ང་ཟ་མ་འདི་ལ་དགའ་པོ་མེད།
རི་མོ་བ། མགོན་པོ་དོན་གྲུབ།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ཨ་མས་བུ་མོ་དབྱངས་སྒྲོན་ལ་ཟ་མ་སྤྲོད་སྐབས། དབྱངས་སྒྲོན་ཁོང་ཁྲོ་ཟ་ བཞིན། ང་ཀ་པེད་ཟ་ཡི་མིན། ང་དེ་ལ་དགའ་པོ་མེད། ངས་ནམ་ཡང་ཚལ་ འདི་ཟ་ཡི་མིན། ཞེས་ལབ། ཨ་མ་འུ་ཐུག་སྟེ། མོ་ལ་བལྟས་ནས་བསྡད།
ཨ་མས་དབྱངས་སྒྲོན་ལ། ཁྱོད་ལ་ཟ་རྒྱུ་གང་རག་པ་དེ་ཟ་ཤེས་དགོས། ཟ་
མ་འདི་གཟུགས་པོ་ལ་ཡག་པོ་ཡོད་རེད། ཕྲུ་གུ་མང་པོར་ཟ་རྒྱུ་མ་རག་པ་ དང་། ཟས་བཅུད་མ་འདང་བའི་ནད་ཕོག་གི་ཡོད། ཁྱོད་ལ་ཟ་རྒྱུ་ཡོད་སྐབས།
ཟ་མའི་རིན་ཐང་ཤེས་དགོས། ཞེས་ལབ། ཡིན་ན་ཡང་། དབྱངས་སྒྲོན་གྱིས་ ཨ་མའི་སྐད་ཆ་མ་ཉན་པར་ ཆ་ཚང་བཤད་མ་ཐུབ།
ངུས་པས། ཨ་མས་སྐད་ཆ་
དབྱངས་སྒྲོན་གྱིས། ང་རང་དགའ་བའི་ཟ་མ་རྣམས་ཁྱོད་ཀྱིས་མི་སྤྲོད་པ་གང་
ཡིན། ང་རང་ཀ་པེད་ལ་དགའ་པོ་མེད་པ་ཁྱེད་ཀྱིས་ཤེས་གསལ་རེད། ཚལ་ དེ་ཞིམ་པོ་མི་འདུག ཡིན་ན་ཡང་། ཁྱེད་ཀྱིས་ངས་ཞུས་པ་ལ་གསན་གྱི་མི་ འདུག ཅེས་ངུ་བཞིན་ཞུས་པས།
དབྱངས་སྒྲོན་གྱི་ཨ་མས། དེས་ན་འགྲིག་གི་རེད། ཁྱོད་ཀྱིས་གུང་ཚིགས་ལ་ ཟ་མ་གཞན་རྣམས་ཟོ། ཞེས་གསུངས། ཨ་མས་བུ་མོ་ལ་ཟ་མ་ཟ་རུ་འཇུག་ པའི་ཐབས་ཤེས་བྱས་ནས་ཐང་ཆད།
ཨ་མའི་སེམས་ནང་དེ་རིང་ཀ་པེད་དང་ཉ་ཤ་བཟོས་པ་ཡིན། མདང་དགོང་ལོ་འཁོར་
པད་ཚལ་བཟོས་པ་ཡིན། བདུན་ཕྲག་འདི་ལ་ཉ་ཤ་ཐེངས་གཉིས་བཟོས་པ་ཡིན། འོན་ ཀྱང་དེ་ཚོ་ཚང་མ་བུ་མོ་མི་དགའ་བའི་ཟས་ཤ་སྟག་རེད་འདུག་སྙམ།
ཨ་མས། དབྱངས་སྒྲོན་ལགས། ས་ཆ་ཁ་ཤས་ལ་ཕྲུ་གུ་མང་པོར་ཟ་རྒྱུ་མེད་
པར་མཚན་ལ་གྲོད་ཁོག་སྟོང་པ་ཉལ་གྱི་ཡོད། ཁྱོད་ཀྱིས་ཁ་ལག་འཕྲོ་བརླག་ གཏོང་མི་ཉན། ཞེས་ལབ། ཡིན་ན་ཡང་། མའི་སྐད་ཆ་དེའི་དོན་དག་གོ་མ་ཐུབ།
དབྱངས་སྒྲོན་གྱིས་ཨ་
ཨ་མས་དབྱངས་སྒྲོན་ལ་ཉ་ཤ་སྤྲད་པར། མོས་ང་ཉ་ཤ་དགའ་པོ་མེད་ཅེས་
ལབ་སྟེ་ངུས། འོན་ཀྱང་ཨ་མས་མོ་ལ་ཟ་དགོས་པའི་རྒྱུ་མཚན་བཤད་ནས་ ཐབས་ཤེས་བྱས་ཀྱང་ཨ་མའི་ཁ་ལ་མ་ཉན། ཨ་མས་མོ་ལ་ཨུ་ཚུགས་བརྒྱབ་ ཀྱང་། མོས་གཅིག་ཀྱང་མི་ཟ།
ཨ་མས་དུས་ཚོད་མང་ཆེ ་
བ་ཁང་པ་གསར་རྒྱག་ཆེ ད ་
གཏོང་གི་ཡོད། ཁང་པ་བརྒྱབ་ ཚར་བའི་རྗེས། རང་གི་བུ་མོ་ མཉམ་དུ་དུས་ཚོད་མང་ཙམ་
གཏོང་རྒྱུ་དང་། ད་ལྟ་དབྱངས་
སྒྲོ ན ་གྱི་ ཨ་ཕ་འཚོ ་ བཞུགས་ ཡོད་ན་ཅི་མ་རུང་སྙམ།
ཨ་མས་མོ་ཊའི་ལྡེ་མིག་འཁྱེར་ནས་ཕྱི་ལ་འགྲོ་རྩིས་བྱེད་སྐབས། དབྱངས་
སྒྲོན་རྒྱུགས་ཡོང་ནས། ཨ་མ། ཨ་མ། ང་མཉམ་དུ་ཡོང་ན་འགྲིག་གམ། སྐུ་ མཁྱེན། ཨ་མ་ལགས། དེ་རིང་ང་ལ་ནང་སྦྱོང་གཅིག་ཀྱང་མེད། ཅེས་ལབ།
ཨ་མས་མོ་ཊའི་སྒོ་ཕྱེས་ཏེ། ཤོག་་་ འགྲིག་གི་རེད། ཅེས་ལབ། མོ་དགའ་པོ་ ཞེ་དྲགས་བྱུང་།
ཅང་མ་འགོར་བར། ཁོ་ཚོ་ཁང་པ་རྒྱག་སའི་གྲོང་སྡེ་གསར་པ་དེར་འབྱོར། དབྱངས་སྒྲོན་མོ་ཊ་ནས་ཕྱི་ལ་ཐོན་པ་དང་། མོས་གཡས་གཡོན་དུ་ག་རེ་ ཡོད་མེད་ལྟ་རུ་ཕྱིན། ཨ་མ་མོའི་རྗེས་ལ་སླེབས།
དབྱངས་སྒྲོན་གྱིས་སྡོད་ཁང་གསར་པ་མཐོང་ནས་དགའ་ཐག་ཆོད། མོས་སྔ་
ས་ནས་རང་གི་ཉལ་ཁང་གི་བཟོ་ལྟ་ག་འདྲ་བཟོ་དགོས་མིན་བསམ་བློ་བཏང་ ཡོད་པ་མ་ཟད། དེའི་ཚོན་ཡང་རང་ཉིད་དགའ་ཤོས་ཀྱི་ཁ་དོག་ཟིང་སྐྱ་གཏོང་ འདོད་ཡོད།
ཨ་མས་འགན་ཁུར་བའི་མཉམ་དུ་གྲོས་སྡུར་བྱེད་སྐབས། དབྱངས་ སྒྲོན་གྱིས་གཡས་གཡོན་གྱི་ཨར་ལས་པ་ཚོར་བལྟས། ཨར་ལས་པ་ ཁ་ཤས་ཀྱིས་མོ་ལ་ཅེར་རེར་བལྟས།
ཟུར་ཞིག་ཏུ། ཨར་ལས་པ་ནང་མི་ཞིག་གིས་གུང་ཚིགས་ཟ་གྲབས་བྱེད་ བཞིན་ཡོད། ཁོ་ཚོས་སྨྱུག་གཟེབ་ཁ་ཕྱེ་བ་དང་། དབྱངས་སྒྲོན་གྱིས་དེར་ མིག་ཁྲ་ཧྲིག་གིར་བལྟས་ནས་བསྡད། ཁོ་ཚོས་སྨྱུག་གཟེབ་ནས་བག་ལེབ་ ཁ་ཤས་ཕྱི་ལ་བཏོན། ཁོ་ཚོ་ལ་བག་ལེབ་ཁ་ཤས་མ་གཏོགས་ཚལ་བཟའ་རྒྱུ་ མེད་ཀྱང་ཞིམ་མདོག་ཁ་པོས་བཟས།
ཁོ་ཚོ་ནང་མི་གསུམ་གྱིས་ཉི་མ་ཚ་པོའི་ནང་དུ་ལྷོད་ལྷོད་ངང་ གུང་ཚིགས་ཟ་བཞིན་བསྡད། ཁོ་ཚོས་བག་ལེབ་སྐམ་པོ་གཅིག་ པུ་ཟ་བཞི ན ་པའི ་ སྐབས་ཕྲུ་གུས་རྙོ ག ་དྲ་ཅི ་ ཡང་མ་བཤད་པ་ དབྱངས་སྒྲོན་གྱིས་མཐོང་།
སྐབས་དེར་མོའི་སེམས་ནང་། ངས་ཁྱིམ་དུ་ཀ་པེད་སོགས་ཚལ་རིགས་ལ་ དགའ་པོ་མ་བྱས་པ་དང་། མི་དེ་ཚོས་ཉི་མའི་ཚ་གདུག་གི་འོག་ཏུ་ཉིན་གང་
པོར་ཨར་འདམ་བསྲེས་པ་དང་། སོ་ཕག་བརྩིགས་པ་སོགས་ལས་ཀ་ཧུར་ ཐག་བྱས་ཀྱང་།
ཁོ ་ ཚོ ་ ལ ་ བ ག ་ ལེ བ ་ སྐམ་པོ་ཞིག་ལས་མེད།
དེ འ ང ་ ཞི མ ་ མ དོ ག ་ ཁ་པོ ་ ངང་ནས་ཟ་ཡི ་ འདུག་བསམས།
དེ་ནས་དབྱངས་སྒྲོན་གྱིས་ཁ་ལག་འཕྲོ་བརླག་གཏོང་མི་ཉན་པ་དང་། རང་
ཉིད་ཀྱི་སྤྱོད་པ་ཡག་པོ་བྱེད་དགོས་པ་ཤེས། ཁྱིམ་ལ་ལོག་སྐབས་དབྱངས་ སྒྲོན་ཁུ་སིམ་མེར་སྡོད་པ་དང་། མོས་ཨར་ལས་པའི་ནང་མི་ཚོས་བག་ལེབ་
སྐམ་པོ་ཟ་བཞིན་པ་སེམས་ལ་ཡང་ཡང་འཁོར། ཨ་མས་མོ་ལ་བརྩེ་བའི་
ངང་ནས། དཀའ་ལས་ཁག་སོང་ངམ། ཞེས་དྲིས་པ་དང་། དགོང་ཟས་སྔ་པོ་ བཟས་ནས་ཉོལ། ཞེས་ལབ།
དགོང་མོ་དེར་ཉ་ཤ་བཟོས་ཡོད་པ་དང་། ཨ་མའི་སེམས་ནང་བུ་མོས་ཁ་
ལག་མི་ཟ་ཟེར་ནས་རྙོག་དྲ་ཤོད་ཀྱི་རེད་དྲན། ཡིན་ན་ཡང་། མོས་རྙོག་དྲ་ གང་ཡང་མ་བཤད་པས། ཨ་མས་དེ་རིང་ འདུག་བསམས་པ་རེད།
བུ་མོ་ཧ་ཅང་ཐང་ཆད་
ཁོ་ཚོས་ཁ་ལག་ཟ་གྲབས་བྱེད་སྐབས། ཨ་མས་མ་བྱན་ལ། བུ་མོའི་ཆེད་དུ་
སྒོ་ང་ཞིག་བཟོས་ཤོག ཅེས་ལབ། བུ་མོས། ཨ་མ། ང་ལ་སྒོ་ང་མི་དགོས། ངས་ཉ་ཤ་ཟ་ཡི་ཡིན་ཞེས་ལབ།
ཨ་མ་ཡི ད ་མ་ཆེ ས ་པར་བུ་མོ ་ ལ། ཁྱོ ད ་རང་ཉ་ཤ་ལ་དགའ་ཡི ་ མ་རེ ད ་ བསམས་སོང་། ཞེས་ལབ།
དབྱངས་སྒྲོན་གྱིས། ང་རང་དགའ་པོ་མེད། ཡིན་ན་ཡང་། ངས་ཟ་མ་གང་ ཡིན་ཡང་ཟ་དགོས་པ་ཤེས་སོང་། རྗེས་མ་ཀ་པེད་ཚལ་བཟོས་ནའང་ངས་ ཟ་ཡི་ཡིན། ང་ལ་ཟས་རིགས་འདྲ་མིན་མང་པོ་ཟ་རྒྱུ་འདུག ང་བསོད་ནམས་ ཆེན་པོ་རེད། མི་ཁ་ཤས་ལ་བག་ལེབ་སྐམ་པོ་མ་གཏོགས་ཟ་རྒྱུ་མི་འདུག ཅེས་བཤད།
ཨ་མ་ཧང་སང་ནས་ཁ་ནས་ཚིག་གཅིག་ཀྱང་མ་ཐོན་པར་མོ་ལ་འཐམས།
དབྱངས་སྒྲོན་གྱིས་ཉིན་གུང་མཐོང་བའི་གནས་ཚུལ་རྣམས་སེམས་ལ་ཡང་ ཡང་དྲན།