མ་དྲིན་ཅན།
རྩོམ་པ་པོ། ཤནྐར།
རི་མོ་བ། པུ་ལག་བིས་བས།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
2
དགོང་མོ་ཞིག་ལ་ལམ་བཟང་གིས་ནགས་བྱི་ཨ་མ་དང་
ཕྲུ་གུ་ཞིག་ཨམ་སྡོང་གི་ཡལ་གའི་སྟེང་ཨམ་འབྲས་ཟ་ བཞིན་ཡོད་པ་མཐོང་།
3
ལམ་བཟང་གིས་རྡོ་ཞིག་བསྒྲུགས་ནས། ནགས་བྱི་དེ་གཉིས་ལ་གཞུས་པ་རེད།
4
ནགས་བྱིའི་ཨ་མ་ཞེད་ཐག་ཆོད་ནས། ཨམ་འབྲས་ དེ་ལག་ནས་གློད།
ནགས་བྱིའི་ཕྲུ་གུ་དེས་ད་དུང་
ཨམ་འབྲས་ལ་འཐམ་ཡོད་པས། དེ་དང་མཉམ་དུ་ས་ ལ་ལྷུང་བ་རེད།
5
ནགས་བྱིའི་ཕྲུ་གུ་ཆུང་ཆུང་དེས་མགྱོགས་པོ་བྲོས་ཐབས་བྱས། འོན་ཀྱང་ལམ་བཟང་གིས་ཁོ་བཟུང་ནས་ནང་ལ་ཁྱེར།
ནགས་བྱིའི་ཨ་མས་ཁོའི་རྒྱབ་ཏུ་ངུ་སྐད་རྒྱག་པ་ཐོས།
6
ལམ་བཟང་ནི་ནགས་བྱིའི་ཕྲུ་གུ་དེ་ལ་ཧ་ཅང་དགའ་པོ་ཡོད། ཁོས་དེ་གཅེས་ཉར་སྲོག་ཆགས་ལ་ཉར་འདོད་བྱུང་།
ཁོས་ནགས་བྱིའི་ཕྲུ་གུ་དེ་ལྕགས་གཟེབ་ནང་དུ་བཅུག་ཏེ་ ཉལ་ཁང་དུ་ཁྱེར།
ཁོས་ལྕགས་གཟེབ་དེའི་ནང་འབྲས་ཏོག་ཙམ་དང་ཆུ་ཕོར་ པ་གང་བཞག དེ་ནས་ཁོ་ཕྱི་ལ་རྩེད་མོ་རྩེ་བར་ཕྱིན།
7
ལམ་བཟང་ནང་ལ་ལོག་དུས་ས་རུབ་ཡོད། སྲོག་ཆགས་ལ་ལྟ་རུ་ཕྱིན།
ཁོས་མགྱོགས་པོར་རང་གི་གཅེས་ཉར་
ཁོས་ནགས་བྱིའི་ཨ་མ་ལྕགས་གཟེབ་འགྲམ་དུ་བསྡད་ཡོད་པ་མཐོང་བ་རེད།
8
ཁོ་ནང་ལ་འཛུལ་བ་དང་། ནགས་བྱིའི་ཨ་མ་སྒེའུ་ཁུང་ནས་ཕྱི་ལ་བྲོས།
ལམ་བཟང་གིས་རང་གི་གཅེས་ཉར་སྲོག་ ཆགས་ལ་ལྟ་སྐབས། དེས་འབྲས་བཟས་
མེད་པ་དང་། ལྕགས་གཟེབ་ནང་དུ་ཨམ་ འབྲས་ཏོག་ཙམ་ཡོད་པ་མཐོང་།
ཁོས་ནགས་བྱིའི་ཨ་མས་རང་གི་ཕྲུ་གུར་ ཁ་ལག་སྤྲོད་པར་ཡོང་བ་ཤེས།
9
ལམ་བཟང་གིས་ནགས་བྱིའི་ཨ་མ་ནང་ལ་ཡོང་བ་དང་། ཕྲུ་གུ་ལ་ཁ་ལག་སྤྲོད་འཇུག་ འདོད་མེད།
10
ཁོས་སྒེའུ་ཁུང་བརྒྱབ་ནས་དགོང་ཟས་ཟ་རུ་ཕྱིན།
ཁོ་ཉལ་ཁང་དུ་ལོག་སྐབས། ནགས་བྱིའི་
ཨ་མ་སྒེའུ་ཁུང་འགྲམ་ལ་ཡོད་པ་མཐོང་། ཁོས་ནགས་བྱིའི་ཨ་མ་དཀྲོག་ཆེད་སྒེའུ་ ཁུང་ཕྱེ་བ་དང་། མོ་མཐོང་སར་མེད།
11
ལམ་བཟང་གིས་དེབ་ཀློག་འགོ་བཙུགས། ཡིན་ ནའང་། སྒེའུ་ཁུང་ཕྱོགས་སུ་མིག་ཡང་ཡང་ལྟ་ བར་ཤོར།
ཏོ ག ་ཙམ་རྗེ ས ་སུ་སྒེ འུ ་ཁུང་ཟུར་ནས་འགུལ་ བསྐྱོད་གཏོང་གི་ཡོད་པ་མཐོང་།
ནགས་བྱིའི་ཨ་མ་ཡང་བསྐྱར་སླེབས་པ་རེད།
12
ལམ་བཟང་གིས་ནགས་བྱི་དེ་དཀྲོག་
དགོས་བསམ་ནས། རྒྱུག་པ་ཞིག་བཟུང་ སྟེ་སྒེའུ་ཁུང་གི་ཕྱོགས་སུ་རྒྱུགས། ཡིན་
ནའང་། ཁོ་དེར་མ་སླེབས་གོང་ལ་ནགས་ བྱི་བྲོས་ཕྱིན་པ་རེད།
13
ནགས་བྱི་དེ་ཉེ་འགྲམ་དུ་ཡོད་ཀྱི་རེད་བསམས་ནས། ཁོས་སྒེའུ་ཁུང་ལ་རྒྱུག་པ་གཞུས་ནས་ ཞེད་སྣང་བསླངས།
དེ་ནས་ཁོ་རྐུབ་བཀྱག་ཐོག་བསྡད་ནས་ཏོག་ཙམ་ལས་མ་འགོར་བར། ནགས་བྱི་དེ་སླར་ཡང་
14
སྒེའུ་ཁུང་འགྲམ་ལ་སླེབས།
ལམ་བཟང་ཁོང་ཁྲོ་ལང་ནས་སྒེའུ་ཁུང་གི་ཕྱོགས་སུ་རྒྱུགས། འོན་ཀྱང་ནགས་བྱི་དེ་ ཧ་ཅང་མགྱོགས་པོ་ཡོད་པས། ནག་ཁུང་ནང་མཐོང་ས་མེད་པར་བྲོས།
15
ལམ་བཟང་གི་བསམ་པར།
ནགས་བྱིའི་ཨ་མར་གཞུ་ཐུབ་ན།
མོ་ཡང་བསྐྱར་ཡོང་གི་མ་རེད་སྙམ།
ཁོས་ཁྲ་ཡོལ་གྱི་རྒྱབ་ཏུ་
ཁུ་སིམ་མེར་ཡིབ་ནས་ནགས་བྱི་ལ་བསྒུགས་ཏེ་བསྡད། ཡིན་ ནའང་ནགས་བྱིའི་ཨ་མ་དེ་མ་སླེབས།
ཁོས་དེར་ཡུན་རིང་བསྒུགས་ནས་བསྡད། ནས་མ་སླེབས།
16
འོན་ཀྱང་མོ་གཏན་
དེ་ནས་ཕྱི་པོ་ཆགས་པ་རེད། ལམ་བཟང་གི་ བསམ་པར་ཁོ ་ ཉལ་ཁང་དུ་ཡོ ད ་ན་མོ ་ ཡོ ང ་
ཕོད་ཀྱི་མ་རེད་བསམས་ནས་བཞུ་མར་སྤར་ ནས་ཉལ་བ་རེད།
ཁོ་ཉལ་ཀྱང་གཉིད་མ་ཁུག་པར། ཕྱོགས་སུ་བལྟས་ནསབསྡད།
སྒེའུ་ཁུང་
17
18
ནགས་བྱིའི་ཨ་མ་ཡང་བསྐྱར་སླེབས། ལམ་བཟང་གིས་གྲགས་ འགུལ་ཅི་ཡང་མེད་པར། ནགས་བྱིའི་ཨ་མས་ག་རེ་བྱེད་ཀྱི་ཡོད་
མེད་ལ་བལྟས་ནསབསྡད། ནགས་བྱི་དེས་སྒེའུ་ཁུང་གི་ཟུར་དུ་
ཏོག་ཙམ་བསྡད་ནས་གཟབ་ནན་གྱིས་ཕྱོགས་ཚང་མར་ཞིབ་ལྟ་ ཞིག་བྱས།
དེ་ནས་མོས་སྐད་ཤུགས་ཆུང་ཆུང་གིས་ཕྲུ་གུ་ལ་
སྐད་བཏང་། ཕྲུ་གུས་སྐད་ཆུང་ཆུང་གིས་བརྡ་ལན་སྤྲད་པ་རེད།
ནགས་བྱིའི་ཨ་མ་སྐར་མ་ཁས་ཤས་རིང་ཁུ་སིམ་མེར་བསྡད། དེ་ནས་མོས་ཡང་བསྐྱར་སྐད་བཏང་བས། བཞིན་བརྡ་ལན་སྤྲད།
ཕྲུ་གུ་ཡིས་སྔར་
19
20
ནགས་བྱིའི་ཨ་མ་ལྕགས་གཟེབ་སྟེང་དུ་མཆོངས་ཏེ། པོའི་ངང་བསྡད།
ཕན་ཚུན་འཐམས་ནས་མ་བུ་གཉིས་སྐྱིད་
ཨ་མས་བརྩེ་བའི་ངང་སྐད་ཆ་བཤད་པས། ཕྲུ་གུས་ངུ་བཞིན་ལན་བརྒྱབ། ཏོག་ཙམ་རྗེས་ཕྲུ་གུས་ངུ་མཚམས་བཞག་ནས་གཉིད་ཤོར། ཨ་མས་གཟབ་གཟབ་ངང་ཕྲུ་གུ་སྲུང་ནས་བསྡད།
མོས་སྒྲ་ཡང་ཡང་གྲགས་ནས་ཕྲུ་གུ་ལ་ཉེན་
ཁ་མེད་པའི་བརྡ་སྟོན་གྱི་ཡོད། དུས་ཡུན་རིང་པོ་ཕྱིན་ཀྱང་ལམ་བཟང་ད་དུང་གཉིད་མ་ཁུག ཁོ་ ཞོགས་པ་ནམ་མ་ལངས་བར། ནགས་བྱི་གཉིས་ལ་བལྟས་ནསབསྡད།
21
ལམ་བཟང་ཡར་ལངས་པ་དང་། ནགས་བྱིའི་ཨ་མས་སྐད་ཤུགས་ཆེན་ པོས་ཕྲུ་གུ་གཉིད་ལས་དཀྲོགས་ཏེ། མོ་རང་སྒེའུ་ཁུང་ནས་བྲོས་ཕྱིན། ནགས་བྱིའི་ཕྲུ་གུ་གཉིད་སད་པ་དང་།
ཨ་མ་ཕྱིན་ཚར་བ་ཤེས་པས།
ཁོས་ངུས་ནས་ཨ་མ་ཞེས་སྐད་ཡང་ཡང་བཏང་བ་རེད།
22
ལམ་བཟང་གིས་ནགས་བྱིའི་ཕྲུ་གུ་དེ་ལ་སྙིང་རྗེ་ཚད་མེད་སྐྱེས།
ངས་ནགས་བྱི་གཉིས་མ་སྐྱིད་པ་བཟོས་སོང་། མ་བུ་ཁ་བྲལ་མ་ བཏང་ན་ཏག་ཏག་ཡིན་བསམས།
ཁོས་ནགས་བྱིའི་ཕྲུ་གུ་ལྕགས་གཟེབ་ལས་བཏོན་ཏེ། ཨམ་སྡོང་ གི་ཕྱོགས་སུ་ཁྱེར་ཕྱིན།
ཨམ་སྡོང་སྟེང་དུ་འཛེགས་ནས་ནགས་བྱིའི་ཕྲུ་གུ་ཤིང་སྡོང་གི་ ཡལ་ག་ཞིག་གི་སྟེང་དུ་གཟབ་གཟབ་བྱས་ནས་བཞག་པ་རེད། ཁོ་ཨམ་སྡོང་ནས་མར་བབས་ཏེ། རྒྱང་ལྟ་བྱས་ནས་བསྡད།
23
ནགས་བྱི འི ་ ཨ་མ་དེ ་ ལམ་སེ ང ་ཨམ་སྡོ ང ་ཐོ ག ་ རྒྱུགས་ཡོང་བ་མཐོང་།
ཁོས་མ་བུ་ལྷན་འཛོམས་བྱུང་ནས།
ཕན་ཚུན་
གཅི ག ་གི ས ་གཅི ག ་ལ་འཐམས་ནས་སྐད་ཆ་ བཤད་པ་དང་། འོ་བྱེད་པ་སོགས་མཐོང་།
ལམ་བཟང་གིས་མ་བུ་གཉིས་དབར་བརྩེ་བ་ཟབ་ མོ་ཡོད་པ་དང་།
མ་བུ་མཉམ་འཛོམས་བྱུང་བ་
མཐོང་སྐབས་དགའ་ཚོར་སྐྱེས།
ནགས་བྱིའི་ཕྲུ་གུ་ཨ་མར་ཕྱིར་སློག་པ་དེ་ཡག་པོ་ བྱུང་འདུག་སྙམ་ནས་བློ་ཡིད་ཚིམ་པོ་བྱུང་བ་རེད།
24