Skip to main content

སྤྱིའི་འདོན་ཐེངས། ༢༡༢

Page 1

ཤེ ས ་བྱའི ་ བང་མཛོ ད ་ ཡར་འབྲོག་གཡུ་མཚོ།

བོད་རྒྱལ་ལོ། ༢༡༤༨

ཕྱི་ལོ་ ༢༠༢༡

ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་རྩོམ་སྒྲིག་དང་པར་སྐྲུན་ཞུས།

༄༅། །ཤེས་བྱའི་དགའ་ཚལ། །

༄༅།། བསམ་གྲུབ་དང་ཐང་ལི།

ཆོས་ཉིད་སྒྲོལ་མས་བརྩམས།

གཞན་དང་འཆམ་མཐུན་ཡོང་བའི་རྒྱུ་གཙོ་བོ་གང་རེད་དམ།

འཆམ་མཐུན་ནི་མི་སྒེར་དང་ཚོགས་པ་སྐྱིད་སྡུག་སོགས་ཀྱི་ནང་མེད་དུ་མི་རུང་བའི་ རྒྱལ་ཁའི་ས་བོན་དེ་ཡིན། དེར་བརྟེན་ང་ཚོ་ཆུང་དུས་འཚར་ལོངས་བྱུང་སའི་ཁོར་

ཡུག་ནས་བཟུང་སྟེ། དེ་ལྟ་བུའི་ཁོར་ཡུག་ཞིག་སྐྲུན་ཐུབ་ན་དེས་མ་འོངས་པར་རང་

ཉིད་ཙམ་དུ་མ་ཟད། རང་དང་འབྲེལ་བ་ཆགས་སའི་ཁོར་ཡུག་སྤྱི་ཡོངས་ལའང་ཕན་ ཐོགས་ངེས་ཅན་ཐུབ་རྒྱུ་ཡིན་པར་གདོན་མི་ཟ། དེར་བརྟེན་གཤམ་དུ་འཆམ་མཐུན་ ཇི་ལྟར་ཡོང་ཐབས་དང་དེའི་ནུས་པ་སོགས་ཀྱི་སྐོར་ལ་གླེང་རྒྱུ་ཡིན།

དེ་ནས་ཁོང་གསུམ་མཆོད་ཁང་ནས་ཐོན་ཏེ་སྤོ་བོའི་ཉལ་ཁང་དུ་ཕྱིན་ དང་པོ། འཆམ་མཐུན་ཡོང་ཐབས་ནི།

པ་རེད། སྐབས་དེར་གྲོང་པའི་སྤོ་བོ་ཡེ་ཤེས་ལགས་ཀྱང་ཕེབས་ནས་ ཀ) རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ། ཁ) བསམ་བློའི་འཁྱེར་སོ་ ཁོ་ཚོ་གསུམ་པོས་གྲོས་བསྡུར་གནང་སྟེ། བུ་དེ་ནི་རྒན་རྒོན་གཉིས་ ཀྱི་བསམ་དོན་གྲུབ་པར་བྱེད་མཁན་ཡིན་པས་མིང་ལ་བསམ་གྲུབ་ ཅེས་བཏགས་སོ།།

བཟང་པོ། ག) ངོ་ལྐོག་མེད་པ། ང) བསམ་ཤེས་ཅན་བཅས་ཡིན།

ཀ༽ རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློས་འཆམ་མཐུན་ཇི་ལྟར་སྐུན་

ཐུབ་བམ་ཞེ་ན། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་བདེ་སྐྱིད་འདོད་པ་གཅིག་

མཚུངས་ཡིན་མོད། འོན་ཀྱང་དེ་ཐོབ་པའི་ཐབས་མི་འདྲ་བའི་རྐྱེན་གྱིས་སྡུག་བསྔལ་ ཡང་ཡང་མྱོང་དགོས་འབྱུང་གི་ཡོད། དེར་བརྟེན་རྟག་ཏུ་རང་ཉིད་ལ་གནས་སྐབས་ ཀྱི་གྱོང་དང་མི་དགའ་བ་ཕྲན་བུ་ཡོང་གི་ཡོད་པ་དག་བློས་བླངས་ཀྱིས། གཞན་ལ་

ཕན་པ་དང་བདེ་བ་སྦྱིན་ཐུབ་ན། དེ​ེས་རང་གཞན་གཉིས་ཀར་བདེ་སྐྱིད་སྐྲུན་ཐུབ། དེ་ མ་གཏོགས་རྟག་ཏུ་བཟང་བ་དང་ལེགས་པ་གང་ཡིན་པ་དེ་རང་ཉིད་གཅིག་པུ་ལ་སྒྲུབ་

ཐབས་དང་། གཞན་ལ་སྐྱོ་བ་དང་ཞན་པ་དེ་སྤྲོད་རྐྱང་བྱས་ན། དེ་ནི་བཟང་སྤྱོད་དང་

འགལ་བ་ཡིན་པས། དེ་འདྲའི་སྤྱོད་པ་སྟེན་མཁན་གྱི་མི་ལ་གྲོགས་དང་མཛའ་བཤེས་

བུ་བསམ་གྲུབ་ལ་ཕ་མ་རྒན་རྒོན་གཉིས་ཀྱིས་བྱམས་སྐྱོང་ཚད་མེད་

གནང་། ཁོ་ནི་སྤྱིར་བཏང་གི་བྱིས་པ་གཞན་ལྟར་གཟུགས་འཚར་རྒྱུ་

མེད་ནའང་། སྤྱང་གྲུང་ཧ་ཅང་འཛོམས་པོ་ཡོད། མ་ཟད་མི་ཚང་མར་

སྤྱིའི་འདོན་ཐེངས། ༢༡༢

སོགས་ཀྱང་དེ་བས་ཉུང་བ་ཡོང་གི་ཡོད། དེ་ནི་རང་ཉིད་ཀྱི་ཀུན་སྤྱོད་མི་སྡུག་པ་དེས་ རང་བཞིན་གྱིས་རང་ཉིད་གནས་སའི་ཁོར་ཡུག་དེའང་འཆམ་མཐུན་དང་བདེ་སྐྱིད་མི་ ལྡན་པར་འགྱུར་གྱི་ཡོད་པས། བཟང་ཕྱོགས་ཀྱི་སྤྱོད་ལམ་བསྟེན་དགོས་པ་གལ་ཆེ།

ཁ༽ བསམ་བློའི་འཁྱེར་སོ་བཟང་ཕྱོགས་སུ་གཏོང་བ་ལས་འཆམ་མཐུན་ཇི་ལྟར་

སྐྲུན་ཐུབ་བམ་ཞེ་ན།

ཧིན་སྒོར། ༥ རྩོམ་སྒྲིག་པས།

མཐུན་པར་བྱེད་དགོས།" ཞེས་དང་། ཡང་། "ང་ཚོའི་གཟུགས་པོ་ལ་ཉིན་ལྟར་བཅུད་

ཅན་གྱི་ཟས་དགོས་པ་བཞིན་སེམས་ཀྱང་གནད་དོན་བཟང་པོས་སྐོང་དགོས། གལ་ ཏེ་ང་ཚོས་ཟ་མ་རྙིང་པ་དང་བསམ་བློ་ངན་པས་ལུས་སེམས་གཉིས་བསྐངས་ན་ལུས་

སེམས་གཉིས་ཀར་ནད་སློང་། དེར་བརྟེན་ང་ཚོས་སེམས་ལོག་ལམ་དུ་མི་འགྲོ་བའི་ ཆེད་བསམ་བློ་བཟང་པོས་སྐོང་དགོས།" ཞེས་གསུངས་པ་ལྟར། གཞན་གྱི་བསམ་ ཚུལ་དང་ལྟ་བ། དགའ་ཕྱོགས་སོགས་ལ་གུས་བརྩི་ཞུ་དགོས།

ག༽ ངོ་ལྐོག་མེད་ན་འཆམ་མཐུན་ཇི་ལྟར་སྐྲུན་ཐུབ་བམ་ཞེ་ན། ༸གོང་ས་མཆོག་

གིས་ "ཕྱི་གསལ་ནང་གསལ་མེད་པ་ལ་བརྟེན་ནས་ཡིད་ཆེས་མེད་པ་དང་སེམས་

འཚབ་སོགས་ཡོང་གི་ཡོད།" ཅེས་གསུངས་པ་བཞིན། རྒྱབ་མདུན་གཉིས་སུ་ལས་ ཀ་མི་འདྲ་བ་བྱེད་མཁན་གྱི་མི་རྣམས་གཡོ་སྒྱུ་ཆེ་བར་ངོས་འཛིན་གྱིས་མིས་གདེང་ འཇོག་དང་ཡིད་ཆེས་བྱེད་མཁན་ཉུང་། མི་དེ་རིགས་ལ་གྲོགས་དང་ཡིད་མཐུན་གྱི་ རྩེད་མོ་རྩེད་གྲོགས་ཙམ་ཡང་རག་དཀའ་བ་ཡིན། དེར་བརྟེན་རྒྱུན་དུ་དེ་ལྟའི་སྤྱོད་ ལམ་སྤོང་དགོས་པ་ཡིན།

ང༽ བསམ་ཤེས་ཅན་གྱིས་འཆམ་མཐུན་སྐྲུན་ཐུབ་བམ་ཞེ་ན། དེ་ནི་མིའི་སྤྱི་ཚོགས་ ཙམ་དུ་མ་ཟད་སེམས་ཅན་དུད་འགྲོ་ཡན་ཆད་ལའང་ཕན་རླབས་ཆེ་བའི་བྱ་གཞག་ ཅིག་རེད། ཕན་ཚུན་དབར་བསམ་ཤེས་བྱ་ཐུབ་ན་ལས་དོན་ཅི་ཞིག་ཡིན་རུང་བདེ་

བླག་ངང་སྒྲུབ་ཐུབ། རྒྱུ་མཚན་ནི། ང་ཚོའི་བསམ་བློར་ཕྱིའི་གནོན་ཤུགས་དང་དཀའ་

ངལ་གཞན་གྱི་གེགས་བྱེད་མཁན་མེད་སྟབས། རང་བཞིན་གྱིས་ལས་དོན་དེ་ཉིད་ཀྱི་ ཐོག་བསམ་བློ་བཞག་ནས་བློ་རྩེ་སྒྲིམ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། མ་ཟད་ བསམ་ཤེས་ལས་མིའི་དབར་གྱི་མཐུན་ལམ་དང་མཛའ་སེམས་ཟབ་ཏུ་གཏོང་ཐུབ། གཉིས་པ། འཆམ་མཐུན་གྱི་ནུས་པའམ་དགེ་ཚན་གང་ཡིན་ཞེ་ན།

གང་དུ་འཆམ་མཐུན་ཡོད་ན་དེར་མཛའ་མཐུན་ཡོད། དེར་བརྟེན་མཛའ་མཐུན་མཉམ་

གནས་བྱེད་ཤེས་ན། ད་གཟོད་ང་ཚོར་གྲོགས་ཀྱི་བརྩེ་འདང་ཐོབ་སྲིད་ལ། དེ་ལས་ང་

རོགས་རམ་དང་ཕན་སེམས་བཅངས་མཁན་ཞིག་ཡིན་པས། ལུང་ དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་མིན་ལ་བརྟག་དཔྱད་ཙམ་ཡང་མ་བྱས་པར། ཚོའི་སེམས་པར་དྲོ་སྐྱིད་ཁྱད་པར་བ་ཞིག་ཐོབ་ངེས། ༸གོང་ས་མཆོག་གིས་ "ང་ པའི་ཡུལ་མི་རྒན་གཞོན་ཀུན་གྱིས་དགའ་མོས་དང་བསྔགས་བརྗོད་ རྟག་ཏུ་རང་ཉིད་སྒེར་གྱི་བསམ་ཚུལ་དང་ལྟ་སྟངས་ལས་གཞན་གྱི་བྱ་སྤྱོད་ལ་འགྲེལ་ ཚོས་འཚོལ་བའི་བག་ཕེབས་དང་བདེ་སྐྱིད་དེ། སྙིང་རྗེ་དང་གཞན་གྱི་བདེ་སྡུག་ལ་ བྱེད་ཡུལ་ཞིག་ཡིན།

བཤད་རྒྱག་པ་དང་། རང་ཉིད་ཀྱི་བསམ་ཚུལ་རྐྱང་པ་ཡང་དག་པར་རློམ་པའི་རང་ལྟ་

བསམ་བློ་གཏོང་བའི་གོ་རྟོགས་གོང་འཕེལ་དུ་བཏང་བ་ཉག་གཅིག་ལ་བརྟེན་ནས་

ཡོད། དེར་བརྟེན་མཐར་ཐུག་གི་གནས་ཚུལ་མ་ཤེས་པར་གཞན་ལ་ལེ་ཁག་དཀྲི་བ་

ཞེས་གསུངས་པ་བཞིན། ང་ཚོས་འཕྲལ་གྱི་ཚོར་བ་བདེ་བ་ཙམ་ཞིག་དོན་དུ་མ་གཉེར་

མཆོག་འཛིན་གྱི་བསམ་བློ་དེ་སྤོང་དགོས་པ་ཡིན། རྒྱུ་མཚན་ནི། གཞན་གྱིས་ལས་ དོན་གང་ཞིག་བྱས་པ་ཡིན་རུང་། དེ་ལ་རང་ཉིད་ཀྱི་རྒྱུ་མཚན་དང་དོན་སྙིང་རེ་ལྡན་

སོགས་བྱེད་མི་ཉན། དེ་བཞིན་རྩོམ་པ་པོ་ཤིབ་ཁེ་རཱ་ཡིས། "སྔར་མ་འགྲིགས་པ་དང་ མ་བྱུང་བའི་གནས་བབ་ལས་ཐོན་ཏེ་བསམ་བློ་གསར་པ་འཁྱེར་ནས་དམངས་དང་

ཁོ་གཟུགས་ཆུང་དྲགས་ནས་དུས་རྒྱུན་དུ་རྩེད་མོ་རྩེད་རོགས་རག་ གི་མེད་པར་བརྟེན། ཉིན་ལྟར་ཕྱེ་མ་ལེབ་དང་། རི་བོང་། དོམ་ཁྲ།

པུ་ཤུད། སྐྱ་ཀ། ཐང་ལི། འབུ་གྲོག་མ་བཅས་རང་གི་རྩེད་གྲོགས་སུ་ བརྟེན་པ་དང་། དེ་དག་ལས་ཐང་ལི་ནི་རྩེད་རོགས་ཡག་ཤོས་དེ་ཡིན།

ཁོ་གཉིས་ནི་གཟུགས་དང་གྲིབ་མ་བཞིན་ཉིན་ལྟར་མཉམ་དུ་འགྲོགས་ ཤིང་སྐད་ཅིག་ཙམ་ཡང་འབྲལ་མི་འདོད་པའི་ཚེ་གྲོགས་ལྟ་བུ་ཡིན། མུ་མཐུད་རྒྱུ།

འཐོབ་དགོས་པ་ཞིག་ཡིན།" ཞེས་དང་། "སྙིང་རྗེ་ཆེ་བ་དང་། གཞན་གྱི་བདེ་སྐྱིད་

ལ་བསམ་གཞིགས་མང་ཙམ་གཏོང་བའི་བློ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ངོ་མ་དེ་ཡིན།" བར་རྟག་ཏུ་གཞན་བདེ་རང་སྐྱིད་ཡོང་བའི་ཐབས་སུ་འབད་དགོས། དོན་དུ་དེ་ནི་རང་

ཉིད་ཀྱི་བདེ་སྐྱིད་ཀྱང་ཡིན་པ་མ་ཟད་ཀུན་དང་མཐུན་པའི་རྒྱུ་ཡི་གཙོ་བོ་ཡང་ཡིན་ནོ།།

antonym ling,lit ལྡོག་ཚིག = མིང་ཚིག་གཞན་ཞིག་དང་གོ་དོན་ལྡོག་ཕྱོགས་སུ་འགྱུར་བའི་ཚིག

anxiety psycho སེམས་འཚབ། = སེམས་ཁྲལ་བྱུང་བའི་རྐྱེན་གྱིས་སེམས་ནང་འཇིགས་སྣང༌དང། ཟོལ་མི་བདེ་བ་སོགས་ཀྱི་དངངས་འཚབ་འབྱུང་

བའི་རླུང་ནད།

appeal ༡། adm ཞུ་འབོད་བྱེད་པ།=སྐྱེ་བོ་གང་ཞིག་ལ་རོགས་སྐྱོར་ཆེད་ཛ་དྲག་འབོད་སྐུལ་བྱེད་པ། ༢། law གོང་ཞུ་བྱེད་པ། = ཁྲིམས་ཁང་འོག་མ་

ཞིག་ནས་ཐག་བཅད་ཟིན་པའི་ཁ་མཆུ་ཞིག་ཁྲིམས་ས་གོང་མར་བསྐྱར་དུ་ཞུ་གཏུག་བྱེད་པ།

appearance phil ༡། ཕྱི་ཚུལ། = དངོས་པོའམ་སྐྱེ་བོ་གང་ཞིག་གི་ཕྱིའི་སྣང་ཚུལ། ༢། སྣང་ཚུལ། = དངོས་པོ་གང་ཞིག་གི་སྣང་ཚུལ་ལམ་འཆར་ཚུལ། applicant adm སྙན་ཞུ་འབུལ་མི། = ལས་ཀ་དང། གོ་གནས། འཛུལ་ཞུགས་བྱ་རྒྱུ་སོགས་ཀྱི་ཆེད་དུ་སྙན་ཞུ་འབུལ་མཁན་གྱི་གང་ཟག application adm སྙན་ཞུ། = གོང་རིམ་དང་ལས་གནས་སོགས་ཀྱི་ཆེད་དུ་འབུལ་རྒྱུའི་ཡི་གེ།

application form adm སྙན་ཞུའི་འགེངས་ཤོག = སྙན་ཞུ་འབུལ་རྒྱུའི་གནད་དོན་འགོད་སའི་ཤོག་ལྷེ།

ཁུངས། ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>>དེབ་ཕྲེང་ཁག


ཕ་ཡུལ་ཤེས་བྱའི་བང་མཛོད།

གབ་ཚིག

ཆོས་ཉིད་སྒྲོལ་མས་བྲིས།

༥༤༽ ས་ལ་བསྡད་དེ་རྡེའུ་ཆུང་ལྔ།།

ལག་པས་ཕུར་ཏེ་ས་ལ་བཀྲམས། །

གཞན་རྣམས་ལེན་པའི་རྩེད་མོ་གང་།།

རྡེའུ་གཅིག་གནམ་ལ་གཡུགས་རིམ་བཞིན།།

༥༥༽ འགྱིག་ཐག་དམ་དུམ་མང་པོས་བཅིངས།།

ལག་གིས་དེ་ཉིད་གནམ་ལ་འཕངས།།

རྐང་ཆུང་ཡར་བཏེགས་མར་བཞག་ནས།། གྲངས་རྩིས་བྱེད་པ་དེ་ནི་གང་།།

༥༦༽ ཕྲུ་གུ་མང་པོ་འཛོམས་ནས་ནི།།

གཅིག་གིས་མིག་བཀབ་གཞན་རྣམས་གབ།། གྲངས་ཀ་བརྩིས་ཏེ་ལོངས་པ་ན།། རེ་རེ་འཚོལ་བའི་རྩེད་མོ་གང་།།

༥༧༽ ཡངས་ཤིང་རྒྱ་ཆེའི་ཐང་དཀྱིལ་དུ།།

རུ་ཁག་གཉིས་ཀྱི་གཞོན་ནུའི་ཚོགས།།

རྐང་པས་ཡར་མར་གཞུས་པའི་མཐར།། དྲ་བའི་ནང་དུ་འཇུག་པ་གང་།།

༥༨༽ མི་སྣ་ལྔ་ཅན་རུ་ཁག་གཉིས།།

རྩེད་མོའི་ཐང་དུ་དངོས་པོ་ཞིག །

ལག་ཤུགས་ཡོད་རྒུས་བརྡབ་བཞིན་དུ།། འདུར་མ་རྒྱུགས་པའི་རྩེད་མོ་གང་།། ༥༩༽ གཞུ་མོ་བཀུག་པའི་ཐག་པ་ཞིག །

སྡོང་པོ་གཉིས་ཀྱི་དབུས་སུ་དཔྱངས།། ཕར་གཡུག་ཚུར་གཡུག་བྱེད་པ་ཡི།།

ན་ཆུང་གཞོན་ནུའི་རོལ་རྩེད་གང་།། ༦༠༽ དབུས་སུ་དྲ་བས་བར་མཚམས་བཅད།།

མི་གཉིས་ཕན་ཚུན་ཁ་གཏད་དེ།།

དྲ་རྒྱུག་བཟུང་ནས་ཕན་ཚུན་ལ།།

རྩོམ་ཡིག་ལེགས་འདེམས།

ཏོག་དབྱིབས་ནད་ཡམས། ༡༩

ང་ཚོའི་འཛམ་གླིང་འདིར་སྲོག་ཆགས་སྣ་ཚོགས་ཡོད། ང་རང་གི་ཁྱིམ་ལ་

པའི་ངང་ནང་མི་ལྷན་འཛོམས་བྱེད་པའི་སྐབས། གནས་ཚུལ་སྡུག་པོ་ཞིག་གོ་

སྲོག་ཆགས་ནི། སྟག གཟིག དོམ་ཁྲ། བྱིའུ། བྱ་ཁུག་རྟ་སོགས་དང་། རྫ་རི་ལ་

བསྟན་འཛིན་གཡུ་མཚོ། འཛིན་རིམ། བདུན་པ།(ཁ) དཔེ་སྟོན་སློབ་གྲྭ།

ཟླ་བ་གཉིས་གུང་གསེང་སྐབས་སུ་ང་ཚོ་སློབ་ཕྲུག་ཚང་མ་དགའ་ཞིང་སྐྱིད་

ཐོས་བྱུང་། དེ་ཡང་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་ རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་ནང་དུ་ཁྱབ་པའི་གནས་ཚུལ་དེ་རེད། སྐབས་

དེ་དུས་མངའ་སྡེ་དེ་ནས་རྒྱ་ནག་ནང་སློབ་སྦྱོང་བྱེད་མཁན་རྒྱ་གར་སློབ་ཕྲུག་

མང་པོ་ཞིག་གནམ་གྲུ་བརྒྱུད་དེ་མངའ་སྡེ་དེའི་ནང་དབོར་འདྲེན་བྱས། ང་དང་

ངའི་ནང་མི་རྣམས་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་མངའ་སྡེ་དེའི་ནང་གི་ང་ཚོའི་ སྤུན་མཆེད་ཅིག་གི་ཁྱིམ་ལ་བསྡད་ཡོད་སྟབས་ང་ཚོ་ཚང་མ་སེམས་འཚབ་

ཚད་མེད་སྐྱེས་བྱུང་། ངས་ཏོག་དབྱིབས་ནད་ཡམས་སྐོར་ལ་དྲ་རྒྱ་ནས་ཉམས་ ཞིབ་བྱེད་དུས་ནད་ཡམས་དེ་རླུང་ཁམས་བརྒྱུད་ནས་འགོས་པ་དང། དེའི་ནད་

རྟགས་ལ་དབུགས་གཏོང་ལེན་བྱེད་དཀའ་བའི་ནད་ཕོག་པ་དང། ཚ་བ་འབར་ བ། ཆམ་ནད་ཕོག་པ་སོགས་རེད་འདུག དེ་སྔོན་འགོག་བྱེད་པའི་ཆེད་དུ་ལག་ པ་གང་བྱུང་ལ་མ་ཐུག་པ་དང་། ཁ་རས་གྱོན་དགོས་པ། ཉིན་ལྟར་ཨ་རག་ གི་ཉིང་ཁུ་ཡོད་པའི་དག་རྫས་ཀྱིས་ལག་པ་ཐེངས་མང་བཀྲུ་དགོས་འདུག ད་

ལྟའི་ཆར་ནད་ཡམས་དེ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པ་དང་། ཁྱོན་ མི་གྲངས་ ༣༧.༤༧.༣༡༣ ལྷག་ཙམ་ལ་འགོས་འདུག སློབ་གྲྭ་དངོས་སུ་

ཚོགས་ཟིན་ནའང་ནད་ཡམས་དེས་རྐྱེན་པས་ཁྱིམ་དུ་སྡོད་པ་ལས་ཕྱི་ལ་གང་ བྱུང་འགྲོ་ཆོག་གི་མིན་འདུག

ང་ཚོ་ནི་ན་ཆུང་བྱིས་པ་ཡིན་པས་ཉིན་གང་ཁྱིམ་ལ་སྡོད་དགོས་དུས་སེམས་པ་ ཡང་གུ་དོག་པོ་འདུག རྒྱུན་གཏན་ང་ནི་ཕྱི་ལ་ན་ཚོད་མཉམ་པའི་བྱིས་པ་ཚོ་

དང་རྩེད་འཇོར་རོལ་རྒྱུ་དགའ་པོ་ཡོད། འོ ན་ཀྱང་དེང་སྐབས་ཉིན་གང་ཁྱིམ་དུ་

སྡོད་དགོས་པས་སུན་སྣང་ཚད་མེད་སྐྱེ་ཡི་འདུག སློབ་གྲྭར་ཡང་དུས་ཐོག་འགྲོ་ རྒྱུའི་གོ་སྐབས་མེད་པར་བརྟེན། རྒན་ལགས་རྣམས་ཀྱིས་དྲ་རྒྱ་བརྒྱུད་ནས་སློབ་ ཁྲིད་དང་ཁྱིམ་སྦྱོང་བསྐུར་གནང་གི་འདུག དེང་སྐབས་གསར་འགྱུར་བརྒྱུད་

ལམ་ཁག་གི་ནང་ལའང་མི་མང་པོ་ཞིག་གིས་ནད་རྟགས་ཡོད་བཞིན་དུ་བརྟག་ དཔྱད་དུས་ཐོག་མ་བྱས་པར་སྦས་གསང་བྱས་ཏེ་གང་སར་ཁྱབ་བཞིན་པའི་

གནས་ཚུལ་ཐོན་གྱི་འདུག ངའི་བསམ་པར་ནད་རྟགས་ཡོད་བཞིན་དུ་བརྟག་ དཔྱད་མ་བྱས་ན་རང་ཉིད་ཙམ་མ་ཟད་གཞན་ལའང་འགོས་ནས་ཚེ་སྲོག་ཤོར་

བའི་ཉེན་ཁ་ཆེན་པོ་འཕྲད་ཀྱི་རེད་སྙམ་གྱི་འདུག དཔེར་ན། རྒྱ་གར་ནང་དུ་ཡོད་ པའི་ཏོག་དབྱིབས་ནད་ཕོག་པའི་ནད་པ་ལྡབ་གཉིས་མང་དུ་སོང་བའི་རྒྱུ་མཚན་

ཞིག་ནི། རྒྱ་གར་ཁ་ཆེའི་ཆོས་ཁང་ཞིག་གི་ནང་མི་མང་པོ་འཛོམས་ཏེ་ཆོས་ཀྱི་

བྱེད་སྒོ་སྤེལ་བ་ནས་ཁྱབ་འདལ་དུ་སོང་འདུག ད་ལྟའི་ཆར་ང་ཚོས་རང་ཉིད་ ཀྱི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་སྣང་། ལྷག་པར་དུ་སྔོན་འགོག་ངེས་ པར་དུ་བྱེད་དགོས།

སྲོག་ཆགས།

བསྟན་འཛིན་བུ་འཁྲིད། འཛིན་རིམ། བརྒྱད་པ། གོ་པལ་པུར་བོད་ཁྱིམ།

གཡུགས་པའི་རྩེད་མོ་ཅི་ཞིག་ཡིན།། ༦༡༽ ལག་པ་གཡས་གཡོན་གཉིས་ཀྱི་ནང་།།

ཐག་པའི་སྣེ་མོ་རེ་འཇུས་ཏེ།།

རྐང་མཐིལ་སྤྱི་གཙུག་སྐོར་བཞིན་དུ།། མཆོང་ལྡིང་བྱེད་པའི་རྩེད་མོ་གང་།།

འདོན་ཐེངས་ ༢༡༡ གི་གབ་ལན།

༤༦༽ སྨན་པ། ༤༧༽ སྨན་ཞབས་པ། ༤༨༽ ཁ་ལོ་བ།

༤༩༽ ཨར་པོ་བ། ༥༠༽ ཁྲིམས་དཔོན།

༥༡༽ སྲིད་སྐྱོང་། ༥༢༽ ཚོང་པ། ༥༣༽ སྐར་རྩིས་པ།

ཕྱི་ལོ། ༢༠༢༡

ཁྱིམ་དུ་ཁྱི་སླེབས་པ།

ཡང་ཁྱི་དང་ཞི་མི། ཙི་ཙི་བཅས་ཡོད། དཔེར་ན། ཆུ་ནང་ལ་གནས་པའི་སྲོག་

ཆགས་ནི། ཉ། རུས་སྦལ། སྦལ་བ་སོགས་དང་། ནགས་ཚལ་ལ་གནས་པའི་ གནས་པའི་སྲོག་ཆགས་ནི། སྤྱང་ཀི། ཝ་མོ་སོགས་མང་པོ་ཡོད། ཡང་གངས་

རི་ལ་གནས་པའི་སྲོག་ཆགས་ནི། སེང་གེ གངས་སེང་སོགས་རེད། དེར་བརྟེན་ རི་ཀླུང་དུ་ང་ཚོ་འགྲོ་བ་མིའི་ངོས་ནས་སྲུང་སྐྱོབ་བྱེད་དགོས། སྲུང་སྐྱོབ་མ་བྱེད་ ན་འགྲོ་བ་མིའི་འཚོ་གནས་ཐོག་ལ་ཡུན་རིང་གི་བདེ་སྐྱིད་གནས་རྒྱུ་དེ་དཀའ་

ལས་ཁག་པོ་རེད། དཔེར་ན། འཛམ་གླིང་ནང་ནད་ཡམས་ཚབས་ཆེན་དེ་རྒྱུ་

རྐྱེན་འདི་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་འགྲོ་བ་མི་རྣམས་དངངས་སྐྲག་ དང་འཇིག་སྣང་ངང་གནས་དགོས་བྱུང་། དེ་བཞིན་མི་ཁ་ཤས་མཚན་མོ་གཉིད་ མ་ཁུག་པ་དང་། ཡང་མི་འགའ་ཤས་རང་ཤི་རྒྱག་པ། ཡང་མང་ཆེ་བ་ཞིག་ནད་

ཡམས་ཚབས་ཆེན་དེ་ཕོག་ནས་འདས་གྲོངས་སུ་ཕྱིན་པ་མ་ཟད་འཚོ་བའི་ཐོག་ ནས་ཀྱང་དཀའ་ངལ་ཤུགས་ཆེན་ཕྲད་པ་དང་། འགྲུལ་སྐྱོད་སྐབས་ཕན་ཚུན་ ཐུག་ཕྲད་བྱེད་མི་ཆོག་པ། དེ་བཞིན་རྒྱལ་ཁབ་ཀྱི་བཟོ་འཚོང་སྤྱི་དང་། ཞིང་

ལས། ཨར་ལས་སོགས་ཚང་མ་ལས་མཚམས་འཇོག་དགོས་བྱུང་། རྒྱལ་སྤྱི་

ཡི་དཔལ་འབྱོར་ཁྱོན་ཡོངས་ལ་གྱོང་གུན་ཕོག་པ་མ་ཟད་མི་མང་སྤྱི་ཡོངས་ལ་ ཡང་གྱོང་གུན་ཆེན་པོ་ཕོག་པ་རེད། སོ་སོའི་ངོས་ནས་ནད་ཡམས་ཚབས་ཆེན་

དེ་མེད་པ་བཟོ་རྒྱུའི་ཐབས་ལམ་ནི། ༡) ལག་པ་ཡང་སེ་འཁྲུ་དགོས། ༢) ནང་ གཙང་མ་ཉར་དགོས། ༣) གཙང་སྦྲ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། ༤) མི་མང་འདུ་འཛོམས་བྱེད་རྒྱུ་མེད། ༥) གལ་སྲིད་འཛོམས་དགོས་བྱུང་

ཡང་ཁ་རས་རྒྱག་དགོས། ༦) ཁྲོམ་ལ་འགྲོ་དུས་མིའི་དབར་བར་ཐག་མི་ཊར་ གཅིག་འཇོག་དགོས། ༧) ཅ་ལག་སོགས་ཉོ་དུས་ལག་ཤུབས་གྱོན་དགོས། ༨) ཟ་ཁང་དང་ཇ་ཁང་དུ་མི་འཛོམས་སར་འགྲོ་རྒྱུ་མེད།

ང་ཚོའི་འཛམ་གླིང་ཡོངས་ཀྱི་བླ་མ་ ༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་པའི་ སྨོན་ལམ་རྒྱག་རྒྱུ་དང་། ༸གོང་ས་མཆོག་གིས་གསུངས་པ་ལྟར་རེ་བ་ཡག་ས་

ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ང་ཚོ་སུ་འདྲ་ཞིག་

ཡིན་ནའང་བློ་ཞུམ་རྒྱུ་མེད། ཉིན་གཅིག་ནད་ཡམས་དེ་འཇོམས་ནས་ང་ཚོ་སློབ་ གྲྭར་འགྲོ་ཐུབ་པ་བྱུང་ན། ང་ཚོ་སློབ་ཕྲུག་གི་ངོས་ནས་སློབ་སྦྱོང་ལ་ཧུར་བརྩོན་ བྱེད་དགོས། སྨན་པ་དང་སྨན་ཞབས་པ་རྣམ་པས་ཀྱང་ད་ལྟ་བཞིན་སྨན་བཅོས་

ལས་ལ་བརྩོན་དགོས། ད་ལྟའི་གནས་སྟངས་དེ་ལ་སྨན་པ་དང་སྨན་ཞབས་

པ་ནི་ང་ཚོའི་རོགས་པ་ཡག་ཤོས་དེ་རེད། འཛམ་གླིང་ཡོངས་རྫོགས་ལ་སྐྱིད་

པའི་ཉི་མ་ཤར་རྒྱུའི་ཆེད་ཚང་མས་སེམས་ཅན་གྱི་སྲོག་གཅོད་ནས་ཤ་བཟའ་ རྒྱུ་དེ་ཉུང་དུ་བཏང་རོགས། དཔེར་ན། ནམ་རྒྱུན་ཡིན་ན། བདུན་ཕྲག་གཅིག་

ལ་ཤ་ཐེངས་རེ་མཆོད་ཀྱི་ཡོད་ན། ད་ནས་བདུན་ཕྲག་གཉིས་ལ་ཤ་ཐེངས་རེ་

མཆོད་རོགས། དེ་འདྲ་གནང་ན་སོ་སོའི་འཕྲོད་བསྟེན་ལ་ཡང་ཡག་པོ་ཡོད་རེད། ཤོག་ངོས་ ༣ པར་གཟིགས་དང་།

མཚར་གཏམ།

ཟ་ཁང་དུ་ནང་མི་ལྷན་རྒྱས་ཞལ་ལག་མཆོད་གྲུབ་པ་དང་། པ་ལགས་ཀྱིས་ ཞབས་ཞུ་བ་ཞིག་སྐད་བཏང་ནས། ང་ལ་ཐུམ་སྒྲིལ་ཞིག་གནང་

F

རྩོམ་སྒྲིག་པས་སྒྱུར་སྒྲིག་ཞུས།

པར་བརྒྱ་ཆ་ ༣༥ བཅས་རེད་འདུག ཅེས་ཞུས།

གྲངས་ཀའི་གསང་བ།

རོགས། བུས་ཤ་མང་པོ་ཞིག་སྡེར་མའི་ནང་བཞག་འདུག་པ་དེ་

ཉིན་ཞིག་སྒྲོལ་མ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་སླེབས་པ་དང་། ཕ་

ཅེས་སྨྲས་པ་དང་། པ་ལགས་ངོ་ཚ་ནས་གདོང་དམར་པོར་གྱུར།

མས། རྒན་ལགས་ཁོ་རང་གིས་ཡག་པོ་ཞིག་མ་ཤེས་བར་དུ་

དག་ནང་དུ་ཡོད་པའི་ཁྱི་ལ་འཁྱེར་གྱི་ཡིན། ཅེས་གསུངས་པ་

དང་། བུས། པ་ལགས། ང་ཚོ་ལ་ཁྱི་ཞིག་གང་ནས་སླེབས་པ་རེད།

བརྒྱ་ཆ་བརྒྱ་ཐོབ་པ།

བུ་མོས། ཨ་མ་ལགས། ངའི་ཨང་རྩིས་ཡིག་རྒྱུགས་ལ་བརྒྱ་

ཆ་བརྒྱ་ཐམ་པ་ཐོབ་འདུག རྒྱུགས་དུས་དང་པོར་བརྒྱ་ཆ་ ༢༥

དང་། རྒྱུགས་དུས་གཉིས་པར་བརྒྱ་ཆ་ ༤༠ དང་། རྒྱུགས་དུས་གསུམ་

མ་གཉིས་ལ། ང་སང་ཉིན་ནས་སློབ་གྲྭར་འགྲོ་རྒྱུ་མིན། ཞེས་

བཤད། ཕ་མ་གཉིས་ཀྱིས། ག་རེ་ཡིན་ནམ། ཟེར་བ་དང་། སྒྲོལ་ ང་སློབ་གྲྭ་ལ་འགྲོ་རྒྱུ་མིན། ཁ་སང་ཁོང་གིས་ ༢+༢=༤ རེད་

ཟེར་བ་དང་། དེ་རིང་ཡང་ ༡+༣=༤ རེད་གསུངས་ཀྱི་འདུག

ཅེས་བཤད་དུས་ཕ་མ་གཉིས་རང་དབང་མེད་པར་གད་མོ་ཤོར་ དགོས་བྱུང་།


ཕ་ཡུལ་ཤེས་བྱའི་བང་མཛོད།

ཕྱི་ལོ། ༢༠༢༡

རྩོམ་ཡིག་ལེགས་འདེམས།

སེམས་ཅན་གྱི་ཚེ་སྲོག་བཅད་ནས་ལྤགས་གོས་བཟོ་རྒྱུ་མཚམས་བཞག་རོགས་

བྱ་བ་བཟང་པོ་སྒྲུབ་གང་ཐུང་བྱ་དགོས། མ་ཟད་ཁོང་གི་བཀའ་དྲིན་ང་ཚོས་ནམ་

ཡིད་ཟབ་དགོས་པ་ཤིན་ཏུ་ནས་གལ་ཆེ། རེ་བ་མ་བརླག་པར་མཉམ་རུབ་ཀྱི་

བདག་གི་སློབ་གྲྭ།

གནང་། དེ་འདྲའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ལ་ཤུགས་སྣོན་རྒྱག་དགོས། ད་ ལྟ་གཉན་འཕྲང་གི་དུས་སྐབས་འདིར་མི་ཀུན་གྱིས་སེམས་བརྣལ་དུ་ཕབ་ནས་

འབད་བརྩོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་གདེང་སྤོབས་ དགོས། ང་ཚོ་ཚང་མའི་ངོས་ནས་མཉམ་རུབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

སོ་སོའི་སྐོར།

བསྟན་འཛིན་ཀུན་ཤེས། འཛིན་རིམ། དང་པོ། གྷོ་ལ་ཐ་ལ་སཾབྷོ་ཊ།

ངའི་མིང་ལ་བསྟན་འཛིན་ཀུན་ཤེས་ཟེར་གྱི་ཡོད། ང་ལོ་བདུན་ཡིན། ང་ལ་ཕ་མ་ གཉིས་དང་། སྤོ་བོ་ལགས་དང་རྨོ་བོ་ལགས་ཡོད། མ་ཟད་ང་ལ་སྲུ་མོ་གཉིས་

བཅས་ཡོད། ང་རང་འཛིན་གྲྭ་དང་པོ་ཡིན། ངའི་སློབ་གྲྭའི་མིང་ལ་སཾབྷོ་ཊ་གྷོ་ལ་ ཐ་ལ་ཟེར་གྱི་ཡོད། ངས་རྒྱུན་དུ་དགེ་རྒན་ལས་བྱེད་ལ་གུས་ཞབས་དང་ཞལ་ལ་

ཉན་པོ་བྱེད་ཀྱི་ཡོད། ང་འཛིན་གྲོགས་དང་འཆམ་པོ་ཡོད། ངའི་སློབ་ཚན་དགའ་

ཤོས་བོད་ཡིག་སློབ་ཚན་དང་ཨང་རྩིས་སློབ་ཚན་གཉིས་ཡིན། ང་རང་སྒྲུང་དེབ་ ཀློག་རྒྱུ་དང་རི་མོ་འབྲི་རྒྱུར་དགའ་པོ་ཡོད། ང་ལ་ནང་མི་ཚང་མས་བྱམས་སྐྱོང་ གནང་གི་འདུག ང་རང་སློབ་གྲྭ་ལ་འགྲོ་རྒྱུར་དགའ་པོ་ཞེ་དྲགས་ཡོད།

སོ་སོའི་སྐོར།

ཀརྨ་ཕུན་ཚོགས། འཛིན་རིམ། གཉིས་པ། ཀེ་ལ་ཤ་པུ་ར་སཾབྷོ་ཊ།

ང་ཡི་མིང་ལ་ཀརྨ་ཕུན་ཚོགས་ཟེར་གྱི་ཡོད། ང་རང་རྒྱ་གར་ལྷོ་ཕྱོགས་སྦེལ་

ཀོབ་གཞིས་ཆགས་ནས་ཡིན། ང་རང་ད་ལྟ་ལོ་བདུན་ཡིན། ང་སློབ་གྲྭ་སཾབྷོ་ཊ་ ཀེ་ལ་ཤ་པུ་ར་ལ་འགྲོ་ཡི་ཡོད། ང་རྒན་ལགས་ཀྱི་ཞལ་ལ་ཉན་པོ་ཡོད། སློབ་ ཕྲུག་ཚོ་དང་མཐུན་པོ་ཡོད། ༸གོང་ས་མཆོག་དང་དགེ་རྒན་གྱི་བཀའ་དྲིན་

ལ་བརྟེན་ནས་ང་སློབ་གྲྭ་ལ་སྐྱིད་པོ་འདུག ང་རང་ད་ལྟ་སློབ་སྦྱོང་ཡག་པོ་བྱེད་ ཀྱི་ཡོད།་ང་རང་གི་རྩ་བའི་བླ་མ་ནི་ ༸གོང་ས་མཆོག་ཡིན། ང་རང་ལ་དྲིན་ཆེ་ ཤོས་ ༸གོང་ས་མཆོག་དང་ཕ་མ། དགེ་རྒན་བཅས་གསུམ་ཡིན། ང་རང་བོད་

ཡིག་ལ་དོ་སྣང་ཆེན་པོ་ཡོད། བོད་པ་ཚང་མ་བོད་ཡིག་ལ་དོ་སྣང་བྱེད་དགོས། ངའི་རྒན་ལགས་རྣམ་པ་སེམས་ཤུགས་ཆེན་པོ་ཡོད་རེད། དེ་རིང་དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

༸གོང་ས་མཆོག་གི་འཁྲུངས་སྐར།

བསྟན་འཛིན་བསོད་ནམས། འཛིན་རིམ། གསུམ་པ། གུ་རུ་པུ་ར་སཾབྷོ་ཊ།

སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ནི་ལོ་རེའི་

ཟླ་ ༧ པའི་ཚེས་ ༦ ལ་ཡིན། ཉིན་དེར་མི་ཚང་མ་ཐུགས་སྤྲོ་པོའི་ངང་ཁོང་གི་ ཆེད་དུ་གསོལ་བ་སྨོན་ལམ་འདེབས་པ་དང་། སྐྱིད་པོ་བྱས་ནས་སྡོད་ཀྱི་ཡོད། ཁོང་ནི་འཛམ་གླིང་སྤྱི་ཡི་དབུ་འཁྲིད་རེད། ཁོང་གི་འཁྲུངས་སྐར་ཉིན་སེམས་པ་ བཟང་པོ་བྱེད་དགོས་པ་དང་དགའ་དགའ་སྤྲོ་སྤྲོ་བྱེད་དགོས། གཙོ་བོ་ནི་ཁོང་ གིས་གསུངས་པའི་བཀའ་སློབ་དང་གསུང་བཤད་རྣམས་ང་ཚོའི་སེམས་ལ་

བཞག་ནས་ངེས་པར་དུ་ལག་ལེན་བསྟར་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན། དེ་ ཡང་ ༸གོང་ས་མཆོག་གིས་སྐུ་ཉིད་ཀྱི་འཁྲུངས་སྐར་ཉིན་གསུངས་པའི་བཀའ་

སློབ་ལས་ངའི་སྐྱེས་སྐར་ལ་ལག་རྟགས་ཡག་ཤོས་དེ་ནི་སེམས་པ་བཟང་པོ་བྱ་

རྒྱུ་དེ་ཡིན་ཞེས་གསུངས་པ་དེ་རེད། ང་ཚོས་ཁོང་གི་འཁྲུངས་སྐར་གྱི་ཉིན་མོར་ ཟས་ཞིམ་པོ་དང་དགའ་སྤྲོར་རོལ་རྒྱུ་ཙམ་མ་ཡིན་པར་སེམས་པ་བཟང་པོ་དང་།

༄༅། །བསོད་ནམས་ཅན་གྱི་བུ་མོ།

ཆོས་ཉིད་སྒྲོལ་མས་བརྩམས།

ཡང་བརྗེད་རྒྱུ་མེད། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ བསྐལ་བརྒྱར་བསྟན་པའི་སྨོན་འདུན་བུ་ངས་སེམས་གཏིང་ནས་བཏབ་ཡོད། བསྟན་འཛིན་དཔྱོད་ལྡན། འཛིན་རིམ། བཞི་པ། སྤོན་ཊ་སཾབྷོ་ཊ།

བདག་གི་སློབ་གྲྭའི་མིང་ལ་སྤོན་ཊ་སཾབྷོ་ཊ་གཞི་རིམ་འོག་མ་ཟེར་གྱི་ཡོད། ང་

ཚོའི་སློབ་གྲྭ་ཡངས་ཤིང་རྒྱ་ཆེ་ལ་གཡས་གཡོན་ཡོངས་རྫོགས་ལ་རྩི་ཤིང་དང་ མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཡོད་པས་ཧ་ཅང་ཡིད་དུ་འོང་བ་ཞིག་ཡོད། དེར་ རྩེད་ཐང་ཆེན་པོ་ཞིག་ཡོད་པ་དང་དེའི་སྟེང་དུ་སློབ་ཕྲུག་ཚང་མ་རྩེད་མོ་རྩེ་ཡི་

ཡོད། བདག་གི་སློབ་གྲྭར་དགེ་རྒན་དང་སློབ་ཕྲུག་མང་པོ་ཡོད། དགེ་རྒན་རྣམ་

པ་ནི་གཤིས་ཀ་འཇམ་ཞིང་སློབ་ཕྲུག་ལ་བྱམས་སྐྱོང་ལྡན་པ་ཤ་སྟག་ཡོད། སློབ་

ཁྲ་ཆུང་མཐོང་མ་ཐག་དགའ་ཐག་ཆོད་དེ་མགྱོགས་མྱུར་པང་ཁར་སྦྱར་ནས་ནང་

དུ་ལོག ཁོ་གཉིས་ནང་དུ་འབྱོར་བ་དང་ཉལ་ཁྲིའི་སྟེང་ལུས་པའི་མ་སྒྲོལ་མས་བུ་

ཕྲུག་རྣམས་ཀྱང་ཕན་ཚུན་འཆམ་མཐུན་ཆེ་ཞིང་རྒན་པར་གུས་ཞབས་དང་ཆུང་ མོ་ལ། ད་འཕྱི་པོ་ཆགས་འདུག མགྱོགས་པོ་ཁ་ལག་བཟོས་ནས་ངལ་གསོས་ བར་བྱམས་སྐྱོང་ལྡན་པ་རྐྱང་རྐྱང་ཡོད། བདག་གི་སློབ་གྲྭར་འཛིན་རིམ་དང་པོ་ ཞེས་གསུངས། ཤེལ་དཀར་གྱིས་མགྱོགས་པོ་དགོང་ཟས་བཟོས་ཏེ་ཉལ་རྩིས་ ནས་ལྔ་པ་བར་ཡོད། སློབ་གྲྭའི་ནང་དཔེ་མཛོད་ཁང་། ཀམ་པུ་ཊར། འཁྲིད་ཆས་ བྱས། མོ་ཉལ་ཁར་ད་གིན་རག་པའི་གཡང་ཊིའི་ལུ་གུ་ཆུང་ཆུང་ལ་ལྟ་བཞིན་ ཁང་། ཟློས་གར་ཁང་བཅས་ཀྱི་མཐུན་རྐྱེན་འཛོམས་པོའང་ཡོད། དབྱར་དུས་ ལྟ་བཞིན་གཉིད་དུ་ཡུར། སྐབས་ང་ཚོའི་སློབ་གྲྭ་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་ཕྱི་དྲོ་ཆུ་ཚོད་ གཉིས་དང་ཕྱེད་ཀ་བར་ཚོགས་ཀྱི་ཡོད། དགུན་དུས་སུ་ཆུ་ཚོད་དགུ་པ་ནས་

བཞི་པ་བར་ཚོགས་ཀྱི་ཡོད། དེ་འདྲ་སོང་ཙང་། ཉིན་གུང་ཞལ་ལག་ཀྱང་སློབ་ གྲྭ་རུ་བཟའ་ཡི་ཡོད། ང་ཚོས་ཉིན་གཅིག་གི་དུས་ཚོད་ལས་ཕལ་ཆེ་བ་སློབ་

གྲྭ་རུ་གཏོང་གི་ཡོད་པས་སྐྱིད་པོ་འདུག གང་ཡིན་ཟེར་ན། སློབ་གྲྭ་ནས་སློབ་ སྦྱོང་སྦྱོང་རྒྱུ་རག་པ་མ་ཟད། བཟོ་རིག་དང་ཟློས་གར་སོགས་ཀྱང་སྦྱོང་རྒྱུའི་

གོ་སྐབས་རག་པ་དང་། སློབ་གྲོགས་མཉམ་དུ་རྩེད་མོ་ཡང་མང་པོ་རྩེ་རྒྱུ་རག་

གི་འདུག ང་རང་རྟག་ཏུ་སློབ་གྲྭར་འགྲོ་རྒྱུ་ལ་དགའ་པོ་ཡོད་པ་མ་ཟད། བདག་ སང་ཉིན་ཡར་ལངས་པ་དང་མོའི་ཉལ་སའི་འགྲམ་དུ་སྔར་མཐོང་མྱོང་མེད་པའི་ གི་སློབ་གྲྭར་ལའང་དགའ་པོ་ཡོད། ཞོགས་ཟས་ཞིམ་མདོག་ཁ་པོ་མང་པོ་བཤམས་ཡོད་པ་མཐོང་། ཤེལ་དཀར་དང་

རང་གི་ཚོར་སྣང་།

ཀརྨ་བློ་བཟང་། འཛིན་རིམ། དྲུག་པ། བདེ་སྐྱིད་གླིང་བོད་ཁྱིམ།

མི་ཚང་མར་ཚོར་སྣང་མི་འདྲ་བ་མང་པོ་ཡོད། དེ་བཞིན་ང་རང་ལ་ཡང་ཟླ་གཉིས་ གུང་སེང་སྐབས་ཚོར་སྣང་མི་འདྲ་བ་མང་པོ་བྱུང་། དེ་ནི་རྒྱ་ནག་ཝུའུ་ཧན་ནས་ ཁྱབ་པའི་ནད་ཡམས་དེ་ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་འཕེལ་ཕྱིན་ནས་

ཁྲ་ཆུང་གཉིས་དགའ་ཐག་ཆོད་ནས་ཨ་མ་ལགས་ཀྱི་འགྲམ་དུ་ཁྱེར་ནས་མཉམ་ དུ་བཟས་པ་རེད། ཁོང་ཚོས་ཡང་སྙིང་ཟས་དེ་དག་སུས་སྤྲད་པ་ཙམ་ཡང་ཤེས་ ཀྱི་མེད་རུང་། སེམས་སྐྱིད་པོའི་ངང་བཟའ་ཡི་ཡོད།

མི་ས་ཡ་མང་པོ་འཆི་བཞིན་འདུག དེ་དུས་ཡུལ་ལུང་གང་སར་སྔོན་འགོག་

ཆེད་རང་ཁྱིམ་ནས་ཕྱི་ལ་འགྲོ་མི་ཆོག་པ་བཟོས་པ་མ་ཟད། ཚོང་ཁང་ཡང་སྒོ་ བརྒྱབ་སོང་། ང་རང་ཟླ་བ་གཉིས་ལྷག་ནང་དུ་འཛུལ་ནས་སྡོད་རིང་ཚོར་སྣང་

མང་པོ་བྱུང་། ནད་ཡམས་དེས་རྐྱེན་པས་གྲོགས་པོ་མཉམ་ཏུ་རྩེད་མོ་རྩེ་རྒྱུ་མ་

རག་པར་ཉིན་ལྟར་ནང་དུ་སློབ་སྦྱོང་བྱས་ནས་སྡོད་དགོས་ཀྱི་འདུག སྤྱིར་བཏང་ ང་གྲོགས་པོ་མཉམ་ཏུ་རྩེད་མོ་རྩེད་རྒྱུར་དགའ་པོ་ཡོད། འོ ན་ཀྱང་ད་ལྟ་དེ་འདྲ་

བྱེད་མི་ཆོག་པ་མ་ཟད། མི་ཚོགས་འཛོམས་སར་འགྲོ་ཡང་ཆོག་གི་མེད། ནད་ ཉིན་དེ་ནས་བཟུང་། ཁོང་ཚོར་ཉིན་ལྟར་ཟས་གང་ཞིམ་བཟའ་རྒྱུ་བྱུང་བས། ཨ་ ཡམས་འདི་ལ་གཙང་སྦྲ་དང་ལག་པ་ཡང་ཡང་བཀྲུ་རྒྱུ་གལ་ཆེན་པོ་རེད་འདུག མ་ལགས་ཀྱི་སྙུང་གཞི་ཡང་ཉིན་རེ་ནས་ཉིན་རེར་ཇེ་ཡག་ཏུ་ཕྱིན་ཏེ་ཁྱིམ་ལས་

མ་ཟད་ཕྱི་ལ་འགྲོ་སྐབས་ཁ་རས་ངེས་པར་དུ་གྱོན་དགོས། དེང་སྐབས་བདེ་ ཙག་ཙིག་ཀྱང་བྱེད་ཐུབ་པར་གྱུར། ཡིན་ན་ཡང་། ཁོ་ཚོར་ཟས་ཇི་ལྟར་རག་པའི་ སྐྱིད་གླིང་བོད་ཁྱིམ་གྱི་དགེ་རྒན་རྣམ་པས་དྲ་ལམ་ནས་སློབ་ཚན་ཁྲིད་གནང་ རྒྱུ་རྐྱེན་ད་དུང་ཡང་ཤེས་ཀྱི་མེད། ཨ་མ་ལགས་ནད་གཞི་དྲག་པས་ངེས་པར་

གི་འདུག དེ་ལ་ང་རང་གིས་དོ་སྣང་དམིགས་བསལ་བྱེད་ཀྱི་ཡོད། ད་ཐེངས་ དུ་ཟས་དེ་འདྲ་ཇི་ལྟར་རག་མིན་ཤེས་རྒྱུའི་འདུན་པ་ཆེན་པོ་བྱུང་སྟབས། རྟག་ ནང་མི་མཉམ་དུ་དུས་ཚོད་མང་པོ་སྐྱེལ་རྒྱུ་བྱུང་བ་དང་ཕ་མ་གཉིས་ལ་རོགས་ ཏུ་ཁྱིམ་སྦུག་ཏུ་དོ་སྣང་ཆེན་པོ་གནང་གི་ཡོད། དེ་ལྟར་ཉིན་ཞིག་ཨ་མ་ལགས་ པ་བྱ་རྒྱུའི་གོ་སྐབས་ཀྱང་མང་པོ་ཐོབ་བྱུང་།

གཏམ་དཔེ་གཅེས་བཏུས།

ཀྱིས་ཕྲན་བུ་བདེ་པོ་མེད་པའི་རྣམ་པ་བསྟན་ནས་ངལ་གསོ་བཞིན་པའི་སྐབས། གཡང་ཊིའི་ལུ་གུ་ཆུང་ཆུང་གི་ཁ་ནས་ཟས་རྣམས་བཏོན་པ་མཐོང་།

༡༣༽ གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ།། གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འཕེལ།།

དེའི་དོན་ནི། སྐྱེ་བོ་ཀུན་གྱི་ཀུན་སྤྱོད་ལ་འགྱུར་ལྡོག་བྱུང་རྒྱུ་ནི་ཤིན་ཏུ་སླ་བར་བརྟེན། དུས་རྒྱུན་དུ་དགེ་བའི་གྲོགས་རྣམས་དང་འདྲིས་པོ་བྱས་ན་རང་གི་ཡོན་ཏན་

ངམ་ངམ་ཤུགས་ཀྱིས་འཕེལ་བའི་རྒྱུ་ཡིན་པ་དང་། དེ་བཞིན་དུ་སྡིག་པའི་གྲོགས་པོ་དང་མཉམ་གཤིབས་བྱས་ན་རང་ཉིད་ཀྱི་ཀུན་སྤྱོད་ཀྱང་དེ་བཞིན་དུ་འགྱུར་ རྒྱུར་ངེས་པར་བརྟེན། རྟག་ཏུ་དགེ་བའི་གྲོགས་བཟང་བསྟེན་རྒྱུ་གནད་དུ་ཆེ།

༡༤༽ ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།།

དེའི་དོན་ནི། རང་ཉིད་ཐབས་ཇི་ལྟར་རྡུགས་ཀྱང་། སོ་སོ་དྲིན་གྱིས་བསྐྱངས་མྱོང་བའི་མི་ལ་གནོད་པའི་བྱ་བ་བྱེད་མི་སྲིད་ཅེས་པ་ལྟ་བུའམ། ཡང་ན་ཁྱེད་རང་མི་ ཡིན་ནའང་ཁྱི་ལ་མི་དོ་བར་རང་ལ་དྲིན་ཆེ་བའི་མི་ལ་བལྟོས་མེད་དེ་འདྲ་བ་བྱ་རུང་ངམ་ཞེས་སྤྱོ་བ་ལྟ་བུ་དེ་རིགས་ལའང་སྤྱད་ན་ཆོག ༡༥༽ ཁ་བཤད་ཀྱི་ཉི་མ་ཤར།། ལག་ལེན་ལ་མུན་པ་རུབ།།

དེའི་དོན་ནི། ཁ་བདེ་པོས་ངས་ཤེས། ངས་འཇོན་ཞེས་རྒྱས་བཤད་རྒྱུས་བཤད་བྱ་རྒྱུར་དགའ་ཡང་། ལག་ལེན་ངོ་མའི་ནང་ཞུགས་དུས་འཇོན་ཐང་ཅི་ཡང་མེད་ མཁན་གྱི་མི་དེ་རིགས་ལ་ཟུར་ཟ་དང་འཕྱ་དམོད་བྱེད་པར་སྤྱོད་པའོ། །

གཏམ་མཛོད་མེས་པོའི་ཞལ་རྒྱུན་ལས་ཟུར་འདོན་ཞུས།

ཨ་མ་ལགས་ནི་རེ་ཞིག་ཧོན་འཐོར་ནས་བསྡད། སེམས་ནང་ད་བྱས་ན་གཡང་ ཊིའི་ལུ་གུ་ཆུང་ཆུང་དེ་རྫུ་འཕྲུལ་ཅན་ཞིག་ཡིན་འདུག་པས། ང་ཚོར་རོགས་

འདྲ་བྱེད་ཨེ་ཡོང་སྙམ། ལམ་སང་ལུ་གུ་ཆུང་ཆུང་གི་འགྲམ་དུ་ཕྱིན་ནས། ལུ་

གུ་ཆུང་ཆུང་། ལུ་གུ་ཆུང་ཆུང་། ང་ཡི་ཕྱོགས་སུ་གསན་པ་གནང་། །ཁྱོད་ནི་ རྫུ་འཕྲུལ་ནུས་མཐུ་ལྡན། །ང་ནི་ཉམ་ཆུང་ཅི་ཡང་མེད། །ཚེ་གང་དཀའ་བ་ སྤྱད་གྱུར་ཀྱང་། །ཞིམ་པའི་ཟས་དང་འཇམ་པའི་གོས། །གཅེས་ཕྲུག་ལ་ཡང་

སྦྱིན་མ་མྱོང་། །ལུ་གུ་ཆུང་ཆུང་ཁྱེད་ཉིད་ཀྱིས། །དེ་ལྟའི་རོགས་ཤིག་ཨེ་ཡོང་ ལགས། །ཞེས་སྨྲས།

མུ་མཐུད་རྒྱུ་་་


༄༅། །གཟིམ་གཡོག་ནོར་ཆུང་།

༄༅། །བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ།

བསོད་ནམས་བཟང་པོས་སྒྱུར་སྒྲིག་ཞུས།

༩༽༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག

བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་མཉམ་འདུས་ཀྱི་ལས་འགན་དང་གང་ཟག་སྒེར་གྱི་ལས་འགན་ངོས་

གྲོན་རྣམས་གཞན་བརྟེན་མ་དགོས་པའི་གནས་སྟངས་ཕྱོགས་སུ་སླེབས་པ་མ་ཟད། གཞུང་གི་མིང་ཐོག་

བྱས་པ་དང་། ཁྲིམས་དང་སྒྲིག་གཞིའ་ི གནད་དོན་ཕྲ་ཞིང་ཞིབ་པ་ལ་དོ་སྣང་ཞན་པ། འཆར་འགོད་དང་

རིགས་རྣམས་བཟོ་འགོ་ཚུགས་པ་དང་།

འཛིན་གསལ་པོ་མ་ཐུབ་པའི་དབང་གིས་ཐག་གཅོད་ཀྱི་ལས་རིམ་ལམ་སྲོལ་དང་ལྡན་པ་ཡོང་དཀའ་བ།

ཁྲིམས་ཀྱི་དབང་སྒྱུར་གྱི་གོམས་གཤིས་གཏིང་ཟབ་མེད་པའི་དབང་གིས་གང་ཟག་ལ་ལྟོས་ཏེ་ཐག་གཅོད་

ལྷམ་བཟོ་བས་ “ད་ངས་ཁྱེད་གཉིས་ལ་དྲིན་ལན་འཇལ་རེས་ རེད། མི་ཚེའི་ནང་ཁྱེད་གཉིས་ལ་ལྷམ་དགོས་པའི་དུས་ཚོད་ ག་དུས་བྱུང་ནའང་ངའི་སར་ཡོང་རྐྱང་བྱེད།

ཐག་གཅོད་ཀྱི་ལས་རིམ་ནང་དགོས་ངེས་ཀྱི་ཉམས་ཞིབ་དང་། མཚུངས་བསྡུར་གཏིང་ཟབ། ཞིབ་ཚགས་ བྱ་རྒྱུའི་གོམས་གཤིས་མེད་པར་སྐབས་འཕྲལ་དཀའ་ངལ་སེལ་ཐབས་སམ་དཀའ་ངལ་འཕར་འགྱངས་

བྱ་རྒྱུའི་ཆེད་འཕྲལ་སེལ་གྱི་ཐག་གཅོད་བྱེད་ཐབས་བྱས་པ། དཔལ་འབྱོར་གྱི་སྒྲིག་གཞི་དང་། གཞུང་ གྲོན་བསྲི་ཚགས། རྩིས་ཁྲ་ཁམས་གཙང་དགོས་གལ་ལ་དོ་སྣང་ཆུང་བ། ལས་དོན་འཐུས་ཤོར་དང་།

ནོར་འཁྲུལ་ལ་ཉེས་འཛུགས་དང་ཆད་པ་གཅོད་པའི་སྐབས་ལྷག་བསམ་དང་ཁུར་བརྩོན་གྱི་གྲུབ་འབྲས་ ཡོད་པ་རྣམས་རྒྱུ་མཚན་དུ་བཀོད་དེ་ཉེས་པ་ཡང་ཐབས་བྱས་པའམ། ཡང་ན་

སེམས་ཤུགས་ཆག་སྟེ་གཞུང་དང་སྒྲིག་འཛུགས་ལ་བློ་ལོག་པ་བཅས་རེད།

ཏུ་ཡོད་པའི་འཕྲལ་སེལ་རང་བཞིན་ཅན་གྱི་ས་ཁང་རྣམས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་གྱི་ལམ་ནས་ གཞུང་ལ་བདག་ཐོབ་ཐུབ་པ་དང་། གཞིས་ཆགས་ཁག་གི་ས་ཐོ་ལག་འཛིན་ཡོད་མེད་ཞིབ་འཇུག མེད་

ཁག་གི་དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཁྲིམས་མཐུན་ཡོང་ཐབས་དང་། དེ་ དག་གི་རྩ་ཁྲིམས་དང་སྒྲིག་གཞི་རང་རེའ་ི དགོས་མཁོ་དང་འཚམས་པའི་བསྐྱར་བཅོས་དགོས་པ་རྣམས་

བསྐྱར་བཅོས་དང་། ལས་བྱེད་བླང་དོར་སྒྲིག་གཞི་སོགས་གསར་བཟོ་དགོས་པ་རྣམས་གསར་བཟོ་བྱས་

ཏེ་རིམ་བཞིན་གཞུང་ཞབས་མིན་པའི་ལས་བྱེད་ཇི་དགོས་ཚོགས་པ་སོ་སོའི་ སྒྲིག་གྲལ་དུ་ཚུད་པ་བྱ་རྒྱུ་དང་།

བཙུགས།

སྤྱིའ་ི འབྲེལ་མཐུད་པའི་ངོ་བོ་ཙམ་ཞིག་ལས། ཅི་སྟེ་རྒྱུན་གནས་མ་ཐུབ་པའི་གོ་

སྐབས་བྱུང་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་ཆེ་བ་ཞིག་ཁྲིམས་

༥། ཆིག་སྒྲིལ་དམ་འཛིན་ཡོང་ཐབས་སུ་འབད་པ་ཆེ་བསྐྱེད།

མཐུན་རང་འཚོ་འཕེར་བ་གནས་ཐུབ་པ་ཡོང་ཐབས་སུ་འབད་པ་ཆེ་བསྐྱེད་

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་སྐབས་བོད་

མཛད།

ཀྱི་རིས་སུ་མ་ཆད་པའི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་

བཙན་བྱོལ་བོད་མིའ་ི གཞིས་ཆགས་སྲ་བརྟན་དང་། བོད་མིའ་ི འཕྲོད་བསྟེན་

ཁྲིད་རྣམ་པར་གུས་བཀུར་ཆེ་མཐོང་ཚད་མེད་ཀྱིས་བརྟན་བཞུགས་རིམ་

བདེ་ཐང་ཡོང་ཆེད་ཕུགས་ཐག་རིང་པོར་དགོངས་བཞེས་ཀྱིས་སོ་ནམ་ཞིང་

འབུལ་དང་། རང་ཉིད་དང་འབྲེལ་བའི་ཆོལ་ཁ་དང་ཆོས་བརྒྱུད་ལ་ཞེན་པ་ཨ་

ལས་རྣམས་སྐྱེ་ལྡན་དང་རང་བཞིན་ཅན་དུ་སྒྱུར་ཐབས་དང་།

འཐས་སུ་མི་འཛིན་པར་ཆོལ་གསུམ་ཆོས་བརྒྱུད་རིས་སུ་མ་ཆད་པར་བཏང་

རིང་ལུགས་བཅས་ནི་བཀའ་ཤག་གི་ལས་དོན་ཡོངས་ལ་ཁྱབ་ཅིང་། ནམ་ཡང་འདོར་དུ་མི་རུང་བའི་ཚད་

༨། ཕྱི་གསལ་ནང་གསལ་ཡོང་ཐབས་སུ་གསར་གཏོད་ཀྱི་འགྱུར་བ།

འཛིན་གྱི་ཕྱག་རྒྱ་གསུམ་ལ་ངོས་འཛིན་གནང་ཡོད།

དེ་བཞིན་ཉིན་མཚན་ཀུན་ཏུ་ཐབས་ཤེས་ཡོད་རྒུས་འབད་རྩོན་གནང་བར་བརྟེན། དབུ་མའི་ལམ་གྱི་འཇུག་

ཁོ་གཉིས་ཁང་པའི་རྒྱབ་ཀྱི་ལྡུམ་རའི་ནང་ཕྱིན། དེར་རྟ་ཟག་པ་ ཆུང་ཆུང་ཞིག་གིས་ར་བའི་སྒོ་ནས་ལྟ་བཞིན་ཡོད་པ་མཐོང་།

ལྷམ་བཟོ་བས་ "འདིའི་མིང་ལ་ཟག་ཆུང་ཟེར། ནོར་ཆུང་། འདི་

ཁྱེད་རང་ལ་སྟེར་བ་ཡིན་པས། ཁྱེད་རང་གིས་སྦྱོང་བརྡར་ཡག་ པོ་བྱས་ཏེ་དཔའ་རྟུལ་ཞིག་ཆགས་ཐུབ་པ་བྱེད།" ཞེས་ལབ།

ཁག་ཚགས་ཚུད་ཀྱིས་མང་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་

ཕན་ཐོགས་ཡོང་ཆེད་བཅས་ལ་མི་རྒྱུ་བསམ་བློ་གསུམ་ཐོག་ནས་འབད་རྩོལ་ཆེ་བསྐྱེད་གནང་དགོས་

བཀའ་བློན་ཁྲི་པར་བདམས་ཐོན་བྱུང་མ་ཐག་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའ་ི

ལྷམ་བཟོ་བས་ "ངའི་མཉམ་དུ་ཤོག་དང་།" ཞེས་ལབ་ནས་

མཉམ་འབྲེལ་

སྙོམས་སུ་གུས་བརྩི་ཞུས་པར་བརྟེན། མི་རིགས་ཆིག་སྒྲིལ་གོང་བུར་ཕན་རླབས་ཅི་ཆེ་བྱུང་། ༦། ཆབ་སྲིད་ནང་བདེན་པ་དང་ཐབས་བྱུས་ཟུང་འབྲེལ།

དེ་ཙམ་མ་ཟད་ནོར་ཆུང་གིས་ལྷམ་གསར་པ་གྱོན་ཚར་རྗེས།

ས་ཞིང་མཁར་དབང་དང་དཔལ་འབྱོར་གྱི་

བདག་དབང་ཕལ་ཆེར་དེ་དག་གི་མིང་ཐོག་ཏུ་བསྒྱུར་ཏེ་བཙན་བྱོལ་གཞུང་ནི་

ག་ལ་ཡོད།

དགའ་ཐག་ཆོད་ནས་རང་ལ་རན་པའི་ལྷམ་རེ་འདེམས་འགོ་

བཙན་བྱོལ་བོད་མིའ་ི སྒྲིག་

འཛུགས་ཡུལ་ཁྲིམས་འོག་ངོས་ལེན་ཡོད་པ་ཁག་སྲ་བརྟན་བཟོ་ཐབས་གལ་ཆེར་མཐོང་སྟེ། ལས་ཁུངས་

གཏིང་ཟབ་ཀྱི་མཁྱེན་མྱོང་ཁོ་ནས་འཆར་བ་ལས། གཞན་ལ་དེ་འདྲའི་ནུས་པ་

ཀྱི་འདུག” ཅེས་བཤད་པས། སྐུ་ངོ་འབྲུག་གྲགས་དང་ནོར་ཆུང་

དེ་བཞིན་འབྱུང་འགྱུར་དུས་ཡུན་ངེས་ཅན་ནང་བོད་དོན་བདེན་

མཐའ་གསལ་བ་ཞིག་མ་བྱུང་ཚེ་གནས་ཚུལ་ཇི་ཡོང་ཆ་མ་རྟོགས་སྟབས།

དེ་ལྟ་བུའི་ཧ་ཅང་ཁ་གསལ་གཏིང་གསལ་གྱི་བསྡོམས་ནི་རིན་པོ་ཆེ་མཆོག་གི་

མ་གཞི་ནས་ད་ལྟ་ཁྱེད་རང་གཉིས་ལ་ལྷམ་གསར་པ་རེ་དགོས་

རྩོམ་སྒྲིག་པས།

ངོགས་ནས་བོད་རྒྱ་འབྲེལ་མོལ་དེ་བསྐྱར་མཐུད་ཐུབ་པ་མ་ཟད། མཐར་ཆོལ་གསུམ་ཡོངས་ལ་མིང་དོན་

མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། དེའ་ི འགྲེལ་བརྗོད་བཅས་རིམ་བཞིན་

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་དེ་འཛམ་གླིང་སྡིངས་ཆའི་ཐོག་བོད་ཀྱི་དགོས་འདུན་ངོ་མ་ གང་ཡིན་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཡོ་རྫུན་གསལ་བཟོ་ཐུབ་པ་སོགས། གང་ ལྟར་རྒྱུ་མ་ཕུ་འདེད་ཀྱིས་མཐའ་བསྡོམས་ཤིག་ལ་བསྐྱལ་ཐུབ་པ་བྱུང་།

༧། དཔལ་འབྱོར་རང་ཁ་རང་གསོ་ཡོང་ཐབས་སུ་ནུས་ཤུགས་རྩལ་བཏོན།

སྤྱི་འཐུས་ཚོགས་གཙོ་གནང་སྐབས་ནས་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས་ཐོག་

ལམ་སྟོན་ཐེངས་མང་གནང་རུང་། ལམ་ལྷོང་མ་བྱུང་བར་བརྟེན། བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་མ་

ཐག་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས་ཧ་ལམ་སྦོ་ལུག་རྒྱུའི་ཛ་དྲག་གི་གནས་སྟངས་ དེ་ལས་སྐྱོབ་ཐབས་དང་། བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་བཅས་ལ་བརྟེན་ནས་གཞུང་གི་དཔལ་ འབྱོར་ཚོང་ལས་ཁག་སྒེར་བདག་ཅན་དུ་བསྒྱུར་ཏེ། ཅི་སྟེ་ཕྱིའ་ི རོགས་དངུལ་མེད་རུང་། གཞུང་གི་རྒྱུན་

བྱུང་།

འོན་ཀྱང་སྐབས་རེ་རིན་པོ་ཆེ་མཆོག་གིས་འབྱུང་འགྱུར་ལོ་མང་ལ་སྔོན་དཔགས་ཀྱིས་གསུངས་

པའི་དགོངས་ཚུལ་ཟབ་མོ་རྣམས་ང་ཚོའ་ི སྤྱི་ཚོགས་ཀྱིས་རྗེས་མ་ཟིན་པའང་ཡང་ཡང་ཡོང་གི་ཡོད།

བགྲང་བྱ་ལྔ་ཚན་གཉིས་རིང་བཀའ་བློན་ཁྲི་པ་གནང་སྐབས་བཙན་བྱོལ་གཞུང་གི་ལས་དོན་རྣམས་ཕྱི་ གསལ་ནང་གསལ་ཡོང་ཐབས་སུ་ཧ་ཅང་འབད་བརྩོན་གནང་ཞིང་། དཔེར་ན། བཀའ་ཤག་ལྷན་ཚོགས་

སུ་ཐག་གཅོད་གནང་བ་རྣམས་རེ་རེ་བཞིན་གྲོས་གཞི་དང་གྲོས་ཆོད་གཉིས་ཀ་ཡིག་ཐོག་ཏུ་བཀོད་དེ་ གྲོས་གཞིའ་ི རྒྱབ་ལྗོངས་འགྲེལ་བརྗོད་དང་། གསལ་བ་དང་།

ཐག་གཅོད་སྤྱི་མོས་མང་མོས་ཇི་ཡིན་བཅས་གྲོས་ཆོད་དུ་

ཚོགས་འདུ་སྔ་མའི་གྲོས་ཆོད་ཚོགས་འདུ་རྗེས་མའི་ནང་བསྐྱར་ཞིབ་གཏན་འབེབས་

བྱས་ཏེ་ཐག་གཅོད་ཡོངས་རྫོགས་གནས་ཚུལ་ཅི་འདྲ་ཞིག་གི་འོག་དང་། རྒྱུ་མཚན་ཅི་འདྲ་ཞིག་ལ་བརྟེན་ ནས་གནང་བའི་སྐོར་ཡིག་ཐོག་ཏུ་ཚང་མས་གཟིགས་ཆོག་ཡོད་པ་དང་། དེ་བཞིན་དུ་ལས་ཁུངས་ཁག་གི་

ཟུར་དངུལ་ཉར་རྒྱུ་རྣམས་མཚམས་བཅད་ཀྱིས་པད་ཤག་གཅིག་དགོས་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་ བཀའ་ཁྲོལ་ཞུ་དགོས་པ་དང་། ཁྲིམས་དང་སྒྲིག་གཞིར་ལྟོས་མེད་ཀྱིས་རང་ཁོངས་ལས་བྱེད་བསྐོ་རྒྱུ་དེ་

དག་མཚམས་འཇོག་གིས་ལས་བྱེད་རྣམས་གཞུང་ཞབས་འདེམས་ལྷན་གྱི་རྒྱུགས་སྤྲོད་ལམ་ནས་ཡོང་ རྒྱུ་བཟོས་གནང་བ་མ་ཟད། ཕྱི་རྒྱལ་དོན་ཁང་དུ་འགྲོ་རྒྱུའི་ལས་བྱེད་རྣམས་ཀྱང་ཡིག་རྒྱུགས་ཀྱི་ལམ་ནས་ འགྲོ་དགོས་པ་སོགས་གསར་གཏོད་མང་པོ་གནང་།

མངོན་བསྟོད་གླེགས་བམ་ལས་་དྲངས། ་་་མུ་མཐུད་རྒྱུ།

རི་མོའི་གླིང་ཁ། ཉི་མ་ནུབ་ལ་ཉེ་སྐབས་ཕན་ཚུན་ཁ་བྲལ་བའི་དུས་ལ་སླེབས་པས།

རྩོམ་སྒྲིག་འགན་འཁུར་བ། བསྟན་འཛིན་པདྨ།

རྩོམ་སྒྲིག་པ།

སྐུ་ངོ་འབྲུག་གྲགས་རྟ་པོ་རྐྱང་རྒོད་ལ་བཞོན་པ་དང་། གཟིམ་

ཞུ་དག་པ།

གཡོག་ནོར་ཆུང་ཟག་ཆུང་ལ་བཞོན་ཏེ་ནང་དུ་ལོག

རི་མོ་བ།

ཇུས་འགོད་པ། བསྟན་འཛིན་འཇའ་འོད། གངས་སྐྱིད་དཔེ་སྟོན་སློབ་གྲྭ། འཛིན་རིམ། གཉིས་པ། བསྟན་འཛིན་ཆོས་དབྱངས། གངས་སྐྱིད་དཔེ་སྟོན་སློབ་གྲྭ། འཛིན་རིམ། གསུམ་པ།

བསྟན་འཛིན་དཀོན་མཆོག གོ་པལ་པུར་བོད་ཁྱིམ། འཛིན་རིམ། ལྔ་པ། བསྟན་འཛིན་ཉི་མ། གངས་སྐྱིད་དཔེ་སྟོན་སློབ་གྲྭ། འཛིན་རིམ། གཉིས་པ།

ཆོས་ཉིད་སྒྲོལ་མ།

དགེ་འདུན་དོན་ཡོད། མགོན་པོ་དོན་གྲུབ།

རྒྱལ་མཚན་དཔལ་འབྱོར། ཆོས་ཉིད་སྒྲོལ་མ།

རྩོམ་དང་རི་མོ་སོགས་བསྐུར་སའི་ཁ་བྱང་།

The Editor

Department of Education (CTA) Gangchen Kyishong Dharamsala-176215 Distt. Kangra (H.P.) India གློག་འཕྲིན།: phayulshezod@tibet.net

སྐུ་ངོ་འབྲུག་གྲགས་ཀྱིས་ "ནོར་ཆུང་། ཡག་པོ་བྱུང་སོང་། ཁྱེད་ རང་རྗེས་མ་དཔའ་རྟུལ་ཚད་དང་ལྡན་པ་ཞིག་ཆགས་ཐག་ཆོད་ རེད་འདུག" ཅེས་ལབ་པས། ནོར་ཆུང་དགའ་སྤྲོ་དཔག་མེད་ སྐྱེས་པ་རེད།

རྫོགས་སོ།།

འདོན་ཐེངས་སྔོན་མ་རྣམས་ www.bodyiglobjong.com དྲྭ་ཚིགས་སྟེང་ནས་གཟིགས་ཐུབ།

བརྙན་དེབ་མངགས་ཉོ་གནང་སའི་ཁ་བྱང་།

Sherig Parkhang Trust R-28 Ramesh Park, Laxmi Nagar New Delhi 110092 གློག་འཕྲིན།: shepardelhi@gmail.com


Turn static files into dynamic content formats.

Create a flipbook
སྤྱིའི་འདོན་ཐེངས། ༢༡༢ by Sherig Books - Issuu