བྱ་རྒོད་ཀྱིས་དྲིན་ལན་འཇལ་བ། རི་མོ་བ། ངག་དབང་རྡོ་རྗེ།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ཞིང་པ་ཞིག་ཡོད་པ་དེས་སྔ་དྲོའི་རིང་། ཞིང་
ལས་བྱས་རྗེས། ལྕང་སྡོང་འོག་ཏུ་ཉིན་གུང་ གི་ལྟོ་བཟས་ནས། ངལ་ལེགས་པར་གསོ་ རྩིས་བྱས།
ཁོ ་ པ་ལྕང་སྡོ ང ་འོག ་ཏུ་སླེ བ ས་ཉེ ར ་ཡོ ད ་
སྐབས། རྔོ ན ་པས་བྱིའུ་འཛི ན ་བྱེད་ཀྱི ་ རྒྱ་ རྙི་བཙུགས་པའི་སྟེང་། མཛེས་སྡུག་ལྡན་
པའི་བྱ་རྒོད་ཅིག་འཁོན་ཡོད་པ་དང་། བྱ་ རྒོད་དེས་རྒྱ་རྙི་ལས་ཐར་ཐབས་ཀྱིས་འཕག་ འཚག་རྒྱག་བཞིན་ཡོད་པ་མཐོང་།
ཞིང་པར་རང་དབང་མེད་པར་ཤ་ཚ་སྙིང་རྗེ་ སྐྱེས་ནས། ཨ་ཙི། སྙིང་རྗེ། ཞེས་ཤོད་བཞིན་ གཟབ་གཟབ་ངང་བྱ་རྒོད་འཁོན་སའི་རྒྱ་རྙི་ བཀྲོལ་ནས་བསྐྱབས་པ་རེད།
ཞིང་པས་བྱ་རྒོད་ལ་བྱིལ་བྱིལ་བྱེད་བཞིན། ད་ཕུར་ཅིག སླར་ཡང་རྒྱ་རྙིའི་ནང་དུ་མི་ཚུད་ པའི་ཡིད་གཟབ་བྱོས། ཞེས་བཤད་ནས་བྱ་ རྒོད་དེ་གློད།
བྱ་རྒོད་དེས་ཞིང་པས་བཤད་པའི་གཏམ་གོ་
རྟོགས་བྱུང་བ་ལྟར། མཁའ་དབྱིངས་སུ་ལྡིང་ སྐོར་ཡུན་རིང་བརྒྱབ་པ་དང་། དེ་རྗེས་སྐད་ ཐེ ང ས་གཉི ས ་བརྒྱབ་རྗེ ས ་གཞི ་ ནས་དལ་ པོར་འཕུར་སོང་།
ཞིང་པས་བྱ་རྒོད་ལ་ལག་གཡུག་བྱེད་བཞིན། བྱ་དེ་དེ་འདྲའི་སྤྱང་གྲུང་ལྡན་པ་ལ་ཨང་། ཞེས་ ཆིག་ལབ་བརྒྱབ།
ཞི ང ་པས་ལྕང་སྡོ ང ་འོ ག ་ཏུ་གུང་ཚི ག ས་ བཟས་རྗེས་ངལ་ཕྲན་བུ་གསོས།
དེ་ནས་མུ་མཐུད་ཞིང་ཁའི་ནང་དུ་ལས་ཀ་ བྱེད་པར་སོང་།
ཉི་མ་ལ་ལ་བཞུད་རྗེས། ཞིང་པས་གཞི་ནས་
རྐོ་མ་ཡུ་རིང་དང་། ཁུག་མ་འཁྱེར་ཏེ་ཁྱིམ་ དུ་ཕྱིར་ལོག
ཉིན་གང་ལས་ཀ་བྱས་སྟབས། ངལ་དུབ་ ཀྱིས་མ་བཟོད་པར། ལམ་བར་དུ་གྱང་གོག་
ཅིག་ཡོད་པ་མཐོང་བས། ཁོས་དེར་བསྙེས་ ཏེ་ངལ་ཞིག་གསོས།
སྐབས་དེར་གློ་བུར་དུ་མཁའ་དབྱིངས་ནས། བྱ་རྒོད་ཀྱིས་སྐད་སྒྲ་སྒྲོག་བཞིན་པ་ཐོས།
ཞིང་པས་མགོ་ཡར་བཀྱགས་ནས་ལྟ་སྐབས། རང་གིས་བསྐྱབས་པའི་བྱ་རྒོད་དེ་ཡིན་པ་
ངོ་ཤེས་ནས། རང་དབང་མེད་པར་འཛུམ་ མདངས་ཕྱུང་།
སྐབས་དེར་བྱ་རྒོད་མར་བབས་ནས། ཞིང་ པའི་ ཁུག་མ་དེ ་ འཕྲོགས་ཤི ང་། ཕྱོགས་སུ་འཕུར་ནས་སོང་།
མདུན་
ཞིང་པ་འདྲོགས་ནས་ལམ་སང་ཡར་ལངས་
ཏེ། བྱ་རྒོད་རྗེས་འདེད་གཏོང་བཞིན། ཝ་ཡེ། ཝ་ཡེ ། དྲི ན ་ལན་ལོ ག་འཇལ་བྱེད་མཁན་
ཁྱོད། ངའི་ཁུག་མ་ཚུར་སྤྲོད་ཅིག ཅེས་ཁ་ རྡུང་བཏང་།
བྱ་རྒོ ད ་ཀྱི ས ་ཡུད་ཙམ་འཕུར་ལྡིང་བྱས་ རྗེས། ཁུག་མ་མར་གཡུགས།
ཞིང་པས་ཁུག་མ་ཡར་སྒྲུག་བཞིན་དུ། འོ་ཙི། ངས་ཁྱོད་ཀྱི་སྲོག་བསྐྱབས་པ་དེ་ནི་ངལ་བ་ སྟོང་ཟད་རང་རེད་འདུག ཅེས་བཤད་པ་དང་
སྦྲགས། ཁ་ཕྱིར་འཁོར་ནས་རྐོ་མ་ཡུ་རིང་ ལེན་དུ་གྱང་གོག་སར་སོང་།
ཁོ ་ པ་གྱང་གོ ག ་ཡོ ད ་སར་སླེ བ ས་སྐབས། གྱང་གོ ག ་འགྱེལ་ཡོ ད ་པ་མཐོ ང ་ནས་ཧང་
སང་ཞིང་ཧོན་ཐོར་བ་དང་། གལ་ཏེ་ཁོ་པ་དེ་ གར་བསྡད་ཡོ ད ་ཚེ ་ཏན་ཏན་གྱང་གོག་གི ་ འོག་ཏུ་མནན་ཡོད་ངེས་སྙམ།
དེའི་རྗེས་ཞིང་པས་བྱ་རྒོད་ཀྱིས་དྲིན་ལན་ལོག་འཇལ་
བྱས་པ་མ་ཡིན་པར། དྲིན་གཟོ་བའི་ཕྱིར་རང་གི་སྲོག་ བསྐྱབས་པ་གཞི་ནས་ཤེས་པ་རེད།
གནའ་བོའི་མི་རྣམས་ཀྱིས། དྲིན་ཅན་ལ་དྲིན་ལན་
ལྡབ་འགྱུར་སློག་དགོས། ཟེར་བའི་དཔེ་ལྟར། བྱ་རིགས་ ཀྱིས ་ཀྱང་དྲིན ་ལན་འཇལ་ཤེས ་ན། མི་ ནི་ ཤོད་ག་ལ་ དགོས།
བཀའ་དྲིན་བསམ་ཤེས་ཐུབ་མཁན་ཞིག་ཡིན་ཕྱིན།
ཐབས་གང་ཡོ ང ་གི ས ་གཞན་གྱི་དྲི ན ་ལན་འཇལ་བར་ འབད་བརྩོན་བྱེད་ངེས་ཡིན།
གྲོགས་པོ་ཆུང་ཆུང་ཚོ།
རང་ལ་ཕན་ཐོགས་མཁན་གྱི་མི་
དང་། སྲོག་ཆགས་གང་ཡིན་རུང་ དེའི་བཀའ་དྲིན་རྩ་བ་ནས་བརྗེད་ མི་རུང་།