀྱང་ མཉམ་ཞུགས་བྱས།
8
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ངག་དབང་ཆོོས་སྒྲོོན་ལགས། གཟིིགས་དང་། ཉེེན་རྟོོག་པས་དགེེ་འདུན་པ་ཚོོར་ཉེེས་རྡུང་གཏོོང་ གིི་འདུག དུག་རླངས་འཕངས་སོོང་། མགྱོོགས་པོོ། མགྱོོགས་པོོ་གབ་གནང་།
9
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག ང་གཉིས་ཀྱིས་ཁོང་ཚོར་རྒྱབ་སྐྱོར་བྱེད་དགོས། ང་ཚོར་ སྨྲ་བརྗོད་རང་དབང་དགོས།
བོོད་རང་བཙན་ཡིིན། ༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་
བརྟན་པར་ཤོོག རྒྱ་དམར་བོོད་ནས་ཕར་རྒྱུགས་ཤིིག།
དུག་རླངས་གཡུགས། ཁོ་འཛིན་ བཟུང་བྱོས། མོ། མོ། མོ་བཟུང་ ནས་མོ་ཊའི་ནང་བླུགས།
10
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
རྒྱ་མིིའིི་དམག་མིིས་བོོད་མིི་འཛིིན་བཟུང་བྱས་པ་དང། འགའ་ཤས་ལ་མེེ་མདའ་ཕོོག་ནས་རྨས་ སྐྱོོན་བཏང། དེེ་ཉིིན་ཨ་ཇོོ་བློོ་བཟང་གིི་སྐུ་སྲོོག་ཤོོར་བ་རེེད།
ཉིི་སྒྲོོན་ལགས། མགྱོོགས་པོོ་ཕེེབས་དང། ཁོོང་ལ་མེེ་མདའ་ཕོོག་འདུག ཨ་ཇོོ། ཁྱེེད་ཀྱིི་མཚན་ལ་གང་ཞུ་ཡིི་ཡོོད།
ཏོོག་ཙམ་སྒུག་ཨང་། ངས་སྨན་འཚོོལ་ བར་འགྲོོ་ཆོོག ངའིི་མིིང་ལ་བློོ་བཟང་ཟེེར། ད་ང་ཕལ་ཆེེར་མིི་ཡོོང་ས་མ་རེེད། ཁྱེེད་ཚོོས་མུ་མཐུད་སྐུ་ལས་ སྐྱོོན་ནས་༸རྒྱལ་བ་རིིན་པོོ་ཆེེ་བོོད་ལ་གདན་ཞུ་ཐུབ་པ་བྱེེད་རོོགས། འདིི་ངའིི་རེེ་བ་ཡིིན་ནོོ།།
11
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ནེེའུ་ཆུང་རིི་དགོོན་པའིི་ཨ་ནེེ་ཚོོས་སེེམས་ཤུགས་མ་ཆག་པར་མུ་མཐུད་ལས་འགུལ་སྤེེལ་ རྒྱུའིི་གྲོོས་བསྡུར་བྱས།
བསྟན་འཛིིན་དབང་མོོ། ཉིིན་མོོ་དེེ་རིིང་ལས་སྐྱིིད་པ། སེེམས་ནང་ གིི་དཀའ་ངལ་ཚང་མ་བསྟན་ཐུབ་བྱུང་། ང་ཚོོ་སང་ཉིིན་བར་སྐོོར་ ནང་བོོད་རང་བཙན་གྱིི་ཡིིག་ཆ་འགྲེེམས་སྤེེལ་བྱེེད་པར་འགྲོོ།
རེེད། ཨ་ནེེ་གཞན་ཚོོར་བསམ་ཚུལ་དེེ་ ག་རང་འདུག བྱས་ན་དོོ་དགོོང་ལྷ་སར་ ཐོོན་ཐུབ་པ་བྱེེད་དགོོས།
12
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཕྱིི་ཉིིན་དེེར་ཨ་ནེེ་ཚོོས་བོོད་རང་བཙན་གྱིི ་རང་བཙན་གིི་ཡིིག་ཆ་སྦྱར་བ་དང་། དེེ་ནས་སྐད་འབོོད་བརྒྱབ།
ཉིི་སྒྲོོན། མགྱོོགས་པོོ་གནང་དང་། དམག་མིི་ སླེེབས་ཡོོང་། ཟ་ཁང་གིི་མདུན་དུ་གཅིིག་སྦྱོོར།
བོོད་རང་བཙན་གཙང་མ་ཡིིན། རྒྱ་དམར་ བོོད་ནས་ཕར་རྒྱུགས་ཤིིག། ༸རྒྱལ་བ་ རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
13
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཨ་ནེེ་ཚོོས་གོོ་སྐབས་ནམ་བྱུང་ལ་བར་སྐོོར་ནང་སྐད་འབོོད་རྒྱག་བཞིིན་ཡོོད་སྟབས། ཉེེ་འཁོོར་ གྱིི་བོོད་མིི་ཚོོས་ཁོོང་ཚོོའིི་བདེེ་འཇགས་ལ་སེེམས་འཚབ་སྐྱེེས།
ཨ་ནེེ་ལགས། སྐད་འབོོད་ཡག་པོོ་བརྒྱབ་སོོང་། ཐུགས་རྗེེ་ཆེེ། སྐུ་མཁྱེེན། ད་ལྟ་དམག་མིི་སླེེབས་ ན་ཁྱེེད་ཚོོ་འཛིིན་བཟུང་བྱེེད་ཀྱིི་རེེད། མགྱོོགས་པོོ་ བྲོོས་རོོགས། ཐུགས་རྗེེ་གཟིིགས།
རྨོོ་མོོ་ལགས། ད་ལན་ང་ཚོོ་འཆིི་གསོོན་གང་ལ་ཐུག་ཀྱང་གྲུབ་ འབྲས་མ་སོོན་བར་མཚམས་འཇོོག་རྒྱུ་མིིན་པའིི་དམ་བཅའ་ བཞག་ཟིིན། ཁྱེེད་ཀྱིིས་ཐུགས་འཁུར་གནང་བ་བཀའ་དྲིིན་ཆེེ། ་་་་་་་་་་་་བོོད་རང་བཙན་གཙང་མ་ཡིིན།་་་་་་་་་་་་་་་་
14
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག ད་ཡིིན་ན་ངས་ཁྱེེད་རང་ཨུ་ཚུགས་བྱས་ ནས་འཁྲིིད་ན་མ་གཏོོགས་ཉེེན་རྟོོོག་པས་ འཛིིན་བཟུང་བྱེེད་ས་རེེད། ཤོོག མགྱོོགས་ པོོ་ཁུག་ཀྱོོག་ཅིིག་ལ་ཡིིབ་པར་འགྲོོ།
ང་སྐད་རྒྱག་ཏུ་འཇུག་རོགས། ང་ཚོའི་སྤུན་ཟླ་མང་ པོ་ཁོ་ཚོས་བསད་སོང་། ང་ཚོར་དྲང་བདེན་དགོས། ང་ཚོར་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེས་གཟིགས་ བཞིན་ཡོད་པས། ང་ཞེད་ཀྱི་མི་འདུག
15
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
གསུམ་པ།༽ ཕྱིི་ལོོ་ ༡༩༨༩ ལོོར་རྒྱ་དམར་གཞུང་གིིས་ལྷ་སའིི་ཕྱོོགས་ཡོོངས་སུ་དམག་མིི་
བཀྲམ་ནས་དྲག་པོོའི ི་ཁྲིིམས་གཞིི་བསྡམས། ཉིིན་ཞིིག་ཕུན་ཚོོགས་ཉིི་སྒྲོོན་བར་སྐོོར་ནང་འགྲོོ་
སྐབས་བོོད་མིི་ཚོོས་བསང་གསོོལ་གཏོོང་བཞིིན་དགའ་སྣང་བྱེེད་བཞིིན་པ་མཐོོང་།
ཁྱེེད་ཚོོས་བསང་གསོོལ་བཏང་། དགའ་ སྣང་དེེ་འདྲ་བྱེེད་དགོོས་དོོན་གང་ཡིིན་ནམ།
ཁྱེེད་ཀྱིིས་ཤེེས་མ་སོོང་ངམ། ༸རྒྱལ་བ་ རིིན་པོོ་ཆེེར་ནོོ་སྦེེལ་ཞིི་བདེེའིི་གཟེེངས་ རྟགས་འབུལ་རྒྱུ་གཏན་འཁེེལ་བ་རེེད་ ཟེེར།
དངོོས་གནས་ལགས། དེེ་འདྲའིི་དགའ་བ་ལ་ ཨང། ངས་ཆོོས་གྲོོགས་ཚོོར་གཏམ་བཟང་ དེེ་བཤད་པར་འགྲོོ་རྒྱུ་ཡིིན།
16
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཕུན་ཚོོགས་ཉིི་སྒྲོོན་ནེེའུ་ཆུང་རིིར་འབྱོོར་མ་ཐག
ཁོང་ཚོ། གཏམ་བཟང་འདུག ༸རྒྱལ་བ་རིན་པོ་ཆེར་གཟེངས་རྟགས་ཤིག་ འབུལ་གཏན་འཁེལ་འདུག དེ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཟེར། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་༸ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་ དང་ཡིད་རངས་ཞུས་པའི་མཚོན་དོན་རེད།
དཀོན་མཆོག་མཁྱེན། དེ་ འདྲའི་དགའ་བ་ལ་ཨང། ང་ དགོན་པའི་ཨ་ནེ་གཞན་ཚོར་ ལན་སྐྱེལ་བར་འགྲོ་རྒྱུ་ཡིན།
17
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
སྐབས་དེེར་༸རྒྱལ་བ་རིིན་པོོ་ཆེེར་ཞིི་བདེེའིི་གཟེེངས་རྟགས་འབུལ་གཏན་འཁེེལ་བར་རྒྱའིི་ གསར་འགྱུར་ཁག་ཏུ་ཁོོང་ལ་མཚན་སྨད་ཞུས་པས་བོོད་མིི་མང་པོོའི ི་སེེམས་ལ་ཕོོག་ཐུག་
ཚད་མེེད་བཏང་། དེེ་ལྟར་ཕུན་ཚོོགས་ཉིི་སྒྲོོན་གཙོོས་པའིི་ཨ་ནེེ་དྲུག་གིིས་བར་སྐོོར་ནང་སྐད་ འབོོད་རྒྱག་རྒྱུ་ཐག་བཅད།
ཨ་ནེ་ཚོ། ང་ཚོས་ཀྱང་རང་གི་རྩ་བའི་བླ་མར་མཚན་ བསྟོད་བྱུང་བར་དགའ་ཚོར་དང་། རྒྱ་གཞུང་གིས་མཚན་ སྨད་ཞུས་པར་ཁྲོ་བའི་རྣམ་འགྱུར་ཞིག་སྟོན་དགོས།
རེད། ང་ཚོས་༸སྐུ་མདུན་ཡིད་བཞིན་ནོར་ བུ་རང་གི་རྩ་བའི་བླ་མ་ཡིན་པ་དང་། ཁོང་ ལ་དད་པ་དང་བརྩེ་བ་ཇི་ཙམ་ཡོད་མེེད་རྒྱ་ གཞུང་ལ་སྟོན་དགོས།
18
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཕྱིི་ལོོ་ ༡༩༨༩ ཟླ་ ༡༠ ཚེེས་ ༡༤ མཚན་གུང་དུ་ཁོོ་ཚོོ་ལྷ་སར་ཐོོན། སྐབས་དེེར་ལྷ་སར་དྲག་ པོོའི ི་ཁྲིིམས་གཞིི་བསྡམས་ཡོོད་སྟབས། བར་སྐོོར་གྱིི་གཡས་གཡོོན་གང་སར་དམག་མིི་དང་ ཉེེན་རྟོོག་པ་བཀྲམ་ནས་དམ་དྲགས་ཤུགས་ཆེེ་བྱེེད་བཞིིན་ཡོོད།
གང་སར་ཉེེན་རྟོོག་པས་ཁེེངས་ འདུག ད་ང་ཚོོ་ཚང་མ་མཉམ་དུ་བར་ སྐོོར་ནང་འཛུལ་ཐབས་མིི་འདུག
བྱས་ན། ང་ཚོོ་གཉིིས་གཉིིས་བྱས་ཏེེ་ བར་སྐོོར་གྱིི་ཕྱོོགས་མིི་འདྲ་བ་ནས་ འཛུལ་ཐབས་བྱེེད་དགོོས། དེེ་ནས་བར་ སྐོོར་དཀྱིིལ་དུ་ཚང་མ་འཛོོམས་མ་ཐག་ སྐད་འབོོད་བརྒྱབ་ན། མ་རེེད་པས།
རེེད། ཕུན་ཚོོགས་ཉིི་སྒྲོོན་ལགས། ང་གཉིིས་སྔོོན་ལ་འགྲོོ།
19
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་ནས་ཕུན་ཚོོགས་ཉིི་སྒྲོོན་དང་ཨ་ནེེ་གཞན་གསུམ་བར་སྐོོར་དཀྱིིལ་དུ་འཛོོམས་ཐུབ་། འོོན་ ཀྱང་། ཨ་ནེེ་གཉིིས་ནང་ལོོག་ཏུ་ཐར་མེེད།
པདྨ། ཨ་ནེེ་གཉིིས་སླེེབས་མ་སོོང་། ཏོོག་ ཙམ་སྒུག་དང།
རྒྱབ་ཏུ་ལངས་བསྡད་པའི་མི་དེ་ཚོ་ཉེན་རྟོོག་པ་འདྲ་པོ་འདུག ད་སྐད་འབོད་བརྒྱབ་ན་མ་གཏོགས་གོ་སྐབས་ཤོར་ས་རེད།
20
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
དེ་ལྟར་ཁོང་ཚོས་སྐད་འབོད་རྒྱག་འགོ་བཙུགས།
བོོད་རང་བཙན་གཙང་མ་ཡིིན། ༸རྒྱལ་བ་བསྟན་འཛིིན་རྒྱ་མཚོོ་སྐུ་ ཚེེ་ཁྲིི་ལོོར་བརྟན་པར་ཤོོག
21
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་ཉིིན་ཁོོང་ཚོོས་བར་སྐོོར་ནང་སྐད་འབོོད་བརྒྱབ། རྒྱའིི་དམག་མིིས་མང་ཚོོགས་དཀྱིིལ་དུ་
དུག་རླངས་གཡུགས་ནས་གང་བྱུང་མེེ་མདའ་བརྒྱབ། ཕུན་ཚོོགས་ཉིི་སྒྲོོན་གཙོོས་པའིི་ཨ་ནེེ་
ཚོོ་འཛིིན་བཟུང་བྱས་ཏེེ་ས་ལ་དྲུད་ནས་ཁུག་ཀྱོོག་ཅིིག་ཏུ་ཉེེས་རྡུང་ཚད་མེེད་བཏང་། དེེ་ནས་ མོོ་ཊའིི་ནང་བརྗངས་ནས་རྒུ་ཚ་བཙོོན་ཁང་དུ་བསྐྱལ།
ཨ་ར། ང་གློོད་དང་། བོོད་འདིི་བོོད་ མིིའིི་རེེད། ཁྱེེད་ཚོོ་ཕར་རྒྱུགས།
ཁ་བྲལ་རིིང་ལུགས་པ་དེེ་ཚོོ།
ང་ཚོོ་གློོད་དང་། ཁྱེེད་ ཚོོ་ཕར་རྒྱུགས། ཨ་ར། ཨ་ར།
22
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
དེེ་རྗེེས་ཕུན་ཚོོགས་ཉིི་སྒྲོོན་དང་ཨ་ནེེ་གཞན་རྣམས་ལྷ་སའིི་རྒུ་ཚ་བཙོོན་ཁང་དུ་ཁྲིིད་ནས་དྲིི་
རྩད་བྱས། ཁོོང་ཚོོར་ཉེེས་རྡུང་བཏང་བ་དང་འཇིིགས་སྐུལ་བྱས་ཏེེ་ངོོ་རྒོོལ་གྱིི་ལས་འགུལ་དེེ་
འགོོ་འཁྲིིད་མཁན་སུ་ཡིིན་རྩད་གཅོོད་བྱས།
ཁྱེེད་ཚོོ་ཚང་མ་སྐར་ལྔའིི་དར་དམར་འོོག་ ལ་ཚར་ལོོངས་བྱུང་བ་ཤ་སྟག་རེེད། ཁྱེེད་ ཚོོས་གང་ཡང་ཤེེས་ཀྱིི་མ་རེེད། ངན་སྐུལ་ བྱེེད་མཁན་དེེ་སུ་རེེད། ཤོོད་ཅིིག།
ང་ཚོོར་ངན་སྐུལ་བྱེེད་མཁན་སུ་ཡང་ མེེད། ང་ཚོོ་སོོ་སོོས་ཐག་བཅད་ནས་ སྐད་འབོོད་བརྒྱབ་པ་ཡིིན།
23
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཉེེན་རྟོོོག་པས་ཨ་ནེེ་ཚོོར་སྙིིང་རྗེེ་སྤུ་ཙམ་ཡང་མེེད་པར་གློོག་རྒྱུག་བཙུགས་པ་དང། ལྕགས་ རིིང་ཕྲ་མོོ་ཞིིག་གིིས་ཉེེས་རྡུང་བཏང་ནས་སྡུག་བསྔལ་བཟོོད་གླགས་མེེད་པ་མྱངས།
(ཨ་ར། ཨ་ར།) ཁྱེད་ཚོས་ང་ཚོར་སྡུག་པོ་ག་ཚོད་བཏང་ཡང་ང་ཚོར་ ཤོད་རྒྱུ་གང་ཡང་མེད། ང་ཚོ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཡིན།
24
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཉེེན་རྟོོག་པས་ལས་འགུལ་དེེའིི་འགོོ་ཁྲིིད་སུ་ཡིིན་མིིན་དྲིི་རྩད་བྱས། ཨ་ནེེ་ཚོོས་དེེ་ནིི་མ་སྐུལ་ དྭངས་བླངས་ཡིིན་ཞེེས་བརྗོོད་པར་བརྟེེན་མུ་མཐུད་ཉེེས་རྡུང་ཚད་མེེད་བཏང་ནས་ཤིི་མ་ གསོོན་གྱིི་གནས་སུ་གྱར།
ཁྱེེད་ཚོོའི་ི ནང་ནས་འགོོ་འཁྲིིད་མཁན་དེེ་སུ་ཡིིན།
འགོ་འཁྲིད་མཁན་དེ་ང་ཡིན། ངས་ཁོང་ཚོར་སྐུལ་མ་བྱས་པ་ཡིན། ཁོང་ཚོར་མ་ཉེས་རོགས།
ཕུན་ཚོོགས་ཉིི་སྒྲོོན་གྱིིས་རོོགས་པ་ཚོོ་སྐྱོོབ་ཆེེད་རང་འགུལ་ངང་རང་ཉིིད་འགོོ་ཁྲིིད་ཡིིན་ཞེེས་བརྗོོད་པས། ཉེེན་རྟོོག་ པས་ཡ་ང་སྙིིང་རྗེེ་མེེད་པར་ཁོོང་གིི་ཁ་ལ་ཐ་མག་གིི་མེེ་རོོ་བཙུགས་པ་དང། སེེན་མོོའི ི་སྟེེང་ལ་ལྷམ་འཚེེམ་བྱེེད་ཀྱིི་
ཁབ་བཙུགས་ནས་ཨིི་ཁུང་ཕུག། དེེ་ནས་དཔུང་ཚིིགས་གཅུས་ནས་གློོག་སྐུད་ཀྱིིས་གཟུགས་པོོ་ཡོོངས་རྫོོགས་ལ་
གློོག་བཏང་རྐྱེེན་ཁོོང་དྲན་པ་འཐོོར་མ་ཐག། ཆུ་བཤོོས་ནས་དྲན་པ་གསོོ་རུ་བཅུག་སྟེེ་མུ་མཐུད་མནར་གཅོོད་ཚད་མེེད་ བཏང་། མཐར་ཤིི་མ་གསོོན་གྱིི་མཚམས་སུ་ཁང་ཆུང་ཞིིག་ནང་བཅུག་ནས་བཞག
25
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེའིི་སང་ཉིིན་ཕུན་ཚོོགས་ཉིི་སྒྲོོན་དང་ཨ་ནེེ་གཞན་རྣམས་ལྷ་ས་གྲོོང་ཁྱེེར་འབྲིིང་རིིམ་མིི་
དམངས་ཁྲིིམས་ཁང་དུ་ཁྲིིད། དེེར་གཏུག་བཤེེར་གང་ཡང་མ་བྱས་པར་ཁྲིིམས་ཐག་བཅད།
ཁྱེེད་ཚོོས་མིི་རིིགས་ཁ་བྲལ་གྱིི་ཉེེས་པ་བསགས་པ་ རེེད། ཉེེས་ཅན་པ་ཕུན་ཚོོགས་ཉིི་སྒྲོོན་ལོོ་དགུ་བཙོོན་ འཇུག་དང་། ཉེེས་ཅན་པ་པདྨ་དང་། ཉེེས་ཅན་པ་ ངག་དབང་ཆོོས་སྒྲོོན་གཉིིས་ལ་ལོོ་བརྒྱད་བཅས་ ཁྱེེད་ཚོོ་ཚང་མ་གྲྭ་བཞིི་བཙོོན་ཁང་ནང་བཙོོན་འཇུག་ བྱ་རྒྱུ་ཁྲིིམས་ཐག་བཅད་པ་ཡིིན།
ང་ཚོོས་ཉེེས་པ་གང་ཡང་བསགས་མེེད། ང་ཚོོར་སྨྲ་བརྗོོད་རང་དབང་དགོོས་ཡོོད། དྲང་བདེེན་གྱིི་ཁྲིིམས་བཤེེར་ གནང་རོོགས། ཞེེས་ག་ཚོོད་བཤད་ཀྱང་ཁ་ཡ་བྱེེད་མཁན་སུ་གཅིིག་ཀྱང་མེེད་པར་ལུས།
26
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
གྲྭ་བཞིི་བཙོོན་ཁང་དུ་འབྱོོར་མ་ཐག་བཙོོན་སྲུང་བས་བཙོོན་པ་གཞན་དང་མིི་འདྲ་བར་ཆབ་
སྲིིད་བཙོོན་པ་ཚོོར་དམིིགས་བསལ་སྡང་སྡུག་བྱས་ཏེེ་ཉིིན་རེེའིི་ལས་འགན་ཁག་ཤོོས་རྣམས་ བསྐུལ། ཕུན་ཚོོགས་ཉིི་སྒྲོོན་ལ་གསང་སྤྱོོད་དང་ཆབ་གཅིིན་དབོོར་འདྲེེན་གྱིི་ལས་ཀ་བསྐུལ། ཁྱེེད་གཉིིས་ཀྱིིས་ གསང་སྤྱོོད་ཀྱིི་ཆབ་ གཅིིན་རྣམས་ཞིིང་ཁའིི་ ནང་དབོོར་དགོོས། ང་ལ་ཁ་རས་དང་ལག་ཤུབས་སྤྲོོད་རོོགས། ཁ་བཙུམས། ཚང་མ་ཁྱེད་ཚོའི་ཁ་དེས་བཟོས་ པ་རེད། ག་རེའི་ཁ་རས། ལས་ཀ་བྱོས།
ངའིི་ལག་པར་བཙོོག་པ་འགོོས་ སོོང་། ཁ་ལག་ཇིི་ལྟར་ཟ་དགོོས་ སམ། ལག་ཤུུབས་ཤིིག་གནང་ རོོགས། ག་རེེ་འགྲིིག་མ་སོོང་། ཨཱ་་་་་་་་་་་ ཞེེས་ཁོོང་གཉིིས་ལ་རྡོོག་རྒྱག་དང་རྒྱུག་པ་གཞུས་ནས་ཉེེས་རྡུང་དྲག་པོོ་བཏང་།
27
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
བཞིི་པ།༽ ཕྱིི་ལོོ་ ༡༩༩༢ ལོོར་བཙོོན་སྲུང་བས་གློོ་བུར་དུ་ཨ་ནེེ་ཚོོར་ལོོ་གསར་སྐབས་གྲྭ་
ཆས་གྱོོན་ཆོོག་ཅེེས་བཤད་པར་ཕུན་ཚོོགས་ཉིི་སྒྲོོན་དགའ་ཐག་ཆོོད་ནས་ཨ་ནེེ་གཞན་ཚོོར་དེེ་ ལྟར་ལན་སྤྲོོད་དུ་ཕྱིིན།
ཁོོང་ཚོོ། ང་ཚོོས་ལོོ་ གསར་ལ་གྲྭ་ཆས་གྱོོན་ ན་འགྲིིག་གིི་རེེད་ཟེེར།
དངོོས་གནས་རེེད་པས། དེེ་འདྲའིི་དགའ་བ་ལ། ཡུན་རིིང་རྗེེས་ ལ་གྲྭ་ཆས་གོོན་རྒྱུ་བྱུང་ན་སྐྱིིད་པ་ལ་ཨང་།
28
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཉིིན་ཤས་རྗེེས་ཁ་སྔོོན་བཤད་པའིི་སྐད་ཆར་འགྱུར་བ་བཏང་ནས་གྲྭ་ཆས་གྱོོན་མིི་ཆོོག་པའིི་
བཀའ་བཏང་། གནས་ཚུལ་དེེ་ཐོོས་མ་ཐག་ཕུན་ཚོོགས་ཉིི་སྒྲོོན་དང་ཨ་ནེེ་གཞན་ཚོོའིི་རྨིི་ལམ་ དེེ་སྐད་ཅིིག་ཉིིད་དུ་མེེད་པར་གྱུར་བས་ཡིིད་སེེམས་ཧ་ཅང་སྐྱོོ།
དེེ་ལ་གནད་དོོན་ཞིིག་ ཡོོད་ངེེས་རེེད། ངས་ཧ་གོ་སོང་། འདི་ལོའི་ལོ་གསར་ཟླ་བ་ ༣ ཚེས་ ༥,༦,༧ ལ་རེད་འདུག་ག ཕྱི་ལོ་ ༡༩༨༨ དང་ ༡༩༨༩ ལོའི་ ཟླ་བ་ ༣ པའི་ཚེས་ ༥,༦,༧ ནི་བོད་མི་ཚོས་རྒྱ་གཞུང་ལ་ ངོ་རྒོལ་བྱེད་པའི་ཉིན་མོ་ཆེས་གལ་གནད་ཅན་ཞི ག་རེད། དངོོས་གནས་ཨས། དེེ ་འདྲའིི་དགའ་བ་ལ། དེར་བརྟེན་ཁོ་ཚོས་ང་ཚོར་དོགས་པ་བྱས་པ་རེད།
29
ཨ་ཙི། དེ་འདྲ་བྱེད་དགོས་ དོན་གང་ཡིན་ནམ།
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ལོོ་དེེའིི་བོོད་ཀྱིི་ལོོ་གསར་ཚེེས་གཅིིག་ཉིིན་ཕུན་ཚོོགས་ཉིི་སྒྲོོན་དང་ཆོོས་གྲོོགས་ཚོོས་དགའ་
སྤོོབས་ཆེེན་པོོའི ི་ངང་ཉེེན་ཁར་མ་འཛེེམས་པར་གྲྭ་ཆས་གྱོོན་ནས་ལོོ་གསར་སྲུང་བརྩིི་ཞུས། ལོོ་གསར་བཀྲ་ཤིིས་བདེེ་ལེེགས། དཀོོན་མཆོོག་མཁྱེེན། ལོོ་གསར་པ་འདིིའིི་ནང་བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བ་ ཤོོག ༸རྒྱལ་བ་རིིན་པོོ་ཆེེ་མགྱོོགས་མྱུར་ཕོོ་བྲང་པོོ་ཏ་ ལར་ཞབས་སོོར་འཁོོད་ཐུབ་པར་ཤོོག
དཀོོན་མཆོོག་མཁྱེེན།
ཁྱེེད་ཚོོས་བཙོོན་ཆས་མ་གྱོོན་ པ་ག་རེེ་རེེད། ད་ལྟ་ལམ་སང་ བཙོོན་ཆས་གྱོོན་ཤོོག།
བཙོོན་སྲུང་བས་ཁོོང་ཚོོར་གྲྭ་ཆས་འཕུད་དགོོས་པའིི་སྡིིག་ར་ག་ཚོོད་བཏང་ཡང་ཨ་ནེེ་ཚོོས་
སྔོོན་ཆད་ཁས་ལེེན་བྱས་པ་ལྟར་རྡོོག་རྩ་ཆིིག་སྒྲིིལ་གྱིིས་ཁོོ་ཚོོའིི་འཇིིགས་སྐུལ་ལ་སྣང་མེེད་
བཏང་།
30
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ལོོ་གསར་ཚེེས་གཉིིས་ལ་ཨ་ནེེ་ཚོོས་མུ་མཐུད་གྲྭ་ཆས་མ་ཕུད་པར་ལོོ་གསར་སྲུང་བརྩིི་ཞུས་ པར་བརྟེེན་བཙོོན་སྲུང་བ་ཡོོང་ནས་ཁོོང་ཚོོར་ཉེེས་རྡུང་ཚད་མེེད་བཏང་།
31
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཨ་ནེེ་ཚོོར་ཉེེས་རྡུང་གཏོོང་བའིི་སྒྲ་དེེ་ཆབ་སྲིིད་བཙོོན་པ་མ་ཡིིན་པའིི་བོོད་པའིི་བཙོོན་པ་གཞན་ ཚོོས་གོོ་ནས་ཁོོང་ཚོོར་རྒྱབ་སྐྱོོར་མཚོོན་ཆེེད་སྐད་འབོོད་བརྒྱབ།
སྲོོག་སྐྱོོབ་རོོགས། ང་ཚོོའིི་མིི་གསོོད་ཀྱིི་འདུག
མགྱོོགས་པོོ་བྱོོས། ཕར་ཕྱོོགས་ལ་འགྲོོ། བཙོོན་ ཁང་ཕ་གིི་ནས་སྐད་འབོོད་རྒྱག་གིི་འདུག སྤུན་གྲོོགས་ལགས། ཁྱེེད་ཚོོ་ང་ཚོོའིི་སྲོོག་སྐྱོོབ་དྲིིན་ ཆེེན་ཡིིན། གལ་ཏེེ་ཁྱེེད་ཚོོ་མེེད་ན་ང་ཚོོ་འཇིིག་རྟེེན་ འདིི་ནས་ཁ་བྲལ་ཚར་སོོང་། ཐུགས་རྗེེ་ཆེེ།
སྐབས་དེེར་བཙོོན་པ་གཞན་ཚོོས་བཙོོན་སྲུང་བར་སྐད་འབོོད་བརྒྱབ་པར་བརྟེེན། ཕུན་ཚོོགས་ ཉིི་སྒྲོོན་གཙོོས་པའིི་ཨ་ནེེ་རྣམས་བཙོོན་སྲུང་བའིི་རུབ་རྒྱག་གིི་རྡུང་རྡེེག་ལས་ཚེེ་སྲོོག་ཐར་ ཙམ་བྱུང་།
32
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ལྔ་པ།༽ ཕྱིི་ལོོ་ ༡༩༩༣ ཟླ་ ༥ པར་བོོད་པའིི་བཙོོན་པ་ཚོོར་ཆབ་སྲིིད་སློོབ་གསོོ་ཞེེས་པའིི་ འཛིིན་གྲྭ་འཚོོགས་སྐབས། ཕུན་ཚོོགས་ཉིི་སྒྲོོན་གྱིིས་ལྐོོག་ཏུ་ཆབ་སྲིིད་བཙོོན་པ་མིིན་པའིི་ བོོད་པའིི་བཙོོན་པ་ཞིིག་ལ་རེེ་འདུན་ཞིིག་ཞུས།
གུང་བྲན་ཏང་ནིི་བཀའ་དྲིིན་ཆེེན་པོོ་ཡིིན། དེེ་ནིི་་་་་་་་་་་་་
ཉིི་མ་ལགས། ཁྱེེད་ལ་རེེ་འདུན་ཞིིག་ ཞུ་རྒྱུ་ཡོོད། ང་ལ་སྒྲ་སྡུད་འཁོོར་ལོོ་ ཞིིག་དགོོས་ཀྱིི་འདུག ཁྱེེད་ཀྱིི་ཐབས་ ཤེེས་བྱེེད་ཐུབ་བམ།
ཡ་ཡ། ངས་གང་ཐུབ་ ཞུས་ཆོོག
33
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་ནས་ཉིིན་ཤས་སོོང་རྗེེས་ཉིི་མས་ཕུན་ཚོོགས་ཉིི་སྒྲོོན་གྱིིས་རེེ་བ་ཞུས་པ་ལྟར་སྒྲ་སྡུད་འཁོོར་ ལོོ་ཁྱེེར་ནས་ཡོོང།
ཕུན་ཚོོགས་ཉིི་སྒྲོོན་ལགས། ཁྱེེད་ཀྱིི་རེེ་བ་དེེ་སྒྲུབ་ཐུབ་སོོང། བརྟན་པོོ་ བྱོོས་ཨ། བཙོོན་སྲུང་བས་མཐོོང་ན་དཔེེ་བསགས་ཀྱིི་རེེད་ད།
ཐུགས་རྗེེ་ཆེེ། ཉིི་མ་ལགས། ཁྱེེད་ཀྱིི་བཀའ་དྲིིན་ནམ་ ཡང་བརྗེེད་ཀྱིི་མིིན།
34
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
དེེ་རྗེེས་ཕུན་ཚོོགས་ཉིི་སྒྲོོན་དང་ཨ་ནེེ་བཅུ་གསུམ་གྱིིས་བཙོོན་སྲུང་བ་གཉིིད་ཁུག་རྗེེས་རྒྱལ་ ཁབ་དང་། བླ་མ། མིི་རིིགས་སོོགས་ཀྱིི་ལ་རྒྱ་མཚོོན་པའིི་གླུ་གཞས་སྒྲ་འཇུག་བྱེེད་འགོོ་ བཙུགས།
ཟླ་བ། ཉེེན་རྟོོག་པ་ཉལ་ཚར་ སོོང་། ད་ཤོོག
ཁོོང་ཚོོས་སྒྲ་འཇུག་བྱེེད་ཀྱིིན་བྱེེད་ཀྱིིན། ངུ་གིིན། ངུ་གིིན། ༼“ཆོོལ་གསུམ་བོོད་རིིགས་སྤུན་
ཟླ། རྡོོག་རྩ་གཅིིག་ལ་བསྒྲིིལ་ནས། ཆོོས་ལྡན་ཞིིང་ཁམས་ཡུལ་ལ། ཉིི་མ་སྤྲིིན་པའིི་འོོག་ནས།
ཤར་བའིི་དུས་གཅིིག་ཤར་ཡོོང་།༽
35
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
སྐབས་དེེར། སྟབས་མ་ལེེགས་པ་ཞིིག་ལ། ཁོོང་ཚོོའིི་ཉལ་ཁང་གིི་འཁྲིིས་ལ་ཡོོད་པའིི་རྒྱའིི་ བཙོོན་པ་ཞིིག་གིིས་ལྐོོག་ཏུ་ཁོོང་ཚོོའིི་གླུ་གཞས་ལ་དོོ་སྣང་བྱས། ོན་སྲུང་བར་ བཙོ ་ ོ ཚོ ་ ོ ་ཁོ ངས ས་ ། ང་གུ་ཡང ་ན ས ་བྱ ད ོ རྩིིས་སྤྲོ ་་་ ེད། ཧ་ཧ་ཧ ་རེ ས ེ ་ངེ ང ོ ཏོ ག
36
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
མཚན་གུང་ཞིིག་ལ་ཁོོང་ཚོོ་སྒྲ་འཇུག་བྱེེད་བཞིིན་པའིི་སྐབས་བཙོོན་སྲུང་བ་འཛུལ་ཡོོང་ནས་ སྒྲ་སྡུད་འཁོོར་ལོོ་ཕྲོོགས་ཏེེ་དྲིི་རྩད་བྱས།
ཁྱེེད་ཚོོ་ག་རེེ་བྱེེད་ཀྱིི་ཡོོད། འདིི་ག་རེེ་རེེད། སུས་སྤྲད་བྱུང་། སྒྲ་འཇུག་ག་རེེ་ བྱེེད་ཀྱིི་ཡོོད། དམིིགས་ཡུལ་ག་རེེ་ཡོོད། ཁྱེེད་ཚོོར་བྱམས་བྱས་ ནས་ཕན་གྱིི་མིི་འདུག ལྟད་མོོ་མཐོོང་ཡོོང།
ང་ཚོོས་སེེམས་ནང་གིི་ཚོོར་བ་གཞས་ནང་སྒྲ་འཇུག་ བྱས་པ་ལས། གཞན་གང་ཡང་བྱས་མེེད།
37
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཉིིན་ཤས་སོོང་རྗེེས་བཙོོན་སྲུང་བས་གླུ་གཞས་དེེ་ཚོོའིི་ནང་དོོན་ཤེེས་ནས་ཨ་ནེེ་ཚོོར་དེེ་འབྲིི་ དགོོས་པའིི་རྒྱུ་མཚན་དང་། སུས་འགོོ་ཁྲིིད་མིིན་སོོགས་རྩད་གཅོོད་བྱས། ཁྱེེད་ཚོོས། ད་དུང་ངོོ་ལོོག་བྱེེད་རྩིིས་ཡོོད་པས། ཁྱེེད་ ཚོོར་རོོགས་པ་བྱེེད་མཁན་སུ་ཡང་ཡོོང་གིི་མ་རེེད།
ཨ་ར། ཨ་ར། སྲོག་སྐྱོབ་དང་། ང་ཚོར་ཉེས་རྡུང་ དེ་འདྲ་གཏོང་དགོས་དོན་གང་ཡིན། ང་ཚོས་ནོར་ འཁྲུལ་གང་ཡང་བྱས་མེད།
38
གཞས་དེེ་ཚོོའིི་དོོན་དག་ག་རེེ་རེེད།
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཉིིན་ཞིིག་བཙོོན་སྲུང་བ་ཡོོང་ནས་ཁོོང་ཚོོས་ཏང་ལ་གྱེེན་ལོོག་བྱས་པའིི་ཉེེས་མིིང་གཡོོགས་
ཏེེ། ཡང་བསྐྱར་ལོོ་ལྔ་ནས་བརྒྱད་བར་བཙོོན་འཇུག་འཕར་མ་བྱ་རྒྱུ་ཐག་གཅོོད་བྱས། ཕུན་ ཚོོགས་ཉིི་སྒྲོོན་ལ་ལོོ་བརྒྱད་བཙོོན་འཇུག་ཕར་འགྱངས་བྱས།
སྤུན་ཟླ་ཚོོ། ང་ཚོོའིི་སེེམས་ཤུགས་ནམ་ཡང་ཆག་ མིི་སྲིིད། ཇིི་སྲིིད་བོོད་ཀྱིི་བདེེན་མཐའ་མ་གསལ་ བར། དེེ་སྲིིད་ང་ཚོོས་ཡོོངས་རྫོོགས་བློོས་གཏོོང་ གིིས་བོོད་དོོན་འཐབ་རྩོོད་བྱེེད་ཀྱིི་ཡིིན།
39
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དྲུག་པ།༽ ཕྱིི་ལོོ་ ༡༩༩༦ ལོོའི ི་ཟླ་བ་ ༤ པར་གནམ་གཤིིས་ཧ་ཅང་གྲང་བའིི་སྐབས་སུ་
བཙོོན་སྲུང་བས་ཨ་ནེེ་ཚོོའིི་གཟུགས་གཞིི་སྐྱོོ་པོོ་དེེར་སྨན་པ་སྟེེན་གཏུག་བྱ་རྒྱུ་ལས་ལྡོོག་སྟེེ་ ལུས་སྦྱོོང་ལ་ཁ་གཡར་ནས་སྡུག་པོོ་འཕར་མ་བཟོོས།
ང་མགོ་ཡུ་འཁོར་གྱི་འདུག
ཨ་རུ། ངའིི་གཟུགས་པོོ་སྐྱོོ་པོོ་ ཡིིན་ཙང་ལུས་རྩལ་རྩེེ་ཐུབ་པ་ མིི་འདུག
རྐང་པ་མཐོོ་ཙམ་ཁྱོོགས། ལག་པ་གནམ་ལ་གཡུགས།
40
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
འགྱེེལ་བའིི་སྒང་ལ་རྡོོག་བརྫིིས་ཞེེས་པའིི་དཔེེ་ལྟར། ཨ་ནེེ་ཚོོས་ལུས་སྦྱོོང་མ་བྱས་པར་བརྟེེན་
བཙོོན་སྲུང་བས་ཁོོང་ཚོོར་གདུག་རྩུབ་ཆེེན་པོོས་ཉེེས་རྡུང་བཏང་ནས་ཉིིན་ཤས་རིིང་མལ་ལས་
ལང་རྒྱུ་མེེད་པ་བཟོོས།
41
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
བདུན་པ།༽ ཉིིན་ཞིིག་བཙོོན་སྲུང་བས་ཉལ་ཁང་ནང་གཙང་སྦྲ་ལྟ་རུ་སླེེབས། དོོན་དངོོས་ཐོོག་ ཁོོ་ཚོོས་ཨ་ནེེ་ཚོོར་སུན་གཙེེར་བཟོོ་ཡིི་ཡོོད། དེེ་ཉིིན་ཨ་ནེེ་ཕུན་ཚོོགས་མཚམས་གཅོོད་ཁོོ་ ཚོོའིི་ལག་ཏུ་ཐེེབས་པ་རེེད།
ཝ་ཡེེ། ཉལ་ཁྲིི་དེེ་སུའིི་རེེད་དམ། དེེ་ངའིི་རེེད།
ཁྱེེད་ཀྱིིས་མལ་ཆས་ལྟེེབ་ཚིིགས་རྒྱག་ ཤེེས་ཀྱིི་མེེད་པས། ངས་མལ་ཆས་ལྟེབས་ཚིགས་ཡག་པོ་བརྒྱབ་ཡོད།
ཁྱེེད་ཚོོ་ཁ་བདེེ་པོོ་ཡོོང་། (ཞེེས་རྒྱུག་པ་གཞུས་ ནས་ཁ་དང་སྣ་ནས་ཁྲག་དོོན།)
དོོན་མེེད་ང་ལ་ཉེེས་རྡུང་གཏོོང་དགོོས་དོོན་གང་ཡིིན་ནམ།
42
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
བཙོོན་སྲུང་བས་ཨ་ནེེ་ཚོོར་དོོན་མེེད་མནར་གཅོོད་དྲག་པོོ་བཏང་བར་བརྟེེན། ཕུན་ཚོོགས་ཉིི་ སྒྲོོན་དང་ཨ་ནེེ་གཞན་ཚོོས་དོོན་མེེད་ཁོོ་ཚོོའིི་མནར་གཅོོད་མྱོོང་བ་ལས་ཟས་བཅད་ངོོ་རྒོོལ་
བྱས་ཏེེ་ཤིི་ན་བཟང་ཟེེར་ནས་ཁ་ཟས་སྤངས།
ང་ཚོོ་ཁྱེེད་ཚོོའིི་མནར་གཅོོད་འོོག་འཆིི་རྒྱུ་ནིི་རེེད་འདུག དེེ་ ལས་འཚེེ་མེེད་ཞིི་བའིི་ངང་ནས་ཟས་བཅད་ངོོ་རྒོོལ་བྱེེད་ཀྱིི་ཡིིན།
རེེད། ང་ཚོོས་མ་ཤིི་བར་དུ་དྲང་ བདེེན་གྱིི་ཆེེད་དུ་ཟས་བཅད་ངོོ་ རྒོོལ་བྱེེད་རྒྱུ་ཡིིན།
43
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཁོོང་ཚོོ་གཟུགས་གཞིི་སྐྱོོ་བའིི་ཁར་ཆུ་ཐིིག་ཙམ་ཡང་མ་བཏུང་པར་ཟས་བཅད་ངོོ་རྒོོལ་བྱས་ཏེེ་
ཉིིན་བཞིི་ཙམ་སོོང་རྗེེས། ཨ་ནེེ་རྒྱལ་མཚན་ཆོོས་འཛོོམས་གཟུགས་པོོས་མ་བཟོོད་པར་དེེ་མུར་ དྲན་མེེད་དུ་བརྒྱལ།
ཁྱེེད་ཚོོ་ཟས་བཅད་ངོོ་ རྒོོལ་བྱེེད་དགོོས་དོོན་ གང་ཡིིན།
ང་ཚོོར་ཉིིན་ལྟར་རྒྱུ་མཚན་གང་ཡང་ མེེད་པར་ཉེེས་རྡུང་གཏོོང་གིི་འདུག དེེ་ ལས་ང་ཚོོ་ཤིི་ན་དགའ་བ་འདུག
ཕུན་ཚོོགས་ཉིི་སྒྲོོན་ལགས། མགྱོོགས་པོོ་རོོགས་པ་བྱེེད་དང་། རྒྱལ་མཚན་ཆོོས་འཛོོམས་དྲན་པ་ འཐོོར་སོོང་།
44
ཁྱེེད་ཚོོ་ཤིི་ན་ཡག་ཤོོས་རེེད། ཁྱེེད་ཚོོ་ གད་སྙིིགས་རེེད། སུ་ལའང་དགོོས་ཀྱིི་ མེེད། ཧ་གོོ་སོོང་ངམ།
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
དེེ་ལྟར་ཨ་ནེེ་ཚོོས་སྙིིང་སྟོོབས་ཞུམ་པ་མེེད་པར་མུ་མཐུད་ཟས་བཅད་ངོོ་རྒོོལ་བྱས་ནས་བསྡད། ཁོོང་ཚོོས་ཟས་དང་ཆུ་སྤངས་ནས་བསྡད་སྟབས་ཧ་ལམ་ཤིི་མིིན་རོོ་མིིན་གྱིི་གནས་སུ་གྱར། སྐབས་དེེར་བཙོོན་སྲུང་བ་རྣམས་དངངས་འཚབ་སྐྱེེས་ནས་ལྟ་རུ་སླེེབས། ཨ་ནེ་ཚང་མ་ཉལ་ཁྲིའི་སྒང་ནས་མིག་ སྐྱ་རིལ་རིལ་བྱས་ཏེ་དབུགས་གཏོང་ཙམ་ གཏོང་ཙམ་བྱས་པ་ལས་འགུལ་རྒྱུ་མེད།
ཝ་ཡེེ། ཁོོ་ཚོོ་ཤིི་འགྲོོ་ཡིི་འདུག ད་ གཅིིག་བྱས་ན་མ་གཏོོགས། དཔེེ་ བསགས་ས་རེེད།
གལ་ཏེེ་ཁོོ་ཚོོ་ཤིི་ན་ཏཱ་ལའིི་རུ་ཚོོགས་དང་ཕྱིི་རྒྱལ་ཚོོགས་པ་ཁག་གིིས་ང་ཚོོར་དྲིི་བ་གཏོོང་ངེེས་རེེད། སྐབས་དེེར་ང་ ཚོོ་རྒྱལ་སྤྱིིའིི་སྤྱིི་ཚོོགས་ནང་ངོོ་གནོོང་གིི་རེེད། གང་མགྱོོགས་ཐབས་ཤེེས་ཤིིག་གཏོོང་།
45
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་ནས་བཙོོན་སྲུང་བས་འགོོ་དཔོོན་ལ་གནས་སྟངས་ཆ་ཚང་འགྲེེལ་བཤད་ཞུས་རྗེེས། བཙོོན་ སྲུང་འགོོ་དཔོོན་གྱིིས་ཨ་ནེེ་ཚོོར་ལྟ་རུ་ཡོོང་ནས་ཁོོང་ཚོོར་སེེམས་གསོོ་བྱ་ཁུལ་བྱས།
ཁྱེེད་ཚོོས་ཁ་ལག་ཟོོ་དང་། ངས་ཁས་ལེེན་བྱས་ ཆོོག། ད་ནས་བཟུང་ཉེེས་རྡུང་གཏོོང་མིི་ཆོོག་པའིི་ བཀའ་བཏང་ཆོོག
ང་ཚོར་ཉེས་རྡུང་གཏོང་མི་ཆོག་ པའི་ཁས་ལེན་བྱེད་དགོས།
ཁོོས་ཉེེས་རྡུང་མིི་གཏོོང་བའིི་ཁས་བླངས་པར་བརྟེེན། ཨ་ནེེ་ཚོོས་ཟས་བཅད་ངོོ་རྒོོལ་མཚམས་ བཞག
46
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཁས་ལེེན་བྱས་ནས་ཉིིན་ཤས་ལས་མ་ཕྱིིན་ཡང་བཙོོན་སྲུང་བས་ཡང་བསྐྱར་ཨ་ནེེ་ཚོོར་ཉེེས་ རྡུང་བཏང་།
ཁྱེེད་ཚོོས་ཁ་སང་ང་ཚོོར་ཉེེས་རྡུང་མིི་གཏོོང་བའིི་ ཁས་ལེེན་བྱས་ཀྱང་མུ་མཐུད་ཉེེས་དགོོས་དོོན་ གང་རེེད།
47
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
བརྒྱད་པ།༽ ཕྱིི་ལོོ་ ༡༩༩༨ ལོོའི ི་ཟླ་ ༡༠ ཚེེས་ ༡ ཉིིན་གློོ་བུར་དུ་ཆབ་སྲིིད་བཙོོན་པ་མིིན་པའིི་ བཙོོན་པ་གཞན་རྣམས་གྲྭ་བཞིི་བཙོོན་ཁང་གིི་བུད་མེེད་བཙོོན་ཁང་སྒོོ་རའིི་འཁྲིིས་སུ་ཐང་ཆེེན་ ཞིིག་བཟོོས་ཡོོད་པ་དེེར་ཁྲིིད།
ཁྱེེད་ཚོོ་ཐང་ཏུ་ཏང་གིི་རྒྱལ་ གླུ་གཏོོང་དུ་འགྲོོ་དགོོས།
ངག་དབང་། ང་ཚོོ་ག་པར་འཁྲིིད་རྒྱུ་ཡིིན་ན།
48
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཁོོང་ཚོོས་བཙོོན་སྲུང་བར་བོོད་ཀྱིི་ས་ཆའིི་སྟེེང་དུ་རྒྱའིི་དར་ཆ་སྒྲེེང་འཛུགས་དང་རྒྱལ་གླུ་གཏོོང་ རྒྱུར་ངོོ་རྒོོལ་བྱས་པས་ཁོོང་ཚོོར་ཉེེས་རྡུང་བཏང་།
ང་ཚོོ་བོོད་ཀྱིི་ས་ཆའིི་སྒང་ལ་རྒྱ་ མིིའིི་རྒྱལ་གླུ་ལེེན་རྒྱུ། སྣང་བ་སྐྱིིད་ ཐག་ཆོོད་པ་རེེད།
ཁྱེེད་ཚོོས་ང་ཚོོའིི་ས་ཆའིི་སྒང་ལ་རྒྱ་མིིའིི་རྒྱལ་དར་འཛུགས་ མིི་ཆོོག འདིི་བོོད་ཀྱིི་ས་ཆ་རེེད། བོོད་རང་བཙན་གཙང་མའིི་ རྒྱལ་ཁབ་ཡིིན།
49
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
སྐབས་དེེར་ཨ་ནེེ་ཚོོས་བཙོོན་ཁང་གིི་ཕྱིི་ནས་རྡུང་རྡེེག་དང་སྐད་འབོོད་ཀྱིི་སྒྲ་ཐོོས་པས། བཙོོན་ ཁང་གིི་སྒེེའུ་ཁུང་ཆུང་ཆུང་དེེར་ཡར་འཛེེགས་ནས་ལྟ་སྐབས། བོོད་པའིི་བཙོོན་པ་ཚོོས་བོོད་ རང་བཙན་ཞེེས་སྐད་འབོོད་རྒྱག་པར་བཙོོན་སྲུང་བས་གང་བྱུང་རྡུང་རྡེེག་གཏོོང་བཞིིན་པ་ མཐོོང་མ་ཐག གདུང་སེེམས་མཉམ་སྐྱེེད་ངང་བོོད་པའིི་བཙོོན་པ་ཚོོར་རྒྱབ་སྐྱོོར་བྱས། འདིི་བོོད་ཀྱིི་ས་ཆ་རེེད། རྒྱ་མིི་ཁྱེེད་ཚོོ་རང་གིི་ ཡུལ་ལ་ལོོག་རྒྱུགས།
བོོད་རང་བཙན་གཙང་མ་ཡིིན། ༸རྒྱལ་བ་བསྟན་འཛིིན་རྒྱ་མཚོོ་སྐུ་ ཚེེ་ཁྲིི་ལོོར་བརྟན་པར་ཤོོག
བོོད་ཀྱིི་ས་ཆའིི་སྟེེང་དུ་རྒྱ་མིིའིི་རྒྱལ་ དར་འཛུགས་མིི་ཆོོག ས་འདིི་ང་ཚོོའིི་ རེེད། ང་ཚོོ་བོོད་ཀྱིི་ས་རེེད།
50
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཨ་ནེེ་ཚོོའིི་སྐད་སྒྲ་ཐོོས་མ་ཐག བཙོོན་སྲུང་བ་ཁོོང་ཚོོའིི་ཕྱོོགས་སུ་ཤོོར་ཡོོང་ནས་སྒེེའུ་ཁུང་གིི་
ལྕགས་ལ་འཁྱུད་ནས་སྐད་འབོོད་རྒྱག་བཞིིན་པ་རྣམས་མར་འཐེེན། དེེ་ནས་རྡོོག་རྒྱག་དང་སྐེེ་ རགས་ཆབ་རྩེེ་སོོགས་གང་བྱུང་ཐེེབས་ཚད་གཞུས་ཏེེ་རྨས་སྐྱོོན་ཆེེན་པོོ་བཟོོས།
ཨ་རཱ། ཨ་རཱ།
ཨ་ནེེ་ཁ་ཤས་ཀྱིི་མགོོ་ནས་ཁྲག་དོོན་པ་དང། འགའ་ཤས་སྣ་དང་ངོོ་གདོོང་ཆ་ཚང་སྐྲངས།
ཡང་འགའ་ཤས་དྲན་པ་འཐོོར། གང་ལྟར། དེེ་ཉིིན་བཙོོན་ཁང་ནང་ཁྲག་གིིས་བཤས་ར་ལྟ་ བུར་གྱུར།
51
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་ནས་བཙོོན་སྲུང་བས་གནག་སེེམས་བཅངས་ཏེེ་ཨ་ནེེ་རྣམས་ཁང་ཆུང་ཞིིག་ནང་མཉམ་དུ་
བརྫངས་ནས་རྐུབ་བཀྱག་ཅིིག་གིི་སྟེེང་དུ་ཞོོགས་སྔ་ལངས་དང་དགོོང་ཕྱིི་ཉལ་བྱས་ཏེེ་སྦ་ལན་
བསླེེས་ནས་སྡོོད་དུ་བཅུག
ཁྱེེད་ཚོོས་ཉིི་མ་གཅིིག་ལ་སྐུད་པ་ཕྲ་པོོ་ཡིིན་ན་སྲང་གཅིིག་དང༌། སྐུད་པ་སྦོོམ་པོོ་ཡིིན་ན་སྲང་གཉིིས་ བསླེེ་ཚར་དགོོས། གལ་ཏེེ་བསླས་མ་ཚར་ན། ཟླ་རེེའིི་ནང་མིི་ཐུག་འཕྲད་དེེ་མེེད་པ་བཟོོ་ཡིི་ཡིིན།
ཨ་ནེེ་ཚོོའིི་བཙོོན་ཁང་ནང་གིི་ཡ་ང་བའིི་ལོོ་ཟླའིི་ཁྲོོད་དུ་མུན་ནག་གིི་ཉིི་ཟེེར་ལྟ་བུ་ནིི་ཟླ་རེེར་རང་ གིི་ནང་མིི་དང་ཐུག་འཕྲད་བྱས་ཏེེ་ཁོོང་ཚོོ་དང་ནང་གིི་སྐོོར་ལ་གླེེང་མོོལ་བྱེེད་རྒྱུ་དེེ་ཡིིན།
52
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
བླ་མས་གནང་ཚད་ཆོོས་དང་། །ཤན་པས་ལས་ཚད་སྡིིག་པ། ཟེེར་བའིི་དཔེེ་ལྟར་བཙོོན་སྲུང་ བས་ཨ་ནེེ་ཚོོར་ཁང་ཆུང་ཞིིག་ནང་ཆབ་ཏོོག་གཅིིག་མཉམ་སྤྱོོད་བྱེེད་དུ་བཅུག
ཨ་རུ། ང་གྲོོད་ཁོོག་ན་ཡིི་འདུག ད་ཆབ་ཏོོག་ཁེེངས་ཚར་འདུག དཔེེ་བསགས་སོོང་།
སྐབས་དེེར་ཨ་ནེེ་འོོད་ཟེེར་ཆབ་གཅིིན་གཏོོང་དགོོས་ནའང་ཆབ་ཏོོག་ཁེེངས་ཚར་བས་མ་ཟད།
ཁང་ཆུང་གང་སར་བཙོོག་གཅིིན་གྱིིས་ཁེེངས་ནས་རྐང་པ་འཛུགས་སའང་འཚོོལ་དགོོས་ཡོོད། དེེའིི་ཁར་ཁོོང་ཚོོས་ཉིིན་ཞག་གཅིིག་གིི་ཟ་འདུག་སྤྱོོད་གསུམ་ཁང་ཆུང་དེེ་གའིི་ནང་བྱེེད་དགོོས་ ལ་གཙང་སྦྲ་བྱེེད་རྒྱུ་ནིི་ཉིི་མོོའི ི་རྨིི་ལམ་ལྟ་བུ་ཡིིན།
53
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཁང་ཆུང་དེེའིི་ནང་ཉིིན་ནས་ཉིིན་བསྟུད་དེེ་རྐུབ་བཀྱག་སྟེེང་སྦ་ལན་བསླེེས་ནས་སྡོོད་དགོོས་
སྟབས་དཀའ་ངལ་ཧ་ཅང་ཆེེ། སྐབས་དེེར་གནམ་གཤིིས་གྲང་ངར་ཆེེ་བ་དང་། རྐུབ་བཀྱག་
སྟེེང་བསྡད་དྲགས་ནས། དཔྱིི་མགོོ་རྡོོལ་བ་སོོགས་སྡུག་བསྔལ་རྫོོགས་རྒྱུ་མེེད་པ་ཕྲད། ཕུན་ཚོོགས་ཉིི་སྒྲོོན། ཁྱེེད་ཀྱིིས་ངའིི་སྟོོད་ གོོས་འདིི་རྐུབ་བཀྱག་སྟེེང་དུ་བཏིིང་།
ཨ་ཚ། ད་ངའིི་དཔྱིི་མགོོ་རྡོོལ་སོོང་།
བཟང་མོོ། ཁྱེེད་ཀྱིིས་ང་ལ་བསམ་ཤེེས་བྱས་པ་ཡག་བྱུང་། ཡིིན་ ནའང་ཁྱེེད་རང་འཁྱགས་ཡོོང། ངས་སྡུག་རུས་བྱས་ན་ཉིིན་ཤས་ ནང་དྲག་ངེེས་རེེད། ཐུགས་རྗེེ་ཆེེ།
54
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག ཁྱེེད་ཚོོས་སྦ་ལན་དུས་ཐོོག་སླེེ་བ་མ་ གཏོོགས་ལྷོོད་ཡང་བྱེེད་མིི་ཆོོག དེེ་ཁྱེེད་རང་གིིས་བཟོོས་པ་རེེད། རྡོོག་གྱོོང་རེེད། ཁ་ཚུམས།
ངའིི་དཔྱིི་མགོོར་རྨ་བཟོོས་སོོང་། སྨན་བཅོོས་བྱེེད་པར་ གཏོོང་རོོགས།
ཁོོང་ཚོོས་མནར་གཅོོད་ཇིི་ཙམ་མྱོོང་བཞིིན་ཡོོད་ནའང་། ཕན་ཚུན་སྤུན་ཟླའིི་འདུ་ཤེེས་ཟབ་མོོ་ ལྡན་པས་རྡོོག་རྩ་ཆིིག་སྒྲིིལ་གྱིིས་འཆམ་མཐུན་བྱས་ཏེེ་སེེམས་སྐྱིིད་པོོའི ི་ངང་སྡོོད་ཀྱིི་ཡོོད།
55
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དགུ་པ།༽ ཕྱིི་ལོོ་ ༢༠༠༤ ཡིི་ལོོ་གསར་སླེེབས་མཚམས་ཤིིག་ལ་གློོ་བུར་དུ་བཙོོན་སྲུང་བས་ ཕུན་ཚོོགས་ཉིི་སྒྲོོན་ལ་རང་གིི་ཅ་དངོོས་ལེེན་པར་སྐད་བཏང་། ཕལ་ཆེེར། ང་བཙོོན་ཁང་གཞན་ ཞིིག་ཏུ་སྐྱེེལ་རྒྱུ་ཡིིན་ས་རེེད།
ཕུན་ཚོོགས་ཉིི་སྒྲོོན། ཁྱེེད་ཀྱིི་ཅ་ལག་ རྣམས་ལེེན་པར་ཤོོག
56
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
དེེའིི་སང་ཉིིན་བཙོོན་སྲུང་བས་བཙོོན་པ་གཞན་གྱིིས་ཧ་མ་གོོ་སར་ཕུན་ཚོོགས་ཉིི་སྒྲོོན་སྐད་
བཏང་ནས་ཤོོག་བུ་དཀར་པོོ་ཞིིག་གིི་སྟེེང་རྒྱ་ཡིིག་ནང་བྲིིས་པའིི་ཡིིག་ཆ་ཞིིག་ལ་ཡིིན་མིིན་
ཟེེར་ས་མེེད་པར་མཛུབ་ཐེེལ་རྒྱག་ཏུ་བཅུག
ང་གང་དུ་འཁྲིིད་རྒྱུ་ཡིིན་ནམ།
རྗེེས་སུ་ཤེེས་ངེེས་རེེད། འདིི་རུ་མཛུབ་ཐེེལ་རྒྱོོབས།
57
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དེེ་རྗེེས་བཙོོན་སྲུང་བས་ཕུན་ཚོོགས་ཉིི་སྒྲོོན་འཕན་པོོར་འཁྲིིད་ནས་དེེ་གའིི་ཉེེན་རྟོོག་པར་རྩིིས་ སྤྲོོད་བྱས། མོོས་རང་ཉིིད་གློོ་བུར་དུ་གློོད་བཀྲོོལ་ཐོོབ་པར་དགའ་སྣང་བྱུང་རྒྱུ་ལས། རྗེེས་སུ་
ལུས་པའིི་ཆབ་སྲིིད་བཙོོན་པ་རྣམས་ཀྱིི་བདེེ་སྡུག་དང་། མདུན་ལམ་གང་ཡང་མེེད་པའིི་རང་གིི་ མ་འོོངས་པའིི་འཚོོ་བར་བསམས་ནས་ཅིི་བྱ་གཏོོལ་མེེད་དུ་འགྱུར།
58
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
འཕན་པོོའི ི་ཉེེན་རྟོོག་པས་ཕུན་ཚོོགས་ཉིི་སྒྲོོན་གྱིི་ནང་མིིར་འབྲེེལ་བ་བྱས་ཏེེ་ཁོོང་ལ་བསུ་བ་དང་ འགན་ལེེན་བྱེེད་དུ་ཉེེན་རྟོོག་ཁང་དུ་འབོོད།
ཁྱེེད་སུ་ཡིིན་ནམ། ཁྱེད་ཀྱི་བུ་མོས་ལོག་སྤྱོད་པའི་ལས་ཀ་གང་ ཡང་མི་བྱེད་པའི་འགན་ལེན་བྱེད་ཐུབ་བམ།
ང་ཕུན་ཚོོགས་ཉིི་སྒྲོོན་གྱིི་པཱ་ལགས་ཡིིན། བུ་མོོ་གློོད་བཀྲོོལ་ཐོོབ་ན་འགན་ལེེན་ཆ་ཚང་ བྱེེད་ཐུབ་ལགས།
མིི་ལོོ་བཅོོ་ལྔ་ཙམ་བཙོོན་ཁང་ནང་བསྡད་དེེ་ཐོོལ་རྒྱག་ཞིིག་ལ་གློོད་བཀྲོོལ་ཐོོབ་སྐབས། ཕུན་
ཚོོགས་ཉིི་སྒྲོོན་རང་གིི་ནང་མིི་དང་ལྷན་འཛོོམས་བྱུང་ཡང་སེེམས་ནང་ཡིིད་མ་ཆེེས་པའིི་ཚོོར་ སྣང་སྐྱེེས་ཏེེ་དགའ་བ་སྐྱེེས་མ་ཐུབ།
59
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཕུན་ཚོོགས་ཉིི་སྒྲོོན་བཙོོན་གྲོོལ་ཐོོབ་ཟིིན་ཡང་རང་ཁྱིིམ་དུ་བཟང་བཙོོན་དུ་གནས་དགོོས་བྱུང། ཉིིན་ལྟར་ཉེེན་རྟོོག་པས་ཁོོང་ལ་བྱ་ར་བྱེེད་བཞིིན་རང་དབང་གིི་མིིང་ཙམ་ལས་མ་ཐོོབ།
ང་ཚོོར་སྐད་ཆ་མ་དྲིིས་ པར་ཁྱེེད་ཚོོས་གང་ཡང་བྱེེད་མིི་ ཆོོག ཤེེས་སོོང་ངམ།
ཤེེས་སོོང་།
60
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཕུན་ཚོོགས་ཉིི་སྒྲོོན་བཙོོན་ཁང་དུ་སྡོོད་ཡུན་རིིང་ཙང་། ནང་དུ་ལོོགས་ནས་ཡུན་རིིང་སོོང་ཡང་ རང་གིིས་རེེ་སྒུག་བྱས་པའིི་ནང་མིི་མཉམ་འཛོོམས་ཀྱིི་མངོོན་སུམ་དེེར་ཡིིད་མ་ཆེེས། ཁོོང་གིི་ ཨ་མར་སེེམས་ཁྲལ་བྱུང་སྟབས་ཉིིན་ལྟར་སེེམས་གསོོ་གཏོོང་དགོོས་བྱུང་།
བུ་མོོ། ཁྱེེད་རང་བཙོོན་གྲོོལ་ཐོོབ་ཟིིན་པ་རེེད། འདིི་ང་ཚོོའིི་ནང་ རེེད། ཁྱེེད་ལ་སྡུག་པོོ་མཐོོང་སོོང་། དཀོོན་མཆོོག་མཁྱེེན། ད་ངའིི་བུ་མོོར་བར་ཆད་མ་འཕྲད་པ་ཤོོག
ཨ་མ་ལགས། ང་གློོད་བཀྲོོལ་ཐོོབ་པ་ རེེད་དམ། འདིི་རྨིི་ལམ་མ་ཡིིན་ནམ།
དེེ་ལྟར་ཡུན་རིིང་ཕུན་ཚོོགས་ཉིི་སྒྲོོན་ལ་སེེམས་ཀྱིི་དཀའ་ངལ་དུ་མ་ཕྲད་པར་ནང་མིིས་མོོ་ལ་ སེེམས་གསོོ་ཡང་ཡང་བཏང་བར་བརྟེེན་དྲག་སྐྱེེད་ཏོོག་ཙམ་བྱུང་།
61
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
གྲོོང་མིི་ཚོོས་ཕུན་ཚོོགས་ཉིི་སྒྲོོན་བཙོོན་གྲོོལ་ཐོོབ་པ་ཤེེས་རྗེེས་སེེམས་གསོོ་དང་འཚམས་འདྲིི་ ཞུ་བར་ནང་ལ་ཐུག་འཕྲད་དུ་སླེེབས།
ཁྱེེད་ཚོོ་སུ་ཡིིན། ང་ཕུན་ཚོགས་ཉི་སྒྲོན་ གྱི་སྲུ་མོ་ཡིན།
རྒྱ་གཞུང་གིིས་ཁོོང་ཚོོའིི་ནང་དུ་མགྲོོན་པོོ་ཡོོང་ཚད་ལ་ཐོོབ་ཐང་ལག་ཁྱེེར་དང་། ཐེེམ་ཐོོ། མ་
ཟད། འདས་པའིི་ལོོ་ངོོ་འགའ་ཤས་ཀྱིི་ལོོ་རྒྱུས་སོོགས་བྲིིས་ནས་འཁུར་དགོོས་པའིི་དཀའ་རྙོོག་ བཟོོས་ཏེེ། སྤུན་ཉེེ་རྣམས་ཁོོང་ཚོོ་དང་འབྲེེལ་ཐག་རིིང་པོོ་བཟོོ་ཐབས་བྱས།
62
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
བཅུ་པ།༽ ཕྱིི་ལོོ་ ༢༠༠༥ ལོོར་རྒྱལ་སྤྱིིའིི་ཚོོགས་པ་ཞིིག་གིིས་ཕུན་ཚོོགས་ཉིི་སྒྲོོན་ལ་བཅར་
འདྲིི་བྱེེད་དུ་སླེེབས། སྐབས་དེེར་ཚོོགས་པ་དེེས་ཁོོང་གིི་རང་དབང་དང་བདེེ་འཇགས་སོོགས་ ལ་བཀའ་དྲིི་ཞུས། འོོན་ཀྱང་། རྒྱའིི་སུན་གཙེེར་ལ་བརྟེེན་ནས་ཁོོང་གིིས་དངོོས་ཡོོད་གནད་ དོོན་གང་ཡང་བརྗོོད་མ་ཐུབ།
་ ཁྱོོད་ཁ་བཙུམ ན་བཟང་།
ཁྱེེད་ལ་རོོགས་པ་གང་ དགོོས་འདུག་གམ།
ངའིི་གཟུགས་པོོའི ི་གནས་སྟངས་ སྐྱོོ་བས་སྨན་བཅོོས་ཀྱིི་རོོགས་ རམ་གནང་རོོགས།
63
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ལོོ་གཅིིག་ཙམ་གྱིི་རྗེེས་སུ་རྒྱལ་སྤྱིིའིི་ཚོོགས་པ་དེེའིི་རོོགས་རམ་འོོག་ཕུན་ཚོོགས་ཉིི་སྒྲོོན་ཨ་ རིིར་སྨན་བཅོོས་བྱེེད་པར་འགྲོོ་རྒྱུའིི་གོོ་སྐབས་ཐོོབ།
ཁྱོོད་ཕྱིི་ལ་ཕྱིིན་ནས་ཁ་བཙུམ་ནས་སྡོོད་མ་ གཏོོགས། ཁྱོོད་རང་གིི་ནང་མིི་ང་ཚོོའིི་ལག་ ཏུ་ཡོོད་པ་ཤེེས་པ་བྱེེད་དགོོས།
མཐར་ཕུན་ཚོོགས་ཉིི་སྒྲོོན་རང་ དབང་གིི་ཕྱོོགས་སུ་ཕུར་ཐུབ།
64
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
ཨ་རིིར་འབྱོོར་ནས་ཕུན་ཚོོགས་ཉིི་སྒྲོོན་གྱིི་གཟུགས་པོོ་ཡོོངས་རྫོོགས་སྨན་བཅོོས་བྱས་ཏེེ། མིི་ ལུས་གསར་པ་ཐོོབ་པ་ལྟ་བུའིི་གོོ་སྐལ་གསར་པ་ཞིིག་རྙེེད་དེེ་མུ་མཐུད་བོོད་དོོན་འཐབ་རྩོོད་ གནང་རྒྱུའིི་དམ་བཅའ་བཞག།
ཁྱེེད་ཀྱིི་གཟུགས་པོོའི ི་བརྟག་དཔྱད་དང་ སྨན་བཅོོས་གྲུབ་སོོང་། སྨན་ཁང་ནས་ཐོོན་ ན་འགྲིིག་གིི་རེེད། གསོོལ་སྨན་མུ་མཐུད་ མཆོོད་དགོོས། ཐུགས་གཅགས་གནང།
ཨེམ་ཆི་ལགས། བཀའ་དྲིན་ཆེ།
65
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
དུས་དེེ་ནས་བཟུང་རང་གིི་ནང་མིིའིི་བདེེ་འཇགས་ལ་ཉེེན་ཁ་ཇིི་ཙམ་ཡོོད་རུང་། བོོད་ཀྱིི་བསྟན་ པ་ཆབ་སྲིིད་ཀྱིི་ཆེེད་དུ་རྒྱལ་སྤྱིིའིི་འགྲོོ་བ་མིིའིི་ཐོོབ་ཐང་གིི་ཚོོགས་འདུ་དང་། དེེ་བཞིིན་རྒྱལ་
ཁབ་འདྲ་མིིན་དུ་བོོད་དོོན་གསུང་བཤད་དང་། ཡིིག་ཆ་འགྲེེམས་སྤེེལ། ཆབ་སྲིིད་བཙོོན་པའིི་ གནས་སྟངས་ཁྱབ་བསྒྲགས་སོོགས་བྱས་དང་བྱེེད་མུས་ཡིིན། དཔའ་མོོ་ཁོོང་གིི་བློོས་གཏོོང་
དང། བློོ་སྟོོབས། མདོོར་ན་སྐུ་ཚེེ་ཧྲིིལ་པོོ་བོོད་དང་བོོད་མིིའིི་ཆེེད་དུ་ཕུལ་བར་དུས་རྟག་ཏུ་ རྗེེས་སུ་ཡིི་རངས་ཞུ་དགོོས་སོོ།།
བོོད་ནང་གིི་བོོད་མིི་ཚོོའིི་སེེམས་ཤུགས་ནམ་ཡང་ ཆག་མེེད། ཆབ་སྲིིད་བཙོོན་པ་རྣམས་ཀྱིི་སྙིིང་ སྟོོབས་ཧ་ལས་དགོོས་པ་ཡིིན། ང་ཚོོས་་་་་་
66
བོོད་ལ་སྐྱིིད་པའིི་ཉིི་མ་ཤར་བར་ཤོོག
རྒྱ་དམར་བོོད་ས་བཙན་བཟུང་བྱས་ནས་ད་བར་མིི་ལོོ་བདུན་ཅུ་ལྷག་ཕྱིིན་ཡོོད། དུས་ཡུན་
དེེའིི་ནང་ཕུན་ཚོོགས་ཉིི་སྒྲོོན་གྱིི་ཆོོས་གྲོོགས་ཚོོ་གཙོོས་པའིི་བོོད་མིི་ཁྲིི་ཚོོ་མང་པོོས་རང་སྲོོག་
བློོས་གཏོོང་བྱས་ཏེེ་བོོད་ཀྱིི་བདེེན་དོོན་བརྩད་ཡོོད། འོོན་ཀྱང་། དུས་ད་ལྟའང་བོོད་ནང་གིི་བོོད་ མིི་ཚོོར་གཞིི་རྩའིི་རང་དབང་དང་ཐོོབ་ཐང་གང་ཡང་མེེད་པར། རྒྱའིི་བཙན་གནོོན་དང་མནར་ གཅོོད་མྱོོང་བཞིིན་ཡོོད།
67
༸རྒྱལ་བ་རིིན་པོོ་ཆེེ་སྐུ་ཚེེ་ཁྲིི་ལོོར་བརྟན་པར་ཤོོག
ཕྱིི་ལོོ་ ༢༠༠༦ ལོོར་ཆབ་སྲིིད་བཙོོན་ཟུར་ཕུན་ཚོོགས་ཉིི་སྒྲོོན་ལགས་ཨ་རིིར་སྨན་བཅོོས་སུ་ འབྱོོར་རྗེེས། སྤྱིི་ནོོར་༸གོོང་ས་༸སྐྱབས་མགོོན་ཆེེན་པོོ་མཆོོག་གིི་གསེེར་ཞལ་མཇལ་བའིི་ སྐལ་བཟང་གིི་གོོ་སྐབས་ཐོོག་མ་ཐོོབ་པའིི་སྐུ་པར།
68