ཤེེས་བྱའིི་བང་མཛོོད་ བོོད་རྒྱལ་ལོོ། ༢༡༥༡
ཕྱིི་ལོོ་ ༢༠༢༤
༄༅། །ཡུལ་གྱར་གྱིི་མིི་ཚེེ། །
ཆོས་ཉིད་སྒྲོལ་མས་བརྩམས།
གསལ་སྒྲོོན་གྱིིས་དུས་རྒྱུན་བསྟན་སྒྲོོལ་ལ་རྔན་པ་ཞིིམ་པ་དང་གོོས་ གང་ཡོོད་རྣམས་ཕངས་སེེམས་མེེད་པར་མཉམ་སྤྱོོད་བྱེེད་ཀྱིི་ཡོོད་ ལ། མོོར་དཀའ་ངལ་ག་དུས་འཕྲད་ཀྱང་སྤུན་མཆེེད་ལྟར་རོོགས་ རམ་གང་ཐུབ་བྱེེད་ཀྱིི་ཡོོད།
ཁྱིིམ་ཚང་གིི་ཕྲུ་གུ་ཕལ་ཆེེ་བར་རང་ཉིིད་ཀྱིི་ཕ་མ་དང་ལྷན་དུ་བདེེ་ སྡུག་གླེེང་རྒྱུའིི་གོོ་སྐབས་ཡོོད་ནའང་། བསྟན་སྒྲོོལ་དང་འདྲ་བའིི་ བོོད་ནས་གསར་དུ་འབྱོོར་བའིི་ཕྲུ་གུ་རྣམས་ལ་དེེ་ལྟའིི་གོོ་སྐབས་
མེེད་པས། ཁོོ་ཚོོར་ཁ་པར་འབྱོོར་སྐབས་བསྟན་སྒྲོོལ་གྱིིས་ཐབས་
ཤེེས་སྣ་ཚོོགས་ཀྱིིས་དེེ་ལས་གཡོོལ་ཏེེ་ཐག་རྒྱང་ཙམ་འགྲོོ་ཐབས་ བྱེེད་ཀྱིི་ཡོོད།
བསྟན་སྒྲོོལ་དང་རོོགས་པ་འགའ་ཤས་ཀྱིིས་སེེམས་པ་གཡེེང་ཐབས་ སུ་འཁྱམས་རའིི་ནང་རྩེེད་མོོ་རྩེེ་འགོོ་བཙུགས། ག་ལེེར་ཕྲུ་གུ་མང་ པོོ་འཛོོམས་ནས་ཉིིན་ཕྱེེད་དེེ་དགའ་སྤྲོོའི་ི ངང་འདས།
ཤོོག་ངོོས་ ༤ པར་གཟིིགས།
ཤེེས་ཡོོན་ལྷན་ཚོོགས་ཡིིག་ཚང་ནས་རྩོོམ་སྒྲིིག་དང་པར་སྐྲུན་ཞུས།
སྤྱིིའིི་འདོོན་ཐེེངས། ༢༣༠ ཧིིན་སྒོོར། ༨
༄༅། །བཙན་བྱོོལ་ནང་གིི་བོོད་སློོབ། །
མ་སུ་རི་བོད་ཁྱིམ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་ནི། རྒྱ་གར་བྱང་ཕྱོགས་ཨུཏཱར་ ཁཱནཌ་མངའ་སྡེའི་སྡེ་ར་ལྡུན་གྲོང་ཁྱེར་ཉེ་ཁུལ་གྱི་མ་སུ་རི་ཞེས་པའི་རི་ གྲོང་དུ་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ནང་ བཙན་བྱོལ་དུ་འབྱོར་རྗེས། ཉག་ཕྲ་བའི་དུས་སྐབས་དེར་བོད་མི་རིགས་ ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག གོམས་གཤིས་སོགས་ཐུན་ མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་སླད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ རང་གི་རིག་གཞུང་སྲུང་སྐྱོབ་དང་རང་ཡུལ་རང་དབང་ལ་ཉེ་བར་མཁོ་ བ་ཤེས་ཡོན་ཡིན་པ་རྗེན་གཟིགས་ཀྱིས་ཕྱི་ལོ་ ༡༩༦༠ ཟླ་ ༣ པར་མ་ སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མར་དབུ་འཛུགས་ཐོག རྒྱ་ གར་དབུས་གཞུང་ལ་འབོད་སྐུལ་གྱིས་བོད་མིའི་སྡོད་སྒར་ཁག་ཏུ་བོད་ རིགས་སློབ་གྲྭ་ཟུར་འཛུགས་གནང་རྒྱུའི་ལམ་སྟོན་དང་ཐུགས་འཁུར་ བླ་མེད་འོག དྷ་རམ་ས་ལ་དང་སིམ་ ལ། ཌལ་ཧོར། རྡོར་གླིང་བཅས་སུ་ སློབ་གྲྭ་གསར་འཛུགས་ཀྱིས་བོད་ ཕྲུག་རྣམས་དེང་དུས་ཀྱི་སློབ་སྦྱོང་ ཐོབ་པའི་སྐལ་བ་ལྡན་ཡོད། ཡིན་ ནའང༌། དྷ་ས་དང་མ་སུ་རི་བཅས་ སུ་བུ་ཕྲུག་གི་གྲངས་འབོར་ཆེས་ མང་ཞིང་སློབ་གྲྭའི་མཐུན་རྐྱེན་ཞན་ པས་ལྕོགས་ཐབས་མེད་པར་བརྟེན། ལྷ་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མ་ དམ་པ་དེ་ཉིད་ལ་སློབ་ཕྲུག་སྡོད་ ཁང་གསར་འཛུགས་ཀྱི ་ ཐུགས་ འགན་བཞེས་དགོས་པའི་ཕྱག་རྟགས་ཕེབས་པ་དང་ཆབས་ཅིག་ྋགོང་ ས་མཆོག་སྐུ་སྒེར་ནས་ཧིན་སྒོར་ ༦༨༧༣༦ གསོལ་སྩལ་གནང་བར་ བརྟེན། ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༧ ཉིན་ཁྱིམ་ཚང་གསུམ་གྱི་ས་ ཁང་གསར་གཟིགས་ཐོག་ཁྱིམ་ཚང་དང་པོའི་ཕ་མར་གདན་གཉེར་ཚང་ ཐུབ་བསྟན་དོན་གྲུབ་དང་བཀྲ་ཤིས་གཡང་འཛོམས། ཁྱིམ་ཚང་གཉིས་ པའི་ཕ་ཚབ་བློ་བཟང་ཕུན་ཚོགས་དང་ངག་དབང་འབྱུང་གནས། ཁྱིམ་ ཚང་གསུམ་པའི་ཕ་མར་བསོད་ནམས་རབ་བརྟན་དང་ཚེ་རིང་འཛོམས་པ་ བཅས་བསྐོ་གཞག་གིས་བོད་རིགས་དྭ་ཕྲུག་ཉམ་ཐག་ ༦༨ ལ་གཟིགས་ སྐྱོང་གནང་འགོ་བཙུགས། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༢ ཉིན་བོད་ ཕྲུག་ཁྱིམ་སྡེ་ཚོགས་པ་འདི་བཞིན་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་ སྐྱེལ་ཞུས་ཐོབ་བྱུང་སྟེ་ཚོགས་པ་འདི་ཉིད་དངོས་སུ་དབུ་བརྙེས། སྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་པའི་འགན་འཛིན་ ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་བཞེས་གནང་བ་དང༌། བློན་ཆེན་ ལྕམ་སྐུ་ཨིན་དྷི་ར་གྷན་དྷི་དང༌། སྐབས་དེའི་རྒྱ་གར་ཕྱི་སྲིད་བློན་ཆེན་ ལྕམ་སྐུ་ལཱག་ཤཱི་མཱི་ནོན། ཡུ་པིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ སུཇཱིཏཱ་ཀཱིར་པཱ་ལཱནི། ཡབ་གཞིས་ལྕམ་སྐུ་ཚེ་རིང་སྒྲོལ་མ། ལྕམ་སྐུ་ཕྲེང་ རིང་རིན་ཆེན་སྒྲོལ་མ། ཡབ་ཚང་ལྕམ་སྐུ་བདེ་ཆེན་སྒྲོལ་མ་བཅས་ནས་ ཚོགས་མིའི་མཚན་བཞེས་གནང་ཐོག་ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་བ་བཅས། བོད་ཕྲུག་ཁྱིམ་སྡེ་ཚོགས་པ་དངོས་སུ་དབུ་བརྙེས་པར་ངོས་འཛིན་ཐོབ་པ་ ནས་ད་ཡོད་གཞི་རྒྱ་ཆེ་བའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྒྲིག་འཛུགས་ འདི་དངོས་སུ་དབུ་བརྙེས། སྐབས་དེར་སློབ་ཕྲུག་རྣམས་མ་སུ་རི་གཏན་
བྲག་གསུམ་མཚོོ།
སློབ་ནང་ཉིན་སློབ་ཀྱི་ངོ་བོར་བཏང་བ་དང་། ལོ་དེར་བཞུགས་སྒར་རྡ་ས་ ནས་རང་རིགས་དྭ་ཕྲུག་ཁག་གཅིག་འབྱོར་བར་སྡོད་གནས་ཆེད་ཁྱིམ་ ཚང་ཁག་ ༥ གསར་གཟིགས་ཐོག་ཕྲུ་གུ་ཚོའི་འཕྲོད་བསྟེན་ཆེད་སྨན་ ཁང་ཆུང་ཆུང་ཞིག་ཀྱང་གསར་འཛུགས་གནང་། ཕྱི་ལོ་ ༡༩༦༤ དགེ་ རྒན་གཅིག་བསྐོ་གཞག་གིས་ལག་ཤེས་ཚེམ་བུའི་སྡེ་ཚན་ཞིག་གསར་ འཛུགས་དང༌། ལོ་དེའི་ཟླ་ ༡༠ ཚེས་ ༡༩ ཉིན་ཐོག་མར་དགེ་རྒན་ ༣ བསྐོ་གཞག་གནང་ཐོག བོད་ཁྱིམ་ནས་ཉིན་སློབ་ཏུ་བསྐྱོད་བཞིན་པའི་ སློབ་ཕྲུག་ཁོངས་བློ་རིག་བཟང་བ་ ༢༥ དྲག་འདེམས་ཀྱིས་སློབ་གྲྭ་ ཆུང་ཆུང་ཞིག་དབུ་འཛུགས་གནང་བ་ནི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ ཐོག་མའི་རྣམ་པ་དེ་ཡིན། ཕྱིི་ལོོ་ ༡༩༦༤ ལོོར་མ་སུ་རིིར་བཙན་བྱོོལ་ནང་གིི་དགོོན་པ་ དང་པོོ་བཤད་སྒྲུབ་ཆོོས་འཕེེལ་གླིིང་དང༌། བོོད་ཕྲུག་ཁྱིིམ་སྡེེའིི་ཡིིག་ཚང་། སྔར་ཡོོད་ཁྱིིམ་ཚང་སྟེེང་ཁྱིིམ་ཚང་ ༡༢ གསར་འཛུགས་གནང༌། སྐབས་ དེེར་ཕྲུ་གུ་ཚོོའིི་དགུན་དུས་གྱོོན་ཆས་ ཆེེད་ཁྱིིམ་ཚང་ཕ་མ་ཚོོར་སྦ་ལན་ བསླ་རྒྱུའིི་སློོབ་སྦྱོོང་སྤྲད་དེེ་ཐོོན་ སྐྱེེད་རང་གསོོ་ཐུབ་པ་བྱས། ལོོ་ དེེར་སློོབ་ཕྲུག་གྲངས་འབོོར་རིིམ་ འཕར་དབང་གིིས་སླར་ཡང་ཁྱིིམ་ ཚང་ཁག་ ༥ གསར་བཞེེངས་ གནང༌། ཕྱིི་ལོོ་ ༡༩༦༥ ལོོ་ནས་ ༸རྒྱལ་བའིི་བཀའ་དགོོངས་ལྟར་ བྱིིས ་པ་ཚོོ་ གཅིིག ་པུ་མ་ཡིིན ་ པར་རང་རིིགས་བཙན་བྱོོལ་ནང་ སྤུན་ཉེེ་བུ་ཕྲུག་ལྟ་སྐྱོོང་བྱེེད་མིི་མེེད་ པར་གཟིིགས་སྐྱོོང་གནང་རྒྱུ་ཡང་ གལ་ཆེེར་དགོོངས་བཞེེས་ཀྱིིས་རྒས་གཅོོང་ཉམ་ཐག་བཟའ་མིི་ ༤ ལ་ སྡོོད་ཁང་གསར་རྒྱག་གནང༌། ཕྱིི་ལོོ་ ༡༩༦༧ ལོོར་སློོབ་ཕྲུག་གྲངས་ འབོོར་ལ་གཞིིགས་ཏེེ་ཁྱིིམ་ཚང་ ༥ གསར་རྒྱག་དང༌། ཕྱིི་ལོོ་ ༡༩༦༩ ལོོར་ས་གནས་སུ་གྲོོ་ཞིིབ་དུས་ཐོོག་ཐོོབ་མིིན་དཀའ་ངལ་ཡོོད་མུས་ ལ་སོོང་སློོབ་ཕྲུག་ཚོོའིི་ཆེེད་གྲོོ་ཞིིབ་འཐག་ལས་ཁང་ཞིིག་དང༌། ཕྱིི་ལོོ་ ༡༩༧༠ ལོོར་བོོད་ཕྲུག་ཚོོར་ལས་རིིག་སྦྱོོང་བརྡར་ཆེེད་སྲོོལ་རྒྱུན་རིི་ མོོའི་ི སྡེེ་ཚན་ཞིིག་གསར་འཛུགས་གནང༌། ཕྱིི་ལོོ་ ༡༩༧༡ ལོོར་བོོད་ ཁྱིིམ་གྱིི་སློོབ་ཕྲུག་མ་སུ་རིི་གཏན་སློོབ་ཏུ་ཉིིན་སློོབ་བསྐྱོོད་མཁན་སློོབ་ མ་ ༢ ཐོོག་མར་གཞིི་རིིམ་སློོབ་གྲྭ་ནས་སློོབ་མཐར་ཕྱིིན། ལོོ་དེེར་རྡ་ས་ བོོད་ཁྱིིམ་དུ་ལམ་བཟོོ་བའིི་བོོད་ཕྲུག་ཁྱོོན་ཆེེ་སླེེབས་སྟབས། བོོད་ཁྱིིམ་ ནས་མཐུན་འགྱུར་རོོགས་རམ་དགོོས་གལ་ལ་བརྟེེན་ཁྱིིམ་ཚང་བདུན་ གསར་རྒྱག་གིི་རོོགས་སྐྱོོར་གནང༌། ཕྱིི་ལོོ་ ༡༩༧༥ ལོོར་དྲུང་ཆེེ་ཕྲེེང་ རིིང་རིིན་ཆེེན་སྒྲོོལ་མ་ལགས་བགྲེེས་ཡོོལ་ཕེེབས་ཚབ་ཕྱག་མཛོོད་ཚང་ སྲས་མོོ་མཁའ་འགྲོོ་མཆོོག་བསྐོོ་གཞག་གནང་བ་བཞིིན་ཐུགས་འགན་ བཞེེས། མདོོར་ན་དེེང་སྐབས་མ་སུ་རིི་བོོད་ཕྲུག་ཁྱིིམ་སྡེེ་འདིིར་ཁྱིིམ་ ཚང་ཆེེ་བ་གྲངས་ ༢༢ དང༌། ཨེེས་ཨོོ་ཨེེསེེ་ཁྱིིམ་ཚང་ཆུང་བ་གྲངས་ ༡༡ བུ་དང་བུ་མོོའི་ི ཉལ་ཁང་ཆེེ་བ་ཁག་ ༢ ལག་ཤེེས་སློོབ་གཉེེར་ཁང་ ༡ རྒན་གསོོ་ཁང་ ༡ བཅས་ཡོོད། གཞན་ཡང་རྒྱ་གར་མཐོོ་སློོབ་ཁག་ནང་ སློོབ་གཉེེར་བྱེེད་མཁན་སློོབ་ཕྲུག་ ༡༥༥ ལྷག་ལ་ཟས་སྡོོད་སློོབ་ཡོོན་ སྤྲོོད་བཞིིན་ཡོོད། ད་བར་མ་སུ་རིི་བོོད་ཁྱིིམ་སློོབ་གྲྭ་ནས་འཛིིན་རིིམ་བཅུ་ གཉིིས་སློོབ་མཐར་སོོན་པའིི་སློོབ་མའིི་གྲངས་འབོོར་ནིི་ ༣༢༠༠ ཡིིན། མ་ ཟད་སློོབ་གྲྭ་འདིིར་ཡན་ལག་སློོབ་གྲྭ་ཁག་གསུམ་ཡོོད་པ་སྟེེ། ར་ཇཱཱ་པུར་ བོོད་ཁྱིིམ། གྷོོར་མ་ཧྥིི་བོོད་ཁྱིིམ། བདེེ་སྐྱིིད་གླིིང་བོོད་ཁྱིིམ་བཅས་སོོ། །
༢
ཕ་ཡུལ་ཤེེས་བྱའིི་བང་མཛོོད།
མགོོ་རྙོོག
ལྷུག་རྩོོམ།
དཔེེ་དེེབ་ཀྱིི་རིིན་ཐང།
ཆོོས་ཉིིད་སྒྲོོལ་མས་སྒྱུར་སྒྲིིག་ཞུས།
༡༢༤) ཁྱིི་ཨ་མ་ཞིིག་གིིས་ཕྲུ་གུ་མང་པོོ་སྐྱེེ་དུས་སྐད་གང་ བསྟན་འཛིིན་ཉིི་སྒྲོོན། ལོོ་རིིམ་བཅུ་པ། སེེ་ལ་ཀུའིི་བོོད་ཁྱིིམ། རྒྱག་གིི་རེེད་དམ།
༡༢༥) སོོ་དང་ཤིིང་སྡོོང་། སྐྲ་བཅས་ལ་འདྲ་བའིི་ཆ་གཅིིག་ ཡོོད་པ་དེེ་གང་རེེད་དམ།
༡༢༦) ང་ནིི་བྱ་སྒྲོོ་ལས་ཀྱང་ཡང་བ་ཡོོད། འོོན་ཀྱང་འཛམ་ གླིིང་སྟེེང་གིི་མིི་སྟོོབས་ཤུགས་ཆེེ་ཤོོས་དེེས་ཀྱང་སྐར་ མ་ལྔ་ལས་ལྷག་པ་ཉར་ཐུབ་ཀྱིི་མ་རེེད། བྱས་ན་ང་ སུ་རེེད་དམ།
༡༢༧) ལོོ་གཅིིག་གིི་ནང་མིི་ཞིིག་གིིས་སྐད་ཆ་ཉུང་ཤོོས་ ཤོོད་པའིི་ཉིིན་དེེ་ག་དུས་རེེད་དམ།
༡༢༨) ཤ་ཁྲ་སྐེེ་རིིང་ལ་སེེམས་ཅན་གཞན་ལ་མེེད་པ་གང་ ཞིིག་ཡོོད་དམ།
༡༢༩) ངང་ལག་གིི་པགས་པས་བཟོོས་པའིི་ལྷམ་གང་ རེེད་དམ།
༡༣༠) ཁྱེེད་རང་གིི་དངུལ་ལྡབ་གཅིིག་གིིས་མང་དུ་གཏོོང་ ཐབས་གང་འདྲ་རེེད་དམ།
༡༣༡) ཨ་རིིའིི་ནང་དུ་ཡོོད་པའིི་རང་དབང་ལྷ་མོོ་ག་རེེ་ བྱས་ནས་ལངས་ཏེེ་སྡོོད་ཀྱིི་ཡོོད་དམ།
༡༣༢) ཤ་ཁྲ་སྐེེ་རིིང་ལ་སྐེེ་རིིང་པོོ་དེེ་འདྲ་ག་རེེ་བྱས་ནས་ ཡོོད་པ་རེེད།
༡༣༣) ང་རྟག་ཏུ་ཁྱེེད་ཀྱིི་མདུན་དུ་ཡོོད་ཀྱང་མཐོོང་ཐུབ་ ཀྱིི་མེེད། བྱས་ན་ང་སུ་རེེད་དམ།
༡༣༤) ཁྱེེད་རང་མ་ཉལ་གོོང་ལས་ཀ་མཐའ་མ་དེེ་ག་རེེ་ བྱེེད་ཀྱིི་རེེད་དམ།
༡༣༥) མིི་གསོོན་པོོར་གནས་པ་ཚང་མ་གསོོན་པ་གང་
ཞིིག ནམ་ཡང་རང་འཇགས་མཐོོང་མ་ཐུབ་པ་དེེ་ག་
དུས་རེེད་དམ།
༡༣༦) གལ་ཏེེ་ཁྱེེད་ཀྱིི་ཨ་ཞང་གིི་གཅུང་མོོ་ཁྱེེད་ཀྱིི་སྲུ་མོོ་ མིིན་ན། ཁོོ་མོོ་ཁྱེེད་དང་འབྲེེལ་བ་གང་ཞིིག་ཡོོད་དམ།
༡༣༧) འཛམ་གླིིང་ནང་གིི་ཟམ་པ་ཆུང་ཤོོས་དེེ་གང་རེེད་ དམ།
༡༣༨) ཁྱེེད་ཀྱིིས་བདེེ་སྐྱིིད་རྟག་ཏུ་གང་ནས་མཐོོང་ཐུབ་ ཀྱིི་རེེད་དམ།
ཕ་ཡུལ་འདོོན་ཐེེངས་ ༢༢༩ ཡིི་གབ་ལན།
༡༡༣) རྒྱུ་མཚན་ནིི་དེེ་ཉིིན་ཁོོ་རང་ལོོ་བཅུ་གཅིིག་གིི་
སྐྱེེས་སྐར་རེེད། ༡༡༤) མོོ་ཊའིི་སྒོོ། ༡༡༥) རྒྱུ་མཚན་
དཔེ་དེབ་ཟེར་བའི་དངོས་པོ་ཆུང་ཆུང་དེའི་རིན་ཐང་ནི་རྒྱ་མཚོ་ལྟར་ བསམ་གྱིས་མི་ཁྱབ། ཉིན་ལྟར་དཔེ་དེབ་ཀློག་མཁན་ཞིག་ལ་ཆ་ མཚོན་ན། རང་ཉིད་ཀྱི་བསམ་བློའི་གནས་ཚད་ཕྱུག་པོ་ཆགས་ པ་དང་ཐ་སྙད་གསར་པ་མང་པོ་ཞིག་ཤེས་འགྲོ་ཡི་ཡོད། གལ་ཏེ་ ང་ཚོས་སྐྱེ་བོ་དམ་པ་ཞིག་མཇལ་འདོད་ན། དམ་པ་དེ་ཉིད་ཀྱིས་ བརྩམས་གནང་བའི་དཔེ་དེབ་མཇལ་དགོས་པ་ཡིན། སྐྱེ་བོ་དམ་ པ་དེས་བྲིས་གནང་བའི་དཔེ་དེབ་ཁག་བཀླགས་པ་ན། དམ་པ་དེ་ མཇལ་བའི་ཐབས་ལམ་ཡག་ཤོས་ཡིན་ལ། དངོས་སུ་ཞལ་མཇལ་ བ་ལས་ཀྱང་ལྷག་པ་ཡིན། གང་ཡིན་ཟེར་ན། དམ་པ་དེ་དག་གིས་སྐུ་ ཚེ་ཧྲིལ་པོ་སྐུ་ལས་འདྲ་མིན་བསྐྱོན་ཏེ། རྣམ་དཔྱོད་ཀྱི་རྩལ་ཡོངས་ སུ་རྫོགས་པ་རང་ཉིད་ཀྱི་དཔེ་དེབ་ཀྱི་ནང་འགྲོ་བ་མི་གཞན་གྱི་ཆེད་ དུ་འབྲི་འགོད་གནང་གི་ཡོད། གུས་མོར་ཆ་བཞག་པ་ཡིན་ན། དཔེ་དེབ་ནི་སྲོག་ལྡན་གྱི་ གྲོགས་མོ་ལྟར་བརྩི་ཡི་ཡོད། དངོས་པོ་ཆུང་ངུ་དེས་གུས་མོར་ཕན་ གནོད་གཉིས་ལས། ཕན་པ་ཁོ་ན་ལས་གནོད་འཚེ་གཏན་ནས་ སྐྱེལ་གྱི་མེད་ལ། ད་དུང་བདག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་ དུ་རོགས་རམ་ཁོ་ན་བྱེད་ཀྱི་ཡོད། གལ་སྲིད་རང་ཉིད་ཀྱིས་དཔེ་དེབ་ ཀྱི་རིན་ཐང་ཤེས་པ་དང་། ཉིན་རེར་རང་ཉིད་ཀྱིས་དུས་ཚོད་བཏོན་ ནས་དཔེ་དེབ་བཀླགས་ན། ཕྱིས་འབྱུང་ཤེས་ཡོན་ཕུན་སུམ་ཚོགས་ པའི་མི་ཞིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མེད། དཔེ་དེབ་ཇི་ཙམ་ཀློག་པ་ དེ་ཙམ་གྱིས་རང་ཉིད་ཀྱི་ཤེས་བྱའི་གནས་ཡར་རྒྱས་འགྲོ་བ་ཙམ་དུ་ མ་ཟད། སྤྱི་ཚོགས་ཀྱི་འགྲོ་སྟངས་ཇི་བཞིན་ཤེས་རྟོགས་ཡོང་ངེས་ ཡིན། ཉིན་རེར་ང་ཚོས་དཔེ་དེབ་ཀློག་དུས་བསམ་བློ་རྩེ་གཅིག་དུ་ འགྲིམས་ནས་བཀླགས་ན། རང་ཉིད་ཀྱི་ཀློག་རྩལ་མྱུར་དུ་འགྲོ་བ་ དང་དཔེ་དེབ་ཀློག་རྒྱུར་སྤྲོ་སྣང་ཆེ་རུ་ཆེ་རུ་འགྲོ་བ་ཡིན། མཐའ་དོན་དུ་ང་རང་གི་ཉམས་མྱོང་དང་འབྲེལ་ནས་བཤད་པ་ཡིན་ ན། དཔེ་དེབ་ཀློག་དུས་ཚིག་དོན་ཁག་པོ་རྣམས་དག་ཡིག་གསར་ བསྒྲིགས་སམ་ཡང་ན་སྨོན་ལམ་ཚིག་མཛོད་ནང་ཡང་ནས་ཡང་ དུ་ལྟ་ཐུབ་ན་དཔེ་དེབ་གོ་བ་ལེན་རྒྱུ་དང་མིང་ཚིག་ཕྱུག་པོ་ཆགས་ པར་ཕན་ཐོགས་ཧ་ཅང་ཆེ། བོད་ཀྱི་སྐད་ཡིག
བསྟན་འཛིན་བཀྲ་ཤིས་ལྡིང་བཟང་། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། འཛིན་རིམ་བཅུ་པ།
གཉིིད་སྨན་སྤྲོོད་རྒྱུ་བརྗེེད་པ།
སེ་ལ་ཀུའི་བོད་ཁྱིམ་དུ་ཚ་གདུང་ཆེ་བའི་དབྱར་དུས་ཀྱི་ཉིན་ཞིག་ གི་བོད་ཡིག་ཚོགས་ཐེངས་སྐབས། ང་ཚོའི་བོད་ཡིག་རྒན་ལགས་ ཀྱིས་མཆན་འོག་ཏུ་དཔེ་དེབ་ཅིག་འཁྱེར་ཏེ་འཛིན་གྲྭའི་ནང་དུ་ སླེབས། དེ་ནས་ལག་ཟུང་དུ་ས་སྨྱུག་ཅིག་བཟུང་སྟེ་ལྗང་དཔང་སྟེང་ ལག་པ་འགུལ་འགོ་བརྩམས། རྒན་ལགས་ཀྱིས་ཡིག་གཟུགས་ ཡར་རྒྱས་གཏོང་ཆེད་ལྗང་དཔང་སྟེང་ཚིགས་བཅད་ཅིག་བྲིས་ སོང་བས། ངས་ཀྱང་དཀར་གཙང་ཤོག་བུ་ཞིག་གི་སྟེང་དུ་སྨྱུ་གུ་ བཟུང་སྟེ་ལག་པ་འགུལ་འགོ་བརྩམས་པ་ཡིན། དུས་ཡུན་རིང་ པོ་མ་འགོར་བར་ངས་ཡིག་གཟུགས་ལེགས་པོས་དཀར་མཛེས་ ཨ་ཡིག་ལས་འཁྲུངས་ཤེས་བློའི་གཏེར། །ཞེས་པའི་ཚིགས་བཅད་ བྲིས་ཟིན་པ་ཡིན། འོན་ཀྱང་ངས་གཡས་གཡོན་དུ་བལྟས་པ་ན་ངའི་ འཛིན་གྲོགས་རེ་ཟུང་མ་གཏོགས་གཞན་ཆ་ཚང་མགོ་སྒུར་ནས་ འབྲི་བཞིན་འདུག དེའི་རྗེས་སུ་རྒན་ལགས་ཀྱིས་སློབ་ཕྲུག་གི་ཀློག་ རྩལ་ཚོད་ལྟའི་ཆེད། སློབ་དེབ་ཀྱི་དུམ་མཚམས་འགའ་སློབ་ཕྲུག་ རེ་རེར་བང་རིམ་བྱས་ཏེ་ཀློག་ཏུ་བཅུག དེ་ལ་ཡང་སློབ་ཕྲུག་རེ་ ཟུང་གིས་ཁ་བརྡར་ནས་གསལ་ལ་མི་བསལ་ཞིག་ཀློག་པ་དང་། ལ་ལས་ཟློས་སྐྱོར་ལན་མང་བྱས། ལ་ལས་གཅོད་མཚམས་ནོར་ བ་སོགས་མང་། སྐབས་དེར་ངས་དེང་དུས་ཀྱི་བོད་ཕྲུག་ན་གཞོན་ ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བཅང་བའི་དུང་བ་ཇི་ཙམ་ ཡོད་མེད་གསལ་པོ་ཤེས། བོད་ཀྱི་བདག་པོ་བོད་མི་ཡིན་སྟབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སྤྲད་བྱེད་རྒྱུ་ནི་ང་ཚོའི་ འོས་འགན་ཉག་ཅིག་ཆགས་ཡོད། ངའི་བསམ་པར་དེ་ལྟར་ཡོང་ བར་ཐོག་མར་སློབ་ཕྲུག་ཚོའི་ཁྱིམ་ཚང་སློབ་གསོ་ནས་འགོ་འཛུགས་ དགོས་པ་ཞིག་ཡིན། དཔེར་ན། ཕ་མས་ཁྱིམ་དུ་སྐད་ཡིག་ར་མ་ ལུག་ལ་སོགས་མ་སྤྱད་པར་བོད་སྐད་གཙང་མ་རྒྱག་རྒྱུ་དང་། བོད་པའི་གསར་འགྱུར་ལྟ་ཉན་བྱེད་པ་སོགས་ཆུང་ཚགས་ནས་དོ་ སྣང་བྱེད་དགོས། དེ་བཞིན་འཛིན་གྲྭའི་ནང་བོད་ཡིག་དགེ་རྒན་གྱི་ སློབ་ཁྲིད་ལ་གཟབ་ཉན་བྱེད་དགོས། མཚམས་རེར་དུས་ཁོམ་ སྐབས་དཔེ་མཛོད་ཁང་ནས་ཨིན་ཇི་ཡི་སྒྲུང་དེབ་ཏོག་ཙམ་བཞག་ ནས་བོད་ཡིག་སྒྲུང་དེབ་སོགས་ཀློག་ན་ལེགས། དེས་མ་ཟད་ ལོ་ལྟར་ཤེས་རིག་གི་རྩོམ་ཡིག་དང་ཡིག་གཟུགས་འགྲན་བསྡུར། རིགས་ལམ་འདུ་འཛོམས་སོགས་ཀྱི་གོ་སྐབས་ལ་འཛུལ་ཞུགས་ བྱས་ན་ཧ་ཅང་གི་ཕན་ཐོགས་ཆེ། བོད་ཀྱི་སྐད་ཡིག་དང་རིག་ གཞུང་ལ་དོ་སྣང་བྱ་རྒྱུ་ནི་སློབ་ཕྲུག་ཚོ་དང་། ཕ་མ། དགེ་རྒན་ཆ་ ཚང་གི་འོས་འགན་ཡིན་པ་ཤེས་དགོས། ང་ཚོ་རྒྱ་གར་བཙན་བྱོལ་དུ་ཡོད་དུས་བོད་ཀྱི་སྐད་ཡིག་དང་ཆོས་
མཚར་གཏམ།
བཟའ་ཟླ།:- ཟླ་བོོ། ད་མགྱོོགས་པོོ་ཡར་ལོོངས་དང་། ལོོངས་དང་།
ཟླ་བོོ།:- ཨ་ཙིི། ཡང་ག་རེེ་བྱས་སོོང་།
བཟའ་ཟླ།:- གཞན་གང་ཡང་མིི་འདུག ངས་རང་ལ་གཉིིད་སྨན་སྤྲོོད་རྒྱུ་བརྗེེད་ འདུག དེེ་ཟོོ་དང་།
ཕྱིི་ལོོ། ༢༠༢༤
རྒྱབ་ཤ་བརྗེེ་བ།
ཨ་ཅག་སྒྲོོལ་མའིི་བཟའ་ཟླས་ཉིིན་ལྟར་དེེབ་ལ་རྒྱབ་ཤ་གསར་པ་རེེ་བརྗེེ་ཡིི་ཡོོད།
ཉིིན་ཞིིག ཨ་ཅག་སྒྲོོལ་མས།:- བློོ་བཟང་ལགས། གལ་སྲིིད་ང་དཔེེ་དེེབ་ཡིིན་ན་
སུམ་ཅུའིི་རྗེེས་ཁྲོོན་པ་ནས་མར་འདོོན་སྐབས་སྐྱོོན་ཆག་ཁྱོོན་ནས་མེེད་པར་དེེས་ ལས་ཀ་བྱེེད་ཀྱིི་ཡོོད་རེེད། ཟེེར།
དོོན་གྲུབ།:- དེེ་ལ་ག་རེེ་ཧང་སང་རྒྱུ་ཡོོད་པ་རེེད། སྔོོན་མ་ངའིི་སྤོོ་བོོ་ལགས་ཁོོང་ ཁྲོོན་པའིི་ནང་ལྷུང་བ་རེེད། ལོོ་སུམ་ཅུའིི་རྗེེས་ཁོོང་ཡར་འདོོན་སྐབས་ད་དུང་གསོོན་ པོོར་བཞུགས་ཡོོད་རེེད།
དཀོོན་མཆོོག:- དེེ་འདྲ་ཡིིན་གྱིི་མ་རེེད། བྱས་ན་ཁོོང་ལོོ་སུམ་ཅུའིི་རིིང་ཁྲོོན་པའིི་ ནང་ག་རེེ་བྱེེད་ཀྱིིན་བསྡད་པ་རེེད།
དོོན་གྲུབ།:- དེེ་ད་ཡིིན་ཡིིན་པ་རེེད། དུས་ཡུན་དེེའིི་རིིང་ཁོོང་གིིས་རང་གིི་སྤོོ་བོོ་
ནིི། དེེ་ཉིིན་ཁ་ལོོ་བ་དེེ་གོོམ་པ་རྒྱབ་ནས་འགྲོོ་ཡིི་ཡོོད། སྐྱིིད་པ་ལ། ཁྱེེད་རང་གིིས་ཉིིན་ལྟར་བྱམས་པོོ་ཞེེ་དྲགས་གནང་གིི་འདུག་ག ཟེེར། ལགས་ཀྱིི་ལག་འདོོགས་ཆུ་ཚོོད་དེེ་འཚོོལ་ནས་བཞུགས་པ་རེེད། ཟེེར། ༡༡༦) ཟླ་བ། ༡༡༧) ཆུ། ༡༡༨) གྲིིབ་གཟུགས། བློོ་བཟང་།:- ཏག་ཏག་རེེད། གལ་ཏེེ་ཁྱེེད་རང་དེེབ་ཡིིན་ན། ངས་ལོོ་ལྟར་བརྗེེ་པོོ་ ༡༡༩) ཟླ་བ་གཉིིས་པ། ༡༢༠) ཀངྒ་རུ། (ཁུག་བྱིི།)/
རིི་བོོང་། ༡༢༡) ནོོར་བ། ༡༢༢)རྒྱུ་མཚན་ནིི། སྐབས་
དེེར་ཉིི་མ་ཤར་བ་ལས་ཆར་པ་རྒྱབ་མེེད། ༡༢༣) ཁོོ་
རང་གིི་ཉལ་ས་བཟོོ་ཡིི་ཡོོད་རེེད། ༡༢༤)དང་པོོ་རློོན་ པ་ཆགས་ཀྱིི་རེེད།
བརྒྱབ་ནས་བཟའ་ཟླ་གསར་པ་རེེ་བླངས་ཆོོག་གིི་རེེད་པཱ། ཟེེར། ལོོ་སུམ་ཅུ་ཁྲོོན་པའིི་ནང་བསྡད་པ།
ཉིིན་ཞིིག་འུར་ཤོབ ོ ་ཚ་བའིི་གྲོོགས་པོོ་དཀོོན་མཆོོག་དང་དོོན་གྲུབ་གཉིིས་མཉམ་ འཛོོམས་བྱུང་། དཀོོན་མཆོོག་གིིས།:- རང་གིིས་ཤེེས་ཀྱིི་ཡོོད་པས། སྔོོན་མ་ངའིི་
སྤོོ་བོོ་ལགས་ཀྱིི་ལག་འདོོགས་ཆུ་ཚོོད་ཅིིག་ཁྲོོན་པའིི་ནང་དུ་ལྷུང་བ་རེེད། དེེ་ལོོ་
༣
ཕ་ཡུལ་ཤེེས་བྱའིི་བང་མཛོོད།
ཕྱིི་ལོོ། ༢༠༢༤
སྙན་རྩོོམ།
སོགས་མི་ཉམས་རྒྱུད་འཛིན་བྱ་རྒྱུར་རང་དབང་ཆ་ཚང་ཡོད། འོན་ ཀྱང་བོད་དུ་ཡོད་པའི་བོད་མི་ཚོར་བོད་པའི་ཆོས་བྱེད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ། ཁྱིམ་ནང་༸གོང་ས་མཆོག་གི་སྐུ་པར་ཙམ་ཡང་ བཞག་མི་ཆོག དེར་བརྟེན་བོད་པའི་སྐད་ཡིག་དང་རིག་གཞུང་གཅེས་ སྤྲས་བྱ་རྒྱུ་ནི་བཙན་བྱོལ་བོད་མི་ཚོའི་ཕྱག་ཟུང་དུ་ཡོད། ༧གོང་ ས་མཆོག་གིས་ལོ་ལྟར་བཀའ་སློབ་གནང་སྐབས་བོད་མི་ཚོར་བོད་ ཡིག་དང་ནང་ཆོས་སོགས་སྦྱོང་རྒྱུའི་རེ་བ་བཅོལ་གནང་གི་ཡོད། ངའིི་ཕ་ཡུལ་བོོད།
བསྟན་འཛིིན་ཟླ་སྒྲོོན། འཛིིན་རིིམ་དགུ་པ། སེེ་ལ་ཀུའིི་བོོད་ཁྱིིམ།
དཀར་ཞིིང་མཐོོ་བའིི་གངས་རིི། ལྗང་ཞིིང་ཡིིད་དུ་འོོང་བའིི་སྤང་ལྗོོངས། གངས་ཆུ། གཙང་ཆུ། སྤང་ཐང། བྱམས་བརྩེེ་ལྡན་པའིི་བོོད་མིི། འདིི་དག་ཐམས་ཅད་ནིི་ཕ་ཡུལ་བོོད་ལ་འཛོོམས་ཡོོད། ཉན་སྙིིང་འདོོད་པའིི་རྒྱལ་རབས། གཟིི་བརྗིིད་ལྡན་པའིི་རྒྱལ་པོོ། བྱིིན་རླབས་ཆེེ་བའིི་དགོོན་སྡེེ། ཞིིམ་མངར་ལྡན་པའིི་བོོད་ཟས། འདིི་དག་ཐམས་ཅད་ནིི་ཕ་ཡུལ་བོོད་ལ་ལྡན་ཡོོད། དེེ་བས། ང་ཚོོ་ཡང་ཉིིན་ཞིིག་མིི་ཡུལ་གྱིི་ཞིིང་ཁམས་ལྟ་བུའིི། ཕ་ཡུལ་བོོད་ལ་ལོོག་འགྲོོ། ལྗོོན་ཤིིང་།
ཆོོས་སྐྱིིད་ལྷ་མོོ། འཛིིན་རིིམ་དགུ་པ། སེེ་ལ་ཀུའིི་བོོད་ཁྱིིམ།
ཁ་རླུང་གཙང་མ་གནང་མཁན། རྩ་ཆེེ་བའིི་ཤིིང་སྡོོང་ལགས། ཁྱེེད་ནིི་ལོོ་འདབ་ཀྱིིས་ཕྱུག་ཅིིང། འགྲོོ་བ་ཀུན་ལ་དབྱེེར་མེེད་དུ་གྲིིབ་བསིིལ་གནང་མཁན་དེེ་ཡིིན། བྱ་དང་བྱིིའུ་གནས་ས། སྤྲ་དངསྤྲེེའུ་རོོལ་ས། ད་དུང་བྱ་ཁུ་བྱུག་གིིས་གསུང་སྙན་སྒྲོོག་ས། ཕོོ་རོོག་ནག་ཆུང་གིི་སྐད་ངན་གྲགས་ས། ཀྱེེ་མ། ཤིིང་སྡོོང་ལགས། འདིི་དག་ཐམས་ཅད་ཁྱེེད་ལ་བརྟེེན་ནས་ཡོོད། ཀུན་གྱིི་མིིག་ལ་མཛེེས་པའིི་ལྗོོན་ཤིིང་ལགས།
༄༅། །ཁྱེེད་རང་ངའིི་ཨ་མ་ཡིིན་ནམ། །
ཁྱེེད་ཀྱིི་ལོོ་འདབ་འོོག་ཏུ་སྐྱིིད་པའིི་བྲོོ་གར་འཁྲབ་ཅིིང་། ལོོ་མའིི་འགུལ་སྒྲ་ནིི་སྙན་པའིི་རོོལ་མོོ་འདྲ། ཁྱེེད་ནིི་ཀུན་གྱིིས་སྨོོན་པའིི་དཔག་བསམ་ལྗོོན་ཤིིང་དེེ་ཡིིན།
བསོོད་ནམས་བཟང་པོོས་སྒྱུར་སྒྲིིག་ཞུས།
སྒོོ་ང་དེེ་ཡར་མཆོོངས་ཙམ་མཆོོངས་ཙམ་བྱས།
ལོོ་ལྟར་ཟླ་བ་བཅུ་གཉིིས་ནམ་ཡིིན་ལ།། ས་ཟླའིི་དུས་ཆེེན་ཡིིན་ན་ཅིི་མ་རུང་།། ཚང་མས་ཤ་ཟས་སྤང་ན་ཅིི་མ་རུང་།། ངའིི་བླ་མ།
བསྟན་འཛིིན་ཚེེ་རིིང། ལོོ་རིིམ་བཅུ་པ། སེེ་ལ་ཀུའིི་བོོད་ཁྱིིམ།
ས་སྟེེང་ཡོོངས་ཀྱིི་ཞིི་བདེེའིི་དེེད་དཔོོན་ཁྱེེད། ། བོོད་མིི་ཡོོངས་ཀྱིི་རྩ་བའིི་བླ་མ་ཁྱེེད། ། གངས་རིི་དཀར་པོོའི་ི སྐྱབས་གནས་དམ་པ་ཁྱེེད། ། ལྷ་མོོ་དོོན་གྲུབ་ང་ཡིི་བླ་མར་འདུད། ། ངེེད་ལ་རེེ་བ་གནང་མཁན་སྐུ་ཉིིད་ཡིིན། ། བོོད་ཀྱིི་བདེེན་མཐའ་བསལ་མཁན་སྐུ་ཉིིད་ཡིིན། ། གོོ་ལའིི་ཐམས་ཅད་མཁྱེེན་པ་སྐུ་ཉིིད་ཡིིན། ། ང་ཡིི་བླ་མ་བསྟན་འཛིིན་རྒྱ་མཚོོར་འདུད། ། ང་ཡིི་མུན་པར་སྐྱིིད་པའིི་ཉིི་མ་ཁྱེེད། ། བཅུ་གཉིིས་མཚན་གྱིི་དཀར་གསལ་ཟླ་བ་ཁྱེེད། ། ས་སྟེེང་༸རྒྱལ་བསྟན་ཡོོངས་ཀྱིི་བདག་པོོ་ཁྱེེད། ། ཏཱ་ལའིི་བླ་མར་གུས་མོོས་སྙིིང་ནས་འདུད། །
ཁྱེེད་ཀྱིི་མཛུམ་མདངས་མཐོོང་བ་ཙམ་གྱིིས་ཀྱང་། ། གོོ་ལ་ཡོོངས་ལ་ཞིི་བདེེའིི་སྣང་བ་སྐྲུན། ། བོོད་མིིའིི་སྙིིང་གིི་ནོོར་བུ་སྐུ་ཉིིད་ལ། ། འོོ་སྐོོལ་ཚང་མས་ཕྱག་འཚལ་གུས་ཤིིང་འདུད། །
བྱིིའུ་ཕྲུག་དེེ་སྒོོ་ང་ལས་ཕྱིིར་ཐོོན།
བྱིིའུ་ཕྲུག་དེེས་ངའིི་ཨ་མ་གང་དུ་ཡོོད་དམ། ཟེེར། ཁོོས་ཨ་མ་བཙལ།
ཁོོས་ཡར་བལྟས། ཨ་མ་མ་མཐོོང།
མཐའ་དོོན་༸གོོང་ས་སྐྱབས་མགོོན་ཆེེན་པོོ་མཆོོག། ། ལོོ་ངོོ་བརྒྱ་དང་བཅུ་གསུམ་བཞུགས་ནས་ནིི། ། བོོད་ཀྱིི་བདེེན་མཐའ་མྱུར་དུ་བསལ་བ་དང་། ། བཀྲ་ཤིིས་སྐྱིིད་པའིི་ཉིི་མ་ཤར་བར་སྨོོན། །
གཏམ་དཔེེ་གཅེེས་བཏུས།
༧༩) སྐས་ཀ་མ་འཛེེགས་པར། ཐོོག་ཁར། གོོ་རིིམ་མ་བརྒྱུད་པའམ། ཡང་ན་བྱས་རྗེེས་གང་ཡང་མ་བཞག་པར་གོོ་ས་མཐོོན་པོོར་སླེེབས་པའིི་མིི་ལ་ཟུར་ཟ་བྱེེད་པར་སྤྱོོད་པ་མང་ཞིིང་། ཡང་མིི་སླེེབས་ཞེེས་པའམ། སླེེབས་རེེ་མ་བྱེེད་ཟེེར་བ་སོོགས་སྐབས་བསྟུན་ཚིིག་མཇུག་བསྒྱུར་ནས་སྤྱད་ན་ཆོོག་པ་ནིི་གཞན་དང་འགྲེེ།
༨༠) དཔོོན་དང་འདྲ་བའིི་གཏམ་ཡོོད་ཀྱང་། དཔོོན་དང་འདྲ་བའིི་དབང་མེེད། དཔོོན་དང་འབངས་ཀྱིི་དབར་ལ་བདེེ་སྡུག་སོོགས་ཁྱད་པར་ཆེེན་པོོ་དེེ་ལྟ་བུ་ཡོོང་བའིི་རྒྱུ་མཚན་ནིི། བདེེན་དོོན་ཡོོད་མེེད་ལ་རག་ལུས་པ་མ་ཡིིན་པར་གནས་ལུགས་ རྒྱུ་རྐྱེེན་ཤོདོ ་པའིི་འདྲ་མཉམ་གྱིི་དབང་ཆ་མེེད་པ་དེེ་རང་ལ་ཐུག་པ་ཡིིན་ཞེེས་བསྟན་པའོོ།།
༨༡) སྐར་མ་རེེ་རེེས། ནམ་རེེ་སྐྱེེལ། ཚིིག་འགྲེེལ། ལོོ་གཅིིག་ཁོོར་མོོ་ཡུག་གིི་ནང་མིིང་ཅན་གྱིི་སྒྱུ་སྐར་རེེ་རེེས་དུས་ཚོོད་ངེེས་ཅན་གྱིི་ནམ་སྟེེ་མཚན་མོོ་རེེ་སྐྱེེལ་བ་དཔེེར་བྱས།
ཁོོས་མར་བལྟས། ཨ་མ་མ་མཐོོང།
ཁོོས་ང་ཨ་མ་འཚོོལ་དུ་འགྲོོ་ཡིི་ཡིིན་ལབ།
དོོན་འགྲེེལ། མིི་རེེ་རེེར་ཡང་རང་གིི་བགོོ་སྐལ་གྱིི་བྱ་བ་རེེ་ཡོོད་པ་དེེ་ལེེགས་པར་སྒྲུབ་དགོོས་ཟེེར་བའམ། ཡང་སྐབས་རེེ་རང་ཉིིད་ལ་འཁྲིི་བའིི་ལས་འགན་དེེ་རང་གིིས་ བསྒྲུབ་རྒྱུ་ཡིིན་པས་མིི་གཞན་གྱིིས་ཐེེ་ཇུས་བྱེེད་མིི་དགོོས་ཟེེར་བ་ལྟ་བུར་ཡང་སྤྱོོད་པ་ཡིིན། ༨༢) ཆུ་བརྒྱ་ཟམ་འདུས།
ལམ་རྒྱུ་གླེེང་རྒྱུ་མང་པོོ་ཞིིག་ལྷགས་པའིི་སྐབས་སུ་དོོན་རྩ་རེེ་རེེ་བཞིིན་འདྲིི་ཞིིབ་བརྡ་འདེེད་མ་དགོོས་པར་འདུམ་ཆེེ་ས་ཞིིག་ནས་ཐག་གཅོོད་ཡོོང་ཐབས་ཟེེར་བའམ། ཡང་ན་ཐག་གཅོོད་བྱ་རྒྱུ་ཡིིན་ཟེེར་བ་ལྟ་བུ་དེེ་རིིགས་ལ་སྐབས་དང་བསྟུན་ནས་སྤྱོོད་པ་ཡིིན།
གཏམ་མཛོོད་མེེས་པོོའི ི་ཞལ་རྒྱུན་ལས་དྲངས།
མུ་མཐུད་རྒྱུ་་་་
༄༅། །ཡུལ་གྱར་གྱིི་མིི་ཚེེ།།
ཆོོས་ཉིིད་སྒྲོོལ་མས་བརྩམས།
ཤོག་ངོས་ ༡ པོའི་འཕྲོས།
ལོོ་ངོོ་དེེ་དག་རིིང་བསྟན་སྒྲོོལ་གྱིིས་རང་ཉིིད་ཀྱིི་ཕ་མའིི་གནས་
སྟངས་གསལ་པོོ་ཤེེས་ཀྱིི་མེེད་ལ། ཕ་མ་གཉིིས་ཀྱིིས་ཀྱང་མོོའི་ི སྐོོར་ལ་ཤེེས་རྟོོགས་གང་ཡང་མེེད། གལ་ཏེེ་ཕན་ཚུན་མཛའ་
བརྩེེའིི་གཏམ་གླེེང་བྱེེད་པའིི་གོོ་སྐབས་ཤིིག་ཡོོད་ན། དེེ་ནིི་མཚན་ མོོའི་ི རྨིི་ལམ་ཁོོ་ན་རེེད།
བོོད་དུ་དགུན་ཁ་གྲང་ངར་ཆེེ་བའིི་སྐབས་དགོོང་མོོ་རང་ཉིིད་
ཀྱིི་ཨ་མའིི་ཉལ་སའིི་ནང་འཛུལ་ནས་རྐང་ལག་གྲང་མོོ་དེེ་ཨ་
མའིི་གཟུགས་པོོར་སྦྱར་ཏེེ་ཚ་པོོ་བཟོོ་མཁན་ཡོོད་རུང་། ད་ཆ་ དེེ་ལྟར་བྱེེད་མཁན་ཕར་བཞག་ཐ་ན་ལུས་ལ་གྱོོན་གོོས་དྲོོ་སོོབ་ སོོབ་ཅིིག་ཀྱང་གཡོོག་མཁན་མེེད།
དྲིིན་ཅན་ཕ་མའིི་བྱམས་བརྩེེའིི་འོོག་མོོའི་ི ཆུང་དུས་ཀྱིི་འཚོོ་བ་ནིི་ དྲོོ་སྐྱིིད་ལྡན་པ་ཞིིག་ཡིིན་ནའང་། ད་ཆ་དེེ་ཚོོ་ཚང་མ་ནིི་མདང་
དགོོང་གིི་རྨིི་ལམ་དང་མཚུངས། གལ་ཏེེ་མ་འོོངས་པའིི་ཕུགས་ འདུན་ཆེེད་དུ་མིིན་ན། མིི་སུ་འདྲ་ཞིིག་ཡིིན་རུང་དཀའ་སྡུག་དེེ་ འདྲ་ཕལ་ཆེེར་བཟོོད་དཀའ་བ་ཞིིག་རེེད།
ཞོོགས་པ་ཆུ་ཚོོད་བཞིི་དང་ཕྱེེད་ཀར་ཐབ་རེེས་ཚོོ་དང་མཉམ་
དུ་ལངས་ནས། ངོོ་གདོོང་ལ་ཆུ་བྱུག་ཙམ་བྱས་རྗེེས་ལམ་སང་ གསོོལ་ཚིིགས་ཁང་དུ་སློོབ་སྦྱོོང་བྱེེད་འགོོ་བཙུགས།
ཐོོག་མར་རྒན་ལགས་རང་ཉིིད་ཀྱིི་ངོོ་སྤྲོོད་མདོོར་བསྡུས་ཤིིག་གནང་རོོགས། ལན། ངའིི་མིིང་ལ་བསོོད་ནམས་ཚེེ་རིིང་ཞུ་ཡིི་ཡོོད། ང་ཕྱིི་ལོོ་ ༡༩༨༥ ལོོར་བོོད་ ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོོལ་ལ་འབྱོོར་བ་ཞིིག་ཡིིན། ཐོོག་མར་ ང་རང་དྷ་སྟེེང་བོོད་ཁྱིིམ་དུ་སློོབ་སྦྱོོང་བྱས་པ་དང་། དེེ་རྗེེས་བོོད་གཞུང་ཟློོས་ གར་ལ་ལོོ་ངོོ་ལྔ་ཡིི་རིིང་བོོད་ཀྱིི་སྲོོལ་རྒྱུན་རོོལ་མོོ་བཟོོ་སྐྲུན་དང་གཞས། ཞབས་ བྲོོ། རོོལ་དབྱངས་སོོགས་སློོབ་གཉེེར་བྱས། དེེ་རྗེེས་བོོད་གཞུང་ཤེེས་རིིག་ལས་ ཁུངས་ཀྱིི་ལམ་སྟོོན་འོོག་བལ་ཡུལ་རྣམ་རྒྱལ་མཐོོ་སློོབ་ཏུ་ཟློོས་གར་གྱིི་དགེེ་རྒན་ དུ་བསྐོོ་གཞག་གནང་བ་ནས་བཟུང་རང་རིིགས་ལ་ཞབས་ཕྱིི་ཐོོག་མར་ཞུ་སྐལ་ བྱུང། དེེ་རྗེེས་སཾཾ་བྷོོ་ཊ་མ་ན་ལིི་ཉིིན་སློོབ། སཾཾ་བྷོོ་ཊ་སྤོོན་ཊ། སཾཾ་བྷོོ་ཊ་ཧར་པ་པུར་ བཅས་སུ་ལས་ཁུར་ཞུས། ད་ལྟའིི་ཆར་སཾཾ་བྷོོ་ཊ་སྤུར་རུ་ཝ་ལར་ལས་ཁུར་ཞུ་མུས་ ཡིིན། མདོོར་ན་མིི་ལོོ་ ༢༨ རིིང་རང་རེེའིི་བོོད་ཕྲུག་རྣམས་ལ་བོོད་ཀྱིི་རིིག་གཞུང་ ཐད་ཞབས་ཕྱིི་སྒྲུབ་རྒྱུའིི་གོོ་སྐབས་བྱུང་། སློོབ་ཕྲུག་ཅིིག་གིི་ངོོས་ནས་སློོབ་གཉེེར་བྱེེད་བཞིིན་པའིི་ སྐབས་གལ་ཆེེ་ཤོོས་དེེ་གང་ལ་ངོོས་འཛིིན་གནང་གིི་ཡོོད། ལན། སློོབ་ཕྲུག་ཅིིག་གིི་ངོོས་ནས་སློོབ་གཉེེར་བྱེེད་བཞིིན་ པའིི་སྐབས་གལ་ཆེེ་ཤོོས་དེེ་དགེེ་རྒན་གྱིིས་སློོབ་འཁྲིིད་གནང་ སྐབས་དོོ་སྣང་ཆེེན་པོོས་ཉན་དགོོས། དེེ་བཞིིན་རང་མིི་རིིགས་ ཀྱིི་སྐད་ཡིིག་ལ་སྲུང་སྐྱོོབ་དང་མིི་ཉམས་གོོང་སྤེེལ་སླད་བོོད་ ཡིིག་གིི་སྒྲུང་དེེབ་མང་ཙམ་ལྟ་ཀློོག་དང་། རང་ངོོས་ནས་གང་ ཐུབ་ཀྱིིས་འབྲིི་རྩོོམ་མང་ཙམ་བྱེེད་དགོོས། དེེ་ལྟར་བྱུང་ན་ ནང་བསམ་བློོའི་ིཤེེས་ཚད་ཀྱང་རང་བཞིིན་གྱིིས་ཡར་རྒྱས་འགྲོོ་ངེེས་ཡིིན། བོོད་མིི་རིིགས་ཀྱིི་འཐབ་རྩོོད་ཐད་དགེེ་རྒན་ཞིིག་གིིས་ཞབས་འདེེགས་ཇིི་ལྟར་ སྒྲུབ་ཐུབ་བམ། ལན། ང་ཚོོའིི་ལས་འགན་འདིི་མིི་རིིགས་ཅིིག་གིི་རྩ་དོོན་དང་འབྲེེལ་བ་ཆགས་ཀྱིི་ ཡོོད། དེེ་ཡང་བོོད་མིི་རིིགས་ཀྱིི་རིིག་གཞུང་སྲུང་སྐྱོོབ་བྱ་རྒྱུ་དེེ་སློོབ་གྲྭ་རེེ་རེེའིི་ ལས་འགན་ཡིིན་དུས། ང་ཚོོས་སློོབ་གྲྭའིི་ནང་བོོད་ཀྱིི་རིིག་གཞུང་ཐོོག་གང་ བསླབས་པ་དེེ་ཕྱིིས་སུ་སློོབ་ཕྲུག་ཚོོས་སྤྱིི་ཚོོགས་ནང་བེེད་སྤྱོོད་གཏོོང་བ་དང་། ཆེེ་ས་ནས་བཤད་ན་རྒྱལ་སྤྱིིའིི་ནང་བོོད་མིི་རིིགས་ཀྱིི་རིིག་གཞུང་ངོོ་སྤྲོོད་དང་གོོ་ རྟོོགས་སྤེེལ་ཐུབ་པ་དེེ་རླབས་ཆེེན་དང་ང་ཚོོས་སྤྱིི་ཚོོགས་ལ་ཕུལ་བའིི་ལེེགས་ སྐྱེེས་ཤིིག་ཏུ་སེེམས། དགེེ་རྒན་གྱིི་མིི་ཚེེའིི་ནང་འདོོད་པ་ཚིིམས་ཤོོས་ཀྱིི་བྱ་གཞག་གང་རེེད་འདུག་ གམ། ལན། མིི་ཚེེ་གཅིིག་གིི་རིིང་དགེེ་རྒན་བྱས་པའིི་བརྒྱུད་རིིམ་ཁྲོོད། རང་ཉིིད་འདོོད་ པ་ཚིིམས་ཤོོས་ཀྱིི་བྱ་གཞག་ནིི་ཉིིན་གཅིིག་ཀྱང་དུས་ཚོོད་ཕྱིིས་འབྱོོར་མེེད་པར་ རང་འཁྲིིའིི་ལས་ལ་འབད་ཐུབ་པ་བྱུང་བ་དང་། ལྷག་པར་དུ་སློོབ་ཕྲུག་ཚོོས་གང་ སྦྱངས་པ་དེེ་དག་སྡིིངས་ཆའིི་སྟེེང་འཁྲབ་སྟོོན་བྱས་ཏེེ་མིི་རྣམས་ཀྱིི་བསྔགས་བརྗོོད་ ཐོོབ་པ་མཐོོང་དུས་དགའ་ཚོོར་ཆེེན་པོོ་སྐྱེེས་ཀྱིི་འདུག དེེ་ནིི་རང་ཉིིད་འདོོད་པ་ ཚིིམས་ཤོོས་ཤིིག་རེེད་འདུག ཁྱེེད་ཀྱིི་ངོོས་ནས་དེེང་དུས་ཀྱིི་ཕ་མ་རྣམ་པས་རང་ཉིིད་ཀྱིི་ཕྲུ་གུའིི་ཆེེད་དུ་འགན་ ཅིི་ཞིིག་ཁྱེེར་དགོོས་པར་གཟིིགས་ཀྱིི་འདུག་གམ། ལན། དོོན་དངོོས་ཞུས་པ་ཡིིན་ན། དེེང་དུས་ཀྱིི་ཕ་མ་རྣམ་པས་སོོ་སོོའི་ི ཕྲུ་གུའིི་ ཆེེད་དུ་དུས་ཚོོད་མང་ཙམ་གཏོོང་རྒྱུ་དེེ་གལ་ཆེེན་པོོ་རེེད་འདུག ལྷག་པར་དུ་ཕ་ མ་ཚོོས་ཕྲུ་གུ་ནང་སྦྱོོང་འབྲིི་སྐབས་དོོ་སྣང་དང་ཕྲུ་གུ་ཚོོས་བསླབས་ཟིིན་པའིི་ སློོབ་ཚན་རྣམས་ཤེེས་ཡོོད་མེེད་དང། ད་དུང་རབ་བྱུང་ན་དགེེ་རྒན་རྣམས་ལ་ བསྟན་འཛིིན་བསོོད་བདེེ། འཛིིན་རིིམ་ལྔ་པ། སྦེེལ་ཀོོབ་སཾཾ་བྷོོ་ཊ་ཉིིན་སློོབ།
མཚན་མོོ་དེེ་ལྟར་འདས་རྗེེས། བསྟན་སྒྲོོལ་གྱིིས་དུས་རྒྱུན་ལྟར་
༄༅། །དགེེ་སློོབ་གླེེང་སྟེེགས། །
ཞལ་པར་བརྒྱུད་ཕྲུ་གུའིི་ཤེེས་ཚད་དང་ཀུན་སྤྱོོད་སོོགས་ལའང་དོོ་སྣང་གནང་ རྒྱུ་དེེ་གལ་ཆེེན་པོོ་མཐོོང་གིི་འདུག དེེང་སྐབས་སློོབ་གྲྭའིི་ནང་དཀའ་ངལ་ཆེེ་ཤོོས་དེེ་གང་ལ་ངོོས་འཛིིན་གནང་གིི་ ཡོོད། བྱས་ན་དེེ་ལ་གདོོང་ལེེན་ཇིི་ལྟར་གནང་གིི་ཡོོད་དམ། ལན། དེེང་སྐབས་སློོབ་གྲྭའིི་ནང་དཀའ་ངལ་ཆེེ་ཤོོས་དེེ་སློོབ་ཕྲུག་གིི་བཟང་སྤྱོོད་ཐོོག་ རེེད་འདུག དེེའིི་ཐོོག་དགེེ་རྒན་དང་ཕ་མ་གཉིིས་ཀྱིིས་ཟུང་སྦྲེེལ་གནང་ནས་སློོབ་ གསོོ་ལེེགས་པོོ་དང་བྱམས་པོོའི་ི ངང་ལམ་སྟོོན་གང་ལེེགས་བྱེེད་དགོོས་ཀྱིི་འདུག དུས་རྒྱུན་སློོབ་སྦྱོོང་དང་གང་ཅིིའིི་ཐད་ནས་སློོབ་ཕྲུག་གཞན་ལས་ཅུང་ཞན་ པའིི་སློོབ་ཕྲུག་རྣམས་གསོོ་སྐྱོོང་ཡག་པོོ་ཇིི་ལྟར་བྱ་ཐུབ་བམ། ལན། དུས་རྒྱུན་ནས་སློོབ་སྦྱོོང་ཞན་པ་དང་རིིག་པ་ཅུང་སྐྱོོ་བའིི་སློོབ་མ་ཚོོར་སློོབ་ ཁྲིིད་འཕར་མ་བྱས་པའིི་ཐོོག་གསོོ་སྐྱོོང་བྱེེད་དགོོས་ཀྱིི་འདུག ལྷག་པར་དུ་ཁོོང་ ཚོོར་དོོ་སྣང་དང་བྱམས་བརྩེེ་ཆེེན་པོོའི་ི ངང་དཀའ་གནད་ཁག་ལས་སླ་པོོའི་ི ངང་ འགྲེེལ་བཤད་རྒྱག་དགོོས་པ་དང་གནད་དགག་ཆེེ་སར་མཛུབ་ མོོ་བཙུགས་ནས་བསླབས་ཐུབ་ན་དེེས་ཕན་ཐོོགས་ངེེས་ཅན་ ཞིིག་ཡོོང་ཐུབ་ཀྱིི་འདུག ཁྱེེད་ཀྱིིས་སློོབ་ཕྲུག་རྣམས་ལ་བཅངས་པའིི་རེེ་བ་དང་མ་ འོོངས་པའིི་ཕུགས་འདུན་ཅིི་ཞིིག་ཡོོད། ལན། ང་ཚོོས་བོོད་མིི་རིིགས་ཀྱིི་ལ་རྒྱ་མ་དོོར་བའིི་ཐོོག་དུས་ རྒྱུན་དུ་དགེེ་རྒན་རྣམ་པ་དང་ཕ་མའིི་བཀའ་ལ་བརྩིི་དགོོས། ལྷག་ པར་དུ་ང་ཚོོ་བཙན་བྱོོལ་བ་ཞིིག་ཡིིན་པའིི་ཆ་ནས་དམིིགས་ བསལ་གྱིིས་མིི་རིིགས་གཞན་ལས་ལྷག་པའིི་དཀའ་སྤྱད་འབད་བརྩོོན་བསྟེེན་ཐུབ་ མཁན་ཞིིག་དགོོས་ཀྱིི་ཡོོད། མ་ཟད་༸གོོང་ས་༸སྐྱབས་མགོོན་ཆེེན་པོོ་མཆོོག་གིི་ བཀའ་སློོབ་ལམ་སྟོོན་ཐོོག་ཤར་བསྐྱོོད་བྱེེད་ཐུབ་མཁན་ཞིིག་ངེེས་པར་དུ་དགོོས་ ཀྱིི་ཡོོད། དེེ་ཧ་ཅང་གལ་ཆེེན་པོོ་རེེད། དེེ་ནིི་ངས་ང་རང་གིི་སློོབ་ཕྲུག་རྣམས་ལ་ བཅངས་པའིི་རེེ་བ་ཡིིན། ཁྱེེད་ཀྱིིས་སློོབ་ཕྲུག་རྣམས་དང་དགེེ་ལས་རྣམས་ལ་གླེེང་འདོོད་པའིི་གཏམ་ ཅིི་ཞིིག་ཡོོད་དམ། ལན། ངས་རྒན་ལགས་རྣམ་པར་ཞུ་བའིི་སྤོོབས་པ་ཞིིག་མེེད་རུང་། རང་གིིས་ལྷག་ བསམ་གཟོོལ་མེེད་ཀྱིིས་གང་ཤེེས་དྲང་གཏམ་ཞུས་ན་དེེས་ཕན་ཐོོགས་ཡོོང་བའིི་ རེེ་བ་དང་བཅས་ཞུ་རྒྱུར། ང་ཚོོ་བཙན་བྱོོལ་ལ་གྱར་རྗེེས་བོོད་ཀྱིི་སྐད་ཡིིག་རིིག་ གཞུང་དང་བཅས་པ་ཉམས་རྒུད་དུ་ཕྱིིན་ཡོོད་པ་ནིི་བརྒྱ་ཁ་གཅིིག་མཐུན་རེེད། འོོན་ཀྱང་ང་ཚོོ་བོོད་ཀྱིི་ཡུལ་ལ་ཤོོད་སྲོོལ་ཡོོད་པ་ལྟར་བོོད་ལྗོོངས་ནིི་གླུ་གར་ གྱིི་རྒྱ་མཚོོ་རེེད། ཅེེས་པ་བཞིིན་བོོད་ལྗོོངས་སུ་གླུ་གར་དང་སྒོོར་གཞས་སོོགས་ ཡུལ་ལུང་མིི་འདྲ་བའིི་འཁྲབ་གཞུང་དང་འཁྲབ་ལུགས་མིི་འདྲ་བ་ཧ་ཅང་མང་པོོ་ ཡོོད། དེེར་བརྟེེན་དེེང་སྐབས་ང་ཚོོའིི་སྤྱིི་ཚོོགས་ནང་རིིག་གཞུང་གསར་པ་ཞེེས་ མིིང་འདྲ་མིིན་བཏགས་ནས་འཁྲབ་སྟོོན་ཁྱད་མཚར་པོོ་དེེ་འདྲ་ཞིིག་ལ་དོོ་སྣང་དང་ དར་བཟོོ་བྱེེད་ཀྱིི་འདུག ངས་རིིག་གཞུང་གསར་པ་དར་བཟོོ་བྱེེད་པར་དགག་པ་ རྒྱག་གིི་མེེད། ཡིིན་ནའང་རིིག་གཞུང་གསར་པ་ལ་སྲོོལ་རྒྱུན་རིིག་གཞུང་ནང་ཡོོད་ པའིི་སྒོོར་གཞས་བཞིིན་མཚམས་སྦྱོོར་མིི་ཐུབ་པའིི་གཞན་ཟློོད་ཁོོ་ན་བྱེེད་པ་ནིི་རང་ མིི་རིིགས་ཀྱིི་རིིག་གཞུང་རྩ་བརླག་ཏུ་གཏོོང་ཉེེན་ཡོོད་པས། དམིིགས་བསལ་གྱིིས་ སློོབ་གྲྭ་ཁག་གིི་ཟློོས་དགེེ་རྣམ་པས་ཐུགས་འགན་བཞེེས་ན་མ་གཏོོགས་དངོོས་ གནས་སེེམས་འཚབ་སླེེབས་དགོོས་པའིི་དུས་ཚོོད་དུ་སླེེབས་འདུག་སྙམ། དེེ་མིིན་ གཞན་གང་ཡང་ཞུ་རྒྱུ་མེེད། ཐུགས་རྗེེ་ཆེེ།
རི་མོའི་གླིང་ཁ།
སྤྱིི་ཁྱབ་འགན་འཛིིན།
བསྟན་འཛིིན་པདྨ།
རྩོོམ་སྒྲིིག་པ།
ཆོོས་ཉིིད་སྒྲོོལ་མ།
རྩོོམ་སྒྲིིག་འགན་འཁུར་བ། རིི་མོོ་བ།
ཇུས་འགོོད་པ།
ངག་དབང་བསྟན་འཛིིན། ངག་དབང་རྡོོ་རྗེེ།
བསོོད་ནམས་དབང་ཕྱུག ཆོོས་ཉིིད་སྒྲོོལ་མ།
རྩོོམ་དང་རིི་མོོ་སོོགས་བསྐུར་སའིི་ཁ་བྱང་། The Editor Department of Education (CTA) Gangchen Kyishong Dharamsala-176215 Distt. Kangra (H.P.) India
ཡིི་ཙིི་དང་སོོ་འཁྲུས་ཁྱེེར་ནས་ཁ་ངོོ་གཙང་མར་བཀྲུས་པ་དང་། ཁྱིིམ་ཚང་གིི་རྒན་བདག་གིི་བཀོོད་མངགས་ལྟར་ཞོོགས་པའིི་ ལུས་སྦྱོོང་རྩེེ་རུ་ཕྱིིན།
མུ་མཐུད་རྒྱུ་་་
ཕུན་ཚོོགས་སྒྲོོལ་མ། འཛིིན་རིིམ་ལྔ་པ། སྦེེལ་ཀོོབ་སཾཾ་བྷོོ་ཊ་ཉིིན་སློོབ།
ཆུ་ཚོོད་ལྔ་དང་ཕྱེེད་ཀར་ཕྲུ་གུ་གཞན་རྣམས་ལངས་སྐབས་མོོས་
གློོག་འཕྲིིན།:། phayulshezod@tibet.net
འདོོན་ཐེེངས་སྔོོན་མ་རྣམས་ www.bodyiglobjong.com དྲྭ་ཚིིགས་སྟེེང་ནས་གཟིིགས་ཐུབ།
བརྙན་དེེབ་མངགས་ཉོོ་གནང་སའིི་ཁ་བྱང་།
བསྟན་འཛིིན་རྣམ་རྒྱལ། འཛིིན་རིིམ་ལྔ་པ། སྦེེལ་ཀོོབ་སཾཾ་བྷོོ་ཊ་ཉིིན་སློོབ།
Sherig Parkhang Trust R-28 Ramesh Park, Laxmi Nagar New Delhi 110092 གློོག་འཕྲིིན།:། shepardelhi@gmail.com