Skip to main content

སྤྱིའི་འདོན་ཐེངས། ༢༢༦

Page 1

ཤེ​ེས་བྱའི​ི་བང་མཛོ​ོད་

འབྲས་སྤུངས་བློ​ོ་གསལ་གླི​ིང་།

བོ​ོད་རྒྱལ་ལོ​ོ། ༢༡༥༡

ཕྱི​ི་ལོ​ོ་ ༢༠༢༤

༄༅། །ས་ཆ་སྐྱིད་ཤོས། །

ཆོས་ཉིད་སྒྲོལ་མས་བརྩམས།

ངང་པས་ཀག་ཀག་ཀག་་་ ང་ནི​ི་ཀང་ལྗོ​ོངས་དང་ཆུ་གཉི​ིས་ཀར་རྩེ​ེད་ མོ​ོ་རྩེ​ེ་མྱོ​ོང་མཁན་ཞི​ིག་ཡི​ིན་པས་་་

རི​ི་བོ​ོང་གི​ིས་ལམ་སང་ངང་པའི​ི་སྐད་ཆ་ཤོ​ོད་མཚམས་བཅད་དེ​ེ། མ་ རེ​ེད། མ་རེ​ེད། ཀང་ལྗོ​ོངས་མ་རེ​ེད། སྤང་ལྗོ​ོངས་ཟེ​ེར་གྱི​ི་ཡོ​ོད་རེ​ེད་ལབ།

ངང་པས་ཀག་ཀག་ཀག་་་་ངས་དེ​ེ་ག་རང་ལབ་ཀྱི​ི་ཡོ​ོད། ཀང་ལྗོ​ོངས་ ལ་སྡོ​ོད་མཁན་ལ་ཀང་སྐྱི​ིད་ཤོ​ོས་དང་ཆུ་ལ་སྡོ​ོད་མཁན་ལ་ཆུ་སྐྱི​ིད་ཤོ​ོས་ རེ​ེད་ལབ།

ཤེ​ེས་ཡོ​ོན་ལྷན་ཚོ​ོགས་ཡི​ིག་ཚང་ནས་རྩོ​ོམ་སྒྲི​ིག་དང་པར་སྐྲུན་ཞུས།

སྤྱི​ིའི​ི་འདོ​ོན་ཐེ​ེངས། ༢༢༦ ཧི​ིན་སྒོ​ོར། ༨

༄༅། །བཙན་བྱོ​ོལ་ནང་གི​ི་བོ​ོད་སློ​ོབ། །

ཕྱི​ི་ལོ​ོ་ ༡༩༥༩ ལོ​ོར་རྒྱ་ནག་སྲི​ིད་གཞུང་གི​ིས་བོ​ོད་ས་ཡོ​ོངས་རྫོ​ོགས་དྲག་པོ​ོས་ དབང་བསྒྱུར་བྱས་རྗེ​ེས། བོ​ོད་ཀྱི​ི་བླ་ན་མེ​ེད་པའི​ི་དབུ་ཁྲི​ིད་སྤྱི​ི་ནོ​ོར་༸གོ​ོང་ས་ ༸སྐྱབས་མགོ​ོན་སྐུ་ཕྲེ​ེང་བཅུ་བཞི​ི་པ་ཆེ​ེན་པོ​ོ་མཆོ​ོག་སྟོ​ོན་འཁོ​ོར་དང་བཅས་ པ་རྒྱ་གར་ལ་བཙན་བྱོ​ོལ་དུ་ཞབས་སོ​ོར་འཁོ​ོད་པ་དང་། སྐབས་དེ​ེར་བྱེ​ེས་ འབྱོ​ོར་བོ​ོད་མི​ི་རྣམས་ཀྱི​ི་ཉམས་མྱོ​ོང་དང་། དཔལ་འབྱོ​ོར་གནས་བབ་སོ​ོགས་ གང་ཐད་ནས་སྐུ་ངལ་ཧ་ཅང་ཆེ​ེ་ཡང་། སྤྱི​ི་ནོ​ོར་༸གོ​ོང་ས་༸སྐྱབས་མགོ​ོན་ཆེ​ེན་ པོ​ོ་མཆོ​ོག་ནས་བོ​ོད་ཕྲུག་རྣམས་མ་འོ​ོངས་བོ​ོད་ཀྱི​ི་ཆོ​ོས་སྲི​ིད་ཞི​ི་བའི​ི་ས་བོ​ོན་ དུ་བརྩེ​ེ་གཟི​ིགས་ཀྱི​ིས། བོ​ོད་ཀྱི​ི་ཆོ​ོས་དང་། རི​ིག་གཞུང་། སྐད་ཡི​ིག་གོ​ོམས་ གཤི​ིས་སོ​ོགས་ཐུན་མོ​ོང་དང་ཐུན་མོ​ོང་མ་ཡི​ིན་པའི​ི་ཁྱད་ཆོ​ོས་བཟང་པོ​ོ་རྣམས་ རྒྱུན་འཛི​ིན་སླད། ཕྱི​ི་ལོ​ོ་ ༡༩༦༠ ཟླ་ ༣ ཚེ​ེས་ ༣ ཉི​ིན་བོ​ོད་ཕྲུག་ ༥༠ ཡོ​ོད་ པའི​ི་བཙན་བྱོ​ོལ་བོ​ོད་མི​ིའི​ི་སློ​ོབ་གྲྭ་ཐོ​ོག་མར་གསར་འཛུགས་གནང་། བོ​ོད་རྒྱའི​ི་ འཕྲལ་ཕུགས་ཀྱི​ི་དཀའ་རྙོ​ོག་སེ​ེལ་དགོ​ོས་ན་བོ​ོད་མི​ི་གཞོ​ོན་སྐྱེ​ེས་རྣམས་ལ་ དེ​ེང་དུས་ཀྱི​ི་གནས་སྟངས་དང་འཚམ་པའི​ི་ཤེ​ེས་ཡོ​ོན་སློ​ོབ་སྦྱོ​ོང་ཚད་ལྡན་ཞི​ིག་ སྦྱོ​ོར་སྤྲོ​ོད་གནང་གལ་ཆེ​ེ་བ་དང་། དེ​ེང་དུས་ཀྱི​ི་ཤེ​ེས་ཡོ​ོན་དེ​ེ་ཡང་ཕན་བདེ​ེའི​ི་ རང་བཞི​ིན་ཅན་གྱི​ི་བོ​ོད་ཀྱི​ི་སྲོ​ོལ་རྒྱུན་རི​ིག་གཞུང་གི​ི་ཉི​ིང་བཅུད་མ་ཡལ་བའི​ི་ ཐོ​ོག་གནང་གལ་ཆེ​ེ་བ་སོ​ོགས་དུས་གསུམ་གསལ་གཟི​ིགས་ཀྱི​ི་རླབས་ཆེ​ེན་ དགོ​ོངས་གཞི​ི་ཟབ་མོ​ོས་སྐབས་དེ​ེའི​ི་རྒྱ་གར་གྱི​ི་ སྲི​ིད་བློ​ོན་པཎྜི​ི་ཏ་ཇ་ཝཱ་ཧར་ལཱལ་ནེ​ེཧ་རུ་མཆོ​ོག་ལ་ བོ​ོད་མི​ི་འདུས་སྡོ​ོད་ཆེ​ེ་བའི​ི་ས་གནས་སུ་བོ​ོད་མི​ིའི​ི་ སློ​ོབ་གྲྭ་ཟུར་འཛུགས་གནང་རྒྱུའི​ི་འབོ​ོད་སྐུལ་གནང་། སྲི​ིད་བློ​ོན་ནེ​ེཧ་རུ་མཆོ​ོག་ནས་ཀྱང་ཐུགས་འཁུར་ཆེ​ེ་ བཞེ​ེས་ཀྱི​ིས་བོ​ོད་མི​ིའི​ི་སློ​ོབ་གྲྭའི​ི་ཚོ​ོགས་སྡེ​ེ་ཞེ​ེས་པ་ གསར་འཛུགས་དང་། ཚོ​ོགས་པའི​ི་ཚོ​ོགས་གཙོ​ོར་ སྐབས་དེ​ེའི​ི་ཤེ​ེས་རི​ིག་བློ​ོན་ཆེ​ེན་ཤྲི​ི་མཱ་ལི​ི་མཆོ​ོག་ བསྐོ​ོ་གཞག་གནང་ནས་བཙན་བྱོ​ོལ་བོ​ོད་མི​ིའི​ི་དགོ​ོས་མཁོ​ོ་དང་འཚམ་པའི​ི་ ཤེ​ེས་ཡོ​ོན་མཐུན་རྐྱེ​ེན་སྦྱོ​ོར་སྤྲོ​ོད་གནང་དགོ​ོས་པའི​ི་བཀའ་ཕེ​ེབས་པ་ལྟར། ཕྱི​ི་ ལོ​ོ་ ༡༩༦༡ ཟླ་ ༩ པའི​ི་ཚེ​ེས་ ༥ ཉི​ིན་མ་སུ་རི​ི་གཏན་སློ​ོབ་དངོ​ོས་སུ་རྩི​ིས་ བཞེ​ེས་གནང་བ་དང་། སློ​ོབ་གྲྭའི​ི་འགྲོ​ོ་གྲོ​ོན་དང་འཛི​ིན་སྐྱོ​ོང་གི​ི་ལས་དོ​ོན་སོ​ོགས་ ཐུགས་འགན་ཡོ​ོངས་སུ་བཞེ​ེས་ཏེ​ེ། རི​ིམ་བཞི​ིན་བོ​ོད་མི​ིའི​ི་གནས་སྡོ​ོད་གཞི​ིས་ སྒར་ཆ་ཚང་ལ་སློ​ོབ་གྲྭ་ཆེ​ེ་ཆུང་ཧ་ཅང་མང་པོ​ོ་གསར་འཛུགས་གནང་ཐུབ་པ་ བྱུང་ཡོ​ོད། ཐེ​ེངས་འདི​ིར་ང་ཚོ​ོས་བཙན་བྱོ​ོལ་དུ་ཡོ​ོད་པའི​ི་བོ​ོད་མི​ིའི​ི་སློ​ོབ་གྲྭ་ཐོ​ོག་ མ་མ་སུ་རི​ི་གཏན་སློ​ོབ་ངོ​ོ་སྤྲོ​ོད་དང། འདོ​ོན་ཐེ​ེངས་རྗེ​ེས་མ་རྣམས་ལ་བོ​ོད་མི​ིའི​ི་ སློ​ོབ་གྲྭ་གཞན་ཁག་རི​ིམ་བཞི​ིན་ངོ​ོ་སྤྲོ​ོད་ཞུ་རྒྱུ་ཡི​ིན།

མ་སུ་རི་གཏན་སློབ།

མ་སུ་རི་ནི་རྒྱ་གར་བྱང་ཕྱོགས་ཨུཏ་ཏྲ་ཁནྜ་མངའ་སྡེའི་སྡེ་ར་ལྡུན་ནས་ཀི་ལོ་མི་ ཊར་ ༣༠ ཡས་མས་ཀྱི་རི་གྲོང་ཞིག་ཡིན་ཞིང་། གཏན་སློབ་འདི་ཆགས་ཡུལ་ནི་ མ་སུ་རི་གྲོང་རྡལ་རྒྱབ་ཕྱོགས་ཀྱི་སྐྱིད་གཤོངས་ (HAPPY VALLEY)

ཟེར་བའི་རི་གཤོངས་དེ་ཡིན། གོང་ཞུས་ལྟར་བོད་མི་རྣམས་བཙན་བྱོལ་དུ་ འབྱོར་འཕྲལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ སྐྱབས་བཅོལ་བའི་ཤེས་ཡོན་སློབ་གསོའི་ལས་དོན་གལ་འགངས་ཆེ་ཤོས་སུ་ གཟིགས་ཏེ། བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་པར་ཐུགས་ འཁུར་ཚད་མེད་ཀྱིས་ཕྱི་ལོ་ ༡༩༥༩ ལོའི་ལོ་མཇུག་ཏུ་མི་ས་མ་རི་དང་། སྒང་ ཏོག ཀ་སྦུག་བཅས་པའི་བོད་མིའི་སྡོད་གནས་ཁག་ཏུ་གཞུང་ཞབས་དང་། བླ་ བྲང་། སྒེར་པ། དགོན་ཁག་གི་གྲྭ་པ། ཚོང་པ། དམག་ཞབས། ཞིང་པ། བཟོ་ པ་བཅས་ཀྱི་ཡོང་ཁུངས་དབྱེར་མེད་ཀྱི་བོད་ཕྲུག་ལོ་ན་ཕྲ་བ་ ༥༠ བསྡུ་སྐོང་ གིས་སྡོད་གནས་མ་སུ་རི་ཀིལ་དྷ་རི་དང་། ཧར་ནི་ཧིལ་གཉིས་ཁང་གླར་བཞེས་ པའི་ཐོག་ཟས་གོས་གནས་མལ་བཅས་པའི་མཐུན་རྐྱེན་རྣམས་ཀྱང་༸གོང་ས་ མཆོག་སྐུ་སྒེར་ནས་སྩལ་ཞིང་། སློབ་ཕྲུག་གི་འགོ་འཛིན་དུ་ཛ་སག་ཀུན་བདེ་ གླིང་དང་། ཕྲེང་རིང་ཛ་སག དངུལ་གཉེར་བ་ལྷ་ལྡིང་སྲས། ལས་རོགས་བཀྲས་ ཟུར་བདེ་ལྷ། གཉེར་པ་གདན་གཉེར་ཚང་བྱམས་པ་ཕུན་ཚོགས། བོད་དྲུང་ དང་བོད་དགེ་གཅིག་ལྕོགས་བྱམས་པ་སྙན་གྲགས། ཡིག་ཚང་གི་ཡིག་ཞབས་ སོགས་ལ་མིན་འགྱུར། སྨན་ཁང་དང་། བུ་མོའི་ཉལ་ཁང་དབུ་འཛིན་ཨིན་དགེ་ བཅས་གཅིག་ལྕོགས་ཕྲེང་རིང་རིན་ཆེན་སྒྲོལ་མ། སྐབས་དེར་ཨིན་ལནཊ་ནས་ ཡིན་པའི་ལྕམ་སྐུ་ཨིང་སྐམ་ལགས་ཀྱིས་དང་བླངས་ སྨན་ཞབས་བཅས་ཞུས་ཡོད། ཕྱི​ི་ལོ​ོ་ ༡༩༦༠ ཟླ་ ༣ ཚེ​ེས་ ༣ ཉི​ིན་༸གོ​ོང་ ས་༸སྐྱབས་མགོ​ོན་ཆེ​ེན་པོ​ོ་མཆོ​ོག་ནས་བོ​ོད་མི​ི་ སྐྱབས་བཅོ​ོལ་བའི​ི་སློ​ོབ་གྲྭ་ཐོ​ོག་མ་འདི​ི་དབུ་འབྱེ​ེད་ བསྐྱངས་ཤི​ིང་། སྐབས་དེ​ེར་ཆོ​ོས་དགེ​ེ་དང་བོ​ོད་ དགེ​ེ་གཅི​ིག་ལྕོ​ོགས་དགའ་ལྡན་མཛེ​ེ་སྨད་སྤྲུལ་སྐུ་ དང་། སྤྱི​ི་ཚོ​ོགས་ཚན་རི​ིག་དང་། ཨང་རྩི​ིས་བཅས་ ཀྱི​ི་དགེ​ེ་རྒན་དང་སློ​ོབ་སྤྱི​ི་གཅི​ིག་ལྕོ​ོགས་ཕྲེ​ེང་རི​ིང་ཛ་ སག ཨི​ིན་དགེ​ེ་ལྕགས་སྤྲག་ལྕམ་སྐུ། ཕྲེ​ེང་རི​ིང་ལྕམ་ཚེ​ེ་རི​ིང་དབྱངས་འཛོ​ོམས། བོ​ོད་ཀྱི​ི་རྒྱལ་རབས་བཀྲས་མཐོ​ོང་སྲས་དང་། ཤོ​ོད་དྲུང་རྨ་བྱ་ཚེ​ེ་དབང་འགྱུར་ མེ​ེད། ཧི​ིན་དགེ​ེ་ཨི​ིན་དར་སི​ིངྒ་བཅས་བསྐོ​ོ་འཛུགས་གནང་། དབུ་དགེ​ེ་ལས་བྱེ​ེད་ ཚོ​ོར་གསོ​ོལ་ཚི​ིགས་མཐུན་རྐྱེ​ེན་གྱི​ི་གསོ​ོལ་ཕོ​ོགས་ཙམ་ལས་གཞན་གང་ཡང་ རྒྱས་སྤྲོ​ོས་འཕེ​ེར་བ་སོ​ོགས་མེ​ེད། དེ​ེ་ལྟར་སློ​ོབ་གྲྭ་དེ​ེ་དབུ་འཛུགས་གནང་བ་ནས་བཟུང་། ད་བར་ (༢༠༢༣) ཁྱོ​ོན་སློ​ོབ་ཕྲུག་གྲངས་ ༤༨༠༡ སློ​ོབ་མཐར་སོ​ོན་པ་བྱུང་ཡོ​ོད་པ་ དང་། དེ​ེ་དག་ལས་བཙན་བྱོ​ོལ་བོ​ོད་མི​ིའི​ི་ཕྱི​ི་ནང་སྒྲི​ིག་འཛུགས་ཁྲོ​ོད་རྐང་ འགན་བཞེ​ེས་མཁན་མང་ཅི​ིག་བྱུང་ཡོ​ོད། དེ​ེ་དག་ལས་ཁག་ཅི​ིག་ཆེ​ེས་མཐོ​ོའི་ི ཁྲི​ིམས་ཞི​ིབ་པ་དང་བཀའ་བློ​ོན། དྲུང་ཆེ​ེ། གཞུང་ཞབས་དང་ཚོ​ོགས་སྡེ​ེ་ཁག་ འདྲ་མི​ིན། སློ​ོབ་གྲྭ་སོ​ོགས་ཀྱི​ི་ནང་ཕྱག་ལས་གནང་མཁན་བྱུང་ཡོ​ོད། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༩ ཉིན་སློབ་གྲྭ་འདི་བཞིན་སམ་བྷོ་ ཊའི་ཁྱབ་ཁོངས་སུ་རྩིས་ལེན་གྱིས་ད་ཆ་སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ ལས་དོན་མཐའ་དག་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་འཛིན་སྐྱོང་བྱེད་བཞིན་ ཡོད།

birth certificate adm སྐྱེས་ཚེས་ལག་འཁྱེར། = སྐྱེས་ལོ་སྐྱེས་ཚེས་དང༌། སྐྱེ་ཡུལ། ཕ་མའི་མིང་བཅས་བཀོད་པའི་གཞུང་འབྲེལ་ཡིག་ཆ། birth chart astrol ཚེ་རབས་ལས་རྩིས། = བཙས་དུས་ཀྱི་ལོ་ཟླ་ཞག་དུས་དང་གཟའ་སྐར་སོགས་ལ་བསྐོར་བའི་རྩིས། birth mark med ཤ་མཚན། ཤ་རྟགས། = སྐྱེ་དུས་ནས་ཤ་པགས་ཀྱི་སྟེང་དུ་ཡོད་པའི་སྨེ་བའམ་སྨུག་ཐིག

ཤོ​ོག་ངོ​ོས་ ༣ པར་གཟི​ིགས། 

birthday party soc སྐྱེ​ེས་སྐར་དགའ་སྟོ​ོན། = སྐྱེ​ེ་བོ​ོ་ཞི​ིག་སྐྱེ​ེས་པའི​ི་ལོ​ོ་འཁོ​ོར་ཉི​ིན་མོ​ོའི་ི དགའ་སྟོ​ོན་ཞི​ིག

ཁུངས། ཤེ​ེས་རི​ིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི​ི་<< ཨི​ིན་བོ​ོད་ཤན་སྦྱར་གཏན་འབེ​ེབས་བརྡ་ཆད། >>དེ​ེབ་ཕྲེ​ེང་ཁག


ཕ་ཡུལ་ཤེ​ེས་བྱའི​ི་བང་མཛོ​ོད།

མགོ​ོ་རྙོ​ོག

ཆོ​ོས་ཉི​ིད་སྒྲོ​ོལ་མས་སྒྱུར་སྒྲི​ིག་ཞུས།

ལྷུག་རྩོ​ོམ།

རྩི​ི་ཤི​ིང་།

༧༦) ང་ནི​ི་ཤོ​ོག་བུའི​ི་མཛའ་གྲོ​ོགས་ཤི​ིག་མི​ིན། རྟག་ཏུ་ཕྲུ་ བསྟན་འཛི​ིན་ཀུན་གྲུབ། འཛི​ིན་རི​ིམ་དྲུག་པ། མེ​ེས་དབོ​ོན་གཙུག་ལག་དཔེ​ེ་སྟོ​ོན་སློ​ོབ་གྲྭ། གུ་རྣམས་དང་རྒྱང་རི​ིང་ཙམ་ཉར་དགོ​ོས། ཁྱེ​ེད་ཀྱི​ིས་

འཛམ་གླིང་ནང་གི་དངོས་པོ་མཐའ་དག་ལ་མིང་རེ་ཡོད་པ་བཞིན་སྐྱེ་

སྐྲ་བཟོ​ོ་བར་ཡང་ང་བེ​ེད་སྤྱོ​ོད་བྱེ​ེད་ཀྱི​ི་ཡོ​ོད། འོ​ོན་ཀྱང་ དངོས་ལ་ཡང་མིང་རེ་ཡོད། སྐྱེ་དངོས་ནང་ནས་རྩི་ཤིང་ལ་མེ་ཏོག་ཡོད་ ང་ཁྱེ​ེད་ཀྱི​ི་ལག་ཏུ་ཡོ​ོད་སྐབས་རྒྱུགས་ཤར་གློ​ོད་མི​ི་ པ་དང་མེད་པ་དང་། ཚེར་མ་ཡོད་པ་དང་མེད་པ་སོགས་མང་པོ་ཡོད། ཉན། བྱས་ན་ང་སུ་རེ​ེད་དམ།

༧༧) ངས་ཁྱེ​ེད་ལ་མགོ​ོ་སྐོ​ོར་རྒྱུར་རོ​ོགས་པ་བྱེ​ེད་ཀྱི​ི་ཡོ​ོད། ང་བཟོ​ོ་དབྱི​ིབས་གྲུ་བཞི​ི་ནར་མོ​ོ་འདྲ་པོ​ོ་ཡོ​ོད། མ་ཟད་

ང་རྩི​ིགས་ངོ​ོས་ལ་འཇོ​ོག་པས་ཀྱང་ཆོ​ོག བྱས་ན་ང་ སུ་རེ​ེད་དམ།

༧༨) ང་གཉི​ིས་ནི​ི་མཚེ​ེ་མ་ཡི​ིན། ཁྱེ​ེད་ཀྱི​ིས་ང་གཉི​ིས་

བསྡམས་པ་དང་མ་བསྡམས་པ་གཉི​ིས་ཀ་ཡོ​ོད། ཁྱེ​ེད་ ཀྱི​ིས་ང་མེ​ེད་པར་ཕྱི​ི་ལ་འགྲོ​ོ་ཡི​ི་མེ​ེད། མ་ཟད་ཆུའི​ི་

ནང་འགྲོ​ོ་དུས་ང་བཞག་ནས་འགྲོ​ོ་ཡི​ི་རེ​ེད། བྱས་ ན་ང་སུ་རེ​ེད་དམ།

༧༩) ང་ལ་མཐེ​ེབ་ཆི​ི་དང་ཚེ​ེར་ཡོ​ོད་ལ་འབའ་ཁུག་ཀྱང་

མང་པོ​ོ་ཡོ​ོད། ངས་གྲང་ངར་ཁྲོ​ོད་ཁྱེ​ེད་ལ་སྲུང་སྐྱོ​ོབ་

བྱེ​ེད་ཀྱི​ི་ཡོ​ོད། འོ​ོན་ཀྱང་དབྱར་དུས་ང་ཁྱེ​ེད་རང་ལ་

བེ​ེད་སྤྱོ​ོད་མེ​ེད། གང་ལྟར་ང་བེ​ེད་སྤྱོ​ོད་ཟི​ིན་དུས་བདག་ པོ​ོ་ཡག་པོ​ོ་རྒྱག་རོ​ོགས། བྱས་ན་ང་སུ་རེ​ེད་དམ།

༨༠) ཁྱེ​ེད་ཀྱི​ིས་ཚ་པོ​ོ་དང་གྲང་མོ​ོ་གང་བླུགས་ཀྱང་ངས་ འཛི​ིན་རོ​ོགས་བྱེ​ེད་ཀྱི​ི་ཡོ​ོད། བྱས་ན་ང་སུ་རེ​ེད་དམ།

༨༡) ཁྱེ​ེད་ཀྱི​ིས་གཟུགས་པོ​ོ་ག་དུས་བཀྲུས་ཀྱང་ང་ཆུང་ དུ་འགྲོ​ོ་ཡི​ི་རེ​ེད། བྱས་ན་ང་སུ་རེ​ེད་དམ།

༨༢) ང་ནི​ི་སྤྲེ​ེའུས་དགའ་བའི​ི་ཟས་རི​ིགས་ཤི​ིག་ཡི​ིན། གལ་

ཏེ​ེ་ཁྱེ​ེད་ཀྱི​ིས་ངའི​ི་གྱོ​ོན་པ་ཕུད་ནས་ས་ལ་གཡུགས་ན། མི​ི་གཞན་འདྲེ​ེད་བརྡར་ཤོ​ོར་བའི​ི་ཉེ​ེན་ཁ་ཡོ​ོད། བྱས་ ན་ང་སུ་རེ​ེད་དམ།

༨༣) ང་ནི​ི་འདབ་གཤོ​ོག་ལྡན་པའི​ི་བྱ་ཞི​ིག་མི​ིན་ཡང་། ནམ་ མཁའི​ི་དབྱི​ིངས་སུ་འཕུར་ནས་འགྲོ​ོ་ཡི​ི་ཡོ​ོད། འོ​ོན་

གནམ་གཤིས་དང་ས་ཆའི་གནས་བབ་ལ་བརྟེན་ནས་དེའི་རིང་ཐུང་ དང་། ཆེ་ཆུང་། ལྗིད་ཚད། སྦོམ་ཕྲ། དབྱིབས་དང་ཁ་དོག་སོགས་འགྱུར་ བ་མང་པོ་འགྲོ་ཡི་ཡོད། ང་སྡོད་སའི་ས་ཆ་ནི་རྡ་རམ་ས་ལ་ཡིན་ཞིང་། གཡས་གཡོན་ གང་སར་བལྟས་པ་ཡིན་ནའང་གསོམ་སྡོང་གིས་བསྐོར་ཡོད། གསོམ་ སྡོང་དེ་དག་ནི་སྦོམ་པོ་དང་མཐོ་ཚད་རིང་པོ་ཅན་རྐྱང་རྐྱང་ཡིན། གསོམ་ ཤིང་གི་སྡོང་པོ་རྩུབ་ཅིང་ཁ་དོག་རྒྱ་སྨུག་ཡིན། དེའི་ལོ་མ་ནི​ི་ཕྲ་ལ་རིང་ ཞིང་མདོག་ལྗང་ནག་ཡིན་པ་མ་ཟད་སྐྲ་ཤད་རྒྱུའི་རྒྱུག་ཤད་འདྲ་པོ་ཡོད། གསོམ་སྡོང་གི་འོག་ཏུ་སྡོད་དུས་ང་ཚ་བ་འཚིག་གི་མི་འདུག དེར་བརྟེན་ ངས་དེ་དང་གྲོགས་པོ་བསྒྲིགས་པ་ཡིན། ང་ཚ་བ་འཚིག་དུས་སྡོང་པོ་ དེའི་འོག་གི་གྲིབ་བསིལ་ལ་རོལ་ཞིང་སྐབས་རེ་དཔེ་དེབ་ཀློག་པ་དང་ སྐབས་རེ་རྩེད་འཇོར་རོལ་གྱི་ཡོད། ཤིང་སྡོང་དེའི་འབྲས་བུ་ནི་དམིགས་ བསལ་གྱིས་མི་འདྲ་བ་ཞིག་འདུག་པས་ངས་དཀོན་མཆོག་ལ་ཕུལ་ བ་དང་། སྐབས་རེར་རྩེད་མོ་རྩེད་ཆས་བྱས་པ། ཡང་སྐབས་རེར་དེ་ལ་ བལྟས་ནས་རི་མོ་ཡང་འབྲི་ཡི་ཡོད་ལ། དེའི་སྟེང་ཚོན་བཏང་པ་སོགས་ བྱེད་ཀྱི་ཡོད། དགུན་ཁའི་གུང་སེང་ལྷོ་ཕྱོགས་ལ་འགྲོ་བའི་སྐབས་སུ་གནམ་ གཤིས་ཚ་དྲོད་ཧ་ཅང་ཆེན་པོ་ཡིན་པས་ང་རང་གིས་བརྩེ་བའི་གྲོགས་པོ་ གྲིབ་བསིལ་ལྡན་པའི་གསོམ་སྡོང་ཡིད་ལ་ལྷང་ལྷང་དྲན། དེ་དུས་མིག་ཆུ་ ཡང་རང་དབང་མེད་པར་ཤོར་གྱི་འདུག ང་རང་གུང་སེང་ནས་ནང་དུ་ འབྱོར་མ་ཐག་གྲོགས་པོ་གསོམ་སྡོང་གི་མདུན་ལ་ཕྱིན་ནས་གྲིབ་བསིལ་ འོག་ཏུ་དུས་ཡུན་རིང་པོར་རྩེད་མོ་རྩེས་ནས་བསྡད་པས་སྐྱིད་པོ་ཞེ་དྲགས་ བྱུང་སོང་། དེ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་ བཞི་པ་མཆོག་གི་བཀའ་སློབ་ནང་ལ་ཡང་། ང་ཚོ་སྡོད་སའི་གོ་ལ་དེ་ སོ་སོས་སྲུང་སྐྱོབ་བྱེད་དགོས་པ་རེད། དེ་མི་རེ་ངོ་རེ་ལ་འགན་ཡོད་པ་ རེད། དེ་ང་ཚོའི་འཚོ་བརྟེན་རེད། དེར་བརྟེན་འཛམ་གླིང་འདིའི་ནང་ གི་མི་དུང་ཕྱུར་བདུན་ཅུ་ལྷག་ཚང་མ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ འོས་འགན་ཡོད། གལ་ཏེ་མི་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་གིས་ཤིང་སྡོང་བཅད་པ་དང་གཏེར་ཁ་བསྔོགས་པ་ཡིན་

༨༤) ང་ནི​ི་ཆུ་ནང་དུ་ཆགས་པའི​ི་ཁྱི​ིམ་ཚང་ཞི​ིག་ཡི​ིན། གལ་ཏེ​ེ་ཁྱེ​ེད་རང་ན་འདོ​ོད་མེ​ེད་ན་ང་དང་མཉམ་དུ་

ན། ལོ་མང་པོ་ཞིག་གི་རྗེས་སུ་ང་ཚོ་གོ་ལ་འདིའི་སྟེང་གནས་པར་དཀའ་ ངལ་འཕྲད་ཀྱི་རེད། དེ་འདྲ་སོང་ཙང་། ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་ པ་དང་། དེའི་ཐོག་སློབ་སྦྱོང་ཡག་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་ པོ་རེད་ཅེས་གསུངས་ཡོད། དེར་བརྟེན། ད་ནས་བཟུང་ངས་དུས་ནམ་ ཡང་ཁོར་ཡུག་ལ་གནོད་པ་མི་བསྐྱལ་བ་དང་། མ་འོངས་པར་གཞིས་ ཆགས་སུ་ཡང་ཤིང་སྡོང་འདེབས་རྒྱུར་དམ་བཅས་པ་ཡིན།

ཕ་ཡུལ་བོད།

བསྟན་འཛིན་ཟླ་གསལ། འཛིན་རིམ་བཞི་པ། བདེ་སྐྱིད་གླིང་བོད་ཁྱིམ།

སྤྱིར་འཛམ་གླིང་འདི་ཡི་ནང་ཡོད་པའི་མི་ཚང་མར་ཕ་ཡུལ་ཡོད། དེ་ བཞིན་ངའི་ཕ་ཡུལ་ནི་བོད་རྒྱལ་ཁབ་ཆེན་པོ་ཡིན། ངའི་ཨ་མ་ལགས་དང་། རྨོ་མོ་ལགས། སྤོ་བོ་ལགས་བཅས་ཕ་ཡུལ་བོད་དུ་འཁྲུངས་པ་རེད། ཕྱི་ ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་བྱས་ཏེ་བཟུང་ བ་རེད། ང་ཚོའི་ཕ་ཡུལ་བོད་ཀྱི་གནམ་གཤིས་དྲོ་འཇམ་སྙོམས་པས་མི་ ཚང་མར་དགའ་བ་སྟེར་གྱི་ཡོད། ང་ཚོ་སློབ་ཕྲུག་ཚོས་བོད་ཡིག་སྟེ་རང་ གི་སྐད་ཡིག་ཡག་པོ་སྦྱོང་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོ་ སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་སྦྱངས་ནས་བོད་ལ་རང་དབང་རག་ ཐུབ་པ་བྱེད་དགོས་ཀྱི་ཡོད། འདིར་ངས་བོད་ཀྱི་གནད་དོན་ཁ་ཤས་ཤིག་ངོ་སྤྲོད་བྱེད་རྒྱུ་ ཡིན། ཕ་ཡུལ་བོད་ཀྱི་རྒྱལ་པོ་ཐོག་མ་ནི་གཉའ་ཁྲི་བཙན་པོ་ཡིན། བོད་ ལ་ཡི་གེ་ཐོག་མར་སྲོལ་གཏོད་མཁན་དེ་ཆོས་རྒྱལ་སྲོང་བཙན་སྒམ་ པོ་རེད། བོད་ལ་ནང་ཆོས་དར་སྤེལ་གཙོ་བོ་གནང་མཁན་ནི་ཆོས་རྒྱལ་ ཁྲི་སྲོང་ལྡེ་བཙན་བཅས་རེད། དེ་བཞིན་བོད་ཀྱི་རྒྱལ་པོ་མཐའ་མ་ནི་འུ་ དུམ་བཙན་པོ་བཅས་ནི་བོད་རྒྱལ་ཁབ་ཆེན་པོའི་བཙན་པོ་རིམ་བྱོན་ རེད། ཡང་ཕ་ཡུལ་བོད་ལ་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་སོགས་ཡོད་པ་ དང་། དེ་བཞིན་ཁ་འབབ་ཀྱི་ཆུ་བོ་བཞི་ཡང་ཡོད། ཕ་ཡུལ་བོད་ལ་ལྗིད་ ཆགས་ཡིད་འོང་ལྡན་པའི་ཕོ་བྲང་པོ་ཏ་ལ་ཡོད། དེ་ནི་ཆོས་རྒྱལ་རིམ་ བྱོན་གྱི་བཞུགས་གནས་ཡིན་པ་དང་། ༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ བཞུགས་གནས་ཀྱང་ཡིན། ཕ་ཡུལ་བོད་ལ་སེམས་ཅན་འདྲ་མིན་སྣ་ ཚོགས་ཡོད། དཔེར་ན། ཝ་མོ། གཡག གཉན། ཁ་ཏྭ། གསའ། འབྲོག་ ཁྱི། ཁྲུང་ཁྲུང་སྐེ་ནག རྟ་སོགས་མང་པོ་ཡོད། དེ་དག་ལས་ངའི་སེམས་ ཅན་དགའ་ཤོས་ནི་འབྲི་དང་གཡག་ཡིན། ང་ཚོའི་ཕ་ཡུལ་བོད་ཀྱི་རྒྱལ་ ས་ནི་ལྷ་ས་གྲོང་ཁྱེར་ཡིན། དེར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ ཡོད། མདོར་ན་ཕ་ཡུལ་བོད་དེ་ང་ཚོ་བོད་མིའི་ཡིན། དེར་བརྟེན་ང་ཚོས་ སློབ་སྦྱོང་ཡག་པོ་སྦྱངས་ནས་དགྲ་བོ་རྒྱ་དམར་གྱི་ལག་ནས་ལེན་ཐུབ་ པ་བྱ་དགོས། བོད་རྒྱལ་ལོ།། བོད་རྒྱལ་ལོ།། བོད་རྒྱལ་ལོ།།

མཚར་གཏམ།

ཀྱང་ངས་བར་སྣང་དབྱི​ིངས་སུ་སྐད་ཅོ​ོར་གང་ཙམ་ རྒྱབ་ནས་འཕུར་གྱི​ི་ཡོ​ོད། བྱས་ན་ང་སུ་རེ​ེད་དམ།

༦༨) ཉི​ི་མ། ༦༩) གཟུངས་ཁྲག ༧༠) སྤོ​ོ་ལོ​ོ། ༧༡) ཕྲུ་གུ་མ་འབྱར། ༧༢) ཤི​ིང་སྡོ​ོང་། ༧༣) མེ​ེ་ཏོ​ོག ༧༤) ལྒང་ཕུག། ༧༥) ཁང་པ།

འགན་ཁུར་མེ​ེད་པ་རང་རེ​ེད།

བུ་མོ​ོ། -: ཨ་ཞང་ལགས། ང་ལ་མི​ིག་ཤེལ ེ ་ཞི​ིག་ཉོ​ོ་རོ​ོགས་གནང་། ངའི​ི་མི​ིག་གི​ི་ནུས་ ཀ -: དེ​ེ་རི​ིང་ལྟད་མོ​ོ་ལྟ་བཞི​ིན་པའི​ི་སྐབས་གློ​ོ་བུར་དུ་སྐུད་མེ​ེད་དྲ་རྒྱའི​ི་ལས་ཀ་བྱེ​ེད་ པ་ཉམས་ནས་ཐག་རི​ིང་པོ​ོ་མཐོ​ོང་ཐུབ་ཀྱི​ི་མི​ི་འདུག

འཚམས་འཇོ​ོག་སོ​ོང་།

ཁ། -: དེ​ེ་ག་རེ​ེ་བྱས་པ་ཡི​ིན་ནམ།

ཀ -: འོ​ོ་རེ​ེད་་་ ཕལ་ཆེ​ེར་ངའི​ི་གྲོ​ོང་པས་ཟླ་རེ​ེའི་ི སྐུད་མེ​ེད་དྲ་རྒྱའི​ི་དངུལ་དེ​ེ་ ཏག་ཏག་བླུགས་མེ​ེད་པ་འདྲ། ཁོ​ོ་ཚོ​ོ་དེ​ེ་འདྲའི​ི་འགན་ཁུར་མེ​ེད་པ་ཞི​ིག་འདུག

ོ ་ དོ​ོན་བསྒྲུབ་ཚར་ན་ང་དམ་པོ​ོར་འདོ​ོགས་རོ​ོགས་ ཨ་ཞང་། -: ཉི​ི་མ་ནི​ི་འཛམ་གླི​ིང་ནང་ནས་ཐག་རི​ིང་ཤོས

ཕ་ཡུལ་འདོ​ོན་ཐེ​ེངས་ ༢༢༥ ཡི​ི་གབ་ལན།

རྩོ​ོམ་སྒྲི​ིག་པས་སྒྱུར་སྒྲི​ིག་ཞུས།

ཉི​ི་མ་མཐོ​ོང་ཐུབ་ན་དེ​ེ་གས་འགྲི​ིག་པ་རེ​ེད།

འགྲོ​ོ་ཐུབ་ན་ཡག་པོ​ོ་ཡོ​ོད་རེ​ེད། ག་ལེ​ེར་བྱས་ན་མ་ ཨ་ཞང་། -: གནམ་མཁའ་ལ་ག་རེ​ེ་འདུག་ལྟོ​ོས་དང་། གཏོ​ོགས་ང་ལ་ཨི​ི་ཁུང་འབི​ིག་མི​ི་ཉན། ཁྱེ​ེད་ཀྱི​ི་ལས་ བུ་མོ​ོ། -: ཉི​ི་མ་ལས་གཞན་མི​ི་འདུག གནང་། བྱས་ན་ང་སུ་རེ​ེད་དམ།

ཕྱི​ི་ལོ​ོ། ༢༠༢༤

ཁ། -: བྱས་ན་རང་གི​ིས་དངུལ་རྒྱངས་བཞག་ན་འགྲི​ིག་གི​ི་རེ​ེད་པཱ།

དེ​ེ་རེ​ེད། བྱས་ཙང་རང་གི​ིས་ཉི​ི་མ་མཐོ​ོང་ཐུབ་ན་དེ​ེ་གས་

ཀ -: དེ​ེ་ཁོ​ོ་ཚོ​ོས་རྒྱངས་ཀྱི​ི་རེ​ེད། ང་རི​ིན་མེ​ེད་ལ་མ་གཏོ​ོགས་བེ​ེད་སྤྱོ​ོད་བྱེ​ེད་

འགྲི​ིག་ཚར་པ་རེ​ེད། ད་མི​ིག་ཤེལ ེ ་ཉོ​ོ་མི​ི་དགོ​ོས་པ་བྱེ​ེད། ཅེ​ེས་ གསུངས།

ཀྱི​ི་མེ​ེད།

ཁ་ལོ​ོ་བར་མགོ​ོ་སྐོ​ོར་བ།

ཀ -: གྲོ​ོགས་པོ​ོ། དེ​ེ་རི​ིང་ངས་གླ་སྤྱོ​ོད་རླང་འཁོ​ོར་གྱི​ི་ཁ་ལོ​ོ་

ང་རང་ཆུང་ཆུང་སོ​ོང་ཙང་། དེ​ེ་ངས་ཧ་གོ​ོ་མ་སོ​ོང་།

ཀ -: གྲོ​ོགས་པོ​ོ། ང་ཆུང་དུས་སྐབས་ཁང་པའི​ི་ཐོ​ོག་ཁ་ནས་སར་ཟགས་

བ་ཞི​ིག་ལ་མགོ​ོ་སྐོ​ོར་བཏང་པ་ཡི​ིན།

པ་རེ​ེད།

ཀ -: ངས་ཁོ​ོ་ལ་དངུལ་སྤྲད་ནས་ང་རང་མོ​ོ་ཊའི​ི་ནང་ལ་ཕྱི​ིན་མེ​ེད།

ཀ -: དེ​ེ་དུས་ང་རང་ཆུང་ཆུང་སོ​ོང་ཙང་། དེ​ེ་ངས་ཧ་གོ​ོ་མ་སོ​ོང་།

ཁ། -: རང་གི​ིས་གང་འདྲ་སི​ི་མགོ​ོ་སྐོ​ོར་བ་ཡི​ིན་ནམ།

ཁ། -: ཨོ​ོ། དཔེ​ེ་སྲི​ིད་དོ​ོགས་མེ​ེད། བྱས་ན་རང་ཤི་ི རེ​ེད་པས།


ཕ་ཡུལ་ཤེ​ེས་བྱའི​ི་བང་མཛོ​ོད།

ཡ་རབས་བཟང་སྤྱོ​ོད།

སྙན་རྩོ​ོམ།

གངས་ཅན་གསེ​ེར་བཟང་། འཛི​ིན་རི​ིམ་བཞི​ི་པ། མེ​ེས་དབོ​ོན་གཙུག་ལག་དཔེ​ེ་སྟོ​ོན་

སློ​ོབ་གྲྭ།

༄༅། །ས་ཆ་སྐྱི​ིད་ཤོ​ོས། །

གྲོ​ོགས་མོ​ོ་མང་པོ​ོ་ཐུག་བྱུང་།། ཁ་བརྡ་བྱས་ནས་འགྲོ​ོ་དུས།།

སློ​ོབ་གྲྭར་མགྱོ​ོགས་པོ​ོ་སླེ​ེབས་སོ​ོང་།།

ཡ་རབས་བཟང་སྤྱོ​ོད་ནི​ི་གཞན་ལ་འཁྲུག་འཛི​ིང་དང་ཁ་རྩོ​ོད་མ་བརྒྱབ་ བརྩེ​ེ་བའི​ི་སློ​ོབ་གྲྭར་སླེ​ེབས་དུས།། པར་གཞན་ལ་འཆམ་པོ​ོ་དང་རོ​ོགས་པ་བྱེ​ེད་པ་ལ་ཟེ​ེར། གལ་ཏེ​ེ་ཁྱེ​ེད་ ཡི​ི་གེ​ེ་གང་ལེ​ེགས་སྦྱངས་ཡི​ིན།། ཀྱི​ིས་མི​ི་དབུལ་ཕོ​ོངས་ཤི​ིག་ལ་དངུལ་ཏོ​ོག་ཙམ་ཞི​ིག་སྤྲད་ཚེ​ེ་དེ​ེ་ནི​ི་ཡ་ དེ​ེ་འདྲའི​ི་སྐྱི​ིད་པའི​ི་སློ​ོབ་གྲྭ།། རབས་བཟང་སྤྱོ​ོད་དང་འབྲེ​ེལ་བའི​ི་བྱ་སྤྱོ​ོད་ཅི​ིག་རེ​ེད། ནམ་རྒྱུན་རྟག་ མེ​ེ་ཚེ​ེའི​ི་ནང་ལ་མི​ི་འདུག།། པར་གུས་མོ​ོའི་ི ཕ་མ་གཉི​ིས་ཀྱི​ིས་ང་ལ་ཡ་རབས་བཟང་སྤྱོ​ོད་ལྡན་པ་ ཞི​ིག་བྱེ​ེད་དགོ​ོས་ཞེ​ེས་བཤད་པ་ནང་བཞི​ིན་ང་ཚོ​ོས་ཀྱང་ཕ་མའི​ི་བསླབ་ དྲི​ིན་ཆེ​ེན་ཨ་མ། བྱ་བཟང་པོ​ོ་རྣམས་ཡི​ིད་ལ་བཅངས་ནས་རང་ཉི​ིད་སློ​ོབ་ཕྲུག་ཡ་རབས་ ཅན་ཞི​ིག་ལ་འགྱུར་རྒྱུའི​ི་འབད་པ་བྱ་དགོ​ོས། ངའི​ི་པ་ལགས་ཀྱི​ིས་ བསྟན་འཛི​ིན་འཛོ​ོམས་པ། འཛི​ིན་རི​ིམ་ལྔ་པ། རཱཇ་པུར་བོ​ོད་ཁྱི​ིམ། བཀའ་དྲི​ིན་ཆེ​ེ་བའི​ི་ཨ་མ།། དུས་ནམ་ཡང་དེ​ེང་སྐབས་སློ​ོབ་སྦྱོ​ོང་ལས་ཡ་རབས་བཟང་སྤྱོ​ོད་གལ་ ཨ་མ་སྙི​ིང་རྗེ​ེ་ལྡན་པ།། ཆེ​ེ་བ་རེ​ེད་ཅེ​ེས་གསུངས་གནང་གི​ི་འདུག རྒྱུ་མཚན་ནི​ི། གལ་ཏེ​ེ་རང་ ཉི​ིན་ལྟར་ཕྲུ་གུའི​ི་ཆེ​ེད་དུ།། ཉི​ིད་སློ​ོབ་སྦྱོ​ོང་ག་ཚོ​ོད་ཡག་པོ​ོ་ཡོ​ོད་ཀྱང་ཀུན་སྤྱོ​ོད་ཡག་པོ​ོ་མེ​ེད་པས་ན། སྐུ་ལས་ལྷད་མེ​ེད་སྐྱོ​ོན་གྱི​ིན།། མི​ིའི​ི་སྤྱི​ི་ཚོ​ོགས་ལ་ཕན་པ་ལས་གནོ​ོད་པ་མང་བ་སྐྱེ​ེལ་གྱི​ི་ཡོ​ོད་པས་རང་ གི​ི་རྒྱུད་ལ་ཡ་རབས་བཟང་སྤྱོ​ོད་དགོ​ོས་རྒྱུ་ཧ་ཅང་གལ་ཆེ​ེན་པོ​ོ་ཡི​ིན། ཆུང་ནས་བྱམས་བརྩེ​ེས་བསྐྱངས་པ།། སློ​ོབ་མ་ང་ཚོ​ོའི​ི་སེ​ེམས་ནང་དུ་ད་ལྟ་ང་ཚོ​ོ་སློ​ོབ་གྲྭར་འགྲི​ིམ་བཞི​ིན་པའི​ི་ ཟླ་དགུ་མངལ་དུ་ཁུར་མཁན།། ན་ཆུང་སློ​ོབ་མ་ཞི​ིག་ཡི​ིན། ང་ཚོ​ོས་ད་ལྟ་གཞན་ལ་ཕན་པའི​ི་ལས་ཀ་ སྡུག་པོ​ོ་མང་པོ​ོ་མྱོ​ོང་མཁན།། བྱེ​ེད་མི​ི་ཐུབ། བྱས་ཙང་ཕྱི​ིས་སུ་ཆེ​ེན་པོ​ོ་ཆགས་དུས་རོ​ོགས་པ་བྱས་ ཨ་མ་ཁྱེ​ེད་རང་ཡི​ིན་ནོ​ོ།། ན་འགྲི​ིག་གི​ི་རེ​ེད་བསམ་པའི​ི་བསམ་བློ​ོ་དེ​ེ་དོ​ོར་ནས། ང་ཚོ​ོས་རང་ཉི​ིད་ ལ་དཔག་པའི​ི་གཞན་ལ་ཕན་པ་བསྒྲུབ་རྒྱུའི​ི་ནུས་པ་མང་པོ​ོ་ལྡན་ཡོ​ོད་ མཚན་མོ​ོའི་ི ཟླ་བར་ལྟ་དུས།། པ་ཤེ​ེས་དགོ​ོས། ང་ཚོ​ོས་རང་ལས་རྒན་པ་ལ་གུས་ཞབས་དང་ཆུང་བ་ ཨ་མའི​ི་ཞལ་རས་མཇལ་བྱུང་།། ལ་བྱམས་སྐྱོ​ོང་ཞེ​ེས་ཆེ​ེ་བཀུར་ཆུང་བྱམས་ཀྱི​ི་ལས་ལ་འབད་ཐུབ། དེ​ེ་ སེ​ེམས་པ་ཡང་ཡང་སྐྱོ​ོ་སྟེ​ེ།། བཞི​ིན་འཛི​ིན་གྲོ​ོགས་ནང་ཁུལ་སྨྱུ་གུ་དང་ཞ་སྨྱུག་གཡོ​ོར་རེ​ེས་བྱེ​ེད་པ། མི​ིག་ནས་མི​ིག་ཆུ་ཐོ​ོན་བྱུང་།། སློ​ོབ་སྦྱོ​ོང་སློ​ོབ་རེ​ེས་བྱས་པ་ནི​ི་ཡ་རབས་བཟང་སྤྱོ​ོད་དང་ལྡན་པའི​ི་བྱ་ སྤྱོ​ོད་ཅི​ིག་ཡི​ིན། ང་ཚོ​ོས་དེ​ེ་ལྟར་བཟང་སྤྱོ​ོད་ལ་ཆུང་དུས་ནས་འབད་ སློ​ོབ་གྲྭར་མ་འགྲོ​ོ་གོ​ོང་ལ།། བརྩོ​ོན་བྱས་ཏེ​ེ་རང་གི​ི་རྒྱུད་ལ་འཇགས་པ་བྱེ​ེད་དགོ​ོས། བསླབ་བྱ་སྣ་མང་སྐྱོ​ོན་མཁན།།

སློ​ོབ་གྲྭའི​ི་མི​ི་ཚེ​ེ།

བདག་གི​ི་དྲི​ིན་ཆེ​ེན་ཨ་མ།།

ནམ་ཡང་བརྗེ​ེད་ཐབས་མེ​ེད་དོ​ོ།།

ཀུན་དགའ་བཟང་མོ​ོ། འཛི​ིན་རི​ིམ་ལྔ་པ། རཱཇ་པུར་བོ​ོད་ཁྱི​ིམ།

ཞོ​ོགས་པ་སྔ་པོ​ོ་ལངས་ནས།།

ཆོ​ོས་ཉི​ིད་སྒྲོ​ོལ་མས་བརྩམས།

རི​ི་བོ​ོང་གི​ིས། ཁྱེ​ེད་རང་གི​ིས་ཀང་དང་སྤང་གཉི​ིས་རྦད་དེ​ེ་ནོ​ོར་ནས་ ལབ་ཀྱི​ི་འདུག་ལབ།

ངང་པས་ཀག་ཀག་ཀག་་་གང་ལྟར་སོ​ོ་སོ​ོར་འཚམ་པའི​ི་ས་ཆ་དེ​ེ་ སྐྱི​ིད་ཤོ​ོས་རེ​ེད་ལབ།

སྦལ་པས་རི​ི་བོ​ོང་དང་གླ་བ་ཁྱེ​ེད་རང་ཚོ​ོའི​ི་རྩེ​ེད་མོ​ོ་རྩེ​ེ་ས་སྐྱི​ིད་ཤོ​ོས་དེ​ེ་ སྤང་ལྗོ​ོངས་རེ​ེད་འདུག་ལབ།

ཁྱེ​ེད་ཀྱི​ིས་གནང་བའི​ི་བསླབ་བྱ།།

སོ​ོ་དང་ངོ​ོ་གདོ​ོང་འཁྲུས་ཏེ​ེ།།

གུས་མོ​ོའི་ི སེ​ེམས་ཀྱི​ི་ནང་དུ།།

ཞོ​ོགས་པའི​ི་ཁ་ལག་བཟས་ཏེ​ེ།།

རྡོ​ོ་ལ་རི​ི་མོ​ོ་བཀོ​ོད་བཞི​ིན།།

སློ​ོབ་གྲྭའི​ི་ནང་དུ་ཕྱི​ིན་ཡི​ིན།།

ལམ་དུ་འགྲོ​ོ་བའི​ི་སྐབས་སུ།།

ཕྱི​ི་ལོ​ོ། ༢༠༢༤

མ་བརྗེ​ེད་ཡི​ིད་ལ་བཅངས་ཡོ​ོད།།

གཏམ་དཔེ​ེ་གཅེ​ེས་བཏུས། ༦༨) མར་མེ​ེ་སྣུམ་ཟད།

རྒྱུ་རྫོ​ོགས་ཟི​ིན་ནས་གསབ་ཐབས་མེ​ེད་པ་སྟེ​ེ། དཔེ​ེར་ན། གཟུངས་ཟད་ཀྱི​ི་ནད་པ་འཆི​ི་ཁ་མ་ལྟ་བུར་སྤྱོ​ོད་པ་ཡི​ིན།

གླ་བས་ཉ་དང་སྦལ་པ་ཁྱེ​ེད་རང་ཚོ​ོའི​ི་རྩེ​ེད་མོ​ོ་རྩེ​ེ་ས་སྐྱི​ིད་ཤོ​ོས་དེ​ེ་ཆུ་རེ​ེད་

༦༩) མི​ི་ཆེ​ེན་ཞལ་དྲོ​ོ།

མཐོ​ོ་རི​ིམ་གྱི​ི་མི​ིས་ལས་སླ་མདོ​ོག་ཁ་པོ​ོའི ི་ཁས་ལེ​ེན་དང་། འབོ​ོར་ཤོབ ོ ་ཤོདོ ་པར་ཡི​ིད་མི​ི་ཆེ​ེས་པའི​ི་རྣམ་འགྱུར་མཚོ​ོན་བྱེ​ེད་དུ་སྤྱོ​ོད་པ་ཡི​ིན།

འདུག་ལབ།

༧༠) མི​ིག་སྨན་མི​ིག་ཕན།

བྱ་དངོ​ོས་གང་ཡི​ིན་རུང་། གང་ལ་དམི​ིགས་པ་དེ​ེ་རང་དུ་འཁྱོ​ོལ་བའམ། ཕན་པ་ཞི​ིག་དགོ​ོས་ཟེ​ེར་བ་ལྟ་བུར་སྤྱོ​ོད་པ་ཡི​ིན། ༧༡) མུན་ནག་མདའ་འཕེ​ེན།

དམི​ིགས་ཡུལ་དང་འཆར་གཞི​ི་གང་ཡང་མེ​ེད་པའི​ི་བྱ་བའམ་གཏམ་བརྗོ​ོད་སྤེ​ེལ་བ་ལ་འཕྱ་དམོ​ོད་ཀྱི​ི་རྣམ་པས་ཟུར་ཟ་བྱེ​ེད་པར་སྤྱོ​ོད་པ་ཞི​ིག་ཡི​ིན། ༧༢) ཞྭ་དཔེ​ེ་ལྷམ་འགེ​ེབས།

གནས་ཚུལ་དངོ​ོས་དང་རྩ་བ་ནས་མི​ི་མཐུན་བཞི​ིན་དུ་རང་གི​ི་དེ​ེ་སྔའི​ི་ཉམས་མྱོ​ོང་རྙི​ིང་པ་གཞན་ཞི​ིག་ལག་ལེ​ེན་བསྟར་བ་ལྟ་བུ་ལ་སྤྱོ​ོད་པ་ཡི​ིན་ཏེ​ེ། མ་བྱེ​ེད་དང་། བྱེ​ེད་ རྩི​ིས་འདུག བྱས་པའི​ི་སྐྱོ​ོན་ཡི​ིན། རྩ་བ་ནས་བྱ་མི​ི་རུང་ཟེ​ེར་བ་སོ​ོགས་སྐབས་བསྟུན་ཚི​ིག་གྲོ​ོགས་ཀྱི​ིས་བསྒྱུར་ཆོ​ོག་པ་ཡི​ིན།

གཏམ་མཛོ​ོད་མེ​ེས་པོ​ོའི ི་ཞལ་རྒྱུན་ལས་དྲངས།

མུ་མཐུད་རྒྱུ་་་་


༄༅། །མི​ིག་དྲུག།།

ཆོ​ོས་ཉི​ིད་སྒྲོ​ོལ་མས་བརྩམས།

མི​ིག་དྲུག་གི​ིས། བྱ་མོ​ོ་དམར་རི​ིལ། ཏོ​ོག་ཙམ་སྒུགས་དང་། ཁྱོ​ོད་རང་ཞེ​ེད་དགོ​ོས་དོ​ོན་མེ​ེད། ང་ཚོ​ོ་ཕན་ཚུན་སྐད་ཆ་ བཤད་ཆོ​ོག ཅེ​ེས་ལབ།

བྱ་མོ​ོས། བྱས་ན་གསུངས་དང་། ཁྱེ​ེད་ཀྱི​ིས་བཀའ་ག་རེ​ེ་ གནང་རྒྱུ་ཡོ​ོད། ཅེ​ེས་ཉམ་ཆུང་ཆུང་ངང་བཤད།

ཁྱེ​ེད་རང་གི​ིས་ཙི​ི་ཙི​ི་ནང་བཞི​ིན་ང་ལ་ཁ་ལག་འཚོ​ོལ་རོ​ོགས་ བྱས་ན་ངས་ཐར་པར་བཏང་ཆོ​ོག གལ་སྲི​ིད་བཟའ་རྒྱུ་ཞི​ིག་

མ་རག་ན་ཁྱོ​ོད་རང་གསོ​ོན་པོ​ོར་སྡོ​ོད་རྒྱུར་དཀའ་ལས་ཁག་ པོ​ོ་ཞེ​ེ་དྲགས་རེ​ེད། བྱས་ཙང་ཧུར་ཐག་བྱས་ཏེ​ེ་ཁ་ལག་ འཚོ​ོལ་རོ​ོགས་བྱེ​ེད་དགོ​ོས་རེ​ེད་ད། ཞེ​ེས་བཤད།

༄༅། །དགེ​ེ་སློ​ོབ་གླེ​ེང་སྟེ​ེགས། །

ཐོ​ོག་མར་རྒན་ལགས་རང་ཉི​ིད་ངོ​ོ་སྤྲོ​ོད་མདོ​ོར་བསྡུས་ཤི​ིག་གནང་རོ​ོགས། ལན། ངའི​ི་མི​ིང་ལ་ནོ​ོར་བུ་ཉི​ི་མ་ཟེ​ེར་ཞི​ིང་། ང་ནི​ི་བོ​ོད་ནས་འབྱོ​ོར་བ་ཞི​ིག་ཡི​ིན། ང་ཡི​ི་ འབྲི​ི་ཀློ​ོག་ཐོ​ོག་མར་སྦྱོ​ོང་ས་ནི​ི་སུ་ཇ་བོ​ོད་ཁྱི​ིམ་དང་། མཐོ​ོ་རི​ིམ་སློ​ོབ་གཉེ​ེར་བྱེ​ེད་ས་ནི​ི་ ཝཱཎ་མཐོ​ོ་སློ​ོབ་ཡི​ིན། སློ​ོབ་མཐར་སོ​ོན་རྗེ​ེས་པ་ཀུལ་བོ​ོད་ཁྱི​ིམ་ལག་ཤེ​ེས་སློ​ོབ་གཉེ​ེར་ ཁང་དང་། སྦེ​ེལ་ཀོ​ོབ་བོ​ོད་ཁྱི​ིམ། མོ​ོན་གྷོ​ོ་སཾ​ཾ་བྷོ​ོ་ཊ་གཞི​ི་བར་སློ​ོབ་གྲྭ། དྷོ​ོ་ལན་ཇི​ི་ཉི​ིན་ སློ​ོབ་བཅས་སུ་ལས་ཀ་བྱས་མྱོ​ོང་བ་དང་། ད་ལྟའི​ི་ཆར་སྦེ​ེལ་ཀོ​ོབ་སཾ​ཾ་བྷོ​ོ་ཊ་ཉི​ིན་སློ​ོབ་ ཏུ་བོ​ོད་དགེ​ེའི​ི་ལས་ཀ་བྱེ​ེད་མུས་ཡི​ིན། སློ​ོབ་ཕྲུག་ཅི​ིག་གི​ི་ངོ​ོས་ནས་སློ​ོབ་གཉེ​ེར་བྱེ​ེད་བཞི​ིན་པའི​ི་སྐབས་གལ་ཆེ​ེ་ཤོ​ོས་དེ​ེ་ གང་ལ་ངོ​ོས་འཛི​ིན་གནང་གི​ི་ཡོ​ོད། ལན། སློ​ོབ་ཕྲུག་ཅི​ིག་གི​ི་ངོ​ོས་ནས་སློ​ོབ་གཉེ​ེར་བྱེ​ེད་བཞི​ིན་པའི​ི་སྐབས་གལ་ཆེ​ེ་ཤོ​ོས་ནི​ི་ དགེ​ེ་རྒན་གྱི​ི་ལམ་སྟོ​ོན་བཞི​ིན་བྱེ​ེད་རྒྱུ་དེ​ེ་རེ​ེད་བསམ་གྱི​ི་ཡོ​ོད། དེ​ེ་ ཡང་སློ​ོབ་ཕྲུག་ཚོ​ོས་སློ​ོབ་ཁྲི​ིད་སྐབས་སེ​ེམས་རྩེ​ེ་གཅི​ིག་གི​ིས་ཉན་ དགོ​ོས་པ་དང་། དོ​ོགས་གནས་བྱུང་ཚེ​ེ་འཚེ​ེར་སྣང་སྤངས་ཏེ​ེ་འདྲི​ི་ དགོ​ོས་པ། སློ​ོབ་ཚན་དང་འབྲེ​ེལ་བའི​ི་དཔེ​ེ་དེ​ེབ་གང་མང་ལྟ་ཀློ​ོག་ བྱེ​ེད་དགོ​ོས་པ། འཛི​ིན་གྲོ​ོགས་ཕན་ཚུན་གོ​ོ་བསྡུར་གྱི​ི་ལམ་ནས་ སྦྱང་དགོ​ོས་པ་སོ​ོགས་ཀྱི​ི་ལམ་སྟོ​ོན་གནང་གི​ི་ཡོ​ོད་པས། སློ​ོབ་ཕྲུག་ གི​ི་ངོ​ོས་ནས་དེ​ེ་ལྟར་བྱེ​ེད་ཐུབ་ན་ཤེ​ེས་ཚད་ཡར་ངོ​ོའི་ི ཟླ་བཞི​ིན་གོ​ོང་ འཕེ​ེལ་དུ་འགྲོ​ོ་ངེ​ེས་ཡི​ིན། བོ​ོད་མི​ི་རི​ིགས་ཀྱི​ི་འཐབ་རྩོ​ོད་ཐད་དགེ​ེ་རྒན་ཞི​ིག་གི​ིས་ཞབས་ འདེ​ེ​ེགས་ཇི​ི་ལྟར་སྒྲུབ་ཐུབ་བམ། ལན། ང་རང་ལ་མཚོ​ོན་ན། སློ​ོབ་ཁྲི​ིད་ལས་སློ​ོབ་གསོ​ོ་གལ་ཆེ​ེ་བ་ བརྩི​ི་མཁན་ཞི​ིག་ཡི​ིན། སློ​ོབ་ཁྲི​ིད་རྐྱང་པ་གཙི​ིགས་སུ་བཟུང་ན་སློ​ོབ་ཕྲུག་ལ་སློ​ོབ་ སྦྱོ​ོང་སྤྲོ​ོད་ཐུབ་ན་ཡང་རྒྱལ་ཁབ་དང་མི​ི་རི​ིགས་ཀྱི​ི་འཐབ་རྩོ​ོད་ལ་ཕན་པའི​ི་མི​ི་ཞི​ིག་ སྐྱེ​ེད་སྲི​ིང་བྱེ​ེད་ཐུབ་པའི​ི་ངེ​ེས་པ་གང་ཡང་མེ​ེད། དེ​ེང་གི​ི་གཞོ​ོན་སྐྱེ​ེས་མི​ི་ཉུང་བ་ཞི​ིག་ གི​ིས་བོ​ོད་ཡི​ིག་ལས་ཨི​ིན་ཡི​ིག་དང་། བོ​ོད་ལུགས་ལས་ཕྱི​ི་ལུགས། བོ​ོད་དོ​ོན་ལས་ འགུལ་ལས་ར་མ་ལུག་གི​ི་དགོ​ོང་ཚོ​ོགས་སོ​ོགས་ལ་དགའ་མོ​ོས་ཆེ​ེ་བ་བྱེ​ེད་བཞི​ིན་པ་ ཡང་སློ​ོབ་གསོ​ོས་མ་འདངས་པས་རེ​ེད་བསམ་གྱི​ི་འདུག དེ​ེར་བརྟེ​ེན་དགེ​ེ་རྒན་ཚོ​ོའི​ི་ ངོ​ོས་ནས་དུས་ནས་དུས་སུ་སློ​ོབ་ཕྲུག་ཚོ​ོར་༸གོ​ོང་ས་མཆོ​ོག་གི​ི་དགོ​ོངས་གཞི​ི་དང་། བོ​ོད་ཀྱི​ི་གནས་བབ། བོ​ོད་སྐད་བོ​ོད་ཡི​ིག་གི​ི་གལ་གནད། བོ​ོད་ཕྲུག་གི​ི་ལས་འགན་ སོ​ོགས་ཀྱི​ི་སྐོ​ོར་ལ་སློ​ོབ་གསོ​ོ་སྐྱོ​ོན་ཐུབ་ན་མི​ི་རི​ིགས་ཀྱི​ི་འཐབ་རྩོ​ོད་ཐད་ཞབས་འདེ​ེགས་ རླབས་ཆེ​ེན་ཞི​ིག་སྒྲུབ་ཐུབ་ཀྱི​ི་རེ​ེད་བསམ་གྱི​ི་འདུག དགེ​ེ་རྒན་གྱི​ི་མི​ི་ཚེ​ེའི​ི་ནང་འདོ​ོད་པ་ཚི​ིམས་ཤོ​ོས་ཀྱི​ི་བྱ་གཞག་གང་རེ​ེད་འདུག་གམ། ལན། བོ​ོད་ཡི​ིག་འབྲི​ི་ཀློ​ོག་བྱེ​ེད་པར་དགའ་མོ​ོས་དང་། བོ​ོད་སྐད་དག་མ་བཀོ​ོལ་རྒྱུར་ འབད་བརྩོ​ོན་བྱེ​ེད་པའི​ི་སློ​ོབ་ཕྲུག་འགའ་རེ​ེ་སྐྱེ​ེད་སྲི​ིང་བྱེ​ེད་ཐུབ་ན་ལག་རྗེ​ེས་ཕྲན་བུ་ ཞི​ིག་འཇོ​ོག་ཐུབ་སོ​ོང་ཨང་སྙམ་པའི​ི་དགའ་སྤོ​ོབས་ཤི​ིག་དང་ཡི​ིད་ཚི​ིམ་གྱི​ི་ཚོ​ོར་བ་ ཞི​ིག་ཡོ​ོང་གི​ི་འདུག སྤྱི​ིར་བཏང་འདི​ི་ནི​ི་ཡི​ིད་ཚི​ིམ་བྱེ​ེད་རི​ིན་ཡོ​ོད་པ་ཞི​ིག་ཡི​ིན་མི​ིན་ མི​ི་ཤེ​ེས་མོ​ོད། ཡི​ིན་ན་ཡང་། བོ​ོད་ཡི​ིག་གི​ི་གོ​ོ་ས་ཡོ​ོངས་རྫོ​ོགས་ཨི​ིན་ཇི​ིས་བཙན་ བཟུང་བྱེ​ེད་ལ་ཉེ​ེ་བའི​ི་ཁོ​ོར་ཡུག་ཅི​ིག་ལ་མཚོ​ོན་ན་དེ​ེ་ནི​ི་རྒྱལ་ཁ་ཞི​ིག་ཏུ་བསམ་ན་ཡང་ ཅི​ིས་ཆོ​ོག་སྙམ་བཞི​ིན་ཡོ​ོད། ཕ་མ་རྣམ་པས་རང་ཉི​ིད་ཀྱི​ི་ཕྲུ་གུའི​ི་ཆེ​ེད་དུ་འགན་ཅི​ི་ཞི​ིག་འཁྱེ​ེར་དགོ​ོས་པར་གཟི​ིགས་ ཀྱི​ི་འདུག་གམ། ལན། ཕ་མ་ཚོ​ོའི​ི་ངོ​ོས་ནས་རང་གི​ི་གཅེ​ེས་ཕྲུག་ཚོ​ོར་ཟས་གང་ཞི​ིམ་དང་། གོ​ོས་གང་

འཇམ། ཁ་པར་གང་རྫི​ིག་སོ​ོགས་གནང་ཐུབ་པ་ཙམ་གྱི​ིས་འགྲི​ིག་ཡོ​ོད་མ་དགོ​ོངས་ པར་གཙོ​ོ་བོ​ོ་སློ​ོབ་གྲྭ་དང་དགེ​ེ་རྒན་ལ་གཞོ​ོགས་འདེ​ེགས་གནང་ནས་སོ​ོ་སོ​ོའི་ི གཅེ​ེས་ ཕྲུག་དེ​ེ་ཉི​ིད་ཤེ​ེས་སྤྱོ​ོད་གཉི​ིས་ལྡན་ཞི​ིག་དང་མ་འོ​ོངས་པར་ཕ་མ་དང་སྤྱི​ི་ཚོ​ོགས་ལ་ཕན་ ཐོ​ོགས་ཡོ​ོད་པའི​ི་མི​ི་བུ་གོ​ོ་ཆོ​ོད་ཅི​ིག་ཏུ་སྐྱེ​ེད་སྲི​ིང་གནང་རྒྱུ་དེ​ེ་གལ་གནད་ཤི​ིན་ཏུ་ཆེ​ེན་ པོ​ོ་རེ​ེད་བསམ་གྱི​ི་འདུག དེ​ེང་སྐབས་སློ​ོབ་གྲྭའི​ི་ནང་དཀའ་ངལ་ཆེ​ེ་ཤོ​ོས་དེ​ེ་གང་ལ་ངོ​ོས་འཛི​ིན་གནང་གི​ི་ཡོ​ོད། དེ​ེ་ལ་གདོ​ོང་ལེ​ེན་ཇི​ི་ལྟར་གནང་གི​ི་ཡོ​ོད་དམ། ལན། རང་ཉི​ིད་བོ​ོད་དགེ​ེ་ཞི​ིག་ཡི​ིན་པའི​ི་ཆ་ནས་ཞུས་ན། སློ​ོབ་ཕྲུག་ཚོ​ོས་བོ​ོད་ཡི​ིག་གི​ི་ དག་ཆ་ལ་སྣང་ཆུང་བྱེ​ེད་བཞི​ིན་པ་དེ​ེ་ནི​ི་དཀའ་ངལ་ཆེ​ེ་ཤོ​ོས་ཤི​ིག་རེ​ེད་འདུག སོ​ོ་སོ​ོའི་ི ངོ​ོས་ནས་དག་ཆའི​ི་གལ་གནད་ངོ​ོ་སྤྲོ​ོད་བྱེ​ེད་པ་དང་། སྐྱོ​ོ་བ་སྤངས་ཏེ​ེ་དག་བཅོ​ོས་བྱེ​ེད་ པ། དག་ཆ་ལ་གཙི​ིགས་ཆེ​ེན་བྱས་ཏེ​ེ་ཨང་སྤྲོ​ོད་བྱེ​ེད་པ་སོ​ོགས་ཀྱི​ི་ སྒོ​ོ་ནས་དཀའ་ངལ་དེ​ེ་ལ་གདོ​ོང་ལེ​ེན་བྱེ​ེད་བཞི​ིན་ཡོ​ོད། དུས་རྒྱུན་སློ​ོབ་སྦྱོ​ོང་དང་གང་ཅི​ིའི​ི་ཐད་ནས་སློ​ོབ་ཕྲུག་གཞན་ ལས་ཅུང་ཞན་པའི​ི་སློ​ོབ་ཕྲུག་རྣམས་གསོ​ོ་སྐྱོ​ོང་ཡག་པོ​ོ་ཇི​ི་ལྟར་ གནང་ཐུབ་བམ། ལན། མཐོ​ོང་ཆུང་ཁྱད་གསོ​ོད་དང་སྣང་མེ​ེད་ཡལ་འདོ​ོར་མི​ི་བྱེ​ེད་ པར། དམི​ིགས་བསལ་དོ​ོ་སྣང་དང་སྤྲོ​ོ་སྤེ​ེལ་གཟེ​ེངས་བསྟོ​ོད་བྱས་ ནས་གསོ​ོ་སྐྱོ​ོང་བྱེ​ེད་དགོ​ོས། སློ​ོབ་སྦྱོ​ོང་སོ​ོགས་གང་ཅི​ིའི​ི་ཐད་ ནས་ཞན་ཆ་ཅན་གྱི​ི་སློ​ོབ་ཕྲུག་མང་ཆེ​ེ་བ་ནི​ི་བྱམས་བརྩེ​ེས་ཕོ​ོངས་ པའི​ི་སློ​ོབ་ཕྲུག་དག་ཡི​ིན་པས་དེ​ེ་དག་ལ་སེ​ེམས་ཐག་ཉེ​ེ་ཙམ་དང་ སེ​ེམས་ཁུར་མང་ཙམ་བྱེ​ེད་རྒྱུ་ནི​ི་གསོ​ོ་སྐྱོ​ོང་ཡག་པོ​ོ་བྱེ​ེད་པའི​ི་ཐབས་ མཆོ​ོག་རེ​ེད་བསམ་གྱི​ི་འདུག ཁྱེ​ེད་ཀྱི​ི་སློ​ོབ་ཕྲུག་རྣམས་ལ་རེ​ེ་བ་ཅི​ི་ཞི​ིག་ཡོ​ོད། ལན། སློ​ོབ་ཕྲུག་ཡི​ིན་པའི​ི་གནས་སྐབས་སུ་ཁ་གཡེ​ེང་མི​ིག་གཡེ​ེང་མི​ི་བྱེ​ེད་པར་སློ​ོབ་ སྦྱོ​ོང་ལ་འབད་བརྩོ​ོན་ལྷོ​ོད་མེ​ེད་བྱེ​ེད་མཁན་དང་། སློ​ོབ་གྲྭ་ཐོ​ོན་པའི​ི་རྗེ​ེས་སུ་ཕ་མ་ལ་ དཀའ་ངལ་དང་སྤྱི​ི་ཚོ​ོགས་ལ་བརྡབ་གསི​ིག་བཟོ​ོ་མཁན་དུ་མི​ི་འགྱུར་བར་ཕ་མ་ལ་ བསྙེ​ེན་བཀུར་དང་སྤྱི​ི་ཚོ​ོགས་ལ་ཕན་བདེ​ེ་སྒྲུབ་མཁན་གྱི​ི་མི​ི་བཟང་པོ​ོ་ཞི​ིག་ཏུ་གྱུར་ན་ ཅི​ི་མ་རུང་སྙམ་པའི​ི་རེ​ེ་བ་བཅངས་ཡོ​ོད། ཁྱེ​ེད་ཀྱི​ིས་སློ​ོབ་ཕྲུག་རྣམས་དང་དགེ​ེ་ལས་རྣམས་ལ་གླེ​ེང་འདོ​ོད་པའི​ི་གཏམ་ཅི​ི་ ཞི​ིག་ཡོ​ོད་དམ། ལན། བོ​ོད་པའི​ི་ཤ་ཁྲག་ལས་གྲུབ་པའི​ི་བོ​ོད་ཕྲུག་ཅི​ིག་ཡི​ིན་ན་བོ​ོད་སྐད་བོ​ོད་ཡི​ིག་ཤེ​ེས་ ཤི​ིང་བོ​ོད་གཤི​ིས་བོ​ོད་དྲི​ི་འཐུལ་བའི​ི་བོ​ོད་པ་ཞི​ིག་བྱེ​ེད་དགོ​ོས་པ་དང་། བོ​ོད་ཕྲུག་སྐྱོ​ོང་ བའི​ི་དགེ​ེ་ལས་ཤི​ིག་ཡི​ིན་ན་ལས་གནས་གང་གི​ི་ཐོ​ོག་ནས་ལས་དོ​ོན་གཉེ​ེར་གྱི​ི་ཡོ​ོད་ ཀྱང་རུང་བོ​ོད་ཕྲུག་བོ​ོད་པར་སྐྱེ​ེད་སྲི​ིང་གནང་རྒྱུའི​ི་ཐད་དགོ​ོངས་པ་བཞེ​ེས་དགོ​ོས་ པ་ནི​ི་གནས་བབ་ཅི​ིག་གི​ིས་ང་ཚོ​ོ་ལ་སྤྲད་པའི​ི་ལྡོ​ོག་མེ​ེད་ཀྱི​ི་ལས་འགན་ཞི​ིག་རེ​ེད་ བསམ་གྱི​ི་འདུག དེ​ེ་མི​ིན་ཁྱེ​ེད་ཀྱི​ིས་གླེ​ེང་འདོ​ོད་པ་ཅི​ི་ཞི​ིག་ཡོ​ོད། ལན། དེ​ེང་སང་བོ​ོད་སྐད་ཀྱི​ི་ནང་དུ་གཞན་སྐད་སྲེ​ེ་བཞི​ིན་པའི​ི་སྒང་ལ་ཉར་ལ་ཉམ་ཟེ​ེར་ བ་དང་། རྒྱུགས་ལ་བྲོ​ོས་ཟེ​ེར་བ། ངའི​ི་ལ་ང་ཀ་ཅི​ི་ཟེ​ེར་བ་སོ​ོགས་ཀྱི​ི་སྐད་ལོ​ོག་མི​ི་ཉུང་ བ་ཞི​ིག་བེ​ེད་སྤྱོ​ོད་བྱེ​ེད་བཞི​ིན་འདུག་པ་དེ​ེ་ནི​ི་ཉེ​ེན་ཁ་འཕར་མ་ཞི​ིག་ཏུ་མཐོ​ོང་བས་བོ​ོད་ པ་ཡི​ིན་ནོ​ོ་ཅོ​ོག་གི​ིས་བོ​ོད་སྐད་ཚུལ་བཞི​ིན་བཀོ​ོལ་སྤྱོ​ོད་གནང་རྒྱུར་ཤུགས་སྣོ​ོན་བསྐྱོ​ོན་ དགོ​ོས་འདུག་ཞུ་རྒྱུ་ཡི​ིན།

རི་མོའི་གླིང་ཁ།

ཁོ​ོ་ཚོ​ོ་གསུམ་པོ​ོ་མུ་མཐུད་ཟས་འཚོ​ོལ་དུ་ཕྱི​ི​ིན་ཕྱི​ིན་ནས་

མཐར་ཞི​ིང་ཁ་ཆེ​ེན་པོ​ོ་ཞི​ིག་གི​ི་འགྲམ་དུ་སླེ​ེབས། དེ​ེར་ཞི​ིང་

པ་རྒན་གཞོ​ོན་རྣམས་ཀྱི​ིས་ཉི​ི་འོ​ོད་ཁྲོ​ོད་དཀའ་ངལ་འཛེ​ེམས་ མེ​ེད་ཀྱི​ིས་ལས་ལ་བརྩོ​ོན་བཞི​ིན་ཡོ​ོད་པ་མཐོ​ོང་།

སྤྱི​ི་ཁྱབ་འགན་འཛི​ིན།

བསྟན་འཛི​ིན་པདྨ།

རྩོ​ོམ་སྒྲི​ིག་པ།

ཆོ​ོས་ཉི​ིད་སྒྲོ​ོལ་མ།

རྩོ​ོམ་སྒྲི​ིག་འགན་འཁུར་བ།

ངག་དབང་བསྟན་འཛི​ིན།

རི​ི་མོ​ོ་བ།

ངག་དབང་རྡོ​ོ་རྗེ​ེ།

བསོ​ོད་ནམས་དབང་ཕྱུག ཇུས་འགོ​ོད་པ།

ཆོ​ོས་ཉི​ིད་སྒྲོ​ོལ་མ།

རྩོ​ོམ་དང་རི​ི་མོ​ོ་སོ​ོགས་བསྐུར་སའི​ི་ཁ་བྱང་། ཀུན་དགའ་ཚེ​ེ་དཔག འཛི​ིན་རི​ིམ་ལྔ་པ། སྦེ​ེལ་ཀོ​ོབ་སི​ི་ཝི​ི་པི​ི་སཾ​ཾ་བྷོ​ོ་ཊ།

The Editor Department of Education (CTA) Gangchen Kyishong Dharamsala-176215 Distt. Kangra (H.P.) India

གློ​ོག་འཕྲི​ིན།:། phayulshezod@tibet.net

འདོ​ོན་ཐེ​ེངས་སྔོ​ོན་མ་རྣམས་ www.bodyiglobjong.com དྲྭ་ཚི​ིགས་སྟེ​ེང་ནས་གཟི​ིགས་ཐུབ།

ཞི​ིང་ཁའི​ི་ཟུར་ཞི​ིག་ཏུ་ཕྲུ་གུ་འགའ་ཤས་རྩེ​ེད་མོ​ོ་རྩེ​ེ་ཞི​ིང་

རང་རང་གི​ི་ཕ་མའི​ི་ཅ་དངོ​ོས་དང་དགུང་ཟས་ལ་ལྟ་རྟོ​ོག་

བརྙན་དེ​ེབ་མངགས་ཉོ​ོ་གནང་སའི​ི་ཁ་བྱང་།

བྱེ​ེད་བཞི​ིན་ཡོ​ོད། མི​ིག་དྲུག་གི​ིས་ཉམ་ཆུང་ཆུང་ངང་ཁོ​ོ་ ཚོ​ོ་ཡོ​ོད་སར་ཕྱི​ིན།

མུ་མཐུད་རྒྱུ་་་

ཨུ་རྒན་སེ​ེང་གེ​ེ། འཛི​ིན་རི​ིམ་ལྔ་པ། བདེ​ེ་སྐྱི​ིད་གླི​ིང་བོ​ོད་ཁྱི​ིམ།

བསྟན་འཛི​ིན་མཚོ​ོ་མོ​ོ། འཛི​ིན་རི​ིམ་བཞི​ི་པ། སྦེ​ེལ་ཀོ​ོབ་སི​ི་ཝི​ི་པི​ི་སཾ​ཾ་བྷོ​ོ་ཊ།

Sherig Parkhang Trust R-28 Ramesh Park, Laxmi Nagar New Delhi 110092 གློ​ོག་འཕྲི​ིན།:། shepardelhi@gmail.com


Turn static files into dynamic content formats.

Create a flipbook
སྤྱིའི་འདོན་ཐེངས། ༢༢༦ by Sherig Books - Issuu