Skip to main content

བྲག་གསེབ་ཀྱི་གདོན་འདྲེ།

Page 1

བྲག་གསེབ་ཀྱི་གདོན་འདྲེ། རྩོམ་པ་པོ། སུ་ཇ་ཐ་པདྨ་ན་བྷན།

རི་མོ་བ། མ་དྷུ་ཝན་ཊི་ཨ་ནན་ཐ་ར་ཇན། བོད་སྒྱུར་བ། བུད་དྷཱ་སྐྱབས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།


འདི་ནི་ཞོགས་པ་སྔ་པོ་ཞིག་ལ།

ལ་དྭགས་ཀྱི་

དབང་གྲོང་ཚོ་ཞེས་པར་དངོས་སུ་བྱུང་བའི་སྒྲུང་ ཞིག་ཡིན།

ཉིན་མོ་དེ་ནི་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ།

ལ་

དྭགས་ཡུལ་གྱི་ནང་པ་ཚོས་སྲུང་བརྩི་བྱེད་པའི་ ཆོ ས ་ལུགས་ཀྱི ་ དུས་ཆེ ན ་ཁྱད་པར་ཅན་ཞི ག ་ ཡིན།

དེའི་དགོང་མོ་ཟླ་བ་ཉ་གང་ནས་གསལ་

བར་འཆར་གྱི་ཡོད།

ལོ ་ ན་བཅུ་དྲུག་ལ་སོ ན ་པའི ་ རི ག ་འཛི ན ་གྱི ས ་

ཉིན་དེའི་དགོང་མོར་འཚོག་རྒྱུའི་མཆོད་འབུལ་

གོ ་ སྒྲི ག ་བྱེ ད ་པར་རོ ག ས་པ་བྱ་རྒྱུའི ་ ཁས་ལེ ན ་ བྱས་ཡོད། དེར་བརྟེན་ཁོ་ནམ་རྒྱུན་ལས་སྔ་ཙམ་

ལངས་ཏེ། ཨ་མ་ལགས་ཀྱིས་བསྐོལ་བའི་ཇ་ཚ་ པོ་བཏུངས། དེ་ནས་ཨ་ཅོར་འཁྱེར་ཏེ་ཉེ་འགྲམ་ གྱི་རྒྱུག་ཆུ་ལ་གདོང་པ་བཀྲུ་བར་འགྲོ་རྩིས་བྱས།


རིག་འཛིན་གྱིས་སྟོད་ཐུང་གྱོན་ནས། ཞོགས་པ་དེར་བསྒྲུབ་དགོས་པའི་

བརྗེད་ཐོ་ལ་ལྟ་ཙམ་བྱས། ཁོས་དགོན་པ་ལ་མདོང་མོ་དང་། ཇ་དམ་ གཉིས་འཁྱེར་རྒྱུ་དང་། བསོད་ནམས་ཀྱི་ཚོང་ཁང་ནས་དར་ལྕོག་ཉོ་རྒྱུ་ བཅས་སེམས་ལ་བཞག

ཨ་མ་ལགས་ཀྱིས་ཐབ་ལ་མེ་ཤིང་འབུད་ཞོར་དུ། རིག་འཛིན། དེ་རིང་ ཁྱེད་རང་དེ་འདྲའི་སྔ་པོ་ལངས་དོན་གང་ཡིན་ནམ། ཞེས་དྲིས།

རིག་འཛིན་གྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ཁང་པའི་སྒོར་ཐོན་ཞོར་དུ། ང་དེ་རིང་དགོན་པར་དར་ལྕོག་འཛུགས་རོགས་བྱེད་པར་འགྲོ་དགོས་ ཡོད། ཅེས་ལན་བཏབ།


5 ཆུ་འགྲམ་དུ་རིག་འཛིན་གྱིས་ཁམ་སྡོང་ཞིག་གི་ཡལ་གའི་སྟེང་ཨ་ ཅོར་བཀལ། དེ་ནི་ནམ་དུས་དབྱར་ཁ་ཡིན་པས། ཁམ་སྡོང་ལ་མེ་ ཏོག་བཞད་ཅིང་། བྲག་བྱིའུ་དམར་པོ་ཞིག་གིས་འཕུར་ལྡིང་བྱེད་ཀྱི་ ཡོད། རིག་འཛིན་གྱི་སེམས་ལ་བྲག་བྱིའུ་དམར་པོ་དེ་ནི་ཁམ་བུའི་

མེ་ཏོག་ལས་ཀྱང་བཀྲག་མདངས་ཆེ་བ་འདུག དེ་འདྲའི་མཛེས་པ་ ལ་ཨང་སྙམ།

ལོ་རེའི་དུས་ཚིགས་འདིའི་སྐབས་དབང་གྲོང་ཚོ་ནི་མཛེས་ཤིང་ ཡིད་དུ་འོང་བ་ཞིག་ཡོད།

སྐྱ་ཐེར་ཐེར་གྱི་ནམ་དུས་རྫོགས་རྗེས།

ཁམ་བུའི་སྡོང་པོ་རྣམས་ཤིན་ཏུ་མཛེས་པའི་མེ་ཏོག་ཟིང་སྐྱ་ཡིས་ བརྒྱན་པ་དང་།

དགུན་དུས་ས་བབ་དམའ་སར་འཕུར་ཕྱིན་པའི་

བྲག་བྱིའུ་དམར་པོ་རྣམས་ཀྱང་ཕྱིར་རི་ཁུལ་དུ་ལོག་ཡོང་གི་ཡོད།


ལོ་སྔོན་མའི་དབྱར་ཁར་རིག་འཛིན་རང་བྱུང་ཁམས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་མཁན་ གྱི་གྲས་སུ་ཞུགས་ནས། མར་ཁུ་ལུང་གཤོངས་ལ་དངོས་སྦྱོང་བྱེད་དུ་ཕྱིན། རིག་ འཛིན་གྱིས་རྒྱང་ཤེལ་ལས་བྲག་བྱིའུ་དམར་པོ་ཐོག་མར་མཐོང་བ་དྲན་གསོ་བྱས། སྐབས་དེར་ཁོས་སློབ་སྟོན་པར། དེ་བྱིའུ་དངོས་གནས་རེད་དམ། ཞེས་ཧང་སངས་

ཏེ་དྲིས་པས། སློབ་སྟོན་པས་འཛུམ་དམུལ་དམུལ་ངང་རིག་འཛིན་ལ་ལྟ་བཞིན། དེ་ དངོས་གནས་རེད། ང་ཚོས་ད་དུང་དེ་ལས་མཛེས་པའི་རང་བྱུང་གི་ངོ་མཚར་མང་པོ་ མཐོང་ཐུབ། ཅེས་གསུངས།

དངོས་སྦྱོང་སྐབས་རིག་འཛིན་གྱིས་ལ་དྭགས་ཡུལ་གྱི་གནའ་བ་དང་། ཨ་བྲ། བྱིའུ་བྲང་དམར། ཆུ་བྱ་སོགས་མཐོང་བ་མ་ཟད། ད་དུང་དེ་སྔ་ མཐོང་མ་མྱོང་བའི་སྲོག་ཆགས་དང་། འདབ་ཆགས་མང་པོ་ཞིག་ཀྱང་ མཐོང་།


རིག་འཛིན་གྱིས་གྲང་ཟུག་རྒྱག་པའི་ཆུ་ཡིས་ངོ་གདོང་

འཁྲུད་བཞིན་པའི་སྐབས་སུ། ཐག་རིང་ནས། རིག་འཛིན། རིག་འཛིན། ཞེས་འབོད་པ་ཐོས། མཐོང་།

ཁོས་མགོ་བོ་ཡར་

བཀྱགས་ནས་ལྟ་སྐབས། གྲོགས་པོ་འཇིགས་མེད་ཀྱིས་

བཀྲ་ཤིས་ཀྱི་ ཁྱིམ་གྱི་ཕྱོ ག ས་ལ་མཛུབ་མོ ་བཙུགས་པ་

རིག་འཛིན་གྱིས་འཇིགས་མེད་ཀྱིས་ག་རེ་བྱས་ནས་ང་བཀྲ་ཤིས་ཀྱི་

ཁྱིམ་ལ་སོང་ཟེར་གྱི་ཡོད་དམ། དེ་རིང་ང་ལ་ཁོམ་པ་མེད། ཅེས་ཆིག་ལབ་བརྒྱབ། ཏོག་ཙམ་རྗེས་མི་མང་པོ་ཞིག་གིས། གསའ། གསའ། ཞེས་སྐད་ཅོར་རྒྱག་བཞིན་ བཀྲ་ཤིས་ཀྱི་ཁང་པའི་ཕྱོགས་སུ་རྒྱུག་འགྲོ་བ་མཐོང་།

རིག་འཛིན་གློ་བུར་དུ་དངངས་སྐྲག་ལངས། ཁོའི་བསམ་པར་

བཀྲ་ཤི ས ་ཀྱི་ ཁང་པའི ་ ནང་ལ་གསའ་འཛུལ་སྲི ད ་ཀྱི ་ མ་རེ ད ་ སྙམ་བཞིན། རྒྱུགས།

མགྱོགས་པོ་བཀྲ་ཤིས་ཀྱི་ཁང་པའི་ཕྱོགས་སུ་

ཁང་པའི་ཉེ་འགྲམ་དུ་སླེབས་གྲབས་ཡོད་དུས་ཁོས་

གནས་ཚུལ་ཞིག་བྱུང་ཡོད་པ་ཤེས།


མི་མང་པོ་ཞིག་བཀྲ་ཤིས་ཀྱི་ལུག་ཚང་ཡོད་སར་འཛོམས་ཡོད། ཁ་ཤས་ ལུག་ཚང་གི་ཐོག་ཁར་ལངས་ཤིང་། ཁ་ཤས་ལག་ཏུ་དབྱུག་པ་ཐོགས་ནས་ ཟ་ངེ་ཟིང་ངེ་བྱེད་ཀྱི་ཡོད།


9

ལ་དྭགས་ཡུལ་དུ་ར་ལུག་དང་། བ་ཕྱུགས། འབྲི་གཡག་སོགས་སྒོ་ཕྱུགས་རྣམས་ཉར་སའི་ལུག་ཚང་

དང་ལྷས་ར་ལོགས་སུ་རྒྱག་སྲོལ་ཡོད། གྲོང་ཚོ་མང་པོ་ཞིག་གིས་ཐག་རིང་དུ་ཐུན་མོང་གི་ལྷས་རའང་

བརྒྱབ་ཡོད། ཐུན་མོང་གི་ལྷས་ར་དེ་ས་བབ་མཐོ་བའི་རི་ཁུལ་དུ་ཡོད། དེ་རུ་དབྱར་ཁའི་དུས་སུ་གྲོང་ མི་བང་རིམ་བཞིན་སྒོ་ཕྱུགས་འཚོ་སྐྱོང་བྱེད་ཀྱི་ཡོད།


དེ་དངོས་གནས་ཆེན་པོ་འདུག

ཁོས་སྒོ་ཕྱུགས་ག་ཚོད་བསད་ཡོད་དམ།

ཧ་གོ་མ་སོང་། ཁ་ཤས་བསད་ཡོད་ཀྱི་རེད། བེའུ་གཅིག་ད་དུང་གསོན་པོ་རེད་འདུག གཟབ་གཟབ་བྱོས། ཉེ་སར་མ་འགྲོ།

དབང་མོ། དབང་མོ། མགྱོགས་པོ་བརྒྱ་དཔོན་སྐད་ཐོངས།

ལུག་ཚང་གི་མཐའ་ལ་ཡོད་པའི་མི་ཚང་མས་དུས་གཅིག་ལ་སྐད་ཅོར་རྒྱག་གི་ཡོད།

རིག་འཛིན་གྱིས་གནས་ཚུལ་ག་རེ་བྱུང་ཡོད་མེད་རྒྱུས་ལོན་བྱེད་པར་ཏོག་ཙམ་འགོར།


བཀྲ་ཤིས་ཀྱི་ཆུང་མ་ཆོས་སྒྲོན་ནམ་རྒྱུན་བཞིན་ཞོགས་པ་སྔ་པོ་ཡར་ལངས།

མེ་ཤིང་ལེན་དུ་ཁང་པའི་ཐོག་ཁར་

འཛེག་སྐབས། ངར་སྒྲ་ཞིག་ཐོས་པས། མགྱོགས་པོ་ལུག་ཚང་དུ་ཕྱིན་ཏེ་སྒོ་ཕྱེ་བ་ན། ལུག་ཚང་གི་ཁུག་ཀྱོག་ ཅིག་ཏུ་གསའ་ཞིག་འཇབ་ནས་ཡོང་བའི་རྣམ་པ་འཇིགས་སུ་རུང་བ་ཞིག་མཐོང་།

ལུག་ཚང་ནང་གང་སར་ཁྲག་

འཐོར་ཡོད་པ་དང་། གསའ་དེས་ར་ལུག་ཚང་མ་བསད་པས། བེའུ་གཅིག་མ་གཏོགས་གསོན་པོ་ལྷག་མེད། མོས་ མགྱོགས་པོ་སྒོ་བརྒྱབ་ནས་ཁྱིམ་ལ་རྒྱུགས་ཏེ་ནང་མི་རྣམས་གཉིད་དཀྲོགས།

རིག་འཛིན་གྱིས་གྲོགས་པོ་འཇིགས་མེད་ལ། དཀོན་མཆོག་མཁྱེན། ལུག་ཚང་ནང་ལའང་གསའ་སླེབས་འདུག་ གམ། ཞེས་དྲིས་པས།

འཇིགས་མེད་ཀྱིས། འདུག གསའ་ཆེན་པོ་ཞིག་སླེབས་འདུག

ཁྱེད་རང་ལུག་ཚང་གི་ཐོག་ཁར་འཛེགས་ནས་ལྟོས་དང་མཐོང་གི་འདུག ཟེར།


དེ་མ་ཐག་རིག་འཛིན་ཐོག་ཁར་འཛེགས། ཁོས་གསའ་མཐོང་མྱོང་མེད། འོ ན་ཀྱང་དེ་སྔོན་

རང་བྱུང་ཁམས་ཀྱི་སྐོར་སྦྱོང་སྐབས་སེམས་ཅན་ཆེན་པོ་འདིའི་སྐོར་མང་པོ་སྦྱོང་མྱོང་ཡོད། སེམས་ཅན་འདིའི་རིགས་ནི་རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་གྲས་ཡིན་པ་ཁོས་ཤེས་ཀྱི་ཡོད། རྒྱ་ གར་གྱི་སྲོག་ཆགས་སྲུང་སྐྱོབ་ཁྲིམས་ལུགས་ནང་སྲུང་སྐྱོབ་བྱ་དགོས་པ་འཁོད་ཡོད་པ་ དང་། རྒྱ་གར་རྒྱལ་ཡོངས་ལ་གསའ་ ༥༠༠ ཙམ་ལས་མེད་པས་སེམས་ཁྲལ་ལངས་པ་དང་ ལྷན་དུ།

རང་གི་གནས་ཡུལ་འདི་ནི་རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་གཅན་གཟན་ཆེན་པོ་འདིའི་

ཁྱིམ་གཞིས་ཡིན་པར་སྤོབས་པའང་སྐྱེས། དེ་བཞིན་གསའ་ཡིས་བྲག་རྡོའི་བར་དྲི་མ་བཞག་

སྟེ་བརྡ་སྤྲོད་པའི་བྱེད་ཐབས་ལ་རིག་འཛིན་ཡ་མཚན་སྐྱེས། དྲི་མ་དེས་གསའ་ཕོ་མོ་གཉིས་

ལ་བརྡ་སྤྲོད་སྟངས་མི་འདྲ་སྟེ། ཕོ་ཕན་ཚུན་ལ། འདིར་ཡོང་མི་ཆོག འདི་ནི་ངའི་མངའ་ཁུལ་

ཡིན། ཟེར་བའི་བརྡ་ཡིན་ལ། མོ་ལ། ང་ན་ཚོད་གཞོན་ལ། སྐྱེས་གཟུགས་མཚར། རང་གིས་ ང་སྣང་བར་འགྲོ་འམ། ཟེར་བའི་བརྡ་ཡིན།

གསའ་ལ་སྲོག་ཆགས་གཞན་དང་མི་འདྲ་བར་རང་གི་ལུས་དང་མཉམ་པའི་མཇུག་མ་རིང་པོ་ ཞིག་ཡོད། རང་བྱུང་ཁམས་ཀྱི་སྐོར་ལ་སློབ་ཚན་འཁྲིད་སྐབས། དགུན་དུས་སུ་གསའ་ཡིས་

རང་གི་མཇུག་མ་ལུས་ལ་དཀྲིས་ནས་དྲོད་སྐྱེད་ཐབས་བྱེད་ཀྱི་ཡོད་ཚུལ་བཤད་པར། རིག་ འཛིན་གྱིས་དེ་ནི་ང་ཚོས་ལུས་ལ་གཟན་དཀྲི་བ་དང་གཅིག་པ་རེད་འདུག་ལབ།


ལུག་ཚང་ཐོག་གི་མི་ཚོས་ཁུང་བུ་ནས་ཡིབ་ལྟ་བྱས། གཅིག་ཡོད་པ་མཐོང་།

རིག་འཛིན་གྱིས་ཀྱང་སྐེ་བསྲིངས་ནས་ལྟ་དུས།

གསའ་

རིག་འཛིན་ཞེད་སྣང་དང་དགའ་སྣང་གཉིས་ཀ་སྐྱེས་ཏེ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར།

ཁོའི་བསམ་པར་འདི་ནི་ངས་མཐོང་མ་མྱོང་བའི་སྲོག་ཆགས་ཤིག་རེད་སྙམ། གསའ་ནི་བྲག་རྡོ་ལ་རྫུ་ཐུབ་ཀྱི་ཡོད་ པས། མི་ཚོས་བྲག་གསེབ་ཀྱི་གདོན་འདྲེ་ལ་ངོས་འཛིན་བྱེད་ཀྱི་ཡོད། རིག་འཛིན་གྱིས་གསའ་དེའི་ལུས་ཕུང་ཆ་ ཚང་མཐོང་མ་ཐུབ་ཀྱང་། དེའི་ཆེ་ཆུང་ལས་ནར་སོན་པའི་གསའ་གཅིག་ཡིན་པ་ཤེས་ཐུབ།

རིག་འཛིན་གྱིས་ཁུང་བུ་ལས་བེའུ་དེ་ད་དུང་ས་ལ་ཉལ་ཡོད་པ་མཐོང་། བེའུ་དེ་ནི་ལུག་ཚང་ནང་གསོན་པོར་ལུས་

པའི་སྒོ་ཕྱུགས་གཅིག་པུ་དེ་ཡིན། གསའ་དེ་བེའུ་ཡི་འཁྲིས་ལ་ཡོད་ན་ཡང་། དེ་ལ་དོ་སྣང་མ་བྱས་པར། ལུག་ཚང་ ཐོག་གི་མི་ཚོགས་ལ་ཅེར་ནས་བསྡད་ཡོད།


བཀྲ་ཤིས་ཀྱིས་རང་གི་ར་ལུག་ཚང་མ་བསད་ཡོད་པ་ མཐོང་བས།

ཁོང་ཁྲོ་ཆེན་པོ་ལངས་ཏེ་གསའ་དེ་སོད་

ཅེས་སྐད་བརྒྱབ། གཞན་དག་གིས་ཀྱང་། རེད། ཁོ་ སོད། ཟེར་ནས་སྐད་ཅོར་བརྒྱབ། རིག་འཛིན་གྱིས་

གཡས་གཡོན་ལ་ལྟ་སྐབས། བཀྲ་ཤིས་ཀྱི་ལུག་ཚང་གི་མཐའ་ ལ་འཛོམས་པའི་གྲོང་མི་ཚང་མ་ཁོང་ཁྲོ་ལངས་ཡོད་པ་ཚོར།

བཀྲ་ཤིས་ཀྱིས། གང་འདྲ་བྱས་ནས་གསོད་དགོས་རེད། ཟེར། མི་ཞིག་གིས། རྡོ་གཞུས་ཏེ་སོད། ལབ། ཡང་མི་གཞན་ཞིག་གིས། ནས་སོད། ཟེར།

ཤ་ལ་དུག་བྱུགས་ཏེ་བཟའ་བཅུག་

མི་ཚོགས་ཀྱི་སྐད་གསེང་མཐོ་རུ་ཕྱིན་ཏེ་གསའ་དེ་གསོད་སྟངས་སྐོར་ལ་བསམ་ཚུལ་མང་པོ་བྱུང་བ་དང་། ཆོད་ནས་མགྱོགས་པོ་ཐབས་ཤེས་ཤིག་བཙལ་ནས་གསའ་འདི་སྐྱོབ་ཐབས་བྱ་དགོས་སྙམ།

རིག་འཛིན་གྱིས་སྐད་ཆེན་པོ་བརྒྱབ་སྟེ། སྒུགས་དང་། སྒུགས་དང་། ལབ་པས། མི་ཚང་མས་ རིག་འཛིན་ལ་ཁ་ཕྱོགས་ནས་བལྟས། རིག་འཛིན་གྱིས། ཐོག་མར་ང་ཚོས་ལུག་ཚང་ ནང་གི་བེའུ་དེ་སྐྱོབ་དགོས། བེའུ་དེ་ད་དུང་གསོན་པོ་རེད་འདུག ང་ ཚོས་ངེས་པར་དུ་དེ་ཕྱི་ལ་ལེན་ཐབས་བྱ་དགོས། གལ་ཏེ་ང་ ཚོས་གསའ་ལ་ཞེད་སྣང་བསླང་ཚེ། དེས་བེའུ་དེ་གསོད་ ངེས་རེད། ལབ།

རིག་འཛིན་ཞེད་ཐག་


ཆོས་སྒྲོན་གྱིས་བེའུ་དེ་སྐྱེ་སྐབས་ཀྱི་གནས་ཚུལ་ཡིད་ལ་འཁོར་ནས་ངུ་བཞིན། ང་ཚོས་བེའུ་ དེ་གང་འདྲ་བྱས་ནས་སྐྱོབ་དགོས་རེད། ཟེར། བེའུ་དེ་ནི་རི་ལ་སྐྱེས་པ་དང་། བ་མོ་ཁྱིམ་ལ་ ལོག་ཀྱང་བེའུ་ཁྲིད་མེད་པས། ཆོས་སྒྲོན་གྱིས་ཉིན་གང་དབང་གྲོང་ཚོའི་རི་གྲོང་དུ་གང་

སར་བཙལ་ཀྱང་མ་བརྙེད། མོས་འཚོལ་མཚམས་འཇོག་གྲབས་བྱེད་སྐབས། བེའུ་དེ་རྡོ་ ཕ་བོང་ཆེན་པོ་ཞིག་གི་འགྲམ་ནས་བརྙེད་པ་རེད། དེའི་ལུས་སྟོབས་ཞན་ལ་འདར་སིག་

སིག་བྱེད་ཀྱི་ཡོད་པས། ཨ་མའི་རྗེས་ལ་ལོག་ཐུབ་མེད། ཆོས་སྒྲོན་གྱིས་དེ་པང་ལ་བཟུང་

ནས་ཁྱིམ་ལ་ཁྱེར་ཡོང་བ་རེད།

རིག་འཛིན་གྱིས། ཨ་ནེ་ལགས། མ་ངུ་དང་། བེའུ་སྐྱོབ་ཐུབ་ཀྱི་རེད། ང་ལ་ཐབས་ཤེས་

ཡོད། གསའ་དེ་གཞན་ལ་གཡེང་ཆུག་་་

རིག་འཛིན་གྱི་སྐད་ཆའི་མཇུག་མ་རྫོགས་གོང་། བརྒྱ་དཔོན་གྱིས། རིག་འཛིན། ཁྱེད་ ཀྱིས་བྱིས་པར་གཉིད་འགུག་བྱེད་ཀྱི་གཞས་ཤིག་བཏང་སྟེ། གསའ་འདི་གཉིད་ དུ་འཇུག་གི་ཡིན་ནམ། ཟེར་བར། མི་ཚང་མས་སེམས་ཁྲལ་བྱེད་ཀྱི་ཡོད་ ཀྱང་གད་མོ་དབང་མེད་དུ་ཤོར།

རིག་འཛིན་གྱིས། ཨ་ཞང་ལགས། ང་ལ་གཞས་གཏོང་ཐུབ་པའི་ནུས་པ་

ཡོད་ན་གཏོང་གི་རེད། ཅེས་ལན་བཏབ། དེ་ལྟར་བཤད་ནས་གྲོང་མི་ཚོས་

གསའ་དེ་གསོད་རྩིས་བྱེད་པའི་བསམ་བློ་བསྒྱུར།


ངའི་ཐབས་ཤེས་ལ་ཉོན་དང་། ད་ལྟ་ལུག་ཚང་གི་ཕྱོགས་འདིར་གསའ་དེ་བེའུ་དང་ཐག་ཧ་ཅང་ཉེ་

པོ་འདུག ཁྱེད་རང་ཚོས་ལྟོས་དང་། མཐོང་གི་མི་འདུག་གམ། ང་ཚོས་ཕྱོགས་གཞན་ཞིག་ནས་

ཁུང་བུ་ཞིག་བརྟོལ་ཏེ། ཚང་མས་ཁུང་བུ་དེ་ནས་སྐད་ཅོར་བརྒྱབ་ན། གསའ་ཡི་བསམ་བློ་ གཡེང་གི་རེད། དེ་དུས་ངས་མགྱོགས་པོ་ལུག་ཚང་ནང་འཛུལ་ཏེ་བེའུ་འཁྱེར་ཡོང་ཆོག ཟེར། བརྒྱ་དཔོན་གད་མོ་དགོད་བཞིན། ཁྱེད་རང་སྨྱོན་པ་རེད། ཟེར་བར། མི་ཚང་མས་བརྒྱ་

དཔོན་གྱི་སྐད་ཆར་མོས་མཐུན་གྱིས་མགོ་ལྕོག་ལྕོག་བྱས།

ཆོས་སྒྲོན་གྱི་མིག་ལ་མིག་ཆུ་

འཁོར་བཞིན་རིག་འཛིན་གྱི་འགྲམ་ལ་ཕྱིན་ནས། ལུག་ཚང་ནང་གསའ་ཡོད་བཞིན་དུ་ཁྱེད་ རང་འཛུལ་ན་ཉེན་ཁ་ཡོད་རེད། ངའི་བེའུ་དེ་སྐྱོབ་ཐབས་གཞན་ཞིག་མི་འདུག་གམ། ཟེར། རིག་འཛིན་གྱིས།

ཨ་ནེ།

ད་ལྟ་བར་གསའ་ཡིས་མི་ལ་གནོད་སྐྱེལ་བའི་གནས་ཚུལ་

གཅིག་ཀྱང་བྱུང་མྱོང་མེད། སེམས་ཁྲལ་མ་བྱེད། ང་ལ་ཉེན་ཁ་ཡོད་མ་རེད། ཟེར།

དེ་ལྟར་ཤོད་བཞིན་རིག་འཛིན་གྱིས་ལག་པར་དབྱུག་པ་ཞིག་ཁྱེར་ནས་ཁུང་བུ་བརྟོལ་བར་ཕྱིན། མི་ཚང་མ་ཁོའི་མཉམ་དུ་ཡོང་སྟེ་ཡུན་རིང་མ་འགོར་བར་ཁོ་ཚོས་ཁུང་བུ་ཆུང་ཆུང་ཞིག་བརྟོལ།

དེ་ལས་ཁོ་ཚོས་གསའ་ལ་ཁོང་ཁྲོ་སློང་ཐབས་བྱས། གསའ་དེ་ཁོ་ཚོའི་སྐད་རྒྱག་སའི་ཕྱོགས་ལ་

ཕྱིན་ནས་ཐོག་ཁ་ལ་ཡར་བལྟས། མི་ཚོས་སྐད་ཅོར་ཆེན་པོ་རྒྱག་སྐབས། གསའ་དེ་ལུག་ཚང་གི་ ཐོག་ཁར་མཆོང་རྩིས་བྱས། འོན་ཀྱང་ལུག་ཚང་གི་ཐོག་ཁ་མཐོ་པོ་ཡོད་པས་སྙོབ་ཐུབ་ཀྱི་མེད།


དེ་མ་ཐག་རིག་འཛིན་ལུག་ཚང་གི་སྒོའི་ཕྱོགས་སུ་རྒྱུགས། སྒོ་ལ་ལག་ པ་འཆང་ཞོར་དུ་ཁོས། ལྷོད་ལ་བོབས། ལྷོད་ལ་བོབས། ཟེར་བཞིན་ དབུགས་རིང་པོ་ཞིག་བརྔུབས་ཏེ་ལུག་ཚང་གི་སྒོ་ཕྱེ། ཁོས་ག་ལེ་ག་ལེར་

བེའུའི་འགྲམ་ལ་ཕྱིན་ནས། དེ་པང་ལ་བླངས་ནས་ཕྱིར་ཡོང་བའི་སྐབས་

སུ། གསའ་དེས་ཁོའི་ཕྱོགས་ལ་ལྟ་བ་མཐོང་། རིག་འཛིན་མགྱོགས་པོར་ སྒོའི་ཕྱོགས་ལ་རྒྱུགས། ཁོ་ཕྱིར་ཐོན་ཏེ་སྒོ་རྒྱག་བཞིན་པའི་སྐབས་གློ་

བུར་དུ་སྒོ་སྲུབ་ནས་སྐྱ་ལྷེབ་ཙམ་བྱས་པ་མཐོང་། སྐར་ཆ་གཅིག་གིས་ མ་གཏོགས་གསའ་དེ་རིག་འཛིན་སྟེང་ལ་མཆོངས་པ་རེད།

རིག་འཛིན་ལུག་ཚང་གི་ཕྱི་ལ་སླེབས་པ་དང་བེའུ་དེ་པང་ལ་ཉར་ནས་ས་ ལ་འགྱེལ། ལུག་ཚང་གི་ཐོག་ཁ་ནས་མི་ཚང་མ་ལམ་སང་མར་བབས།

མི་ཞིག་གིས། རིག་འཛིན་གསོན་པོ་རེད་འདུག ཁོ་ཐང་ཐང་རེད་འདུག ཟེར་ནས་སྐད་བརྒྱབ།

མི་གཞན་ཞིག་གིས། ཁོས་བེའུ་དེ་བསྐྱབས་འདུག ཅེས་སྐད་བརྒྱབ།

ཡང་མི་གཞན་ཞིག་གིས། དབང་མོ། བེའུ་འདི་ད་དུང་གསོན་པོ་རེད་

འདུག ཁྱིམ་ལ་ཁྱེར་ནས་འོ་མ་སྤྲོད། ཁོ་ད་དུང་ཞེད་སྣང་སྐྱེ་ཡི་ཡོད་ རེད། ལབ།

འཇིགས་མེད་ཀྱིས། འོ་ཛི། རིག་འཛིན། ང་ཞེ་པོ་ཞེད་བྱུང་། ཟེར།


རིག་འཛིན་གྱིས་བེའུ་དེ་དབང་མོ་ལ་སྤྲད། བཀྲ་ཤིས་དང་ཆོས་སྒྲོན་ཡོང་ནས་རིག་འཛིན་གྱི་ལག་པར་དམ་པོར་འཇུས་པ་དང་། གྲོང་ མི་རྣམས་ཀྱང་རིག་འཛིན་གྱི་མཐའ་ལ་འཛོམས་ཏེ་ཁོའི་རྒྱབ་ལ་བྱུག་བྱུག་བྱས། ཐུགས་རྗེ་ཆེ་ཞུ་སྟངས་ཤིག་ཡིན།

དེ་ནི་རིག་འཛིན་གྱིས་བེའུ་བསྐྱབས་པར་ཁོ་ཚོས་

བེའུ་བསྐྱབས་པའི་དགའ་ཚོར་དེ་ཅུང་ཙམ་འཇགས་རྗེས། གྲོང་མི་ཞིག་གིས། ད་ང་ཚོས་གསའ་དེ་ག་རེ་བྱ་དགོས་རེད། ཟེར། བཀྲ་ ཤིས་ཀྱིས། ཨ་ཅང་ཅང་། དེ་གསོད་དགོས་རེད། ཟེར་བར། རིག་འཛིན་ལམ་སང་ཡར་ལངས་ནས། ཡོང་གི་མ་རེད། ཨ་ཞང་ལགས། ང་ཚོས་གསའ་བསད་ན་འགྲིག་གི་མ་རེད། ཟེར།

གྲོང་མི་གཞན་ཞིག་གིས།

ག་རེ་བྱས་ནས་

འགྲིག་གི་མ་རེད། ན་ནིང་གསའ་ཞིག་གིས་

ངེ ད ་ཚང་གི ་ གཡག་ཞི ག ་ཀྱང་བསད་སོ ང ་། ཟེར། དེ་མུར་གྲོང་མི་གཞན་ཞིག་གིས། ངེད་

ཚང་གི་ལུག་གཉིས་བསད་སོང་། ཟེར། ཡང་ གཞན་ཞིག་གིས། ལོ་གསུམ་གྱི་གོང་དུ་ངའི་ ལུག་ཐུག་བཞི་བསད་སོང་།

ང་ཚོའི་མཐའ་

འཁོར་ལ་གསའ་ག་ཚོད་ཉུང་ན་དེ་ཚོད་ཀྱིས་ ཕྱུགས་རི ག ས་ལ་བདེ ་ འཇགས་ཡོ ང ་གི ་ རེད། ཟེར། མི་ཚང་མས། རེད། དེ་

གསོད་དགོས་རེད། གསོད་དགོས་རེད། ཟེར་ནས་སྐད་ཅོར་བརྒྱབ།


དེ་ནི་ཉིན་དེར་རིག་འཛིན་གྱིས་གདོང་ལེན་བྱ་དགོས་པའི་གནད་དོན་གཞན་ཞིག་ཡིན་པ་ཤེས། བསྐྱབས་ཙམ་ཡིན་ལ། ད་ནི་གསའ་དེ་སྐྱོབ་པའི་དུས་ལ་སླེབས།

ཁོས་བེའུ་དེ་

རིག་འཛིན་གྱིས་ལག་པ་ཡར་བཀྱགས་ནས་སྐད་ཤུགས་ཆེན་པོས། གསའ་འདི་བསད་ ན་འགྲིག་གི་མ་རེད། ལབ།

མི་ཞིག་གིས། ཕོ་གསར། གསའ་དེ་བསད་ན་མི་འགྲིག་པ་ག་རེ་ཡོད་ཅེས་སྐད་བརྒྱབ།

རིག་འཛིན་གྱིས། འདི་ནི་རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིགས་རེད། རང་རེའི་ རྒྱལ་ཁབ་ཀྱི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ནང་། འདི་ལ་དམིགས་

བསལ་ཁྲིམས་ལུགས་གཏན་འབེབས་བྱས་ཡོད། ཟེར། གྲོང་མི་ཞིག་གིས།

ཁྱེད་རང་གིས་རང་བྱུང་ཁམས་ཀྱི་སྐོར་ལ་སློབ་

སྦྱོང་ཐར་ཐོར་ཞིག་བྱས་ཏེ་མཁས་མདོག་མ་སྟོན། སྲོག་ཆགས་འདི་གློད་

ནས། ང་ཚོས་སྡུག་མྱང་དགོས་པ་རེད་དམ། གལ་ཏེ་ང་ཚོས་གསའ་འདི་གློད་

ན། ཉིན་ཞིག་ཁོའི་གྲོད་ཁོག་ལྟོགས་ན་ཡང་བསྐྱར་ཡོང་གི་རེད། ཟེར།

རིག་འཛིན་གྱིས། ཁྲིམས་ནི་ཁྲིམས་རེད། མི་སུ་ཞིག་གིས་ཁྲིམས་འགལ་བྱས་ ན། བཙོན་འཇུག་བྱེད་པའམ་ཉེས་ཆད་གཅོད་ཀྱི་ རེད། ཟེར།


མི་ཚོགས་ཀྱི་དཀྱིལ་ནས་མི་ཞིག་གིས།

ང་ཚོས་གསའ་ཞིག་བསད་པ་སུས་ཤེས་ཀྱི་རེད།

སྲོག་ཆགས་སྲུང་སྐྱོབ་ལས་ཁུངས་སླེ་ལ་ཡོད་རེད། ང་རང་ཚོས་མ་ལབ་ན་སུས་ཀྱང་ཤེས་ ཀྱི་མ་རེད། ཟེར།

རིག་འཛིན་ཁོང་ཁྲོ་ལངས་ནས་མིག་ཟུང་ཆེ་རུ་བགྲད་ཅིང་སྐད་ཤུགས་ཆེན་པོས། ངས་འདིའི་ སྐོར་གསང་བ་བྱས་ནས་སྡོད་ཀྱི་མིན། གལ་ཏེ་གསའ་འདི་བསད་ན། ངས་ཁྱེད་རང་ཚོ་ཚང་ མ་སྲོག་ཆགས་སྲུང་སྐྱོབ་ལས་ཁུངས་ལ་རྩིས་སྤྲོད་ཀྱི་ཡིན། ཟེར།

བཀྲ་ཤིས་ཀྱིས། ཁྱེད་རང་གིས་ང་ཚོ་ལ་འདི་འདྲ་ཤོད་པ་དཔེ་རེད། ཁྱེད་རང་ང་ཚོ་ལས་ཆུང་ བ་མ་རེད་དམ། ཟེར་ནས་གཤེ་གཤེ་བཏང་།

ཁ་རྩོད་རྒྱུན་མི་ཆད་པར་ཤོར་བའི་སྐབས་དེར། བརྒྱ་དཔོན་མདུན་ལ་ཐོན་ཏེ། ཚང་མ་ཁ་རོག་ སྡོད་དང་། ང་ཚོས་ག་རེ་བྱེད་མིན་གྲོས་བསྡུར་བྱས་ན་འགྲིག་གི་རེད། ཟེར།

ཚང་མ་བཀྲ་ཤིས་ཀྱི་ཁང་པའི་ཟུར་དུ་ལྕང་སྡོང་ཞིག་ཡོད་པ་དེའི་འོ ག་ལ་ བསྡད། རིག་འཛིན་གྱི་འགྲམ་དུ་འཇིགས་མེད་ཞེད་སྣང་སྐྱེ་བཞིན་

བསྡད་ཡོད། རིག་འཛིན་གྱིས། ཨ་ཞང་ལགས། གྲོས་བསྡུར་ བྱ་རྒྱུ་གང་ཡང་ཡོད་མ་རེད།

གསའ་ནི་རྩ་སྟོང་དུ་འགྲོ་ཉེན་

ཡོད་པའི་སྲོག་ཆགས་ཤིག་རེད། འཛམ་གླིང་ཡོངས་ལ་གསའ་

༥༠༠༠ མ་གཏོགས་ལྷག་མེད། གསའ་ཁག་ཅིག་གིས་སྒོ་ ཕྱུགས་བསད་པས་གྲོང་མི་ཚོ་ཁོང་ཁྲོ་ལངས་ནས་བསད་པ་ རེད། མང་པོ་ཞིག་ནི་པགས་པ་དང་རུས་པའི་ཆེད་དུ་གསོད་ ཀྱི་ཡོད། ཟེར།


དབང་མོས་བེའུ་དེར་འོ་མ་སྤྲད་རྗེས་མི་ཚོགས་ཁྲོད་ཡོང་ནས། དེ་བདེན་པ་རེད། ངས་དེའི་སྐོར་རླུང་ འཕྲིན་ནས་གོ་སོང་། ཉེ་ཆར་རྔོན་པ་ཞིག་འཛིན་བཟུང་བྱས་པ་དང་། ཁོ་ལ་སྲོག་ཆགས་སྣ་ཚོགས་ཀྱི་

པགས་པ་ ༡༠༠ ལྷག་ཡོད་འདུག དེ་ལས་མང་པོ་ཞིག་ནི་གསའ་ཡི་པགས་པ་རེད་ཟེར་གྱི་འདུག ལབ། གྲོང་མི་ཞིག་ཧང་སངས་ཏེ། མི་གཅིག་ལ་སྲོག་ཆགས་ཀྱི་པགས་པ་ ༡༠༠ འདུག་གམ། ཟེར།

འདུག ངས་རླུང་འཕྲིན་ནས་དེ་རང་གོ་སོང་། རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་རྔོན་རྒྱག་ པའི་གནས་སྟངས་ཛ་དྲག་རེད།

སྟབས་ཡག་ནས་ང་ཚོའི་ལ་དྭགས་ཡུལ་དུ་དཀའ་ངལ་དེ་ཡོད་

མ་རེད། དེ་འདྲ་ཡོད་ན་ཞབས་འདྲེན་ཆེན་པོ་རེད། སྤྱིར་འཛམ་གླིང་ནང་གསའ་གཅིག་པུ་མིན་

པར། སྟག་དང་། ཝ་དམར་སོགས་སྲོག་ཆགས་གཞན་ཡང་པགས་པའི་ཆེད་རྔོན་རྒྱག་གི་ཡོད།

སྟག་པགས་རྐང་གཅིག་ལ་ཧིན་སྒོར་སྟོང་ཕྲག་མང་པོ་གནས་ཀྱི་ཡོད། ཟེར། མོས་མུ་མཐུད་དུ། འོན་ཀྱང་། ལ་དྭགས་ལ་སྟག་ཡོད་མ་རེད། ཅེས་ཟེར།

རིག་འཛིན་གྱིས། དེ་ག་རང་རེད། ལ་དྭགས་ལ་སྟག་མེད། སྟག་གི་རུས་པ་ནི་རྒྱ་ནག་གི་སྲོལ་རྒྱུན་

སྨན་སྦྱོར་ནང་སྤྱོད་ཀྱི་ཡོད། དེང་སང་སྟག་ཉུང་དུ་ཕྱིན་པས། དེའི་ཚབ་ལ་གསའ་ཡི་རུས་པ་སྤྱོད་ཀྱི་

ཡོད། འདི་ལྟར་མུ་མཐུད་བསད་ན་གསའ་ཚང་མ་རྫོགས་ཏེ། ཉིན་ཞིག་ང་རང་ཚོའི་བུ་རབས་ཚ་རྒྱུད་ ལ་གསའ་ཡི་འདྲ་པར་ཙམ་ལས་སྟོན་རྒྱུ་མེད་པར་ཆགས་ཀྱི་རེད། ཅེས་ལབ། ཆོས་སྒྲོན་གྱིས། ངས་ཀྱང་དེ་ག་རང་གོ་མྱོང་། ཟེར།


རིག་འཛིན་གྱིས་འཛུམ་མདངས་དང་བཅས། རེད། དེ་དངོས་གནས་བདེན་པ་རེད། ཟེར། ཁོས་གྲོང་མི་ཚོའི་ཁོང་ཁྲོ་ཅུང་ཙམ་འཇགས་ཡོད་པ་ཚོར།

མི་ཞིག་གིས། བྱས་ན་ང་ཚོའི་སྒོ་ཕྱུགས་བསད་ན་ག་རེ་བྱེད་དགོས་རེད། དེ་ ལ་ང་ཚོ་ཁོང་ཁྲོ་མི་ཟ་ཀ་མེད་མ་རེད་དམ། ཟེར།

རིག་འཛིན་གྱིས། རེད། དེ་བདེན་པ་རེད། འོན་ཀྱང་། ང་ཚོས་ཐབས་ལམ་ གཞན་པ་འཚོལ་དགོས་རེད། གཟབ་བྱེད་དགོས།

དུས་རྒྱུན་སྒོ་ཕྱུགས་འཚོ་སྐབས་གཟབ་

གསའ་ཡོད་སའི་གནས་གཙོ་བོ་བྲག་རི་གཟར་པོའི་

གསེབ་ཏུ་འཚོ་མི་རུང་། ཟེར།

ཆོས་སྒྲོན་གྱིས་ཀྱང་། ལུག་ཚང་བཙན་པོ་རྒྱག་དགོས། ལུག་ཚང་ གི་ཐོག་ཁར་ཁུང་བུ་བཏོད་པ་དེ་ནོར་འཁྲུལ་རེད། མ་ལུག་ཚང་དེ་རྩྭ་ཁང་བྱེད་སྐབས།

ང་ཚོས་ལོ་སྔོན་

སྒོ་ཕྱུགས་ཀྱི་གཟན་རྩྭ་ཐོག་

ཁ་ནས་ནང་ལ་གཡུག་ཆེད་ཁུང་བུ་དེ་བཏོད་པ་ཡིན།

ད་ལོ་

གནས་སྐབས་རིང་ཁུང་བུ་དེ་འགྱིག་ཤོག་གིས་བཀབ་པས། གསའ་ཡིས་དེ་དབྲལ་བ་རེད། ཟེར།

བཀྲ་ཤིས་ཀྱིས་མགོ་བོ་གཡུག་བཞིན། ད་དེ་ང་རང་ཚོའི་ ནོར་འཁྲུལ་རང་རེད་འདུག ཟེར།


དགོང་མོ་དེར། རིག་འཛིན་དགོན་པའི་འདུ་ཁང་གི་ཟུར་ཞིག་ཏུ་གསོལ་

བ་སྨོན་ལམ་བཏབ་ནས་བསྡད། ཉིན་མོ་དེ་དུས་རྒྱུན་དང་མི་འདྲ་བ་ཞིག་

བྱུང་། ཁོས་གྲོང་མི་ཚོར་གསའ་གསོད་མ་བཅུག་པར། རྒྱལ་ས་སླེ་རུ་

ཡོ ད ་པའི ་ སྲོ ག ་ཆགས་སྲུང་སྐྱོབ་ལས་ཁུངས་ལ་གསའ་དེ འི ་ སྐོ ར ་གྱི ་ གནས་ཚུལ་ཡར་ཞུ་བྱས།

དགོང་མོ་དེར་ལས་ཁུངས་དེའི་ལས་བྱེད་

གསུམ་དང་ཕྱུགས་རིགས་སྨན་པ་གཅིག་བཅས་འཇིབ་འཁོར་ནང་བསྡད་ ནས་སླེབས། གྲོང་མི་ཚང་མ་ཡང་བསྐྱར་བཀྲ་ཤིས་ཀྱི་ཁང་པའི་མཐའ་ལ་ འཛོམས་ཏེ་ཁོ་ཚོའི་བྱེད་སྟངས་ལ་བལྟས་ནས་བསྡད།


སྨན་པ་དེས་ལུག་ཚང་གི་ཐོག་ཁའི་ཁུང་བུ་ནས་གསའ་ ལ་བཟི་ཁབ་ཅིག་བརྒྱབ་པ་དང་།

དེ་ནས་ལས་བྱེད་

རྣམས་དང་རིག་འཛིན་གྱིས་གསའ་དེ་བཀྱགས་ནས་ཕྱི་ ལ་བཏོན། གྲོང་མི་སུས་ཀྱང་གསའ་འཁྲིས་ནས་མཐོང་ མྱོང་མེད།

གསའ་དེ་འཇིབ་འཁོར་ནང་བཞག་སྟེ་སླེ་ལ་ཁྱེར།

གང་དུ་གློད་རྒྱུ་ཡིན་མིན་སང་ཉིན་ཐག་གཅོད་ཀྱི་རེད།

ཁོ་


དགོན་པའི་ནང་གི་དགེ་འདུན་པ་ཚོས་གདངས་

དབྱངས་གཅིག་གིས་ཞལ་འདོན་སྐྱོར་འགོ་ བཙུགས། ཤུག་བསང་གི་དྲི་བསུང་བར་སྣང་ལ་ ཐུལ།

འདུ་ཁང་གི་སྒེའུ་ཁུང་ལས་དངུལ་མདོག་

གི་ཟླ་འོད་འཕྲོས།

རིག་འཛིན་གྱི་སེམས་ལ་དེ་

མདངས་ཤིག་རྒྱས།

ཁོས་མི་རིང་བར་མཛེས་

ནི་བྲག་གསེབ་ཀྱི་གདོན་འདྲེ་དངོས་གནས་རེད་

འདུག་སྙམ་ཏེ། མིག་བཙུམ་ནས་གདོང་ལ་འཛུམ་

སྡུག་ལྡན་པའི་བྲག་རིའི་ཁྲོད་དུ་གསའ་ཞིག་གིས་

རང་དབང་གི་གོམ་ཁ་བསྒྱུར་རྒྱུ་ཡིན་པ་ཤེས་ཀྱི་ ཡོད།


དགོན་པ།

ཨ་མ། གསའ།

ཨ་ནེ། ཨ་ཞང་།

ལྷས།


ཐུགས་རྗེ་ཆེ་ཞུ།

སྒྲུང་འདི་བརྩམས་པར་ཐོག་མའི་བློ་སྟོབས་སྤེལ་མཁན་ནི་ལ་དྭགས་ཀྱི་ན་གཞོན་ནུ་རིག་འཛིན་དོན་གྲུབ་ཡིན། ཁོ་ནི་ ༢༠༠༦ ལོར་ གསའ་གཟིག་སྲུང་སྐྱོབ་ལས་འཆར་ནང་ཞུགས་ཤིང་། ༢༠༠༧ ལོར་རིག་འཛིན་གྱིས་དངོས་སུ་གསའ་ཡི་སྲོག་བསྐྱབས་པ་རེད། ངས་ཐུགས་རྗེ་ལེགས་གསོལ་ཞུ་དགོས་པ་ནི།

• ངའི་གཅེན་མོ་ཝ་སུན་དཱ་ར་བྷ་ལཱ་ཡིས་རིན་ཐང་བྲལ་བའི་རྩོམ་སྒྲིག་གི་རོགས་སྐྱོར་དང་དུས་རྟག་ཏུ་སྐུལ་ལྕགས་གནང་བ་དང་། • ངའི་མི་ཚེར་དོན་སྙིང་སྐྲུན་མཁན་ཕ་མ་གཉིས་དང་ནང་མི་ཡོངས་ཀྱིས་ང་ལ་རྟག་ཏུ་མིག་དཔེ་སྟོན་པ། • མ་དྷུ་ཝན་ཊི་ཡིས་ང་ཚོའི་ལས་ཀའི་ཆེད་དུ་པཱུ་ཎེ་ལ་གཞིས་སྤོས་པ།

• ང་ལ་དྭགས་ལ་སྡོད་སྐབས་ཨ་ཅག་དབྱངས་ཅན་ལགས་དང་བསྟན་འཛིན་གཉིས་ཀྱིས་ནང་མི་བཞིན་ཐུགས་འཁུར་གནང་བ། • མི་ལ་དེ་བ་ཡིས་གཙོས་ཀལྤ་བྲྀ་ཀྵ་ཡི་ལས་རོགས་རྣམ་པས་རྒྱབ་སྐྱོར་གནང་བ།

• རྒྱ་གར་གསའ་གཟིག་སྲུང་སྐྱོབ་ཚོགས་པའི་འགན་འཛིན་སྐུ་གཤེགས་རིན་ཆེན་དབང་ཕྱུག་གིས་སྒྲུང་འདི་རག་ཟིན་ལ་གཟིགས་ ཞིབ་སྐུལ་ལྕགས་གནང་བ། • རྒྱ་གར་གསའ་གཟིག་སྲུང་སྐྱོབ་ཚོགས་པའི་ལས་མི་ཡོངས་ཀྱིས་ཐུགས་འཁུར་བ་གནང་བ།

• མཐར་ལ་དྭགས་ཀྱི་བྱིས་པ་ཡོངས་ཀྱིས་བློ་སྟོབས་སྤེལ་བ་བཅས་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ།

སུ་ཇ་ཐ།


Turn static files into dynamic content formats.

Create a flipbook
བྲག་གསེབ་ཀྱི་གདོན་འདྲེ། by Sherig Books - Issuu