རྩོམ་པ་པོ། རེཤ་མཱ་ཐཱ་པཱ་གུ་རུང་།
རི་མོ་བ། ཁཱ་ནཱ་ཊོ་ཇི་མོ།
བོད་སྒྱུར། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ཨ་མ། ངའི་སོ་གཅིག་འགུལ་སྐྱོད་རྒྱག་གི་འདུག་ལབ།
དེ་ནི་ཚེ་རིང་སྐྱིད་ཀྱི་མི་ཚེའི་ནང་སོ་འགུལ་སྐྱོད་རྒྱག་པ་ཐེངས་དང་པོ་དེ་ཡིན། མོ་ཡ་མཚན་སྐྱེ་ཡི་ཡོད་པ་མ་ཟད། དངངས་སྐྲག་ཀྱང་ཏོག་ཙམ་སྐྱེ་ཡི་ཡོད།
2
ཨ་མས་མོ་ལ། ལྕེས་ག་ལེར་རྦུད་རྒྱག་ཐོངས། ཞེས་གསུངས།
ཚེ་རིང་སྐྱིད་ཀྱིས་ག་ལེར་ག་ལེར་རྦུད་རྒྱག་བཏང་།
ཨ་མས། ད་ལྟ་སོ་བཀོག་རན་མི་འདུག ཉི་མ་ཁ་ཤས་སྒུགས་དང་། རང་བཞིན་གྱིས་གོག་འགྲོ་ཡི་རེད། ཅེས་གསུངས།
3
ཚེ་རིང་སྐྱིད་པ་ལགས་ཀྱི་འགྲམ་དུ་ཕྱིན་ནས། པ་ལགས། ངའི་སོ་གཅིག་འགུལ་སྐྱོད་
རྒྱག་གི་འདུག ཅེས་ལབ། པ་ལགས་ཀྱིས། སོ་དེ་ཤུགས་ཆེན་པོ་འགུལ་གྱི་མི་འདུག ད་ ལྟ་བཀོག་རན་མི་འདུག ཉི་མ་ཁ་ཤས་སྒུགས་དང་། རང་བཞིན་གྱིས་གོག་འགྲོ་ཡི་རེད། ཅེས་གསུངས།
4
ཡིན་ཡང་། ཚེ་རིང་སྐྱིད་སྒུག་འདོད་མེད་པ་རེད། མོས་སྐུད་པ་རིང་པོ་ཞིག་ཁྱེར་ནས་ཉལ་
ཁང་དུ་ཕྱིན། མོས་སྐུད་པའི་སྣེ་གཅིག་སོ་ལ་བསྡམས་པ་དང་། སྣེ་མོ་གཞན་དེ་སྒོ་ལུང་ལ་ བཏགས་པ་རེད།
ཚེ་རིང་སྐྱིད་ཞ་ལའི་སྒང་ལ་སྒུག་
སྒུག་
བསྒུགས་ནས་བསྡད།
5
ཚེ་རིང་སྐྱིད་བསྒུགས་བསྒུགས་ནས་ཐང་ཆད་པ་རེད།
མོས་སྒོ་ལུང་ནས་སྐུད་པ་བཀྲོལ་ཏེ། དབུགས་རིང་ཞིག་བཏང་ནས་ཉལ་ཁྲིའི་སྒང་ལ་བསྡད།
6
མོའི་ཨ་ཅག་ལྕགས་མོ་མཚོ་ནང་ལ་སླེབས། ལྕགས་མོ་མཚོས་སྒོ་ལ་མཛུབ་མོ་བཙུགས་
ནས། ཁྱོད་ཀྱི་ཐབས་ཤེས་འདི་ཡ་ཡུད་ཚ་པོ་འདུག དེའི་ཚབ་ལ་སྐུད་པ་ངས་འཐེན་ ནའང་སོ་འགོག་ཐུབ་ཀྱི་རེད་པ། ཞེས་ལབ།
7
ཚེ་རིང་སྐྱིད་ཀྱིས་མིག་བཙུམས་ཤིང་ཁ་གདངས་ནས་བསྡད།
ལྕགས་མོ་མཚོས། གཅིག གཉིས། གསུམ། ལབ་ནས་སྐུད་པ་ འཐེན་པ་རེད།
ཚེ་རིང་སྐྱིད་ན་ཟུག་མ་བཟོད་པར། ཨ་ར་་་ ཞེས་སྐད་ཤོར།
ལྕགས་མོ་མཚོས། ད་ལྟ་བཀོག་རན་མི་འདུག ཉི་མ་ཁ་ཤས་སྒུགས་ དང་། རང་བཞིན་གྱིས་གོག་འགྲོ་ཡི་རེད། ཅེས་ལབ།
8
ཚེ་རིང་སྐྱིད་ཀྱིས་ཨ་མ་ལ་སོ་འདི་ཁྱོན་ནས་གོག་ས་མ་རེད་ལབ། ཨ་མས་ང་ཚོ་ཆུང་དུས་སོ་ཁང་པའི་ཐོག་ཁར་གཡུགས་ནས།
ཙི་ཙི་ཁྱོད་ཀྱི་སོ་ང་ལ་སྤྲོད་
རོགས་ཞེས་ལབ་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོར་ཙི་ཙིའི་སོ་ནང་བཞིན་མཁྲེགས་པོ་དགོས་ ཀྱི་ཡོད། ཅེས་གསུངས།
ཚེ་རིང་སྐྱིད་ཕྱི་ལ་རྒྱུགས་ནས་སྐད་ཤུགས་ཆེན་པོས། ཙི་ཙི། ཙི་ཙི། ངའི་སོ་ཆེན་པོ་མཁྲེགས་པོ་འདི་ཁྱོད་ལ་སྤྲད་ཆོག ཁྱེད་རང་དགའ་པོ་ ཡོད་ན་འཁྱེར་རོགས། ཞེས་ལབ།
9
དགོང་མོ་དེར་ཚེ་རིང་སྐྱིད་ལ་ཙི་ཙིའི་གཉིད་ལམ་བཏང་།
གཉིད་ལམ་དུ་ཙི་ཙི་དེས་འོད་འཚེར་བའི་
དངོས་པོ་ཞིག་བཟུང་ཡོད། ཙི་ཙིས་མོ་ལ་ལྟ་བཞིན་ཙིག་ཁུང་ནང་འཛུལ་ཕྱིན་པ་རེད།
10
ཚེ་རིང་སྐྱིད་གཉིད་སད་པ་དང་། རྦུད་རྒྱག་ཅིག་བརྒྱབ་པ་རེད།
ལྕེ་ཡིས་སོ་ལ་
ཡིན་ནའང་སོ་དེ་མཐོང་སར་མེད།
སོ་དེ་ཁྱུར་མིད་བཏང་བ་ཡིན་ནམ། ཡང་ན། གཉིད་ ཁུག་དུས་གཅིག་གིས་བཀོག་པ་ཡིན་ནམ། སོ་དེ་ག་པར་ཕྱིན་པ་ཡིན་ནམ།
འདི་ལ་འདུག སྔས་མགོའི་ཟུར་ལ་འདུག ལབ་ནས། ཚེ་རིང་སྐྱིད་ཀྱིས་སོ་དེེ་འཁྱེར་ཏེ། རྒྱུགས་ཤར་གློད་ནས་ཕྱིན།
ཕྱི་ལོགས་ལ་
11
ཙི་ཙི། ཙི་ཙི། ཁྱི་སོ་ཕག་སོ་ཁྱོད་ལ་སྟེར། །དུང་སོ་དཀར་པོ་ང་ལ་སྤྲོད།། ལབ་ནས། སོ་དེ་ཁང་པའི་ཐོག་ཁར་གཡུགས་ཏེ། ཨ་མ་ལ་ལབ་པར་རྒྱུགས་ཕྱིན།
12