༸ཏཱ་ལའི་བླ་མའི་ཁྲུང་ཁྲུང་སྐྱོབ་པ།
རང་བྱུང་ཁམས་དང་ངོ་མཚར་བའི་ཤུལ་བཞག་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ གྱི་ཨ་རུ་ཎཱ་ཅལ་མངའ་སྡེའི་མི་མང་ལ་ཕུལ། རྩོམ་པ་པོ། ནི་རཱཇ་ཝ་གྷོ་ལི་ཀར། རི་མོ་བ། ནི་ལོ་ཧྥེར་ཝཱ་ཌི་ཡཱ། བོད་སྒྱུར་བ། གྲགས་པ་རྒྱལ་མཚན།
2
བསྟན་འཛིན་ཁང་པའི་ཕྱི་ལོགས་སུ་དགུན་ཁའི་ཉི་འོ ད་ལོངས་སུ་སྤྱོད་ ཀྱིན་བསྡད་ཡོད།
ཁོ་ནི་ཨ་རུ་ཎཱ་ཅལ་མངའ་སྡེར་ཡོད་པའི་རང་གི་གྲོང་
རྡལ་དུ་ལོ་གསར་གཏོང་བར་སླེབས་ཡོད།
ཁང་པའི་རྒྱབ་ལོགས་ན་
བཞུར་བའི་ཆུ་བོའི་བཞུར་སྒྲ་དང་ལྷན་དུ་ཁོས་རྟ་དབང་དགོན་པ་ནས་ སྦྱངས་པའི་གཞུང་ཚིག་ཅིག་སྐྱོར་བཞིན་ཡོད། དེ་ནི། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགའ་ཅི་ཞིག་ཡོད། །
གལ་ཏེ་བཅོས་སུ་མེད་ན་ནི། །
དེ་ལ་མི་དགའ་བྱས་ཅི་ཕན། ། ཞེས་པ་དེ་རེད།
དུས་རབས་བརྒྱད་པའི་ནང་གི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷ་ ཡིས་གསུངས་པའི་ལེགས་བཤད་འདི་ལ་ཁོ་དགའ་འཛུམ་ཞིག་ཤོར།
ཚིགས་བཅད་རྗེས་མ་དེ་མ་སྐྱོར་གོང་ཁ་པར་གྱི་དྲིལ་བརྡ་གྲགས་པ་རེད། དེ་ནི་ཁོའི་གྲོགས་པོ་རྡོ་རྗེ་རེད།
རྡོ་རྗེས། ཁོ་ཚོ་སླེབས་སོང་། གནས་ཚུལ་འདུག མགྱོགས་པོ་ཤོག་ དང་། ཅེས་བཤད། བསྟན་འཛིན་གྱིས་གནས་ཚུལ་ཞིབ་ཕྲ་འདྲི་ཁོམ་མ་ བྱུང་གོང་རྡོ་རྗེས་ཁ་པར་བཞག་པ་རེད།
3
བསྟན་འཛིན་དེ་མ་ཐག་ལམ་ལ་ཆས་པ་དང་། ཁོ་རྒྱུགས་མ་འདུར་གྱིས་
འགྲོ་སྐབས། གཟན་ཤམ་དམར་སྨུག་རླུང་གིས་བསྐྱོད་ཅིང་། སྐམ་ཧྲོག་ ཧྲོག་གི་རི་རྒྱུད་ཀྱི་རླུང་བུས་རང་གི་ངོ་གདོང་སྦྲིད།
ཉ་བཤང་གཙང་པོ་
བརྒྱུད་ནས་ཡར་འགྲོ་སྐབས། གྱེན་ལ་བལྟས་ན་ནགས་ཚལ་སྟུག་པོས་ བཀབ་པའི་རི་གཟར་རྣམས་མཐོང་ཐུབ།
4
5
བསྟན་འཛིན་གྱི་ཆེས་དགའ་བའི་ཕྱིར་དྲན་ནི།
བརྡར་ཤུད་ཡང་ཡང་
གཏོང་བའི་སྨྱུག་མའི་ནགས་ཚལ་ཁྲོད་ཀྱི་འགྲུལ་བཞུད་དེ་ཡིན། ཐེངས་ ཤིག་ཁོས་མཐོང་དཀོན་པའི་དོམ་དམར་ཁྲ་ཞིག་ལཱ་ལྗོའི་སྡོང་པོའི་སྟེང་ལ་ ཡོད་པ་མཐོང་བས། འགྲུལ་བཞུད་དེ་ནམ་ཡང་བརྗེད་དཀའ་བར་གྱུར།
6
རྡོ་རྗེས་བཤད་པའི་གནས་ཚུལ་དེའི་སྐོར་བསམ་བློ་གཏོང་ཞིང་། མགྲོན་པོ་དེ་ ཚོར་དཀའ་ངལ་ག་རེ་འཕྲད་ཡོད་དམ་སྙམ།
ཁོ་འགྲོ་བའི་མུར་ཡུལ་ལྗོངས་
ཀྱི་རྣམ་པ་ལ་འགྱུར་ལྡོག་སྣ་ཚོགས་བྱུང་། འགག་དོག་པའི་གཅོང་རོང་དང་། དེར་དྲག་ཏུ་འབབ་པའི་གཙང་པོ་ནི་རྒྱ་ཆེ་བའི་ལུང་གཤོང་ཞིག་ལ་སྦྲེལ་ཡོད། ལུང་གཤོང་དེ་ནས་གཙང་པོའི་འབབ་རྒྱུན་ཇེ་དལ་དུ་ཕྱིན་ཡོད་ལ། གཙང་པོའི་ བར་ལ་གླིང་ལག་དང་། སྤང་། བྱེ་མའི་ཕུང་གསོག་བཅས་ཡོད། རྡོ་རྗེ་བྲག་རྡོ་ ཆེན་པོ་ཞིག་གི་སྟེང་ལ་བསྡད་ཡོད་པ་བསྟན་འཛིན་གྱིས་མཐོང་བས་འཛུམ་
ཙམ་བྱས། རྡོ་རྗེའི་འཁྲིས་ལ་བསྡད་ཡོད་པ་ནི་གྲོགས་མོ་སྒྲོལ་མ་རེད། མོ་ནི་ སྲོག་ཆགས་རིག་པ་བ་ཞིག་རེད།
བསྟན་འཛི ན ་ཁོ ང ་གཉི ས ་སར་སླེ བ ས་ནས་གཙང་པོ འི ་ ཕྱོ ག ས་ལ་བལྟས།
གཟུགས་སྟོབས་ཆེ་བའི་ཁྲུང་ཁྲུང་སྐེ་ནག་གཉིས་གཙང་འགྲམ་གྱི་བྱེ་མའི་སྟེང་ དུ་དགུན་ཁའི་ཉི་འོད་སྲོ་བཞིན་ཡོད།
ཁྲུང་ཁྲུང་གཅིག་ནི་བག་ལྷོད་པོའི་ངང་
བསྡད་ཡོད་པ་དང་། གཞན་དེས་སྐེ་དང་གཤོག་པའི་ཉམས་འགྱུར་ངོམ་བཞིན་ ཞབས་བྲོ་འཁྲབ་ཀྱི་ཡོད།
དེ་ནི་ལོ་འདིའི་ནང་ཁོས་ཐོག་མར་མཐོང་བའི་དམིགས་བསལ་མགྲོན་པོ་དག་ ཡིན།
ཁོས་བསམ་བློ་བཏང་དུས་ད་ལོའི་དགུན་ཁར་ཁྲུང་ཁྲུང་བཅུ་གཉིས་
སླེབས་པ་དྲན། བསྟན་འཛིན་རྟ་དབང་དགོན་པར་ཡོད་དུས་རྡོ་རྗེས་ནམ་རྒྱུན་ ཁྲུང་ཁྲུང་སླེབས་པའི་སྐོར་གྱི་གནས་ཚུལ་རྣམས་ཁོ་ལ་ཤོད་ཀྱི་ཡོད།
7
བསྟན་འཛིན་གྱིས་ཡུད་ཙམ་རིང་དད་པའི་མིག་ཟུང་བཙུམས། དགུན་ཁ་
ཁྲུང་ཁྲུང་སླེབས་པ་ནི་བཀྲ་ཤིས་པའི་རྟགས་མཚན་ལ་ངོས་འཛིན་བྱེད་ཀྱི་ ཡོད། བསྟན་འཛིན་ནི་གྲོང་མི་ཚོའི་ངག་ནས་བྱ་འདིའི་སྐོར་གྱི་དམངས་ གཞས་ཉན་ནས་འཚར་ལོངས་བྱུང་བ་རེད།
8
9
རྡོ་རྗེས་བསྟན་འཛིན་ལ། རིན་པོ་ཆེ། ཁྱེད་ཀྱི་ཐུགས་འདོད་ལྟར་སྨོན་ལམ་
ཡོད་ཚད་གསུང་རོགས། འདི་ནི་ཁྱེད་ཀྱིས་ཁྲུང་ཁྲུང་མཐོང་བ་མཐའ་མ་ དེའང་ཡིན་སྲིད། ཅེས་བཤད། བསྟན་འཛིན་རྟ་དབང་དགོན་པར་གྲྭ་པ་ བྱས་པ་ནས་བཟུང་། རྡོ་རྗེས་ཁོ་ལ་རིན་པོ་ཆེ་ཟེར་ནས་སྙད་བརྐོ་ཡི་ཡོད།
10
བསྟན་འཛིན་གྱིས་མིག་གདངས་ནས། ག་རེ། ཞེས་དྲིས།
རྡོ་རྗེས། ཁྱེད་ཀྱིས་ཆུ་མཛོད་ཀྱི་སྐོར་མཁྱེན་གསལ་རེད། ཅེས་བཤད།
རྡོ་རྗེ་ནི་བསྟན་འཛིན་གྱི་ཆུང་འདྲིས་གྲོགས་པོ་ཡིན་ལ། བསྟན་འཛིན་རྟ་
དབང་དགོན་པར་ཕྱིན་པའི་རྗེས་ནས་ཀྱང་། ཁོང་གཉིས་ཀྱིས་ནམ་རྒྱུན་ འབྲེལ་བ་བྱེད་ཀྱི་ཡོད།
བཟོ་གྲྭ་ཞིག་གིས་གཙང་པོ་འདི་ལ་ཆུ་མཛོད་
བརྒྱབ་ནས། དགུན་ཁར་ཁྲུང་ཁྲུང་འཁོར་ས་རྩ་བརླག་གཏོང་རྒྱུ་ཡིན་པའི་ སྐོར་སྔར་ནས་བཤད་ཡོད།
འོན་ཀྱང་། རྡོ་རྗེ་དང་བསྟན་འཛིན་གཉིས་ཀྱིས་དེ་ལ་སེམས་ཁྲལ་དེ་ཙམ་ བྱས་མེད། གང་ལྟར།
བཟོ་གྲྭ་དེའི་ངོས་ནས་ས་ཁུལ་དེར་ཆུ་མཛོད་བརྒྱབ་ན་དེའི་
ཁུལ་གྱི་རི་སྐྱེས་སྲོག་ཆགས་སོགས་ལ་གནོད་འཚེ་ཕོག་མིན་སྔོན་ཚུད་
ནས་ཞིབ་འཇུག་བྱེད་དགོས། གལ་སྲིད་ཞིབ་འཇུག་གི་སྙན་ཐོའི་ནང་ཆུ་ མཛོད་དེས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བྱེད་ཀྱི་ཡོད་ན། གིས་ལས་འཆར་དེ་བཀག་སྡོམ་བྱེད་ངེས་རེད།
གཞུང་
བསྟན་འཛིན་དང་རྡོ་རྗེ་གཉིས་ཀྱིས་གལ་སྲིད་གཙང་པོ་འདི་ལ་ཆུ་མཛོད་ ཅིག་བརྒྱབ་ན། ཁྲུང་ཁྲུང་སྐེ་ནག་གཙོ་བོར་གྱུར་པའི་ནགས་བྱི་དང་།
11
སྲེ་མོང་།
ར་རྒྱ།
སྲམ་བཅས་སྲོག་
ཡོད།
ཁྲུང་ཁྲུང་སྐེ་ནག་ནི་སྟོང་ལ་ཉེ་
ཆགས་མང་པོ ་ ཞི ག ་གི ་ ཁྱི མ ་གཞི ས ་ གཏོ ར ་བརླག་ཐེ བ ས་རྒྱུ་ཡི ན ་པ་ཤེ ས ་ བའི་སྲོག་ཆགས་ཤིག་ཡིན་པ་དང་།
12
གལ་ཏེ་ཆུ་མཛོད་འདི་བརྒྱབ་ཚེ་རྒྱ་
གར་ནང་དགུན་དུས་ཁྲུང་ཁྲུང་སྐེ་ ནག་འཁོར་ས་གཉིས་ཡོད་པ་ལས། གཅིག་རྩ་གཏོར་འགྲོ་ཡི་ཡོད།
13
བསྟན་འཛིན་གྱིས་ཐེ་ཚོམ་ངང་། ཕལ་ཆེར་ཆུ་མཛོད་རྒྱག་མདོག་ཁ་པོ་
མ་རེད། ཞིབ་འཇུག་སྙན་ཐོའི་ནང་རྒྱག་མི་ཆོག་ཅེས་བཀོད་ཡོད་པ་མིན་ ནམ། ཞེས་བཤད།
སྒྲོལ་མས། སྙན་ཐོ་ངོ་མར་རྒྱག་མི་ཆོག་ཅེས་བཀོད་ཡོད་ཀྱང་། བཟོ་གྲྭ་ དེས་སྙན་ཐོ་ལ་བཟོ་བཅོས་བཏང་འདུག ཅེས་བཤད།
14
བསྟན་འཛིན་གྱིས། སྙན་ཐོ་ལ་བཟོ་བཅོས་བཏང་འདུག་ཟེར་ན་ག་རེ་ལབ་
ཀྱི་ཡོད། ཅེས་དྲིས། སྒྲོལ་མས། སྙན་ཐོ་ངོ་མར་གཙང་པོ་ལ་ཆུ་མཛོད་
བརྒྱབ་ན་ཁྲུང་ཁྲུང་གི་གནས་ཡུལ་ལ་གཏོར་བརླག་ཐེབས་རྒྱུ་ཡིན་པས། དེར་ཆུ་མཛོད་རྒྱག་མི་ཆོག་པ་གསལ་ཡོད། ཨ་ཅང་ཅང་། དེ་ལ་བཟོ་ གྲྭ་དེ་འཐད་པོ་བྱུང་མེད། པ་རེད།
བྱས་ཙང་ཁོ་ཚོས་སྙན་ཐོ་གཞན་ཞིག་བཟོས་
དེ་ཡང་སྙན་ཐོ་ངོ་མ་དེ་བཟོ་མཁན་གྱི་ཁོར་ཡུག་མཁས་དབང་
རྣམས་ཀྱིས་སོ་སོའི་ལྟ་ཚུལ་བསྒྱུར་ནས། ད་ལྟ་འདིར་ཆུ་མཛོད་བརྒྱབ་ན་
སྐྱོན་གང་ཡང་མེད་ཚུལ་ཤོད་པ་ལས། ཁྲུང་ཁྲུང་ཡོད་མེད་ཅི་ཡང་ཤོད་ཀྱི་ མི་འདུག
བསྟན་འཛིན་ཧང་སངས་ནས། ཁོ་ཚོས་དེ་འདྲ་བྱེད་དོན་གང་ཡིན་ནམ། ཞེས་ལབ།
རྡོ་རྗེས། དངུལ། དངུལ། ཚང་མ་དངུལ་རེད། ཅེས་ཤོག་ལོར་ཆག་པ་
ཞིག་རང་གི་ཨམ་ཕྲག་ལ་འཇུག་བཞིན་པའི་རྣམ་འགྱུར་བསྟན་ཏེ། སྙན་ ཐོ་ལ་བཟོ་བཅོས་གཏོང་ཆེད་མི་དེ་ཚོར་དངུལ་འབོར་ཆེན་ཞིག་སྤྲད་ཡོད་ ས་རེད། བཟོ་གྲྭ་དེས་ད་ལྟ་སྙན་ཐོ་ངོ་མ་དེ་སྦེད་ཐབས་བྱས་ནས། སྙན་ཐོ་ གསར་པ་ཞིག་འདོན་རྩིས་བྱེད་ཀྱི་འདུག དེ་འདྲའི་གཡོ་སྒྱུ་ཚ་བ་ལ་ཨང་། ཞེས་ལབ།
15
བསྟན་འཛིན་གྱིས། ཁྱེད་ཀྱིས་འདིའི་སྐོར་གང་འདྲ་བྱས་ནས་ཤེས་སོང་།
ཞེས་དྲིས། སྒྲོལ་མས། དེ་རིང་ཞོགས་པར་ང་རླངས་འཁོར་ནང་སྤང་ཆེན་
ལུང་གཤོང་ལ་ཡོང་སྐབས། ལུམ་ལ་ས་གནས་ཀྱི་ལས་ཁུངས་ལ་ལས་ ཞུགས་ཆོག་མཆན་བསྐྱར་ཞུ་བྱེད་པར་ཕྱིན་པ་ཡིན།
སྐབས་དེར་ཆུ་
མཛོད་ལས་ཁུངས་ཀྱི་སྐུ་ཞབས་རཱཇ་ཡང་འགོ་འཛིན་བཀྲ་ཤིས་ཐུག་པར་ སླེབས་འདུག ཅེས་ཟེར་ཞོར་ཇ་དམ་ནང་ནས་ཇ་ཕོར་པ་གསུམ་བླུགས།
སྒྲོལ་མས་གྲོགས་པོ་གཉིས་ལ་ཇ་འདྲེན་ཞོར་དུ། ང་འགོ་འཛིན་བཀྲ་ཤིས་ ཀྱི་ལས་ཁུངས་ནང་ཡོད་དུས།
ཁོ་དང་སྐུ་ཞབས་རཱཇ་གློ་བུར་དུ་ཕྱི་ལ་
ཐོན་སོང་། ཕལ་ཆེར་ཁོ་གཉིས་ཀྱིས་གསང་གཏམ་ཞིག་ཤོད་ཀྱི་ཡོད་པ་ འདྲ།
ངས་འགོ་འཛིན་བཀྲ་ཤིས་ཀྱི་ཅོག་ཙེའི་སྟེང་ནས་སྙན་ཐོ་གཉིས་
མཐོང་སོང་། དེ་གཉིས་ཆུ་མཛོད་ཀྱི་སྐོར་ཡིན་པ་མཐོང་སྐབས། རང་ བཞིན་གྱིས་ཤེས་འདོད་ཆེན་པོ་སྐྱེས་ཏེ། ངས་ཤོག་ངོས་ཁ་ཤས་ལ་མིག་ བཤེར་བྱས་པ་ཡིན། ཞེས་བཤད།
སྒྲོལ་མས་ཇ་ཧུབ་གང་འཐུང་ནས།
ངས་སྙན་ཐོ་མི་འདྲ་བ་གཉིས་ཡོད་
པ་མཐོང་སོང་། སྙན་ཐོ་གཅིག་ལ་དམར་རྟགས་བརྒྱབ་འདུག གཞན་ དེ་ལ་་་ ཞེས་ལབ་ཏེ་སྐད་ཆའི་མཇུག་མ་རྫོགས་གོང་། རྡོ་རྗེས་ཁོང་ཁྲོ་ དང་བཅས། གཞན་དེ་ལ་རྟགས་ལྗང་ཁུ་བརྒྱབ་ཡོད་ཀྱི་རེད་ཅེས་བར་དུ་ འཚང་ཡོང་།
16
ཁོས་མུ་མཐུད་དེ། སྐུ་ཞབས་རཱཇ་ཡི་སྐུ་སྲུང་བ་གཉིས་ཀྱིས་སྒྲོལ་མ་ཁྱེད་
རང་མ་མཐོང་བས་རླུང་རྟ་རྒྱུགས་པ་རེད། གལ་སྲིད་སྙན་ཐོ་ལ་ལག་པ་ འཆང་བ་མཐོང་ན་ཁོ་ཚོས་བརྡུང་ངེས་རེད། ཅེས་བཤད།
17
སྒྲོལ་མས།
དེ་ནི་ངའི་རང་སྲུང་དྲག་རྩལ་ལ་ཉམས་ཚོད་ལེན་པའི་གོ་
སྐབས་ལེགས་པོ་ཞིག་ཡིན་རྒྱུ་རེད། ཅེས་གད་མོ་དགོད་བཞིན་བཤད།
གྲོགས་པོ་གསུམ་པོ་ཇ་འཐུང་བཞིན་གཙང་འགྲམ་ལ་སྡོད་སྐབས། སྒྲོལ་ མས་ཁོ་གཉིས་ལ། སྐུ་ཞབས་རཱཇ་འགོ་འཛིན་བཀྲ་ཤིས་ཀྱི་ལས་ཁུངས་ ནང་ཚུར་སླེབས་སྐབས།
ངས་སྙན་ཐོ་དེ་དག་ལ་བལྟས་པ་ཤེས་ནས།
གཤེ་གཤེ་གཏོང་བཞིན་ངའི་ལག་ནས་སྙན་ཐོ་འཕྲོགས་སོང་། ངས་སྙན་ ཐོ་གསར་པ་དེའི་ཐག་གཅོད་ལ་དགག་པ་རྒྱག་སྐབས། ཁོ་ཁོང་ཁྲོ་ལངས་ ནས་སྙན་ཐོ་རྙིང་པ་དེ་ནོར་བ་རེད་ལབ་ནས། སྙན་ཐོ་གཉིས་ཀ་འཁྱེར་ཏེ་ ཕྱི་ལ་ཐོན་སོང་། ཞེས་བཤད།
བསྟན་འཛིན་གྱིས་སྐད་ཆ་དེ་གོ་བ་དང་རང་གིས་རང་ལ་ཡིད་མི་ཆེས་ པར་གྱུར་ཏེ། ཁོ་ཚོས་འདི་འདྲ་བྱེད་ཕོད་པ་དཔེ་རེད། ད་ལྟ་སྙན་ཐོ་དེ་ གཉིས་ག་པར་ཡོད་ན། ཞེས་ཡ་མཚན་པའི་ངང་ནས་དྲིས། སྒྲོལ་མས།
ངས་སྙན་ཐོ་དེ་གཉིས་སྐུ་ཞབས་རཱཇ་ཡིས་མགྲོན་ཁང་ནང་
ལ་འཁྱེར་བ་མཐོང་སོང་། ཕལ་ཆེར་སྙན་ཐོ་དེ་གཉིས་མགྲོན་ཁང་ནང་ལ་
ཡོད་ཀྱི་རེད། ཡིན་ནའང་དེའི་སྐོར་དྲིས་ནས་ག་རེ་བྱེད་ཀྱི་ཡིན། ཞེས་ ལབ།
བསྟན་འཛིན་རེ་ཞིག་ཁུ་སིམ་མེར་བསྡད་ནས་བསམ་བློ་བཏང་།
18
རྡོ་རྗེས། བསྟན་འཛིན། རང་ག་རེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ཅེས་ དྲིས།
བསྟན་འཛིན་གྱིས། གལ་སྲིད་སྙན་ཐོ་དེ་གཉིས་མགྲོན་ཁང་ནང་ལ་ཡོད་ཚེ།
ང་ཚོས་དེ་གཉིས་རག་ཐབས་བྱས་ཏེ། བཟོ་གྲྭ་དེས་སྙན་ཐོ་གསར་པ་དེ་ཕྱི་ ལ་མ་བཏོན་གོང་། སྙན་ཐོ་གསར་རྙིང་གཉིས་ཀ་ཕྱིར་བསྒྲགས་ཀྱིས། ཁོ་ ཚོས་གཡོ་སྒྱུ་འཁྲབ་ཀྱི་ཡོད་པ་མི་མང་གིས་ཤེས་སུ་འཇུག་དགོས་རེད། ཅེས་ལབ།
རྡོ་རྗེ་དང་སྒྲོལ་མ་གཉིས་ཧ་ལས་ཏེ། རྡོ་རྗེས། རིན་པོ་ཆེ། ཁྱེད་ཀྱིས་སྙན་ ཐོ་དེ་གཉིས་རྐུ་རྒྱུ་ཡིན་ནམ། ངང་དྲིས།
ཞེས་དངངས་འཚབ་དང་ཀུ་རེ་འདྲེས་མའི་
བསྟན་འཛི ན ་གྱི ས ་གཟབ་ནན་ངང་། ངས་དེ་ག་རང་བསམ་གྱི་འདུག ཁྲུང་ ཁྲུང་དཀར་མོ འི ་ མ་འོང ས་པའི ་ ཆེད་དུ་ང་ཚོས་འདི་འདྲ་མ་བྱེད་ རང་བྱེད་རེད། ཅེས་ལབ།
ས་གནས་འདིའི་མི་མང་གིས་
ཁྲུང་ཁྲུང་སྐེ་ནག་ལ་ཁྲུང་ཁྲུང་ དཀར་མོ་ཞེས་འབོད།
19
མོ ན་ཡུལ་གྱི་ནང་པ་ཚོས་ལོ་རེའི་ཁྲུང་ཁྲུང་དཀར་མོ ་འབྱོ ར་བའི་དུས་
ཚོ ད ་ནི ་ བཀྲ་ཤི ས ་པའི ་ རྟགས་མཚན་ཞི ག ་ཏུ་ངོ ས ་འཛི ན ་བྱེ ད ་པ་རེ ད ། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༦༨༣ ལོར་མོན་རྟ་དབང་ལ་སྐུ་འཁྲུངས་པ་དང་། ཁོང་གིས་མགུར་གླུའི་ ནང་དུ་བྱ་འདིའི་སྐོར་བྲིས་གནང་ཡོད་པ་རེད། ས་གནས་མི་མང་གིས་བྱ་
འདི་༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་འདི་ལ་ གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། བསྟན་འཛིན་གྱིས།
བྱ་འདི་ང་ཚོ་མོན་པ་ཚོར་མཚོན་ན་ཅི་འདྲའི་གལ་
ཆེན་ཞིག་ཡིན་པ་ཁྱེད་གཉིས་ཀྱིས་ཤེས་གསལ་རེད། གྲོགས་པོ་གཉིས་ལ་བཤད། སྒྲོལ་མས།
ཤེས་དང་ཤེས།
ཅེས་རང་གི་
ད་དུང་རང་བྱུང་ཁོར་ཡུག་གི་ཐད་ནས་
བཤད་ནའང་། བྱ་རིགས་འདི་དང་འདིའི་སྡོད་གནས་ལ་སྲུང་སྐྱོབ་བྱ་རྒྱུ་ དེ་གལ་ཆེན་པོ་ཞིག་རེད།
བྱ་འདི་དག་བོད་མཐོ་སྒང་ནས་དགུན་ཁའི་
གྲང་ངར་ལས་གཡོལ་ཆེད། གནས་འདིར་སྤོ་བཞུད་བྱེད་ཀྱི་ཡོད། རྒྱ་གར་ ནང་ཁོ་ཚོའི་སྡོད་གནས་གཉིས་རང་ལས་མེད་ཅིང་། ལུང་གཤོང་འདི་རེད། ཅེས་བཤད།
20
གཅིག་ནི་ང་ཚོའི་
21
22
བསྟན་འཛིན་ལ་མཚོན་ན།
གཞུང་གི་མགྲོན་ཁང་ནང་ནས་སྙན་ཐོ་དེ་
གཉིས་རྐུ་རྒྱུ་ནི་ཚུལ་ཁྲིམས་དང་འབྲེལ་བའི་གནད་དོན་ཞིག་རེད། ཁོ་གྲྭ་
པ་ཞིག་ཡིན་པའི་ཆ་ནས་མ་བྱིན་པར་མི་ལེན་པའི་ཁས་ལེན་བྱས་ཡོད། འོན་ཀྱང་། དགོན་སྡེའི་སློབ་གཉེར་གྱི་ཁྲོད་ནས་ཁོང་ལ་བདེན་པའི་རྒྱབ་ ལངས་བྱེད་དགོས་པའི་བསླབ་བྱ་ཐོབ་ཡོད་པ་རེད།
བསྟན་འཛིན་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར་བ་རེད།
གལ་སྲིད་མ་བྱིན་པར་བླངས་ན་ཁོ་རང་སྒེར་ལ་ཁེ་བཟང་གང་ཡང་མེད།
སྙན་ཐོ་དེ་གཉིས་རག་པའི་འབད་བརྩོན་བྱེད་སྐབས། གཞན་གྱི་ལུས་ལ་ གནོད་འཚེ་ཕོག་གི་རེད་དམ་ཞེ་ན། ཕོག་གི་མ་རེད།
གལ་སྲིད་སྙན་ཐོ་དེ་གཉིས་རག་ནས་ཆུ་མཛོད་རྒྱག་རྒྱུར་བཀག་འགོག་
བྱེད་ཐུབ་ན། མ་བྱིན་པར་བླངས་པ་དེ་དོན་གོ་ཆོད་པ་རེད། གང་ལྟར་ ཁྲིམས་ཐོག་ནས་བཤད་ནའང་། འདི་ལྟ་བུའི་སྙན་ཐོ་ནི་མི་མང་གིས་ཤེས་ སུ་འཇུག་རྒྱུ་གལ་ཆེན་པོ་རེད།
གལ་སྲིད་ལས་དོན་དེ་འགྲུབ་ན། ཁྲུང་ཁྲུང་གི་དགུན་ཁའི་སྡོད་གནས་སྲུང་ སྐྱོབ་བྱ་ཐུབ་པས། དེ་ནི་བྱ་བ་རླབས་ཆེན་ཞིག་རེད། དེར་བརྟེན། བསྟན་ འཛིན་གྱིས་སྙན་ཐོ་དེ་གཉིས་མགྲོན་ཁང་ནས་བརྐུ་རྒྱུའི་ཐག་བཅད།
23
བསྟན་འཛི ན ་གྱི ས ་རྡོ་རྗེ ་ དང་སྒྲོལ་མ་གཉི ས ་ལ་རང་གི ་ རྒྱུ་མཚན་རྣམས་ འགྲེལ་བཤད་ཞིབ་ཕྲ་བརྒྱབ།
རྡོ་རྗེས་བསྟན་འཛིན་གྱི་ལག་པར་འཇུས་ཏེ།
གྲོགས་པོ། ཁྱེད་རང་དངོས་གནས་སྤྱང་གྲུང་ལྡན་པ་ཞིག་རེད། ཐབས་ཤེས་དེ་ ཧ་ཅང་ཡག་པོ་འདུག ཅེས་བཤད། སྒྲོལ་མས་ཀྱང་།
བསྟན་འཛིན་ཁྱེད་རང་གི་གནང་སྟངས་དེ་འགྲིག་པ་རེད།
ངས་ཁྱེད་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་། ང་ཚོས་ལས་ཀ་དེ་མགྱོགས་པོ་བྱེད་ དགོས་ཀྱི་འདུག ང་འགོ་འཛིན་བཀྲ་ཤིས་ཀྱི་ལས་ཁུངས་སུ་ཡོད་སྐབས། ཁོ་ དང་རཱཇ་གཉིས་དེ་རིང་རྟ་དབང་གྲོང་གི་མཐོ་རིམ་མི་སྣར་ཐུག་པར་འགྲོ་ཡས་ རེད་འདུག
ཁོང་གཉིས་རྟ་དབང་ལ་མཚན་གཅིག་ལ་སྡོད་ཡས་རེད་འདུག
དེར་བརྟེན། གལ་སྲིད་ང་ཚོས་སྙན་ཐོ་དེ་གཉིས་བརྐུ་བར་འགྲོ་ན། ངེས་པར་དུ་ དོ་དགོང་རང་འགྲོ་དགོས་ཀྱི་འདུག ཅེས་ལབ།
བསྟན་འཛིན་དང་རྡོ་རྗེ་གཉིས་ཀྱིས། དེ་ག་རང་རེད། ཅེས་མགྲིན་གཅིག་ཏུ་ སྨྲས།
ཁོ་ཚོས་ལྐོག་གྲོས་བྱས་པ་དང་། འཆར་གཞི་ཞིབ་ཕྲ་འཐེན།
ཉི ་ མ་ལ་ལ་བཞུད་དུས་གྲིབ་གཟུགས་ཁྲོ ད ་ཀྱི ་ ཁྲུང་ཁྲུང་ནི ་ སྔར་ལས་གཟི ་
བརྗིད་ལྡན་པ་ཞིག་ཡོད། ཁོ་ཚོས་འཆར་གཞི་ལེགས་པར་བསྒྲིགས་ཏེ། ཁུ་
སིམ་མེར་ཁྲུང་ཁྲུང་ཚང་ལ་ལོག་པར་ལྟ་བཞིན་བསྡད། ས་རུབ་པ་དང་ཁོ་ཚོའི་ ལས་འགན་དངོས་སུ་བསྒྲུབ་པའི་དུས་ལ་སླེབས། *
24
25
26
དུར་ག་རཱམ་ནི་ལུམ་ལར་ཡོད་པའི་གཞུང་གི་མགྲོན་ཁང་དོ་དམ་པ་ཡིན། ཁོ་དེའི་ལས་ཤག་ཏུ་སྡོད་ཀྱི་ཡོད། ཁོས་བསྟན་འཛིན་དང་རྡོ་རྗེ་ངོ་ཡག་ པོ་ཤེས་པ་མ་ཟད། ཡོད་པ་རེད།
ཁོང་གཉིས་འཚར་ལོངས་བྱུང་བ་མིག་གིས་མཐོང་
རྡོ་རྗེས། ངས་ཚོད་དཔག་བྱས་ན་ཨ་ཁུ་དུར་ག་རཱམ་གྱིས་དུས་ཚོད་འདི་ ལ་ནམ་རྒྱུན་བཞིན་མགོ་ལ་ཨུ་སུའི་ཞྭ་མོ་དང་།
སྟོད་ལ་སྦ་ལན་ཉིས་
བརྩེགས་གྱོན། སྐེ་ལ་སྐེ་དཀྲིས་ཤིག་དཀྲིས་ཏེ། ཤེལ་ཕོར་ཆུང་ཆུང་ཞིག་ གི་ནང་སྦྲང་རྩི་བསྲེས་པའི་ཨ་རག་འཐུང་བཞིན། རླུང་འཕྲིན་ལས་རྒྱ་གར་ གྱི་གཞས་རྙིང་པ་ཞིག་ཉན་ནས་བསྡད་ཡོད་ཀྱི་རེད། ཅེས་འཛུམ་མདངས་ ཤིག་ཤིག་གིས་བཤད།
དེ་ནས་བསྟན་འཛིན་གྱིས། ནམ་རྒྱུན་བཞིན་ལྡེ་མིག་ཆག་པ་དེ་སྒོའི་རྒྱབ་
ཀྱི་ཨ་ལོང་ཞིག་ལ་དཔྱངས་ནས་བཞག་ཡོད་ཀྱི་རེད། ཅེས་བཤད་དེ་གད་ མོ་བགད།
ཁོ་ཚོ་སྒྲོལ་མའི་རླངས་འཁོར་དུ་བསྡད་ནས་ཨ་ཁུ་དུར་ག་རཱམ་གྱི་ལས་ ཤག་གི་ཕྱོགས་སུ་བསྐྱོད། སྒྲོལ་མས་བྱང་ཆ་ལྡན་པའི་ངང་ནས་རི་རྒྱུད་
ཀྱི་ལམ་ཀ་ནས་རླངས་འཁོར་ཁ་ལོ་སྒྱུར་སྐབས། མཚན་མོའི་ཟླ་འོད་ཀྱི་ ཁྲོད་དུ་འོད་དུ་འཚེར་བའི་ཉ་བཤང་གཙང་པོའི་རྣམ་པ་ཡང་ཡང་མཐོང་བ་
27
28
རེད།
ཁོ་ཚོ་གཞུང་གི་མགྲོན་ཁང་དུ་འབྱོར་སྐབས་རྡོ་རྗེ་དང་སྒྲོལ་མ་
གཉིས་དུར་ག་རཱམ་གྱི་ཤག་ལ་ཕྱིན་ནས། ཁོས་རྒྱ་གར་གྱི་གཞས་རྙིང་པ་ ཞིག་གཏོང་བཞིན་པ་ཐོས། རྡོ་རྗེས་མགོ་བོ་གཡུག་གཡུག་བྱས་ནས་གད་ མོ་བགད་དེ། འགྱུར་བ་རྩ་བ་ནས་ཕྱིན་མི་འདུག ཅེས་ལྐོག་ལབ་བརྒྱབ། རྡོ་རྗེ་དང་སྒྲོལ་མ་གཉིས་ཀྱིས་དུར་ག་རཱམ་གྱི་སྒོ་རྡུང་སྐབས།
བསྟན་
འཛིན་མུན་ནག་ཁྲོད་དུ་པུས་མོ་བཙུགས་ནས་བསྡད། དུར་ག་རཱམ་གྱིས་ ཁོ་གཉིས་མཐོང་བ་དང་དགའ་ཐག་ཆོད་ནས་ནང་ལ་བསུ་མ་བྱས་པ་རེད།
ཁོ་གཉིས་ཀྱིས་དུར་ག་རཱམ་ལ། ཁོ་རང་གཉིས་ས་ཆ་དེ་བརྒྱུད་ནས་འགྲོ་ ཞོར་དུ་ཁོ་ལ་འཚམས་འདྲི་ཞུ་བར་ཡོང་ཚུལ་བཤད་པ་རེད།
སྒྲོལ་མས་དུར་ག་རཱམ་སྲོག་ཆགས་ལ་དགའ་པོ་ཡོད་པ་ཤེས་ཀྱི་ཡོད་
པས། མོས་ལྟོ་ཕད་ནང་ནས་ལག་ཁྱེར་གློག་ཀླད་ཕྱིར་བཏོན་ཏེ། ཉ་བཤང་ གཙང་པོའི་ནང་གི་སྲམ་གྱི་འདྲ་པར་དཀོན་པོ་འགའ་ཞིག་བསྟན། རྡོ་རྗེས་
ཕྱེད་ཙམ་ཕྱེས་པའི་སྒོའི་རྒྱབ་ལ་རང་གི་སྟོད་གོས་འགེལ་ཞོར་དུ་ལྡེ་མིག་ ཆག་པ་དེ་ཨམ་ཕྲག་ནང་བཅུག
དེ་ནས་ཁོ་གསང་སྤྱོད་ལ་འགྲོ་བར་ཁ་གཡར་ནས་སྒོའི་ཕྱི་ལོགས་སུ་ཐོན་ པ་རེད།
29
ཁོས་ལྡེ་མིག་དེ་དག་བསྟན་འཛིན་གྱི་ལག་ཏུ་བཞག་ནས། བསྟན་འཛིན། འགོར་འགྱངས་མ་བྱེད། མགྱོགས་པོ་བྱོས། ཞེས་ཤབ་ཤུབ་ངང་བཤད།
བསྟན་འཛིན་མགྲོན་ཁང་ནང་མ་འཛུལ་གོང་གསོལ་བ་ཞིག་བཏབ། རྡོ་རྗེ་
དངངས་སྐྲག་ལང་བཞིན་བསྟན་འཛིན་ཕྱིར་དོན་རྒྱུར་སྒུག་ནས་བསྡད། སྐར་མ་ཁ་ཤས་ནང་བསྟན་འཛིན་གྱིས་སྙན་ཐོ་གཉིས་ཀ་ལག་ཏུ་བཟུང་
ནས་ཕྱིར་དོན། ཁོས་འདར་སིག་རྒྱག་བཞིན། རྡོ་རྗེ། འདི་ནི་ངས་མི་ཚེའི་ ནང་རྐུ་མ་བརྐུས་པ་ཐེངས་དང་པོ་ཡིན། ཞེས་བཤད།
སྐབས་དེར་དུར་ག་རཱམ་གྱི་སྒྲོལ་མའི་ལག་ཁྱེར་གློག་ཀླད་ནང་གི་བྱ་གོང་ མོའི་འདྲ་པར་ཞིག་ལ་ཅེར་ནས་བསྡད་ཡོད། རྡོ་རྗེ་ཕྱིར་ནང་དུ་ལོག་ནས་ སྣང་མེད་ངང་ལྡེ་མིག་རྣམས་རང་འཇགས་བཀལ།
ཏོག་ཙམ་རྗེས་ལ་ཁོ་ཚོས་སྲོག་ཆགས་ཤིག་གི་སྐད་ཐོས། དུར་ག་རཱམ་ ཡ་མཚན་སྐྱེས་ནས། བུ་མོ། སྲོག་ཆགས་དེ་ག་རེ་རེད། སྒྲ་དེ་ཐག་ཉེ་ས་
ཞིག་ནས་གྲག་གི་འདུག ངས་སྒྲ་དེ་འདྲ་ཞིག་ད་བར་ཐོས་མ་མྱོང་། ཞེས་ བཤད། སྒྲོལ་མས་རྡོ་རྗེ་ལ་རྣམ་འགྱུར་ཞིག་བསྟན་ཞིང་། དེ་ནས་མགོ་ གཡུགས་ནས་མི་ཤེས་ཁུལ་བྱས།
རྡོ་རྗེས། ཨ་ཁུ་དུར་ག་རཱམ་ལགས། ད་ང་ཚོ་འགྲོ་རན་སོང་། ཁྱེད་རང་ ཡང་བསྐྱར་མཇལ་བར་དགའ་པོ་བྱུང་། ཞེས་བཤད།
30
དུར་ག་རཱམ་གྱིས། རྗེས་མ་ཡང་བསྐྱར་ཤོག་ཨང་། དེ་དུས་བསྟན་འཛིན་ ཡང་ཁྲིད་ཤོག་ཨང་།
ཏན་ཏན་བསྟན་འཛིན་གྱིས་ང་མི་རྒན་གྱི་ཆེད་
དུ་དུས་ཚོད་ཏོག་ཙམ་གཏོང་ཐུབ་ཀྱི་རེད། བཅས་ཏེ་བཤད།
31
ཅེས་དགའ་བའི་འཛུམ་དང་
ཁོ་ཚོ་རླངས་འཁོར་དུ་བསྡད་དེ་ཕྱིར་ལོག་སྐབས། སྒྲོལ་མས། དོ་ནུབ་
བསྟན་འཛིན་ཁྲོག་ཁྲོག་ཟེར་བའི་སྲོག་ཆགས་གསར་པ་ཞིག་གིས་སྐད་ རྒྱག་པ་གོ་བྱུང་། ཞེས་རྩེད་མཚར་ངང་བཤད། རྡོ་རྗེས།
དོ་དགོང་ས་ཁུལ་འདི་ནས་གསར་དུ་རྙེད་པའི་འོ་འཐུང་སྲོག་
ཆགས་འདིའི་སྐོར་སྙན་ཐོ་འདི་གཉིས་ཀྱི་ནང་དུ་བྲིས་མེད་པ་ངས་ཐག་ བཅད་དེ་ཤོད་ཐུབ། ཅེས་ཀུ་རེ་རྩེད།
བསྟན་འཛིན་གྱིས། རེད། ཁྱེད་རང་གཉིས་ཞེ་དྲག་འགོར་སོང་། བྱས་
ཙང་ཁྱེད་གཉིས་ལ་བརྡ་སྤྲོད་ཆེད་ང་སྲོག་ཆགས་ལ་མ་བརྫུས་ཀ་མེད་ བྱུང་། ཞེས་བཤད།
32
རྡོ་རྗེས། ད་ང་ཚོའི་འཆར་གཞི་རྗེས་མ་དེ་ག་རེ་ཡིན་ནམ། ཞེས་དྲིས་ པར། བསྟན་འཛིན་གྱིས། དོ་ནུབ་ལྷོད་ལྷོད་བྱས་ནས་ངལ་གསོ་རྒྱོབ།
འཆར་གཞི་རྗེས་མ་དེའི་སྐོར་སང་ཉིན་ཞོགས་ཟས་ཟ་དུས་བཤད་ཆོག
སྙན་ཐོ་འདི་གཉིས་ངས་སྔས་མགོའི་འོག་ཏུ་བརྟན་པོ་བྱས་ནས་ཉར་ཆོག ཅེས་ལན་བཏབ།
*
ཁོ་ཚོས་རླངས་འཁོར་བཏང་ནས་ཡུན་རིང་མ་སོང་བར། རྡོ་རྗེའི་ཁ་པར་ གྱི་དྲིལ་བརྡ་གྲགས།
རྡོ་རྗེས།
ཕྱི་པོ་འདི་འདྲ་ཞིག་ལ་ཁ་པར་གཏོང་
མཁན་སུ་ཡིན་ནམ། ཨོ། ཨ་ཁུ་དུར་ག་རཱམ་རེད་འདུག ཅེས་ཟེར་བཞིན་ ཁ་པར་གྱི་སྒྲ་སྒམ་ནས་ཚང་མས་དེ་ལ་གཟབ་ནན་གྱིས་ཉན།
བུ་རྡོ་རྗེ། སྐུ་ཞབས་རཱཇ་དང་ཉེན་རྟོག་པས་སྒྲོལ་མ་ཁྱེད་གཉིས་ཀྱི་རྗེས་
འདེད་ཀྱིན་འདུག སྐར་མ་ཁ་ཤས་གོང་འདི་ནས་ཐོན་སོང་། ཞེས་ཨ་ཁུ་ དུར་ག་རཱམ་གྱིས་དབུགས་ཧལ་ཧལ་ངང་བཤད།
རྡོ་རྗེས་འཇིགས་སྣང་དང་བཅས། ག་རེ། ཞེས་ལབ།
ཨ་ཁུ་དུར་ག་རཱམ་གྱིས། སྐུ་ཞབས་རཱཇ་དང་འགོ་འཛིན་བཀྲ་ཤིས་གཉིས་ རྟ་དབང་ནས་ལོག་སོང་།
སྐུ་ཞབས་རཱཇ་ཁོང་ཁྲོ་ཆེན་པོ་ལངས་ཏེ།
མགྲོན་ཁང་ནང་ནས་སྙན་ཐོ་འགའ་བོར་བརླག་ཤོར་འདུག་ཟེར། ངས་ཁོ་
33
ལ་འདིར་སྒྲོལ་མ་ཁྱེད་གཉིས་མ་གཏོགས་སུ་གཅིག་ཀྱང་སླེབས་མེད་ སྐོར་བཤད་པ་ཡིན། སྐུ་ཞབས་རཱཇ་ཡིས་འགོ་འཛིན་བཀྲ་ཤིས་ལ་བུ་མོ་ དེར་ཡིད་ཆེས་མེད། སྙན་ཐོ་དེ་གཉིས་ཏན་ཏན་མོས་བརྐུས་པ་ཡིན་ངེས་
ཞེས་བཤད་དེ། ཁོས་ཉེན་རྟོག་པ་ལ་ཡར་ཞུ་བྱས་སོང་། ཁྱེད་གཉིས་ ཀྱིས་དེ་གང་འདྲ་བྱས་ནས་བརྐུ་ཐུབ་ཀྱི་རེད་་་
ཅེས་ཤོད་བཞིན་པའི་
སྐབས། ལམ་གྱི་དཀྱོགས་མཚམས་ཤིག་ནས་གློ་བུར་དུ་ཁ་པར་གྱི་བརྡ་ རྟགས་ཆད།
རྡོ་རྗེས། ད་ང་ཚོས་ག་རེ་བྱེད་དགོས་རེད། ཨ་ཁུ་དུར་ག་རཱམ་ལ་རྙོག་གྲ་ གང་ཡང་མི་ཡོང་བ་ཤོག ཅེས་སེམས་ཁྲལ་གྱི་ངང་ནས་བཤད། སྒྲོལ་མས་བློ་རྩེ་གཅིག་སྒྲིམ་ངང་རླངས་འཁོར་བཏང་།
བསྟན་འཛིན་གྱིས་དོ་ནུབ་ལྷོད་ལྷོད་བྱས་ཏེ་ཉོལ་ཞེས་བཤད་པ་ནི་སྔ་
དྲགས་པ་ཡིན་པ་ཤེས་ཏེ། ང་ཚོ་གོར་ཟམ་མཆོད་རྟེན་ལ་འགྲོ་དང་། དེར་ གྲྭ་པ་ཚོས་ང་ཚོར་རོགས་པ་གནང་གི་རེད། ཅེས་བཤད། གནའ་བོའི་གོར་ཟམ་མཆོད་རྟེན་ནི།
སྤང་ཆེན་ལུང་གཤོང་དུ་ཡོད་པའི་
ནང་པའི་མཆོད་རྟེན་གྲགས་ཅན་ཞིག་ཡིན་པ་མ་ཟད། ཞིག་ཀྱང་ཡོད།
34
དེ་རུ་དགོན་པ་
35
36
གང་འཚམས་རྗེས་ཁོ་ཚོ་གོར་ཟམ་མཆོད་རྟེན་ལ་འབྱོར། རླངས་འཁོར་ མཆོད་རྟེན་འགྲམ་གྱི་ཤིང་ནགས་གསེབ་ཏུ་བཞག བསྟན་འཛིན་གྱིས་ཛ་
དྲག་གི་གནད་དོན་དེ་རྒྱལ་སྒོའི་འགྲམ་གྱི་གྲྭ་པར་ཞུས་པས། ཁོང་གིས་ མཁན་པོ་ཐུབ་བསྟན་རིན་པོ་ཆེར་དེའི་སྐོར་ཞུ་བར་བཅར།
བསྟན་འཛིན་གྱིས་ཞུས་པའི་གནས་ཚུལ་གསན་རྗེས། རིན་པོ་ཆེ་ཧ་ལས་
ཤིང་སྨིན་མ་གྱེན་དུ་གཟེངས་ནས། ཁྱོད་ཚོ་ཁག་མི་འདུག དོ་དགོང་ཁྱོད་ ཚོ་འདིར་བསྡད་ན་ཉེན་ཁ་ཡོད་རེད། དགོས་རེད། ཅེས་གསུངས།
ད་ལྟ་རང་ར་རྒྱ་སྒྲུབ་ཕུག་ལ་འགྲོ་
རིན་པོ་ཆེས་ད་དུང་། སང་ཉིན་སྐྱ་རེངས་ཤར་སྐབས་ངས་གྲྭ་པ་རྣམས་
གྲོང་ཚོ་འདྲ་མིན་ལ་བཏང་སྟེ། མི་མང་བསྡུ་སྐོང་གིས་ཛ་དྲག་གི་ཚོགས་ འདུ་ཞིག་འཚོག་གི་ཡིན།
ཚོགས་འདུའི་ཐོག་ཆུ་མཛོད་ཀྱི་ལས་འཆར་
འདིས་ཁྲུང་ཁྲུང་དཀར་མོ་ལ་ཉེན་ཁ་བཟོ་ཡི་ཡོད་པ་མི་ཚང་མས་ཤེས་ སུ་འཇུག་གི་ཡིན། བསྟན་འཛིན་ལགས། ཨ་ཁུ་དུར་ག་རཱམ་གྱི་སྐོར་
ལ་སེམས་ཁྲལ་མ་གནང་། ཁོང་ལ་ངས་ཉེན་སྲུང་བྱེད་ཀྱི་ཡིན། ཅེས་ གསུངས།
ར་རྒྱ་སྒྲུབ་ཕུག་ནི། གོར་ཟམ་མཆོད་རྟེན་གྱི་རྒྱབ་ངོས་སུ་ཡོད་པའི་གནས་
རིའི་བྲག་ཕུག་ལ་ཟེར་བ་དང་། བྲག་ཕུག་འདི་ཚོའི་ནང་གྲྭ་པ་ཚོས་སྒོམ་ རྒྱག་གི་ཡོད།
37
སྒྲུབ་ཕུག་དེ་ནས་བལྟས་ན། གཡང་གཟར་གྱི་བྲག་ངོས་སུ་ཡོད་པའི་ར་ རྒྱ་ཞེས་པའི་སྲོག་ཆགས་མཐོང་ཐུབ་པས།
ར་རྒྱ་སྒྲུབ་ཕུག་ཅེས་མིང་
ཐོགས་པ་རེད། དེར་འགྲོ་བའི་ལམ་རྒྱུས་ཡོད་མཁན་ནི་བསྟན་འཛིན་ཁོ་ ན་རེད།
ཁོ་ཚོ་རི་ངོས་ལ་འཛེགས་ནས་ཆུ་ཚོད་གཉིས་འགོར་བའི་རྗེས་སུ། གཞི་ ནས་ར་རྒྱ་སྒྲུབ་ཕུག་ལ་འབྱོར་བ་རེད། སྐབས་དེ་དུས་ཕལ་ཆེར་མཚན་ གུང་ཟིན་ཡོད།
ཁོ་ཚོ་བྲག་ཕུག་ནང་དུ་འཛུལ་མ་ཐག་ཕ་ཝང་མང་པོས་
ཙེར་སྐད་བརྒྱབ་སྟེ་སྣེ་ལེན་བྱས། རི་བོའི་མཐོ་ས་ནས་བལྟས་ན། ལུང་
གཤོང་ནང་སྦྲུལ་ལྟར་འཁྱུག་པའི་ཉ་བཤང་གཙང་པོ་ལ་ཟླ་འོད་ཕོག་པའི་ རྣམ་པ་ངོ་མཚར་ཅན་དེ་མཐོང་ཐུབ།
ཁོ་ཚོས་སོ་སོའི་ལས་ཀ་འགོ་བརྩམས།
སྒྲོལ་མས་མོ་རང་གི་ལག་
ཐོ གས་ཁ་པར་གྱིས་སྙན་ཐོ་ གཉིས་ལས་འབྲེལ་ཆེ ་ཤོ ས ་ཀྱི་ཤོ ག ་ངོ ས ་ རྣམས་པར་བླངས།
བསྟན་འཛིན་བྲག་ཕུག་གི་ཕྱི་ལོགས་ལ་དོན་ནས་
རང་གི་གྲོགས་མོ་སི་ཡཱ་ཁ་པར་བཏང་།
སི་ཡཱ་ནི་ཨ་རུ་ཎཱ་ཅལ་བང་ཆེན་གསར་ཁང་གི་གྲགས་ཅན་གསར་འགོད་ པ་ཞིག་རེད། བསྟན་འཛིན་གྱིས་མོ་ལ་སྙན་ཐོ་གསར་རྙིང་གཉིས་ཀྱི་སྐོར་ ཞིབ་ཕྲ་བཤད་པ་རེད།
38
སི་ཡཱ་ཡིས།
འདི་ནི་ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་གི་ཛ་དྲག་གསར་
འགྱུར་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། མི་རིང་བར་གསར་འགྱུར་འདི།
རྒྱལ་ས་ཨི་ཊཱ་ན་གར་ནས་ར་རྒྱ་སྒྲུབ་ཕུག་བར་ས་ཁུལ་ཡོངས་ལ་ཁྱབ་ཀྱི་ རེད། ཅེས་བསྟན་འཛིན་ལ་བཤད།
*
39
དེའི་རིང་ལ་སྐུ་ཞབས་རཱཇ་དང་འགོ་འཛིན་བཀྲ་ཤིས་གཉིས་རྡོ་རྗེའི་ནང་ དུ་ཉེན་རྟོག་པ་དང་ལྷན་དུ་རྡོ་རྗེ་དང་སྒྲོལ་མ་འཚོལ་བར་སླེབས།
ཁོ་
གཉིས་དེར་མེད་སྟབས། རཱཇ་ཡིས་རྡོ་རྗེའི་པ་ལགས་ལ། ཁྱོད་རང་གི་བུ་ རྐུ་མ་རྒྱག་མཁན་གྱི་གྲས་སུ་འདུག ཞེས་འཇིགས་སྐུལ་བྱས།
ང་ཚོས་ལས་སླ་པོ་འཇོག་གི་མིན།
འགོ་འཛིན་བཀྲ་ཤིས་ཀྱིས་སྐུ་ཞབས་རཱཇ་
ལ་སྐད་ཆ་མང་པོ་ཤོད་མ་བཅུག་པར་བཀག་འགོག་བྱས།
རྡོ་རྗེའི་ནང་
མི་ཚོས་རྡོ་རྗེ་བསྟན་འཛིན་གྱི་ནང་དུ་ཡོད་ཀྱི་རེད་སྙམ་པའི་སྐབས་སུ། ཁོ་གཉིས་བསྟན་འཛིན་གྱི་ཁང་པའི་ཕྱོགས་སུ་ཐོན་པ་རེད།
འོན་ཀྱང་།
བསྟན་འཛིན་གྱི་ནང་མིས་བསྟན་འཛིན་དང་རྡོ་རྗེ་གཉིས་གང་དུ་ཡོད་མེད་ ཤེས་ཀྱི་མེད།
སྐུ་ཞབས་རཱཇ་ཡིས་གཞོན་ནུ་དེ་ཚོ་མ་རྙེད་པར་ཁོང་ཁྲོ་ལངས་ནས་ཅི་ བྱ་གཏོལ་མེད་དུ་གྱུར་བའི་སྐབས། གསར་འགོད་པ་སི་ཡཱ་ཡིས་ཁོ་ལ་ཁ་ པར་བཏང་ནས་བཅར་འདྲི་བྱས་པ་རེད། སྐུ་ཞབས་རཱཇ་ཡིས།
དང་པོ་རྐུན་མ་དེ་ཚོ་གང་དུ་འདུག་ང་ལ་ཤོད་
དང་། ཞེས་ཁ་པར་ནང་སྐད་ཅོར་བརྒྱབ་པ་མ་ཟད། མི་དེ་ཚོ་རྫུན་མ་རེད། ཁོ་ཚོས་ཁྱོད་ལ་བསྟན་པའི་སྙན་ཐོ་དེ་རྙིང་པ་ཞིག་རེད། རང་ལ་སྐྱག་རྫུན་ཤོད་ཀྱི་ཡོད་རེད། ཅེས་བཤད། *
40
ཁོ་ཚོས་ཁྱོད་
41
དེ་ནི་ངལ་དུབ་ཆེ་བའི་ཉིན་ཞིག་ཡིན་པས། བསྟན་འཛིན་དང་། རྡོ་རྗེ། སྒྲོལ་མ་ བཅས་བྲག་ཕུག་ནང་དུ་གཉིད་མཐུག་པོ་ཁུག
ཞོགས་པར་བསྟན་འཛིན་རྒྱུས་
ཡོད་ཀྱི་སྒྲ་ཞིག་གིས་གཉིད་ལས་དཀྲོགས། ཁོ་ཕྱི་ལ་དོན་ནས་བལྟས་པས་དེ་ ནི་ཁྲུང་ཁྲུང་གི་སྐད་རེད། བསྟན་འཛིན་གྱིས་རྡོ་རྗེ་དང་སྒྲོལ་མ་གཉིས་མགྱོགས་ པོ་ཕྱི་ལ་སྐད་བཏང་། ཁོ་ཚོས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཞིག་འཕུར་བ་མཐོང་། ཁྲུང་ ཁྲུང་ཁྱུ་དེ་གཤར་ནས་འཕུར་བའི་བཟོ་ལྟ་ནི་ཁ་དབྲག་ལྟ་བུ་ཡོད།
42
43
རྒྱབ་ལོགས་ནས་སྒྲོལ་མས་གློ་བུར་དུ། ཁྲུང་ཁྲུང་སྐེ་ནག ལྟས་ ངན་དེ། ཞེས་བཤད་པས། མོན་པ་ཚོས་རྣམ་སྤྲུལ་ལ་བརྩི་བའི་
བྱ་དེ་ཚོ་ལ་སྒྲོལ་མས་ཚིག་རྩུབ་འདི་འདྲ་བཤད་པར་རྡོ་རྗེ་དང་ བསྟན་འཛིན་གཉིས་ཡ་མཚན་སྐྱེས་ཏེ་མྱུར་དུ་ཁ་ཕྱིར་བསྐོར།
སྒྲོལ་མ་ནི ་ དྲ་ཐོ ག ་ནས་ཨ་རུ་ཎཱ་ཅལ་གྱི ་ བང་ཆེ ན ་གསར་ཤོ ག ་ སྔོག་བཞིན་འགོ་བརྗོད་གསར་འགྱུར་རྣམས་ཀློག་བཞིན་ཡོད།
44
སྒྲོལ་མས།
ང་ཚོའི་སྐོར་གསར་འགྱུར་གྱི་མདུན་ངོས་ལ་
བཀོད་འདུག ཅེས་དགའ་སྤོབས་ཀྱིས་བརྗོད་དེ། གསར་ འགྱུར་ཧྲིལ་པོ་སྐད་གཟེངས་མཐོན་པོས་བཀླགས།
ཁོ་ཚོས་མྱུར་དུ་རི་ནས་མར་བབས་ཏེ། ཐད་ཀར་མཁན་རིན་ པོ་ཆེ་མཇལ་དུ་ཕྱིན། མཁན་རིན་པོ་ཆེའི་ཞལ་ལ་འཛུམ་གྱིས་ ཁེངས་ནས། གསར་འགྱུར་དེ་ལ་ནུས་པ་ཆེན་པོ་ཐོན་འདུག
ངའི་ཁ་པར་གྱི་དྲིལ་བརྡ་མཚམས་ཆད་རྒྱུ་མི་འདུག་ལ། བཟོ་
གྲྭ་དེ་ཡིས་གཡོ་སྒྱུ་འཁྲབས་པར་བརྟེན་ནས་མི་ཚང་ མ་ཟང་ངེ་ཟིང་ངེ་བཟོས་འདུག ཅེས་གསུངས།
45
སྤང་ཆེན་ལུང་གཤོང་གི་གྲོང་མི་མང་པོ་ཚོགས་འདུ་དེ་ལ་བཅར་ཞིང་།
རྡོ་རྗེ་དང་བསྟན་འཛིན་གཉིས་ཀྱིས་མི་ཚོགས་ཀྱི་ཁྲོད་དུ་ཡོད་པའི་དུར་ ག་རཱམ་གྱི་གདོང་ལ་འཛུམ་གྱིས་ཁེངས་ཡོད་པ་མཐོང་བས་སེམས་ལྷོད་ ལ་བབས།
46
ཉིན་གུང་གྲོང་མི་རྣམས་ལ་མཁན་རིན་པོ་ཆེས་ཚོར་ཤུགས་ཆེན་པོའི་ ཐོག་ནས་བཀའ་སློབ་གནང་། དེ་ཡང་ཁོང་གིས། རྒྱལ་མཆོག་སྐུ་ཕྲེང་
དྲུག་པས་ཁོང་གི་མགུར་གླུའི་ནང་ཁྲུང་ཁྲུང་སྐེ་ནག་ལ། ང་ལ་གཤོག་རྩལ་
གཡར་རོགས། གསུངས་ཡོད་པ་རེད། ཅེས་སོགས་གསུངས། རྒྱལ་བ་ རིན་པོ་ཆེས་ཁྲུང་ཁྲུང་ནི་གཤོག་རྩལ་ཅན་གྱི་བྱ་ཞིག་ཡིན་པ་མ་ཟད།
47
སྙིང་སྟོབས་ཅན་ཞིག་ཀྱང་ཡིན་པས། དེའི་གཤོག་པར་བརྟེན་ནས་ཁོང་
ཉིད་འཕུར་ཐུབ་པའི་དགོངས་པ་མཚོན་གྱི་ཡོད། ང་ཚོར་དགུན་དུས་སུ་
སྤང་ཆེན་ལུང་གཤོང་དུ་ཁྲུང་ཁྲུང་དཀར་མོ་ཡོང་འཇུག་པའི་སྙིང་སྟོབས་ ངེས་པར་དུ་དགོས་ཀྱི་རེད།
ཕེབས་རྒྱུའི་རེ་སྒུག་བྱེད་ཀྱི་ཡིན།
ང་ཚོས་ལོ་ལྟར་ཁྲུང་ཁྲུང་དཀར་མོ་ཕྱིར་
བསྟན་འཛིན་དང་ཁོའི་གྲོགས་པོ་
གཉིས་ཀྱིས་ང་ཚོའི་བློ་སྒོ་ཕྱེ་སོང་། ཞེས་གསུངས།
གྲོང་མི་རྣམས་ཀྱིས་མཁན་རིན་པོ་ཆེའི་གསུང་བཤད་ལ་མོས་གུས་རྩེ་ གཅིག་ཏུ་ཞུས། ཁོ་ཚོས་ས་གནས་དེ་ལ་ཆུ་མཛོད་རྒྱག་རྒྱུའི་ལས་འཆར་ ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།
ང་ཚོས་ལས་འཆར་དེ་རྩ་བ་ཉིད་ནས་ངོས་ལེན་མེད།
ང་ཚོའི་ལུང་གཤོང་ནི་ང་ཚོ་ལ་བདག་པ་ནང་བཞིན་ཁྲུང་ཁྲུང་སྐེ་ནག་གི་ ཁྱིམ་གཞིས་ཀྱང་ཡིན།
ཆུ་མཛོད་བཟོ་གྲྭ་མཐའ་སྐྲོད་ཐོངས།
ཁོ་ཚོས་སྙན་ཐོ་བཟོ་བཅོས་བཏང་བར་ཉེས་ཆད་ཐོངས། ཞེས་འབོད་ཚིག་ བསྒྲགས།
གྲོང་མི་རྣམས་ཀྱི་འབོད་སྒྲ་ཇེ་མཐོ་ཇེ་མཐོར་སོང་། མཐར་མི་མང་གི་ཆབ་ སྲིད་འཐུས་མི་ཞིག་སྐད་ཆ་ཤོད་པར་ཡར་ལངས་པས།
48
མི་ཚང་མ་ཁུ་
49
སིམ་མེར་བསྡད།
ཁོས། ངས་མངའ་སྡེའི་བློན་ཆེན་ལ་སྐད་ཆ་བཤད་མ་ཐག་པ་ཡིན། ང་ ཚོ འི ་ གཞུང་གི ས ་བཟོ ་ གྲྭ་དེ ས ་ཆུ་མཛོ ད ་རྒྱག་རྒྱུའི ་ གན་རྒྱ་རྩི ས ་མེ ད ་ བཏང་བ་ཡིན།
མ་འོངས་པར་ས་ཁུལ་འདིར་ཆུ་མཛོད་རྩ་བ་ནས་རྒྱག་
འཇུག་གི་མིན། ཞེས་གསུངས་པས། གྲོང་མི་རྣམས་ཀྱིས་དགའ་བསུའི་ ཐལ་སྒྲ་ཆེན་པོ་བསྒྲགས་ནས་དགའ་བའི་འབོད་སྒྲ་བསྒྲགས། *
སྐབས་དེ ར ་སྐུ་ཞབས་རཱཇ་ཡི ས ་གསར་འགྱུར་བཀླགས་ཟི ན ་པ་རེ ད ། འགོ་འཛིན་བཀྲ་ཤིས་ཀྱིས། སྐུ་ཞབས་རཱཇ་ལགས། ད་ཁྱེད་རང་ས་ཆ་
འདི་ནས་ཐོན་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། ཁྱེད་རང་གི་བཟོ་གྲྭས་
མགོ་སྐོར་བཏང་བའི་སྐོར་ལ་གྲོང་མི་ཚང་མ་ཁོང་ཁྲོ་ཞེ་དྲགས་ལངས་ ཡོད་རེད། ཁྱེད་རང་གིས་ཉེན་རྟོག་པར་རྩིས་སྤྲོད་འདོད་པའི་གཞོན་ནུ་དེ་
ཚོ་དེ་རིང་དཔའ་བོ་ཆགས་པ་རེད། མགྱོགས་པོ་མ་བྱས་ན་ཁྱེད་རང་གྲོང་ མི་རྣམས་ཀྱི་ལག་པ་ནས་ཐར་གྱི་མ་རེད། ཅེས་བཤད།
རཱཇ་མི་འདོད་བཞིན་དུ་འགོ་འཛིན་བཀྲ་ཤིས་ཀྱི་བསླབ་བྱ་ལ་ཉན་ནས་ ལུང་གཤོང་ནས་མི་འགྲོ་ཀ་མེད་ཆགས་པ་རེད། *
50
དེའི་མཚན་གུང་ལ་བསྟན་འཛིན་དང་། རྡོ་རྗེ། སྒྲོལ་མ་བཅས་ཁྲུང་ ཁྲུང་དཀར་མོ་དགུན་དུས་གནས་སའི་གཙང་འགྲམ་དུ་བསྡད།
སྒྲོལ་མས། ང་ཚོར་རྒྱལ་ཁ་ཐོབ་སོང་། ངས་གྲུབ་འབྲས་འདི་འདྲ་ཞིག་ ཐོབ་ཀྱི་རེད་སྙམ་པ་བསམ་པའི་ཡུལ་ལ་མེད། ད་སྐྱིད་པོ་ཐོངས། ཞེས་ སྤྲོ་སྣང་ཆེན་པོས་བཤད།
བསྟན་འཛིན་གྱིས། རེད། ད་ཐེངས་ཀྱི་འཐབ་རྩོད་ལས་ང་ཚོ་རྒྱལ་
ཁ་ཐོབ་སོང་། ཡིན་ནའང་། ང་ཚོས་མ་འོངས་པར་མུ་མཐུད་གཟབ་ གཟབ་བྱེད་དགོས་པ་རེད། ཅེས་ནན་བཤད་བྱས།
རྡོ་རྗེས། ངས་དེ་ལ་མོས་མཐུན་བྱེད་ཀྱི་ཡིན། འོན་ཀྱང་། དོ་ནུབ་སྐྱིད་ པོ་གཏོང་བའི་དུས་ཚོད་ཡིན་པས། གྲྭ་པ་ཡིན་ན་སྒམ་བརླིང་ངང་སྡོད་ དགོས་རེད་ཅེས་ལབ་མ་ཡོང་ཨང་། ཞེས་རྩེད་མཚར་ངང་བཤད།
གྲང་ངར་གྱི་ཁྲོད་དུ་རླུང་དར་ལྷབ་ལྷུབ་གཡོ་བའི་སྐབས་དེར། གཙང་ འགྲམ་དུ་དགོད་སྒྲ་ལྷང་ལྷང་སྒྲོག་ཅིང་།
ཁྲུང་ཁྲུང་སྐེ་ནག་གི་དགུན་
ཁའི་ཁྱིམ་གཞིས་དེ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཏོ།། །།
གཙང་པོ་དང་། ཆུ་མཛོད། གདམ་ཀ
ཆེས་གདོད་མའི་དུས་ནས་འགྲོ་བ་མིའི་རིགས་ཀྱིས་གཙང་པོ་དང་རྒྱུག་ཆུ་རྣམས་ གནས་སྟངས་འདྲ་མིན་གྱི་ཁྲོད་དུ་བཀོལ་སྤྱོད་བྱས་ཡོད།
སྒྲུང་འདི་ཡི་བརྗོད་གཞིར་གྱུར་པའི་ཨ་རུ་ཎཱ་ཅལ་མངའ་སྡེའི་རྟ་དབང་ས་ཁུལ་དུ། རྒྱུག་ཆུ་ནི་རྩམ་པ་འཐག་བྱེད་ཀྱི་ཆུ་འཁོར་དང་། མ་ཎིའི་འཁོར་ལོ་སྐོར་བྱེད་དུ་བེད་ སྤྱོད་བྱེད་ཀྱི་ཡོད།
དུས་རབས་མང་པོ་ཞིག་ནས་འགྲོ་བ་མི་ཡིས་རྒྱུག་ཆུ་བེད་སྤྱོད་བྱེད་པའི་ཆེད་དུ་ཆུ་ མཛོད་བརྒྱབ་ཡོད་ཀྱང་། དེང་སང་སྔར་ལས་ཆུ་མཛོད་མང་བ་རྒྱག་གི་ཡོད།
ཆུ་མཛོད་ནི་གཙང་པོའི་འཕྲེད་ལ་རྒྱག་པའི་རགས་ཤིག་སྟེ། ས་དང་། བྲག་རྡོ། ཨར་ འདམ་བཅས་ཀྱིས་བཟོ་ཡི་ཡོད།
ཆུ་མཛོད་ནང་རྒྱུག་ཆུ་བསྐྱིལ་ནས་བཅོས་མའི་
མཚོ་བཟོ་ཡི་ཡོད། ཆུ་མཛོད་ཀྱིས་གློག་སྐྲུན་ལ། ཞིང་ཆུ་དང་འཐུང་ཆུ་ཡང་མཁོ་
སྤྲོད་བྱེད། དེ་བཞིན་གྲུ་ལ་བརྟེན་ནས་འགྲིམ་འགྲུལ་དང་། ཆུ་ལོག་སྔོན་འགོག ཡུལ་ སྐོར་ས་ཚིགས་བཅས་ལ་བེད་སྤྱོད་ཡོད།
ཆུ་མཛོད་ཀྱི་ཞན་ཆ་ནི། སྔར་ཡོད་ཀྱི་ཡུལ་གྱི་བཀོད་པ་ལ་འགྱུར་བ་གཏོང་བ་དང་།
མི་མང་དང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད། དཔེར་ན། ཆུ་ མཛོད་ནང་རྒྱུག་ཆུ་བཀག་པའི་རྐྱེན་གྱིས། ནགས་ཚལ་དང་། འདམ་ར། དེར་འཚོ་
52
སྡོད་བྱེད་མཁན་གྱི་སྲོག་ཆགས་བཅས་ལ་གནོད་འཚེ་བྱེད་པ་མ་ཟད། སྲོག་ཆགས་ ཀྱི་གནས་ཡུལ་ཁ་གཏོར་གཏོང་བ་དང་། གནས་ཡུལ་སྤོ་བཞུད་ལ་འགོག་རྐྱེན་བྱེད་ ཀྱི་ཡོད། དེ་བཞིན་ཆུ་མཛོད་རྒྱག་སའི་ཁུལ་གྱི་གྲོང་མིའི་ཁྱིམ་གཞིས་དང་འཚོ་རྟེན་
ལ་གནོད་སྐྱོན་བྱེད་ཀྱི་ཡོད། གཞན་ཡང་རྒྱུག་ཆུའི་འབབ་རྒྱུན་ལ་འགྱུར་བ་བཏང་སྟེ་ དེར་གནས་པའི་སྲོག་ཆགས་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད།
ས་ཁུལ་ཞིག་ལ་ཆུ་མཛོད་རྒྱག་པར་ཁེ་གྱོང་སྙོམས་པོ་ཞིག་འོང་ཐུབ་བམ་ཞེ་ན། དེ་ ནི་དྲི་བ་ཁག་པོ་ཞིག་རེད། འདིའི་ལན་ནི། སྐབས་རེ་ཐུབ་ལ་མཚམས་རེ་མི་ཐུབ་ ཅེས་པ་དེ་ཡིན།
འདས་པའི་ལོ་ངོ་ལྔ་བཅུའི་རིང་ཆུ་མཛོད་རྒྱག་སྐབས་ཁེ་བཟང་
འཐོབ་མཁན་སུ་ཡིན་པ་དང་། གྱོང་རག་མཁན་སུ་ཞིག་ཡིན་མིན་སྐོར་ལ་བགྲོ་གླེང་
མུ་མཐུད་བྱས་དང་བྱེད་བཞིན་ཡོད། དེང་སྐབས་ས་ཆ་ཞིག་ལ་ཆུ་མཛོད་རྒྱག་འོས་ མིན་ཐག་གཅོད་བྱེད་པར་ལམ་ལུགས་ཆ་ཚང་བ་ཞིག་ཡོད།
དེའི་སྐོར་བརྗོད་ན།
རྒྱ་གར་ནང་དུ་གཞུང་འབྲེལ་སྒྲིག་གཞི་ཞིག་ཡོད་ལ། ཐོག་མར་ཆུ་མཛོད་དེས་ཁོར་
ཡུག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་ཞིབ་འཇུག་བྱེད་དགོས་པ་དེ་རེད། འདིར་ བཤད་པའི་ཁོར་ཡུག་ཅེས་པའི་ནང་དུ་གཙང་པོ་དང་།
ཉེ་འཁོར་གྱི་སྲོག་ཆགས་
སྡོད་གནས། ཞིང་ཁ། མི་དང་གཙང་པོའི་བར་གྱི་འབྲེལ་བ་བཅས་ཚུད་ཡོད། ཞིབ་ འཇུག་དེ་ལ་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་ཞིབ་ཅེས་འབོད་ཀྱི་ཡོད།
མི་མང་གིས་ཆ་ཤས་ལེན་ཆེད་ཞིབ་འཇུག་སྙན་ཐོ་དེ་མི་མང་ལ་ཡོངས་བསྒྲགས་ བྱེད་དགོས། ཆེད་ལས་པ་དང་ལྷན་དུ་སྲིད་གཞུང་གིས་ཞིབ་འཇུག་སྙན་ཐོ་དང་མི་
མང་གི་བསམ་ཚུལ་ལ་རྒྱུས་ལོན་བྱས་ཏེ། མཐར་ས་ཁུལ་དེ་ལ་ཆུ་མཛོད་རྒྱག་འོས་
53
མིན་ཐག་གཅོད་བྱེད་ཀྱི་ཡོད།
མཚམས་མཚམས་ལ་སྲིད་གཞུང་གིས་ཆུ་མཛོད་རྒྱག་རྒྱུའི་ཆོག་མཆན་སྤྲད་ཀྱང་།
མང་ཚོགས་དང་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཟོ་མི་ཆོག་པའི་ཆ་རྐྱེན་འཇོག་ གི་ཡོད། གལ་སྲིད་ཁོར་ཡུག་དང་ས་གནས་མི་མང་ལ་གནོད་འཚེ་བྱུང་བ་རྟོགས་
ཚེ། ཆུ་མཛོད་དེའི་ལས་འཆར་འཕྲལ་དུ་མཚམས་འཇོག་བྱེད་འཇུག་གི་ཡོད། འོན་ ཀྱང་དཔེ ར ་ན་ང་ཚོ ས ་གོང ་གི ་ ཁྲུང་ཁྲུང་སྐེ་ནག་གི་སྒྲུང་འདི་ ནས་མཐོ ང་བ་ལྟར། ལམ་ལུགས་འདི་ཆ་ཚང་བ་ཞིག་ལག་ལེན་བསྟར་ཐུབ་ཀྱི་མེད། བསྟན་འཛིན་དང་། རྡོ་རྗེ། སྒྲོལ་མ་བཅས་ཀྱིས་ལས་འགུལ་སྤེལ་བ་ལྟར། ལམ་ལུགས་འདི་བེད་སྤྱོད་ ལོག་པར་མི་གཏོང་བར་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ ། །
54
མཆན།
ཤོག་ངོས་བཞི་བཅུ་ཞེ་བདུན་གྱི་ནང་དུ་མཁན་པོ་ཐུབ་བསྟན་རིན་པོ་ཆེས་ ལུང་འདྲེན་གནང་ཞིང་།
ཤོག་ངོས་ཉེར་གཅིག་གི་རི་མོའི་ནང་དུ་བྲིས་
པའི་བོད་ཀྱི་སྙན་ངག་དེ་ནི། ༸རྒྱལ་དབང་སྐུ་ཕྲེང་དྲུག་པས་མཛད་པའི་ ཁྲུང་ཁྲུང་སྐེ་ནག་སྐོར་གྱི་མགུར་གླུ་གྲགས་ཅན་ཞིག་ཡིན། དེ་ཡང་། བྱ་དེ་ཁྲུང་ཁྲུང་དཀར་མོ། །
གཤོག་རྩལ་ང་ལ་གཡོར་དང་། ། ཐག་རིང་རྒྱང་ལ་མི་འགྲོ། །
ལི་ཐང་བསྐོར་ནས་སླེབས་ཡོང་། །
ཞེས་པའི་ཚིགས་བཅད་འདི། ཀེ་དོན་འགྲུབ་ཀྱིས་ཨིན་ཡིག་ཏུ་བསྒྱུར་ཅིང་
བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་བྱས་པའི་༸ཏཱ་ལའི་བླ་མ་སྐུ་ཕྲེང་ དྲུག་པའི་མགུར་གླུ་ཞེས་པའི་ནང་དུ་བཞུགས།
55
རྩོམ་པ་པོའི་གཏམ།
ང་སྒེར་གྱི་ངོས་ནས་སྒྲུང་དེབ་འདི་ནི་ཕན་ཚུན་རྟེན་འབྱུང་གི་ལག་ལེན་གསལ་པོ་ཞིག་ ཡིན་པར་སྙམ་གྱི་ཡོད། གོ་སྐབས་འདི་བརྒྱུད་མི་སྒེར་དང་ཚོགས་སྡེ་མང་པོ་ཞིག་གིས་ དཔེ་དེབ་འདི་རྩོམ་པར་རམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཚོགས་སྡེ་ དང་མི་སྣ་དེ་དག་གིས་སྒྲུང་དང་དེ་འབྲེལ་གྱི་གནས་ཚུལ་ཀུན་ལ་དགོངས་ཚུལ་བརྗོད་པ་ དང་། རིག་གནས་ཡུལ་སྐོར་ལ་རོགས་རམ་གནང་བ། འདྲ་པར་དང་བརྙན་པར་བསྐུར་ བ། རང་བྱུང་གི་ལོ་རྒྱུས་དང་རིག་གཞུང་གི་གནས་ཚུལ་གལ་ཆེན་མཁོ་སྤྲོད་དང་གསལ་ བརྗོད་གནང་བ། ད་དུང་དཔེ་དེབ་རྩོམ་སྒྲིག་གནང་བ་དང་། བརྗོད་དོན་རི་མོར་འབྲི་བ། ཇུས་འགོད་བྱེད་པ། པར་སྐྲུན་བྱེད་པ། སྦྱིན་བདག་བྱེད་པ་སོགས་གནང་ཡོད། ཐུགས་རྗེ་ཆེ་ཞུ་ཡུལ་མི་སྣ་ནི། དགེ་བཤེས་རྡོ་རྗེ་དགྲ་འདུལ་དང་། འབུམ་རམས་པ་འཇམ་ དབྱངས་ཅན་གྷ་ལུར། ཨ་ཞ་པེ་ལཻ། ནེ་ལོ་ཧྥེར། ཊན་ཡ། སུ་ཇ་ཐ། ཤཱར་མི་ལ། ཊེ་ཇ་སི་ ཝི་ནེ། བདེ་ཆེན་རྡོ་རྗེ། ཀ་མ་ལ། པན་ཀ་ཇེ། ཇ་ཡ་ཨུཔྟ། ལྷ་མོ་ཚེ་རིང་། སྤེན་པ་ཚེ་རིང་། སན་ཇེ་ཀུ་མར། ཊོན་གྷམ། མོ་ཇེ་རེ་པ། བློ་བཟང་རྒྱ་མཚོ། བྱམས་པ་བཀྲ་ཤིས། ཡེ་ཤེས་ དབང་འདུས། ཨལ་ཌི་ཀོམ། ཚེ་བརྟན་ལེབ་ཅ། འབུམ་རམས་པ་ཨ་པ་ར་ཇི་ཐ། ཨ་ནུ་ཤ། ཨ་ནོ་ན། སུར་ཡ། ནི་ཧ། སོ་མི་ཡ། སི་ཡཱ། འབུམ་རམས་པ་ཨ་སེ་ཊི། སུ་ཊ། བྷེ་ཊུ། གྷོ་ར་ ཝ། གྷོ་ཝེན། ནི་མ། མི་ལིན་ཝར་ཎི། ཀན་ཀ་ན། ཞེ་ལ། ཨན་ཇ་ལེ། སོ་ན་ལེ། རེ་ཊི་ཝེག འབུམ་རམས་པ་ས་རོ་ཇི། ནེ་སག རིན་མེ་ཡེ། བྷེ་ཊོ་ཌི། ས་ཧིལ། ཧེ་མན་ཤུ། ཤྲི་པ་ཏ། མ་ནས་ཤཱར་མ། པྲ་ཤན་ཌ། ཨ་ནིལ། པན་ཀ་ཅེ། སྭ་ཧ། རིན་ཆེན་རྡོ་རྗེ་བཅས་ཡིན། ངས་ ཐུགས་རྗེ་ཆེ་ཞུ་དགོས་སའི་མི་དེ་འདྲ་ལྷག་ཡོད་ན་སྙིང་ནས་བཟོད་གསོལ་ཞུ། ད་དུང་ངས་འདི་ནས་བཀའ་དྲིན་ཞུ་དགོས་ས། ཀལྤ་བྲྀ་ཀྵ། (Kalpavriksh) རྒྱ་གར་ སྲོག་ཆགས་སྲུང་སྐྱོབ་ཚོགས་པ། WWF-India དང་། Sanctuary Asia དང་། Parag Initiative དང་། Mudra དང་། རྣམ་རྒྱལ་དཔེ་མཛོད་ཁང་། བོད་ཀྱི་དཔེ་མཛོད་ཁང་ བཅས་ཡིན།
56